Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མངོན་པ་མཛོད་ཀྱི་ལམ་ཡིག

Posted on 2014-09-112014-09-11 By ཁ་བརྡ་ 6 Comments on མངོན་པ་མཛོད་ཀྱི་ལམ་ཡིག

བྱ་མདོ-སྐལ་རྒྱམ།

དཔེ་ཆ་ནི་མིའི་རིགས་ཀྱི་བསམ་བློའི་རྒྱགས་ཕྱེ་ངོ་མ་དེ་ཡིན་པར་བཤད་པ་ལྟར། མི་གཞིའི་ཀུན་སྤྱོད་ཀྱི་བསམ་བློ་ལེགས་བཅོས་དང་། མིའི་བསམ་བློ་གསར་བ་དང་ལྟ་ཚུལ་གསར་བ། རྩོད་སྒྲུབ་ཀྱི་རིགས་ལམ་གསར་བ་ལ་སོགས་པའི་ཤེས་རབ་གོང་འཕེལ་དུ་འགྲོ་བའི་ཆ་རྐྱེན་གཙོ་བོ་ནི་དཔེ་ཆ་ཀློག་པ་འདི་ཡིན་ལ། དེ་ཡང་རང་གིས་རིག་ཚན་ཅི་ཞིག་ལ་སྦྱོང་བའི་སྐབས་དེའི་སྐོར་གྱི་དཔེ་དེབ་ཅི་འདྲ་ཞིག་ཡོད་པ་དང་དེ་དག་ལས་གང་ཞིག་བཟང་བའི་སྐོར་གྱི་འདེམས་གསེས་མ་ནོར་བ་བྱེད་རྒྱུ་ནི་ངེས་པར་གལ་ཆེའོ།།

དེ་ཡང་འཁོར་ལོ་དང་བོའི་སྤྱོད་པའི་ཆ་འགྲེལ་བར་བྱེད་པའི་བསྟན་བཅོས་ནི། གཞི་འགྲེལ་དང་འདུལ་བ་མདོ་རྩ་རྗེས་འབྲངས་དང་བཅས་པ་དང་། ལྟ་བའི་ཆ་འགྲེལ་བའི་བསྟན་བཅོས་ནི་མངོན་པ་སྡེ་བདུན་དང་བྱེ་བྲག་ཏུ་བཤད་པ་ཆེན་མོ། མཛོད་རྩ་རྗེས་འབྲངས་དང་བཅས་པ་ཡིན་པར་མཁས་གྲུབ་རྗེའི་རྒྱུད་སྡེའི་སྤྱི་རྣམ་དུ་གསུངས་ཤིང་། མཛོད་ཀྱིས་ནི་བརྗོད་བྱ་ཤེས་བྱ་གཞི་ལྔ་དེ་རྗོད་བྱེད་གནས་བརྒྱད་དུ་ཕྱེ་ནས་སྟོན་ཞིང་། བཤད་རྒྱུན་ལ་སློབ་དཔོན་དབྱིག་གཉེན་ནི་མཁས་པ་ཆེན་པོ་ཡིན་པས་མཛོད་རྩ་བའི་ཚིག་གི་ན་རེས་ཀྱང་བརྗོད་བྱའི་གནད་མི་སྟོན་པ་མེད་པར་གྲགས་པ་ལྟར་དོན་ལ་ཡང་དེ་ལྟར་དུ་གནས་ལ། མཛོད་ཀྱི་སྐོར་འདི་ལ་སྡེ་དགེའི་བསྟན་འགྱུར་གྱི་དཀར་ཆག་ལྟར་ན་བོད་དུ་འགྱུར་བའི་རྒྱ་འགྲེལ་བཅུ་ཙམ་ཡོད་ལ། དེ་དག་ལས་བདག་གི་མིག་ལམ་དུ་བརྒྱུད་མྱོང་བ་ནི། རང་འགྲེལ་དང་། འགྲེལ་བཤད་གཉིས། ཕྱོགས་གླང་གི་འགྲེལ་བ་གནད་སྒྲོན། བལ་བོ་པཎྚིཏ་ཞི་གནས་ལྷས་མཛད་པའི་འགྲེལ་བ་ཉེར་མཁོ་རྣམས་ཡིན།

འགྲེལ་བཤད་གཉིས་ལས་གང་སྤེལ་སྔོན་ལ་བྱུང་བ་ནི་རྒྱལ་སྲས་མའི་སྐབས་ལ་ལར་གང་སྤེལ་ལ་དགག་པ་བྱས་ཡོད་པས་ཤེས་ཐུབ་ལ། མཆིམས་མཛོད་དམ་མངོན་པའི་རྒྱན་ནི་རྒྱལ་སྲས་མ་གཞིར་བཞག་གིས་བརྩམས་པ་ཡིན་པར་འགྲེལ་བཤད་ཀྱི་མི་མཐུན་ས་ནས་རྒྱལ་སྲས་མ་གཙོ་བོར་བཟུང་བ་ལས་ཤེས་ཐུབ་པ་ཡིན། འགྲེལ་བཤད་གཉིས་ཀྱིས་ནི་རྩ་བ་ཙམ་དུ་མ་ཟད་རང་འགྲེལ་གྱི་ཚིག་ཕལ་མོ་ཆེ་དངོས་སུ་དྲངས་ནས་བཤད་པ་མཛད་ཡོད་པས་མཛོད་ཀྱི་འགྲེལ་པ་ལ་འདི་ལས་ལྷག་མེད་པ་དང་མི་དགོས་པ་ལྟ་བུ་ཞིག་ཡིན།
གནད་སྒྲོན་འདི་ལ་རྩ་བའི་ཚིག་འགྲེལ་ཙམ་ལས་དགག་བཞག་དང་དོགས་སློང་སོགས་མང་བོ་མེད་ལ། དེ་ཡང་རང་འགྲེལ་གྱི་ཚིག་སྣ་བསྡུས་པ་ཙམ་ཡིན་པས་རང་འགྲེལ་ལ་གཟིགས་རྟོག་བྱེད་མཁན་ཞིག་ཡིན་ན་ཞོར་ལ་ངེས་ནུས་པས། བོད་དུ་འདིའི་འཕྲིན་ལས་ཆེར་མ་དར་བར་མངོན།

འགྲེལ་བཤད་མཁོ་འདིར་རྩ་ཚིག་རྣམས་དངོས་སུ་དྲངས་མེད་ཀྱང་རྩ་བའི་ཐད་ཀ་ཐད་ཀར་མདོ་རྣམས་དངོས་སུ་དྲངས་སྣང་བས། སྐབས་སོ་སོའི་མཇུག་དུའང་། དཔེར་ན། གནས་དང་བོ་ཕལ་ཆེར་མདོ་དང་སྦྱར་བ་རྫོགས་སོ།། ཞེས་འབྱུང་བས་རྩ་བ་མདོ་དང་སྦྱོར་བའི་འགྲེལ་བ་ལྟ་བུ་ཞིག་ཡིན། བུ་ཊཱིཀ་ལས་དོན་འགྲེལ་གྱི་མཚན་གཞིར་ཡང་བཞག་ཡོད། གང་ལྟར་ཡང་མཛོད་རྩ་བ་འདི་མདོ་དང་སྦྱར་ནས་སློབ་གཉེར་བྱེད་མཁན་ཞིག་ཡིན་ན་འདི་མེད་དུ་མི་རུང་བའི་གཞུང་ཞིག་ཡིན།

བོད་འགྲེལ་གྱི་སྐོར་ལ་ཨ་ཁུ་ཤེས་རབ་རྒྱ་མཚོའི་དཔེ་རྒྱུན་དཀོན་རིགས་ཀྱི་ཐོ་གཞུང་ལྟར་ན་བདུན་བཅུར་ཉེ་བ་ཞིག་གི་དཔེ་མཚན་བྲིས་ཡོད་ལ། དེར་ད་དུང་མ་འདུས་པའི་དཔེ་རྙིང་གཞན་ཡང་ཡོད་སྲིད་དེ། དཔེར་ན། མཆིམས་བསམ་གཏན་བཟང་བོའི་མཛོད་འགྲེལ་འདི་པཎ་ཆེན་བསོད་ནམས་གྲགས་པའི་མཛོད་ཤེས་བྱ་རབ་གསལ་དུ་འདིའི་བཤད་པ་བཀོད་ཅིང་། སྦྱར་བྱང་དུའང་འདི་དང་མཆིམས་མཛོད་གཉིས་ལ་སློབ་གཉེར་བྱས་པར་གསུངས་པས་འདི་དང་འདིས་མཚོན་པའི་ད་དུང་གཞན་ཡང་ཡོད་སྲིད། མཆིམས་མཛོད་དམ་མངོན་པའི་རྒྱན་འདི་ནི་གདན་ས་ཁག་གི་སློབ་གཉེར་བྱེད་ས་གཙོ་བོ་ཞིག་པས་གསལ་བཤད་ཅི་ཡང་བྱེད་མ་དགོས། འདི་དང་མཆིམས་ནམ་མཁའ་གྲགས་ཀྱི་མཛོད་འགྲེལ་སྐོར་གྱི་བཤད་པ་ནི་བདག་གིས་གཞན་ལས་བྱས་ཟིན་པས་འདིར་མ་བཀོད་དོ།།

མཆིམས་མཛོད་ཆུང་བའམ་མཛོད་འགྲེལ་ལེགས་བཤད་རྒྱ་མཚོ་ནི། མཆིམས་བློ་བཟང་གྲགས་པས་མཛད་པ་ཡིན་ལ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་མཛོད་ཀྱི་བླ་བརྒྱད་བགྲང་སྐབས་དཔལ་ལྡན་མཆིམས་ཞེས་པ་དེའང་ཁོང་ཡིན་པར་གཞུང་ཉིད་ཀྱིས་སྦྱར་བྱང་ལས་ཤེས། ཁོང་ནི་ཆོས་རྗེ་དོན་རིན་པའི་བླ་མ་དང་ཆོས་རྗེ་མདོ་སྨད་དུ་ཕེབས་ཁར་རྗེ་བློ་བཟང་གྲགས་པར་ཁོང་གི་མཚན་དེ་འདོགས་དགོས་པའི་ལུང་བསྟན་གནང་མཁན་དེ་ཡིན་ལ། ༡༢༩༩–༡༣༧༥ ལོ་རྒྱུས་ལ་ལར་འཁྲུངས་འདས་ཀྱི་ལོ་ཚིགས་འདི་ལྟར་འབྱུང་ཞིང་། མཆིམས་ནམ་གྲགས་ཀྱི་འཁྲུངས་འདས་ ༡༢༡༠–༡༢༨༥ འདི་ལྟར་འབྱུང་བ་ལྟར་ན་འདིའི་ཞབས་ཟིན་མེད་པར་མངོན་ལ། འོན་ཀྱང་འདིིའི་མཆོད་བརྗོད་དུ། འཇིག་རྟེན་ཀུན་ལ་ཐམས་ཅད་མཁྱེན་པར་གྲགས།།སངས་རྒྱས་མཆིམས་ལ་གུས་པས་འདིར་ཕྱག་འཚལ།།ཞེས་དང་། མཇུག་ཏུའང་། ནམ་མཁའ་ལྟར་གྱུར་མཁྱེན་པ་རབ་ཡགས་གྲགས་པའི་མཐའ་ཅན་དེས་མཛད་གང་།།སྟོན་པའི་གསུང་བཞིན་བདག་གིས་བླངས་ཤིང་གཞན་ལའང་བཤད་བྱ་དེ་ལྟ་ནའང་།། ཞེས་དམིགས་བསལ་གྱིས་མཆོད་བརྗོད་མཛད་པ་དང་དེའི་གཞུང་ལ་སྦྱངས་པར་གསུང་བ་ལྟར་ན་འབྲེལ་ཅི་ཡོད་དཔྱད་དགོས་པས་མཆིམས་ནམ་མཁའ་གྲགས་ཀྱི་ལོ་ཚིགས་འདི་ད་དུང་ཡང་དཔྱད་པའི་གཞིར་སྣང་ངོ།།

གཞུང་འདིས་ནི་རང་འགྲེལ་གྱི་སྐབས་སོ་སོའི་དོན་ཡོངས་སུ་མ་ཚང་བ་མེད་པར་གོ་སླ་བའི་ངང་ནས་བསྡུས་བས། རང་འགྲེལ་གྱི་ཚིག་དོན་ལ་གོ་བ་ལེན་དཀའ་བ་བྱུང་ཚེ་རེམ་འདེགས་ལེགས་པོ་བྱེད་པས་རང་འགྲེལ་བལྟ་བྱེད་ཀྱི་གཞུང་མཆོག་ཏུ་གྱུར་བ་ཞིག་ཡིན། མངོན་པའི་རྒྱན་དང་མི་མཐུན་ས་ལ་འཆད་པ་པོ་སྔ་མ་ཞེས་དགག་པའང་མཛད་སྣང་བས། ངག་རྒྱུན་དུ་འདི་བརྩམས་པས་མཆིམས་མཛོད་ཀྱི་འཕྲིན་ལས་ཉམས་ཞེས་ཀྱང་ཟེར་རོ།། གང་ལྟར་ཡང་གཞུང་གི་རྒྱས་བསྡུས་འཚམ་ཞིང་རྩ་འགྲེལ་གྱི་བཤད་པ་ཡོངས་སུ་རྫོགས་པས་མཛོད་འགྲེལ་གལ་ཆེན་ཞིག་ཡིན།

དེ་ལྟར་ན་ཡིག་ཆ་སོ་སོའི་མཐའ་དཔྱོད་ཀྱི་ཟུར་དུ་སྤྱི་དོན་ལྟ་བུའི་མཛོད་འགྲེལ་འདི་ལྟ་བུ་དང་སྦྱར་ནས་བལྟས་ན་མཛོད་ཀྱི་ཚིག་དོན་ཡོངས་སུ་རྫོགས་པ་ལ་གོ་བ་སྟེར་ཕུལ་ཆེ་ལ། དེ་མིན་ཡིག་ཆའི་བདག་པོ་རྣམས་ཀྱི་རྗེས་འབྲང་གི་མཁས་པ་ལ་ལསཡིག་ཆའི་ཟུར་མནོན་དང་རྒྱབ་བསྟེན་གྱི་ཚིག་ཚོགས་ལ་འབད་དེ་འགྲེལ་བ་བརྩམས་ལ་རྣམས་ཀྱིས་འགའ་རེས་ནི་མཛོད་རྩ་འགྲེལ་གྱི་སྐབས་སོ་སོའི་དོན་ལ་ཅི་ཡང་མི་རེག་པའང་ཡོད་པས་ཆོས་བརྒྱུད་དང་ཡིག་ཆས་རིས་བཅད་ཀྱིས་དབང་དུ་མ་སོང་བར་གཞུང་གི་འདེམས་གསེས་མ་ནོར་བར་བ་གལ་ཆེའོ།།

2014/911ཕྱི་དྲོ།

དཔྱད་རྩོམ།

Post navigation

Previous Post: གསོན་ལྤགས་བཤུ་བཞིན་པའི་བོད།
Next Post: སྒོ་དམར་ཨ་ལགས་བསྟན་པ་དཀོན་མཆོག་ཚང་གི་ལོ་རྒྱུས་བསྡུས་པ།

Comments (6) on “མངོན་པ་མཛོད་ཀྱི་ལམ་ཡིག”

  1. མིག་བརྒྱད་པ། says:
    2014-09-11 at 11:11 pm

    བྱ་རྒོད་ཀྱིས་གནམ་འཕང་གཅོད་པ་བཞིན་མཐོང་རྒྱ་ཆེ་བར་འདུག་པས་མཐེ་བོང་བསྒྲེངས་ཆོག།
    འཁོར་ལོ་དང་བོའི་སྤྱོད་པའི་ཆ་འགྲེལ་བར་བྱེད་པའི་བསྟན་བཅོས་ནི། གཞི་འགྲེལ་དང་འདུལ་བ་མདོ་རྩ་རྗེས་འབྲངས་དང་བཅས་པ་དང་། ལྟ་བའི་ཆ་འགྲེལ་བའི་བསྟན་བཅོས་ནི་མངོན་པ་སྡེ་བདུན་དང་བྱེ་བྲག་ཏུ་བཤད་པ་ཆེན་མོ། མཛོད་རྩ་རྗེས་འབྲངས་དང་བཅས་པ་ཡིན་པར་མཁས་གྲུབ་རྗེའི་རྒྱུད་སྡེའི་སྤྱི་རྣམ་དུ་གསུངས་ཤིང་། །
    དྲི་བ་ཞིག་ལ། བྱེ་བྲག་སྨྲ་བས་རང་རིག་མི་འདོད་པའི་ཁུངས་ལུང་དང་སྒྲུབ་བྱེད་ཀྱི་རིགས་པ་མཛོད་རྩ་ལས་མ་གསུངས་ཤིང་གཞན་དུ་ཡོད་དམ། མ་ཤེས་བས་དྲིས།

  2. ཡ་མ་ཚེ་རིང says:
    2014-09-12 at 4:59 am

    ཡག་པོ་བྲིས་འདུག་པས་ཡི་རངས་ཡོད། འོ་ན། མཆིམས་འཇམ་པའི་དབྱངས་ཀྱིས། འགྲེལ་བ་མངོན་པའི་རྒྱན་དུ་མཐོང་སྤང་ཕྲ་རྒྱས་ལ། བརྒྱད་ཅུ་རྩ་བརྒྱད་དང་། དགུ་བཅུ་རྩ་བཞི། བརྒྱ་དང་བཅུ་གཉིས་སུ་འདོད་པའི་ལུགས་མི་འདྲ་བ་གསུམ་བཀོད་དེ། « འོན་ཀྱང་ལུགས་ཕྱི་མ་གཉིས་ནི་རྣམ་པ་འགལ་ཙམ་དང་དངོས་སུ་འགལ་བའི་དབང་དུ་བྱས་ནས་བཤད་པ་ཡིན་ནོ་ཞེས་མཆིམས་གསུང་ངོ། ། » ཞེས་པའི་མཆིམས་དེ་སུ་ཡིན། འགའ་ཞིག་གིས་མཆིམས་བློ་བཟང་གྲགས་པ་ཡིན་ཟེར། དེ་ཡིན་པ་རྒྱུ་མཚན་ཅི་ཡིས་ཤེས།

  3. བྱ་མདོ་སྐལ་རྒྱམ། says:
    2014-09-12 at 5:51 am

    ཡ་མ་ཚེ་རིང་ལགས་ལ། མངོན་པའི་རྒྱན་ལས་བྱུང་བའི་མཆིམས་ཀྱི་མིང་ཅན་གྱི་མཁས་པ་དེ་མཆིམས་ནམ་མཁའ་གྲགས་ཡིན་ངེས་ཏེ། མཆིམས་མཛོད་སྦྱར་བྱང་ལས་། གངས་ཅན་གྱི་གནས་བརྟན་ཆེན་པོ་མཆིམས་ཐམས་ཅད་མཁྱེན་པ་ཞེས་འབྱུང་བ་གང་ཞིག་མཆིམས་ཆེན་པོ་དང་མཆིམས་ཐམས་ཅད་མཁྱེན་པ་དང་མཁན་ཆེན་མཆིམས་སོགས་ནི་མཆིམས་ནམ་མཁའ་གྲགས་ཀྱི་ཆེ་བརྗོད་ཀྱི་མཚན་ཡིན་ལ། ཁོང་གིས་ནི་སྣར་ཐང་གི་མཁན་པོ་ལོ་སོ་གཉིས་སུ་བྱས་པས་མཛད་འཕྲིན་ཆེ་བ་ཞིག་ཡིན་ལ། སྲིད་དོན་རྒྱལ་རབས་༢༩༤ ལས། མེ་གླང་ལོར༡༢༧༧ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་སོག་ཡུལ་ནས་ཕྱིར་ཕེབས་ཏེ་དགེ་འདུན་ཁྲི་བརྒལ་བ་ལ་ཉིན་བཅོ་ལྔའི་རིང་བསྙེན་བཀུར་བྱེད་སྐབས་མཆིམས་ཐམས་ཅད་མཁྱེན་པ་ནམ་མཁའ་གྲགས་ཀྱང་གདན་དྲངས། ཞེས་འབྱུང་བ་འདིས་གསལ་བཤད་བྱེད་ནུས་ལ། མཆིམས་འཇམ་པའི་དབྱངས་ནི་བཅོམ་ལྡན་རིག་རལ་གྱི་སློབ་མ་ཡིན་པར་དེབ་སྔོན་༤༡༠ལས་བཤད་ལ། འཇམ་རིག་གཉིས་ཀའང་མཆིམས་ནམ་མཁའ་གྲགས་ཀྱི་སློབ་མ་ཡིན་པ་ལོ་རྒྱུས་ལས་གསལ་བར་འབྱུང་།

  4. བྱ་མདོ་སྐལ་རྒྱམ། says:
    2014-09-12 at 5:58 am

    ཞུས་ཆེན་ཚུལ་རིན་པའི་གསན་ཡིག་ལས་༦༡ མཛོད་ཀྱི་བླ་བརྒྱུད་བགྲང་སྐབས། མཆིམས་ཞང་བཙུན། མཆིམས་ལྷ་རྗེ་གོ་ཆ། མཚིམས་བརྩོན་འགྲུས་སེངྒེ། མཆིམས་དོན་འགྲུབ་རྒྱལ་མཚན། མཆིམས་བློ་གྲོས་བརྟན་པ། མཆིམས་ནམ་མཁའ་གྲགས། ཞེས་སོགས་མཆིམས་ཀྱི་མིང་ཅན་མཛོད་ལ་བྱ་བ་བྱེད་མཁན་མང་དག་ཅིག་འབྱུང་བས་། གོང་གི་དེ་མཆིམས་བློ་བཟང་གྲགས་པ་རེད་ཟེར་བ་ནི་མིང་ཅན་གྱི་མཁས་པ་གཞན་མ་རྙེད་པ་ཙམ་ལས་ལོ་ཚིགས་སོགས་གང་ལའང་མི་འགྲིག་གོ།།

  5. lobsang199 says:
    2014-09-14 at 10:17 am

    ཡ་མ་་་་་། ཁྱེད་དེ་ཙམ་ཡང་ཧ་མ་གོ་ན། མཛོད་ལ་ཉམས་ཞིབ་ཅི་ཞིག་བྱེད་པ་ཡིན་ནམ། ཧཧཧཧ་

  6. ཡ་མ་ཚེ་རིང says:
    2014-09-16 at 12:56 am

    བློ་བཟང་ལགས། ཕྲན་གྱིས་མ་ཤེས་ནས་དྲིས་པ་ཡིན་དེ་ལ་ཅི་ཞིག་འདུག སྐུ་ཉིད་ལ་གསུང་རྒྱུ་ཡོད་ན་གསུང་རོགས་གནང་། མེད་ན་ཁ་ཚུམས། སུ་ཞིག་གིས་ཁྱོད་ལ་བཤད་ཁྲལ་བརྒྱབ་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme