Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མངར་ཁ་སྐྱུར་གསུམ།

Posted on 2020-09-18 By ཁ་བརྡ No Comments on མངར་ཁ་སྐྱུར་གསུམ།

གཡུ་སྒང་དགེ་འདུན་གྱིས།
 
ཁ་བའི་འདབ་མར་ཞེན་ཀྱང་། བདག་ཏུ་མ་ཐོབ་པའི་སྐྱོ་སྣང་ཁ་པོ་ལྕེ་རྩེར་འཁྱིལ། རེ་བའི་སྤྲིན་གསེབ་ནས་ངུ་ངག་གི་ཆར་རྒྱུན་བར་མེད་འབབས་ཀྱང་། སྐོམ་གདུང་གིས་གཙེས་པའི་རྣམ་ཤེས་དག་སྨིག་རྒྱུ་རུམ་པའི་ནམ་ཟླར་ཡང་ཡང་འགྲོགས། ཡོད་ཚད་བུ་བཞིན་སྐྱོང་བའི་གངས་སེང་དཀར་མོས། དཀའ་སྡུག་ཡོད་ཚད་བདག་གིར་བཞེས་ཏེ་བགྲང་བྱ་བདུན་ཅུར་མངར་ཁ་སྐྱུར་གསུམ་གྱི་བྲོ་བ་མྱངས། དཀའ་སྡུག་གྲངས་མེད་ཀྱི་ཐུ་འོག་ནས་མཐོ་སྒང་དང་ཁ་བའི་ཆེད། མཛེས་སྡུག་གི་གངས་ལྷ་མེ་ཏོག་གོང་བུ་གཅིག་གྱུར་གྱིས་ཞི་བདེ་དང་ལྷིང་འཇགས། གཉིས་ཕན་གྱི་ལམ་ཁ་ཞིག་ཏུ་ཁྲིད། འོན་ཀྱང་། ལས་དབང་གི་ཁུར་པོ་ལྕི་མོས་གཉའ་ནས་མནན་པའི་གངས་ལྷ་ཚོས། ང་དང་ཁྱོད་ཀྱི་ཁ་དབང་ཆེད། ཕྲག་དོག་དང་གནག་སེམས་ཀྱིས་རང་གིས་རང་ལ་འགྲམ་ལྕག་གཞུ་པ་ལས་གྲང་ངར་དང་ལྷག་རླུང་གིས་ཅི་འདྲས་གཅུན་ཡང་ཚོར་ཤེས་བྲལ།

ལུགས་གཉིས་ཀྱི་གཡུ་རལ་གཉའ་རུ་ཁུར་བའི་གདོང་ལྔ་བ་དེ། དགུང་ལོ་གྱ་གྲངས་ལ་བསྙེགས་ཀྱང་། ད་དུང་མཐོ་སྒང་དང་ཁ་བའི་ཆེད་ཉིན་མཚན་དུས་དྲུག་ཏུ་ལྷོད་ལྷོད་ཀྱི་སྟོང་ཆ་དབེན། འོན་ཀྱང་། དྲན་ཤེས་བག་ཡོད་ཀྱིས་སྟོང་པའི་གངས་ལྷ་ཚོས་ང་དང་ཁྱོད་ཅེས་ཕྲག་དོག་གི་སྨག་རུམ་ནས། མི་ཡུལ་གྱི་ལོ་ངོ་དྲུག་ཅུའི་འབད་འབྲས་ཡོད་ཚད་ས་ཆུ་མེ་རླུང་ལ་བསྟིམས་ཏེ་ཐོབ་ཤོར་གྱི་གནས་སུ་བསྙལ་ཞིང་། ཤན་འདན་ནང་འཁྲུག་གི་གཏམ་རྒྱུད་ཀྱིས་ཡོད་ཚད་གད་སྙིགས་སུ་བསྒྱུར། ལྷག་བསམ་དང་དྲང་བདེན་གྱིས་ཕྱུག་པའི་མི་བུ་དག མིག་ནང་གི་ཚེར་མར་གྱུར་པའི་ཁོར་ཡུག་ན། ཡོད་ཚད་རང་རྒྱལ་གཞན་ཕམ་གྱི་ཀུན་སྤྱོད་རབ་རིབ་ཀྱིས་འདས་པའི་ལོ་ཟླའི་བསྡོམས་ཚིག་ཁྲོད། ལེགས་འགྲུབ་མ་བྱུང་བའི་བྱ་གཞག་ཡོད་ཚད་གཞན་མགོར་དཀྲི་བཞིན། ལག་ངོས་ཀྱི་བཙོག་དྲི་ཡོད་ཚད་ཕ་མའི་གོས་མཐུར་ཕྱི་བའི་རླབས་ཆེན་པ་ཚོས། གཉོམ་ཆུང་ཆུང་གི་བྱེའུ་ཁྱུ་ཚོར་འཇིགས་དངངས་བསྐུལ་བཞིན་སྲིན་པོའི་བགྲང་བྱ་ཁད་ཀྱིས་རྫོགས།

འབྱུང་འགྱུར་གྱི་གད་པ་ཚོས་གཏོར་ཟིན་པའི་གད་སྙིགས་བསྐྱར་བསྒུམ་བྱེད་བཞིན་འཚོ་ལམ་གསར་བར་གོམ་པ་སྤོ་དགོས། འདི་ནི་རང་གིས་རང་ལ་འགྲམ་ལྕག་གཞུས་པས་མཇུག་འབྲས་ཏེ། དེ་ལའང་ཁག་དཀྲི་དང་ལག་པ་ཕྱི་ས་མེད། དེར་བརྟེན་འབྱུང་འགྱུར་གྱི་གད་པ་ནི་ལྷག་བསམ་དང་དྲང་དོན་གཙོ་བའི་གད་པ་བློ་ལྡན་ཞིག་ཅིས་ཀྱང་འཚོལ་དགོས། ཨེ་རེད་ལགས།

ཞེས་གཡུ་སྒང་དགེ་འདུན་གྱིས། ༢༠༢༠།༠༩།༡༨ ཉིན།

ལྷུག་རྩོམ།

Post navigation

Previous Post: རྒྱལ་ཁབ་ཀྱི་རྩ་ཁྲིམས་ནི་སྲིད་གཞུང་དང་མི་མང་གི་བླ་སྲོག་རེད།
Next Post: ཀམ་ཚང་གི་བུད་མེད་རླབས་ཆེ་ཤོས། མཁས་མཆོག་དཔལ་མོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme