Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མང་གཙོར་ཀུན་སྤྱོད་ཀྱི་ཚོད་འཛིན་ཞིག་ཡོད་པ་རེད་།

Posted on 2009-08-01 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 21 Comments on མང་གཙོར་ཀུན་སྤྱོད་ཀྱི་ཚོད་འཛིན་ཞིག་ཡོད་པ་རེད་།

《རྩོམ་ཡིག་འདི་འོད་ཟེར་གྱི་གླེང་སྟེགས་ཞེས་པ་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྒྲོལ་དཀར་ལགས་ཀྱིས་ཐད་ཀར་སྐད་སྒྱུར་བྱས་པ་ཞིག་རེད།》

དེ་ཡང་འོད་ཟེར་ལགས་ཀྱིས་བརྗོད་པར། དྷ་རམ་ས་ལར་ཝང་ལིའི་ཞུང་ལ་ངོ་རྒོལ་བྱས་པ་ཟེར་བའི་རྒྱ་ཡིག་ཐོག་ཕབ་སྒྱུར་བྱས་པའི་གནས་ཚུལ་ཞིག

དྲ་རྒྱའི་སྟེང་ཐོན་ཡོད་པ་དང་། ཡང་ངོ་རྒོལ་བྱས་པ་དེ་དྲ་རྒྱའི་སྟེང་ཡོང་མཁན་གྱི་ཕྱི་ནང་བོད་པས་བརྩི་བཀུར་དངསྟོད་བསྔགས་ཐོབ་ཡོད་པ་རེད་ཅེས་བརྗོད་འདུག ཝང་ལི་ཞུང་གི་གཟའ་ཟླ་བོད་མི་ཞིག་ཡིན་པའི་ངོས་ནས། དང་ཐོག་གུས་མོས་གནས་ཚུལ་དེ་ཡོང་གྲགས་བྱེད་འདོད་མ་བྱུང་། ཡིན་ནས་རྒྱུན་དུ་བོད་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱ་རིགས་གྲོགས་པོ་ཁག་གཅིག་གིས་གཅིག་རྗེས་གཉིས་ངང་གུས་མོར་གནས་ཚུལ་དེའི་སྐོར་ལ་སྐད་ཆ་འདྲི་མཁན་བྱུང་བས། གལ་ཏེ་གང་ཡང་མ་བརྗོད་པ་ཡིན་ན། དེ་ལས་ལྡོག་པའི་གོ་ནོར་མང་པོ་ཐེབས་རྒྱུ་དང་། མཐའ་ན་བཙན་བྱོལ་བོད་ཀྱི་རྣམ་པ་ཡང་ཕན་ཐོགས་མེད་པ་མཐོང་ནས་ངེས་པར་དུ་གུས་མོའི་ལྟ་ཚུལ་དེ་ཡོངས་གྲགས་ངང་བརྗོད་ཀྱི་ཡིན། ངའི་བསམ་པར་གཅིག་བྱས་ན་གནས་ཚུལ་དེ་སྤེལ་མཁན་ནི་རང་ཉིད་ལ་ཟིན་བྲིས་ནང་ཡོད་མཁན་གྱི་དྲ་རྒྱའི་སྟེང་གི་མི་དེ་ཚོ་མ་གཏོགས་ངོ་ཤེས་ཀྱི་མེད་པའི་དབང་གིས་ཡིན་ཀྱི་རེད་མཉམ་བྱུང་།

ཡིན་ན་ཡང་གནས་ཚུལ་དེའི་ཐོག་མི་འགྲིག་པ་ཡོད་པ་གུས་མོར་བརྗོད་མཁན་བྱུང་ལ། མཐའ་ན་ཁོང་ཁྲོ་བྱེད་མཁན་གྱི་བོད་མི་ཡང་དངོས་གནས་མང་པོ་ཡོད་པ་མ་ཚད། ད་དུང་གུས་མོར་བརྒྱུད་ཝང་ལི་ཞུང་ལ་མཚམས་འདྲི་དང་འགྱོད་སེམས་ཀྱི་དགོངས་སེལ་ཞུ་མཁན་ཡང་འདུག ཝང་ལི་ཞུང་གིས་བརྗོད་པར་བཞུགས་སྒར་དྷ་རམ་ས་ལ་ནས་དགའ་བསུ་དང་གུས་བསྟོད་ཚད་མེད་ཐོབ་སོང་བ་དང་། དེ་བཞིན་མཇལ་དར་ཕུལ་མཁན་ཡང་ཧ་ཅང་གིས་མང་པོ་བྱུང་ཡོད་པ་རེད་འདུག བོད་མི་མང་པོས་ད་དུང་ངོ་རྒོལ་བྱེད་མཁན་གི་བྱེད་སྟངས་དེ་འགྱོད་པ་དང་བློ་མི་བདེ་བའི་བསམ་ཚུལ་འདོན་ཀྱི་ཡོད་པ་ཡིན་ན་དེ་འདྲ་བྱེད་དགོས་དོན་མེད། འོན་ཀྱང་མི་ཚོས་རྟག་ཏུ་བྱ་ཐབས་བྲལ་བའི་ནང་དེ་ནི་མང་གཙོ་རེད་ཅེས་བརྗོད་ཀྱི་འདུག ཕལ་ཆེར་དེ་ནི་འགྲེལ་བརྗོད་བྱེད་ཐུབ་པའི་རྒྱུ་མཚན་ཞིག་ཡིན་ས་རེད། གུས་མོར་ཡང་མི་གཅིག་གི་ས་ནས་གོ་བ་གཅིག་པུ་མ་ཡིན་པར། དཔེར་ན། དྷ་རམ་ས་ལ་དང་། ཡང་ཨ་རིའི་རྒྱལ་སའི་ཁུལ། ཡང་ན་ཨོ་སི་ཁྲུ་ལི་ཡ་སོགས་ཀྱི་བོད་མིས་ཀྱང་དེ་འདྲ་བརྗོད་ཀྱི་འདུག དངོས་གནས་བྱས་ན་གུས་མོ་དང་ཝང་ལི་ཞུང་ངེད་གཉིས་ཀྱི་གནས་ཚུལ་དེ་དགོད་བྲོ་པོ་ཞིག་ལ་བརྩི་རྩིས་ཡོད། ཁོང་ཁྲོའི་ངང་གསལ་པོ་དབྱེ་བ་མ་ཕྱེས་པའི་བྱ་སྤྱོད་དེའི་རིགས་ཡ་མཚན་ཡིན་རུང་ཡ་མཚན་མེད་པ་ཆགས་ཀྱི་འདུག ཡིན་ཡང་གུས་མོར་དོ་སྣང་བྱུང་བ་ནི་ཏག་ཏག་མང་གཙོའི་བཤད་སྟངས་དེ་རེད་འདུག བཙན་བྱོལ་གྱི་བོད་དེ་མང་གཙོའི་སྤྱི་ཚོགས་ཡིན་པ་རེད་ཟེར་བས་སྟབས་བདེའི་སྐད་ཆ་དུམ་དུམ་དེ་བྱེད་སྟང་དེ་འདྲའི་ཐོག་ནས་འགྲེལ་བརྗོད་

བྱེད་ཀྱི་ཡོད་པ་རེད་དམ། གུས་མོས་དེ་དྲི་བ་གཏོང་འདོད་ཡོང་གི་ཡོད་པ་སྟེ། དེ་ནི་བཙན་བྱོལ་བོད་ཀྱི་ལག་བསྟར་

བྱེད་བཞིན་ཡོད་པའི་མང་གཙོ་དེ་རེད་དམ། ཡང་ན་དེ་ནི་བཙན་བྱོལ་བོད་མིའི་སེམས་ནང་ཡོད་པའི་མང་

གཙོ་དེ་རེད་དམ། དེ་ཡང་ཝང་ལི་ཞུང་ལ་བཙུགས་པའི་ཉེས་མིང་དོན་ཚན་བརྒྱད་པོ་དེའི་ཐོག་ནས་ཞུས་ན་རྒྱ་ནག་གི་གསང་བའི་སློབ་སྟོན་པ་ཟེར་བ་དང་། མགོ་སྐོར་གཏོང་མཁན་ཟེར་བ། རང་ཤེད་ཆེ་བའི་མི་རིགས་རིང་ལུགས་ཅན་ཟེར་བ། གསང་ཉུལ་དང་བོད་བེད་སྤྱོད་བཏང་མཁན་ཟེར་བ། དེ་བཞིན་རྒྱ་ནག་གུང་ཁྲན་གཞུང་གི་ཨ་བན་ཟེར་བ་སོགས་ཚང་མར་སྐྱོན་འདོག་བྱས་པ་དང་། ཉེས་མེད་ཉེས་འགེལ་བྱས་པ་རང་རེད། དོན་ཚན་རེ་རེ་བཞིན་ཚང་མ་འཇིགས་སྣང་ཆེ་བའི་ཉེས་རྡུང་བྱས་པ་ཡིན་པས་མཆི་ལམ་དུ་སྐྱེལ་རྒྱུ་རང་རེད། ཡང་དོན་ཚན་རེ་རེ་བཞིན་ཚང་མ་དཔང་རྟགས་སྟོན་རྒྱུ་ཡོད་པ་རེད་དམ། མང་གཙོའི་སྤྱི་ཚོགས་ཟེར་བ་དེར་སྨྲ་བརྗོད་རང་དབང་ཡོད་པ་གོ་ཐོས་ཡོང་སྐབས་ཡིན་མདོག་ཁ་པོ་ཡོད་པ་རེད། ཡིན་ཡང་མང་གཙོའི་སྤྱི་ཚོགས་ཟེར་བ་དེ་སྨྲ་བརྗོད་རང་དབང་སྤྲད་པའི་དབང་གིས་ཐོབ་པའི་མིང་ཞིག་ཡིན་པས། གང་བྱུང་གི་ཉེས་འཛུགས་ཉེས་འགེབ་ཆེན་པོ་དེ་འདྲ་བྱེད་པ་དང་། གང་བྱུང་གིས་གཞན་ལ་གནོད་འཚེ་བཏང་ན་འགྲིག་གི་རེད་དམ། གལ་ཏེ་དཔང་རྟགས་མེད་པར་ཁུངས་མེད་རྫུན་བཟོ་བྱས་པ་མ་ཟད། ད་དུང་མི་མང་འདུ་འཛོམས་སར་རང་སྣང་གང་ཤར་གྱིས་སྐྱོན་འཛུགས་བྱས་པ་དེ་མང་གཙོ་ཟེར་གྱི་ཡོད་ན། རྒྱ་ནག་གཞུང་དེ་བཙན་བྱོལ་གྱི་བོད་ལས་མང་གཙོ་ཆེ་བ་ཡོད་མ་རེད་དམ། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་དེ་བཞིན་དུད་འགྲོ་ལྟ་བུ་ཟེར་བ། ༧གོང་ས་མཆོག་ལ་བཙན་ཤེད་ངང་ཉེས་འཛུགས་སྣ་ཚོགས་ཞུས་པ་དང་བསྡུར་ན་ངོ་བོའི་ཐོག་ནས་ཁྱད་པར་གང་འདུག་གམ། ཡང་ཝང་ལི་གཞུང་ལ་སྐྱོན་འཛུགས་ངོ་རྒོལ་བྱེད་མཁན་དེ་ཚོས་རྒྱ་ནག་གཞུང་ལ་རྒྱུ་མཚན་གང་གི་ཐོག་མི་ལྟོས་པ་དང་དཀྲོག་གཏམ་བཟོས་པ་སྐྱོན་བརྗོད་བྱེད་ཀྱི་ཡོད། རྒྱ་ནག་གཞུང་དེ་ཡང་མང་གཙོ་ཡིན་པ་ངོས་འཛིན་མ་བྱེད་པ་གང་ཡིན། ཁོང་ཚོ་དང་རྒྱ་ནག་བཞུང་གི་བྱེད་སྟངས་གཅིག་པ་མ་རེད་དམ། སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་ལ་ལྡན་པའི་ཞྭ་མོ་གཡོགས་པ་དང་རྒྱུག་རྡུང་བཏང་བའི་གོམས་སྲོལ་ངན་པ་དེ་བཙོག་པ་བཟོས་པའི་ཁོར་ཡུག་ནང་རྒྱ་ནག་གི་མི་ལ་ཀླད་སྐྱོན་ཐེབས་ཡོད་པ་གཅིག་པུ་མ་ཡིན་པར། རྒྱ་ནག་གི་ནང་ལ་འཚར་ལོངས་བྱུང་བའི་བོད་མི་ཡང་ཀླད་སྐྱོན་ཐེབས་འདུག གཅིག་བྱས་ན་ཚང་མས་སྤྱང་ཀིའི་འོ་མ་གཅིག་པུ་འཐུང་བའི་རྐྱེན་གྱིས་ཡིན་གྱི་རེད། མང་གཙོ་ལ་ཡང་ཀུན་སྤྱོད་ཀྱི་ཚོད་འཛིན་ཞིག་ཡོད་པ་རེད།

ཉམས་ཆུང་ཞིག་ཡིན་ན་རང་བཞིན་གྱིས་ཀུན་སྤྱོད་ཚད་མཐོ་ཤོས་ཤིག་ཡིན་པ་ཁྱབ་ཀྱི་མེད། དེ་སྔ་རྒྱ་ནག་གུང་ཁྲན་གཞུང་དེ་ཡང་ཉམས་ཆུང་ཆགས་མྱོང་ཡོད། ངོ་རྒོལ་བྱས་ན་འགྲིག་གི་རེད་ལ། ངོས་ལེན་མ་བྱས་པ་ཡིན་ན་ཡང་འགྲིག་གི་རེད། ཡིན་ཡང་ཉེས་མེད་ཉེས་འཛུག་བྱས་པ་དང་སྐྱོན་འདོགས་བྱས་ན་འགྲིག་གི་མ་རེད། ངོ་རྒོལ་བྱེད་མཁན་ཚོ་རྩོམ་པ་པོ་ཡིན་ན། རང་ཉིད་ཀྱི་རྩོམ་ཡིག་དང་། ཝང་ལི་ཞུང་བར་བསམ་བློའི་ཐོག་བགྲོ་གླེང་དང་།

ལྟ་བའི་ཐོག་རྩོད་གླེང་མ་བྱས་པ་གང་ཡིན། ཡ་རབས་ཚུལ་ལྡན་མེད་པ་དང་། བློ་རིག་རྣམ་དཔྱོད་མི་ལྡན་པའི་རྩུབ་

སྤྱོད་གི་བྱ་སྤྱོད་དེ་འདྲ་བེད་སྤྱོད་བྱེད་དགོས་དོན་གང་ཡིན། དེ་ནི་དེང་དུས་འཛམ་གླིང་གི་ཁྲིམས་སྲོལ་འགྲོ་ལུགས་དང་། མི་མཐུན་པ་མ་ཟད། བོད་མི་རིགས་གི་ཡ་རབས་སྲོལ་རྒྱུན་ཡང་མཐུན་གྱི་མེད་པ་རེད། དེ་བས་ནང་ཆོས་ཀྱི་བྱམས་སྙིང་རྗེ་དང་བཏང་སྙོམས་ཀྱི་ལུགས་དང་མཐུན་གྱི་མེད་པ་རེད། ཡང་གནས་ཚུལ་སྤེལ་བའི་ནང་བརྗོད་པར།

དྲ་རྒྱའི་སྟེང་ཡོང་མཁན་གྱི་ཕྱི་ནང་བོད་པས་བརྩི་བཀུར་དང་སྟོད་བསྔགས་ཐོབ་ཡོད་པ་རེད་ཟེར་བ་དེ། དངོས་གནས་ཐལ་ཆ་ཆེ་དྲགས་པ་རང་རེད། དེ་མིན་ན་དེ་དང་རྩ་བ་ནས་གཅིག་པ་མིན་པའི་ལྟ་སྟངས་གང་ནས་ཡོང་བ་རེད། མི་ཉུང་ཤས་ཤིག་གིས་དྲ་རྒྱའི་སྟེང་འུར་སྒྲོག་གི་སྣང་ཚུལ་སྟོན་པ་དེ། དངོས་ཡོད་ཀྱི་འཛམ་གླིང་ཞིག་མིན་པ་རེད། ན་ནིང་རྒྱ་ཡིག་གི་དྲ་རྒྱའི་སྟེང་བོད་ལ་ཁྱོན་ཡོངས་ནས་འཕྱ་སྨོད་བྱས་པ་དེ། བོད་མི་ཚོའི་ངོས་ནས་མྱོང་ཚོར་ཟབ་མོ་བྱུང་ཡོད་ཀྱི་རེད་ལ། གལ་ཏེ་བྱེད་སྟངས་དེའི་རིགས་དང་འདྲ་བར་མང་གཙོའི་མིང་ཞིག་བཏགས་པ་ཡིན་ན་མང་གཙོར་ཁ་ཕྱོགས་མཁན་གྱི་བོད་པས་བརྩི་བཀུར་དང་བསྔགས་བརྗོད་བྱེད་དགོས་ཀྱི་ཡོད་པས་དེ་ནི་དངོས་གནས་མང་གཙོར་ཟུར་ཟ་བྱས་པ་རང་རེད་ཅེས་བརྗོད་ཡོད་པ་རེད།།

(གསལ་བཤད། ཕབ་བྲིས་འདི་སོག་ཤོད་ལྷག་བསམ་གྱི་ཟིན་བྲིས་ནས་བླངས་བ་ཡིན།
གལ་སྲིད་རྩོམ་འདི་དྲ་ཐོག་ཉན་མཁན་ཡོད་ན་། གཤམ་གྱི་འབྲེལ་ཐག་བརྒྱུད་ཉན་རོགས།)
http://www.rfa.org/tibetan/chediklaytsen/ukaylatsen/woser/character-standard-for-democracy-07312009143325.html

སྣ་ཚོགས།

Post navigation

Previous Post: ལྡི་ལི་མི་ཇུ་ཀ་ཊི་ལ་ནས་འབྲི་དེབ་དང་དུས་དེབ་མི་རག
Next Post: ཨ་རེ་སི་ཁྲོ་ཁྲལ།(Aristotle)

Comments (21) on “མང་གཙོར་ཀུན་སྤྱོད་ཀྱི་ཚོད་འཛིན་ཞིག་ཡོད་པ་རེད་།”

  1. སྟག་སྨྱོན། says:
    2009-08-01 at 12:51 pm

    1.འོད་ཟེར་དང་ཁོ་མོའི་ཁྱོ་བོ་གཉིས་ཀྱིས་བོད་མིའི་བདེ་སྡུག་གླེང་བཞིན་པར་དགའ་བསུ་དང་བསྟོད་བསྔགས་ཚད་མེད་ཡོད། འོན་ཀྱང་བོད་མི་ས་ཡ་དྲུག་གི་ནང་ནས་ཝང་ལི་ཞིན་ལ་རྣམ་འགྱུར་ངན་པ་སྟོན་མཁན་རྩོམ་པ་པོའི་མིང་ཁྱེར་མཁན་གྱི་མི་རྡོག་ལྔ་དྲུག་ཙམ་ཡིན་ཚོད་འདུག མི་རྡོག་ལྔ་དྲུག་པོ་དེ་ཚོའང་བཙན་བྱོལ་སྤྱི་ཚོགས་ནང་མཚན་གནས་གལ་ཆེན་འཛིན་མཁན་གྱི་གནད་ཡོད་མི་སྣ་དེ་འདྲ་གང་ཡང་མ་རེད། མི་རྡོག་ལྔ་དྲུག་ཅིག་གི་སྤྱོད་པས་དམངས་གཙོ་དང་བཙན་བྱོལ་བོད་ཀྱི་ངོ་ཚབ་བྱེད་མི་ཐུབ། དེའི་ཕྱིར་མི་རྡོག་ལྔ་དྲུག་པོ་དེའི་རྣམ་འགྱུར་གྱི་ཐོག་ནས་སྤྱི་ཚོགས་ཤིག་གམ་ཡང་ན་དམངས་གཙོ་ལ་དོན་སྙིང་ཡོད་མེད་སོགས་འགྲེལ་བཤད་བརྒྱག་སྤྱད་བྱས་ན་འགྲིག་ཡོད་པའི་ཡིད་ཆེས་བྱེད་ཁག་པོ་རེད།

  2. དགེ་འདུན་རབ་གསལ་ says:
    2009-08-01 at 12:58 pm

    སྟག་སྨྱོན་དྲིན་ཆེན་པོ་ཁྱོད་ལན་རེར་འདིར་ཡོང་ནས་བསམ་ཚུལ་མི་འདྲ་བ་དག་གསུངས་པ་ལ་དགའ་བསུ་ཡོད། མུ་མཐུད་ནས་གསུངས་དང་།

  3. སྟག་སྨྱོན། says:
    2009-08-01 at 1:07 pm

    ཝང་ལི་ཞིན་ལ་བོད་མི་དཀྱུས་མ་ལྔ་དྲུག་ཅིག་གིས་རྣམ་འགྱུར་སྟོན་སྟངས་ལ་དེ་ཙམ་གྱིས་ཧ་ལས་དོན་དང་ཡ་མཚར་དོན་མེད་པ་འདྲ། རྩོམ་པ་པོའི་མཐུན་ཚོགས་འདི་དཔང་རྟགས་ཡོད་མེད་ལ་མ་ལྟོས་པར་མི་སུ་ཡིན་ལ་ཉེས་འགེལ་བྱེད་རྒྱུར་འཛེམས་ཟོན་བྱེད་མི་ཤེས་མཁན་ཞིག་རེད། དེ་སྔོན་ཀུན་ཐར་དོན་གྲུབ་དང་ལྷ་མོ་སྐྱབས་ཟེར་བ་གཉིས་རུབ་ནས་བླ་བྲང་སྐལ་བཟང་ཟེར་བ་ཞིག་ལ་སྤྱི་ཚོགས་ནང་ཉེས་འཛུགས་ཁྱབ་བསྒྲགས་སྣ་ཚོགས་བྱེད་བཞིན་པ་དངོས་སུ་ཀློག་མྱོང་། ཚོགས་པ་འདི་ལ་ངེས་པར་དུ་ཞིབ་འཇུག་ནན་པོ་ཞིག་བྱེད་རྒྱུ་གལ་ཆེན་པོ་མཐོང་གི་འདུག ཚོགས་པ་འདིའི་དཔལ་འབྱོར་གྱི་ཡོང་ཁུངས་མངོན་ལྐོག་གཉིས་ཀ་ན་ལས་ཀ་ག་རེ་ག་རེ་ལས་ཀྱི་ཡོད་མེད་ཀུན་ཐར་དོན་གྲུབ་ཟེར་བ་དེར་རྩད་གཅོད་གཏོང་རྒྱུ་གལ་ཆེན་པོ་ཆགས་འདུག་སྙམ།

  4. སྟག་སྨྱོན། says:
    2009-08-01 at 1:11 pm

    དྲ་དཔོན་ལགས་ཐུགས་རྗེ་ཆེ། འབད་ངེས་ཡིན།

  5. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-08-01 at 3:50 pm

    བཀུར་འོས་དྲ་གྲོགས་བསམ་གཏན་དང་སྟག་སྨྱོན་གཉིས་ལ་ཞུ་རྒྱུར།
    ཁྱེད་གཉིས་དབར་གྱི་སྒེར་གྱི་རྩོད་གཞིའི་རིགས་འདི་ལ་འཁྱེར་མ་ཡོང་རོགས་གནང་།
    ཁ་བརྡ་དྲ་བ་དང་དེའི་ྐློག་པ་པོ། དྲ་གྲོགས་གཞན་དག་བཅས་ལ་བསམ་བློ་རེ་གཏོང་རོགས་གནང་།
    གོང་གི་བསམ་གཏན་ལགས་ཀྱི་མཆན་བུ་དེ་བསུབ་པ་ཡིན། སྐུ་མཁྱེན།
    ད་དེ་ལྟར་མ་བྱེད་རོགས་གནང་།

  6. བསམ་གཏན། says:
    2009-08-01 at 4:04 pm

    སྐུ་ཞབས་རིག་འབྱུང་པ་ལགས། ཁྱེད་ཀྱིས་སྟག་སྨྱོན་གྱི་མཆན་བུ་མ་བསུབ་པར་ངའི་མཆན་བུ་བསུབ་པ་ལ་ང་མོས་འཐད་མེད། མི་འདི་ནམ་ཐོན་ན་མི་གང་ཞིག་ནག་པོ་བཟོ་རྐྱང་ཡིན་པ་བཞིན་དེ་རིང་ཡང་འདིར་ཐོན་པ་དང་མཉམ་དུ་སྐད་ཅིག་ཉིད་ལ་བོད་རྒྱལ་གཅེས་ཤེས་ཡོན་པ་སྐོར་ཞིག་དང་། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས། དམིགས་བསལ་ཀུན་ཐར་དོན་གྲུབ་དང་ཆབ་བྲག་ལྷ་མོ་སྐྱབས་སོགས་ནག་པོ་བཟོ་ཚར་ཡོད་པ་ཁྱེད་ཀྱིས་མཐོང་ཨེ་ཡོད། དེས་ན་སྟག་སྨྱོན་གྱི་མཆན་བུ་མ་བསུབ་བར་དུ་ངའི་མཆན་བུ་མ་བསུབ་རོགས་ཞུ་བ་ཡིན།

  7. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-08-01 at 5:15 pm

    སྟག་སྨྱོན་ལགས་དང་བསམ་གཏན་ལགས།
    གོང་གི་ཁྱེད་གཉིས་ཀྱི་མཆན་བུ་གཉིས་ཀ་བསུབ་པ་ཡིན།
    སྐུ་མཁྱེན། འདི་རེ་སྐུལ་མཐའ་མ་ཡིན། སྒེར་གྱི་རྩོད་རྙོག་་འདི་རུ་དྲུད་མ་ཡོང་རོགས།
    ངེད་ཀྱང་རེ་སྐུལ་ཞུ་རྒྱུར་ཅུང་ཙམ་ཐང་ཆད་ཀྱི་འདུག དེ་དོན་དགོངས་འཇགས་ཡོད་པ་ཞུ།
    དྲ་དཔོན་རབ་གསལ་ལགས་ཀྱིས་ཀྱང་སྤྱན་གཟིགས་རེ་གནང་རོགས་མཁྱེན།

  8. མེ་རི says:
    2009-08-01 at 9:41 pm

    ཝང་ལི་ཞོན་ཟེར་བ་འདིས་ནམ་ཡང་རྒྱ་མི་རིགས་ཞིག་ལྟར་ས་མཚམས་མ་བརྒར་བར་སྐད་ཆ་ཞིག་བཤད་བཞིན་འདུག ས་མཚམས་ནི་བོད་དེ་སྔ་མོ་ལོ་རྒྱུས་ཐོག་རྒྱབ་ཁབ་ཅིག་ཡིན་པའི་ཐོག་ནས་སྐད་ཆ་བཤད་པ་དང་། བོད་མིས་རེ་འདོད་རང་བཙན་གྱི་རྒྱབ་ཁབ་ལ་བརྙེག་པའི་ཐོག་སྐད་ཆ་བཤད་པ་དེ་རེད། ཝིང་ལི་ཞོན་ཟེར་བ་དེས་འདི་ལས་བརྒལ་བའི་སྐད་ཆ་བཤད་པ་མ་ཤེས། ངས་སྒུག་བཞིན་པ་ནི་ཏཱ་ལའི་བླ་མས་ཆབ་སྲིད་ཅིག་འཁྲབ་ནས་ཝིང་ལ་མཐོང་ཆེན་གྱིས་རྒྱ་གཞུང་དང་རྒྱ་རིགས་ལ་ཁོང་དང་ཁོང་གི་མི་དམངས་རྣམས་ཕྱི་གསལ་ནང་གསལ་ཡིན་རབ་ཅིག་སྟོན་པ་དང་།། ཝང་གིས་ཀྱང་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་མིའི་ནང་དྲུས་ནས་སྡོམ་ཚིག་ཅིག་རྒྱ་གཞུང་ཅི་ལྟར་འཇོག་པ་དེ་རེད། འདི་ནི་དུས་ཚོད་ཀྱིས་ང་ཚོ་ལ་ལན་འདེབས་ངེས་སོ།

  9. བསམ་གཏན། says:
    2009-08-01 at 10:21 pm

    སྟག་སྨྱོན་ཐོན་དུས་ཟུར་ལྟ་མེད།། གདོང་དམར་ཡོད་དུས་སྟག་སྨྱོན་མེད།། མེ་རི་ཡོད་དུས་གདོང་དམར་མེད།། སྦིང་སྦིང་ཐོན་དུས་མེ་རི་མེད།། ནོར་ནོར་ཐོན་དུས་སྦིང་སྦིང་མེད།། དོན་ལ་ཤི་འདྲེ་ཁོག་ཞུགས་ཀྱིས།། གོ་སྐབས་རྩོད་པའི་ཆོ་འཕྲུལ་ཙམ།། རྩོམ་རྙིང་ཞིག

  10. གཞིས་ལུས་བོད་པ། says:
    2009-08-01 at 10:21 pm

    རྒྱུ་མཚན་གང་ཡང་མེད་ན་མི་ལ་མ་ཉེས་ཁ་ཡོག་གིས་ནག་ཉེས་འགེལ་བ་ནི་ཆེས་ཐ་ཤལ་གྱི་བྱ་སྤྱོད་ཅིག་རེད། ཝང་ལིའི་ཞུང་ལ་ངོ་རྒོལ་བྱེད་པའང་དེའི་རིགས་སུ་གཏོགས་པར་གྱུར་ཏམ།

  11. མེ་རི says:
    2009-08-01 at 10:55 pm

    བསམ་གཏན་ལགས། ས་འདི་ན་གོ་སྐབས་ཤིག་ཡོད་དམ།
    བོད་ཀྱི་དུས་བབ་ལས།
    སྐབས་དེར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཀུན་ཐར་དོན་འགྲུབ་ཀྱིས། དེ་རིང་གི་བགྲོ་གླེང་འདིར་༧གོང་ས་མཆོག་དང་བོད་གཞུང་གི་ངོས་ནས་མོས་མཐུན་ཡོད་སྐོར་བཅས་ངོ་སྤྲོད་གནང་བྱུང། བགྲོ་གླེང་མགོ་འཛུགས་མ་བྱས་གོང་ལ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་གཡང་ཁོ་རྒྱལ་ལགས་ཀྱིས་ཐེངས་འདིའི་བགྲོ་གླེང་ལ་མོས་མཐུན་མེད་སྐོར་དང༌། རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོང་ནི། སྲིད་དབང་སྒེར་འཛིན་རིང་ལུགས་པ་གུང་ཁྲན་ཏང་གི་གཅེས་ཕྲུག་དང་། རང་གཅེས་ཆེ་བའི་མི་རིགས་རིང་ལུགས་ཅན་གྱི་བོད་མིའི་བསམ་བློའི་གསང་མྱུལ་བ་ཞིག་ཡིན་ཚུལ་སོགས་དོན་ཚན་བརྒྱད་བགྲངས་ཏེ་ངོ་རྒོལ་ཡང་བྱས་སོང༌།
    འོད་ཟེར་གྱིས།
    དེ་ཡང་ཝང་ལི་ཞུང་ལ་བཙུགས་པའི་ཉེས་མིང་དོན་ཚན་བརྒྱད་པོ་དེའི་ཐོག་ནས་ཞུས་ན་རྒྱ་ནག་གི་གསང་བའི་སློབ་སྟོན་པ་ཟེར་བ་དང་། མགོ་སྐོར་གཏོང་མཁན་ཟེར་བ། རང་ཤེད་ཆེ་བའི་མི་རིགས་རིང་ལུགས་ཅན་ཟེར་བ།
    གསང་ཉུལ་དང་བོད་བེད་སྤྱོད་བཏང་མཁན་ཟེར་བ། དེ་བཞིན་རྒྱ་ནག་གུང་ཁྲན་གཞུང་གི་ཨ་བན་ཟེར་བ་སོགས་ཚང་མར་སྐྱོན་འདོག་བྱས་པ་དང་། ཉེས་མེད་ཉེས་འགེལ་བྱས་པ་རང་རེད། དོན་ཚན་རེ་རེ་བཞིན་ཚང་མ་འཇིགས་སྣང་ཆེ་བའི་ཉེས་རྡུང་བྱས་པ་ཡིན་པས་མཆི་ལམ་དུ་སྐྱེལ་རྒྱུ་རང་རེད། ཡང་དོན་ཚན་རེ་རེ་བཞིན་ཚང་མ་དཔང་རྟགས་སྟོན་རྒྱུ་ཡོད་པ་རེད་དམ། མང་གཙོའི་སྤྱི་ཚོགས་ཟེར་བ་དེར་སྨྲ་བརྗོད་རང་དབང་ཡོད་པ་གོ་ཐོས་ཡོང་སྐབས་ཡིན་མདོག་ཁ་པོ་ཡོད་པ་རེད། ཡིན་ཡང་མང་གཙོའི་སྤྱི་ཚོགས་ཟེར་བ་དེ་སྨྲ་བརྗོད་རང་དབང་སྤྲད་པའི་དབང་གིས་ཐོབ་པའི་མིང་ཞིག་ཡིན་པས། གང་བྱུང་གི་ཉེས་འཛུགས་ཉེས་འགེབ་ཆེན་པོ་དེ་འདྲ་བྱེད་པ་དང་། གང་བྱུང་གིས་གཞན་ལ་གནོད་འཚེ་བཏང་ན་འགྲིག་གི་རེད་དམ། གལ་ཏེ་དཔང་རྟགས་མེད་པར་ཁུངས་མེད་རྫུན་བཟོ་བྱས་པ་མ་ཟད། ད་དུང་མི་མང་འདུ་འཛོམས་སར་རང་སྣང་གང་ཤར་གྱིས་སྐྱོན་འཛུགས་བྱས་པ་དེ་མང་གཙོ་ཟེར་གྱི་ཡོད་ན། རྒྱ་ནག་གཞུང་དེ་བཙན་བྱོལ་གྱི་བོད་ལས་མང་གཙོ་ཆེ་བ་ཡོད་མ་རེད་དམ། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་དེ་བཞིན་དུད་འགྲོ་ལྟ་བུ་ཟེར་བ། ༧གོང་ས་མཆོག་ལ་བཙན་ཤེད་ངང་ཉེས་འཛུགས་སྣ་ཚོགས་ཞུས་པ་དང་བསྡུར་ན་ངོ་བོའི་ཐོག་ནས་ཁྱད་པར་གང་འདུག་གམ། ཡང་ཝང་ལི་གཞུང་ལ་སྐྱོན་འཛུགས་ངོ་རྒོལ་བྱེད་མཁན་དེ་ཚོས་རྒྱ་ནག་གཞུང་ལ་རྒྱུ་མཚན་གང་གི་ཐོག་མི་ལྟོས་པ་དང་དཀྲོག་གཏམ་བཟོས་པ་སྐྱོན་བརྗོད་བྱེད་ཀྱི་ཡོད། རྒྱ་ནག་གཞུང་དེ་ཡང་མང་གཙོ་ཡིན་པ་ངོས་འཛིན་མ་བྱེད་པ་གང་ཡིན། ཁོང་ཚོ་དང་རྒྱ་ནག་བཞུང་གི་བྱེད་སྟངས་གཅིག་པ་མ་རེད་དམ། སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་ལ་ལྡན་པའི་ཞྭ་མོ་གཡོགས་པ་དང་རྒྱུག་རྡུང་བཏང་བའི་གོམས་སྲོལ་ངན་པ་དེ་བཙོག་པ་བཟོས་པའི་ཁོར་ཡུག་ནང་རྒྱ་ནག་གི་མི་ལ་ཀླད་སྐྱོན་ཐེབས་ཡོད་པ་གཅིག་པུ་མ་ཡིན་པར། རྒྱ་ནག་གི་ནང་ལ་འཚར་ལོངས་བྱུང་བའི་བོད་མི་ཡང་ཀླད་སྐྱོན་ཐེབས་འདུག གཅིག་བྱས་ན་ཚང་མས་སྤྱང་ཀིའི་འོ་མ་གཅིག་པུ་འཐུང་བའི་རྐྱེན་གྱིས་ཡིན་གྱི་རེད། མང་གཙོ་ལ་ཡང་ཀུན་སྤྱོད་ཀྱི་ཚོད་འཛིན་ཞིག་ཡོད་པ་རེད།

    འདི་གཉིས་གཤིབ་བརྡར་ཞིག་བྱས་དང་། འོད་ཟེར་གྱི་ཚོར་བ་དངོས་ནས་སླེབས་པའི་སྐད་ཆ་ཞིག་འདི་ན་འདུག གལ་སྲིད་གོ་དོན་རྟོགས་པའི་ཤེས་རབ་ཅན་ཞིག་ཡིན་ན། བསམ་རྒྱུ་མང་གི་ཡ།

  12. མེ་རི says:
    2009-08-01 at 11:21 pm

    འོད་ཟེར་ནས།
    ད་དུང་མི་མང་འདུ་འཛོམས་སར་རང་སྣང་གང་ཤར་གྱིས་སྐྱོན་འཛུགས་བྱས་པ་དེ་མང་གཙོ་ཟེར་གྱི་ཡོད་ན། རྒྱ་ནག་གཞུང་དེ་བཙན་བྱོལ་གྱི་བོད་ལས་མང་གཙོ་ཆེ་བ་ཡོད་མ་རེད་དམ། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་དེ་བཞིན་དུད་འགྲོ་ལྟ་བུ་ཟེར་བ། ༧གོང་ས་མཆོག་ལ་བཙན་ཤེད་ངང་ཉེས་འཛུགས་སྣ་ཚོགས་ཞུས་པ་དང་བསྡུར་ན་ངོ་བོའི་ཐོག་ནས་ཁྱད་པར་གང་འདུག་གམ། ཡང་ཝང་ལི་གཞུང་ལ་སྐྱོན་འཛུགས་ངོ་རྒོལ་བྱེད་མཁན་དེ་ཚོས་རྒྱ་ནག་གཞུང་ལ་རྒྱུ་མཚན་གང་གི་ཐོག་མི་ལྟོས་པ་དང་དཀྲོག་གཏམ་བཟོས་པ་སྐྱོན་བརྗོད་བྱེད་ཀྱི་ཡོད། རྒྱ་ནག་གཞུང་དེ་ཡང་མང་གཙོ་ཡིན་པ་ངོས་འཛིན་མ་བྱེད་པ་གང་ཡིན། ཁོང་ཚོ་དང་རྒྱ་ནག་བཞུང་གི་བྱེད་སྟངས་གཅིག་པ་མ་རེད་དམ།

    རྒྱ་ནང་དུ་རང་ཉིད་ཀྱི་ལྟ་བ་དང་བསམ་ཚུལ། རང་ཉིད་ཀྱི་རྒྱུ་མཚན་ཁྱེར་ནས་སྐྱོན་འཛུགས་བྱས་ཚེ་གཞུང་གིས་གཅར་རྡུང་དང་། བཙོན་འཇུག ཚེ་སྲོག་འཕྲོག་པ་སོགས་བྱེད། འདི་ལྟ་བའི་ཚིག་གཅིག་འགྲོ་ས་མེད་པའི་༼རྒྱ་དམར་གཞུང་དེ་བཙན་བྱོལ་བོད་ལས་མང་གཙོ་ཆེ་བ་ཡོད་མ་རེད་དམ་༽ཟེར་ན་ག་རེད་དམ། ཀུན་ཐར་ཟེར་བ་དེ་བཙན་བྱོལ་བོད་མིས་གཅར་རྡུང་དང་བཙོན་འཇུག་བྱས་ཡོད་དམ། རི་བོང་གཅལ་འདྲོགས་མ་བྱེད་བོད་མི་ཚོ། འོད་ཟེར་གྱིས་བོད་ཀྱི་གནས་ཚུལ་ངོ་མ་ཞིག་རྒྱ་ནག་ནང་འདོན་སྤེལ་བྱས་པར་བཀུར་འོས་སུ་མཆིས་མོལ དེ་དག་ནི་གནས་ཚུལ་མཁོ་སྤྲོད་བྱས་བ་ཙམ་མོ།
    རྟ་རྒྱུགས་ཐང་ནས་བྱས་དང་། ལྟད་མོ་སྒང་ནས་རིག་ནི་རེད་ཡ།

  13. སྟག་སྨྱོན། says:
    2009-08-02 at 5:53 am

    རིག་འབྱུང་ལགས་ཉིད་ཀྱིས་རེ་ཞུ་ལྟར་ངས་འདི་ནས་བསམ་གཏན་ཟེར་བར་སྒེར་གྱི་རྩོད་གཞི་འབྲེལ་བ་ཡོད་པ་གང་ཡང་བྲིས་མེད། མ་ཟད་གོང་དུ་ཝང་ལི་ཞིན་ལ་བོད་མི་དཀྱུས་མ་ལྔ་དྲུག་ཅིག་རྣམ་འགྱུར་སྟོན་སྟངས་དེ་དམངས་གཙོ་དང་ཡང་བཙན་བྱོལ་སྤྱི་ཚོགས་ཀྱི་ངོ་ཚབ་མ་རེད་ཅེས་གསལ་བཤད་བྱས་པ་ཙམ་ལས། བསམ་གཏན་ཟེར་བ་ལ་རྩོད་པའི་ཚིག་གཅིག་ཀྱང་བྲིས་མེད། གལ་སྲིད་ཉིད་ཀྱི་མཐོང་སྣང་ལ་ངས་དྲ་ཁང་ལ་གནོད་པའི་མཆན་བུ་འདེབས་ཀྱི་འདུག་དགོངས་ན། ཉིད་ཀྱིས་དེ་ལྟར་གསུངས་དང་ད་ནས་ངས་དྲ་ཁང་འདིར་མཆན་བུ་འདེབས་རྒྱུ་དོར་ཆོག
    དེ་མིན་བསམ་གཏན་ཟེར་བ་ལ་འབྲེལ་བ་བྱེད་ཆེད་ངས་ཆེད་དུ་དྲ་བྱང་བཟོས་ནས་ཕུལ་ཡོད་པས་དྲ་ཁང་འདིར་ཀློག་པ་པོ་དང་དྲ་བདག་ཚོ་སུན་པོ་ཡོང་བའི་མཆན་བུ་འདེབས་མི་དགོས་མོད། འོན་ཀྱང་ཁོང་གི་དམིགས་ཡུལ་ཤེས་དཀའ་བ་མ་ཟད། གལ་སྲིད་ང་དྲ་ཁང་འདིར་མ་ཡོང་ན་མི་འདིས་ཞེད་སོང་དྲན་ནས་གོ་ནོར་ཐེབས་སྲིད་པ་མ་ཟད། མུ་མཐུད་མི་སུ་ཡིན་ན་འཇིགས་བསྐུལ་བྱེད་རྒྱུ་མཚམས་འཇོག་གི་མ་རེད། དེའི་ཕྱིར་ཁོ་ལ་གོ་ནོར་མ་ཐེབས་ཆེད་ངས་སྐབས་རེ་མཆན་བུ་འདེབས་ཀྱི་ཡོད།

  14. བསམ་གཏན། says:
    2009-08-02 at 12:09 pm

    སྟག་སྨྱོན་སྐྱག་ཤོར། ཁྱོད་ཀྱིས་ང་ལ་ཁ་བྱང་རྫུན་མ་ཞིག་སྤྲད་ཀྱང་དེའི་ཐོག་ཁྱོད་ཀྱིས་འབྲེལ་བ་བྱེད་ཀྱི་མི་འདུག་པས། ངས་ཁྱོད་དུས་བབ་དང་བང་ཆེན་ཁ་བརྡ་སོགས་གར་ཐོན་ལ་ཐུག་པར་ཡོང་ངེས་ཡིན། དྲ་དཔོན་ཚོས་བསུབ་དང་མ་བསུབ་ཁོང་རྣམ་པས་ཐུགས་འདོད་རེད། འོན་ཀྱང་དྲ་དཔོན་ཚོས་ཕྱོགས་རིས་མ་བྱེད་རྒྱུ་ངའི་རེ་བ་ཡིན། ངའི་ཅི་ཞིག་བསམ་གི་ཡོད་ཧ་མི་གོ་རྒྱུ་ཡོད་ནི་མ་རེད། ཁྱོད་ཀྱིས་བརྙས་བཅོས་བྱས་པ་ལ་ཚོད་མེད་པས་ངས་ཚེ་ཐོག་འདིར་ཁྱོད་འདེད་རྒྱུའི་དམ་བཅའ་བཞག་པ་ཡིན། ངས་ཁྱོད་ལ་ཁ་གསལ་བོར་བཤད་ན་མཁན་པོ་འཇིགས་མེད་ཕུན་ཚོགས་གྲོངས་སྐབས་དང་། པད་ནོར་རིན་པོ་ཆེ་གྲོང་སྐབས་ཁྱོད་ཀྱིས་མཆན་བཏབས་པ་ཚོ་ལ་ལྟོས་དང་། དགྲ་བོ་རྒྱ་མིས་ཀྱང་དེ་ལས་ལྷག་ཅིག་བྱེད་རྒྱུ་ཡོད་ནི་མ་རེད། དགྲ་བོ་རྒྱ་མིས་སྔོན་ཁྱོ་གའི་མགོ་བཅད་ནས་ཆུང་མའི་སྐེ་ལ་བཏགས་སྟེ་འཐབ་རྩོད་བྱས་པ་དང་ཁྱོད་ཀྱི་བྱ་སྤྱོད་གཉིས་ལ་ཁྱད་པར་གང་ཡང་མེད་པས་ངས་ཁྱོད་ཚེ་ཐོག་འདིར་དགྲ་ཡི་དྭངས་མར་འཛིན་གྱི་ཡོད་ལ་ལས་སླ་བོར་མི་འཇོག་དཀོན་མཆོག་གསུམ་དཔང་བཞག་ཡིན། ངས་ཁྱོད་སུ་ཡིན་ཞིབ་འཇུག་བྱེད་ཀྱི་ཡོད། ཡིད་ཕངས་པ་ཞིག་ལ་ཟུར་ལྟ་དང་སྟག་སྨྱོན་མེ་རི་གདོང་དམར་གྱི་བུ་སོགས་ཁྱོད་མི་གཅིག་གི་མིང་ཡིན་པ་གློག་ཀླད་ལས་ཤེས་སོང་ཡང་དོ་བདག་ངོ་མ་སུ་ཡིན་ད་དུང་ཤེས་ཐུབ་མ་སོང་།
    དྲ་དཔོན་ཚོས་ཀྱང་སྟག་སྨྱོན་གྱིས་སྙིང་དམར་པོ་ཚ་བསྔོགས་བྱེད་པའི་སྐད་ཆ་སྡུག་ཅག་འདི་དག་རྗེ་རིན་པོ་ཆེ་ལ་ཟེར་གྱི་ཡོད་པ་དང་གཅིག་མཚུངས་ཡིན་པའི་སེམས་ཚོར་འཛིན་རོགས་ཞུ། དེ་མིན་དྲ་རྒྱ་འདི་ཡང་ཕྱོགས་ཞེན་གྱི་གཡུལ་ས་ཞིག་ཏུ་འགྱུར་ངེས་ཡིན། དྲ་དཔོན་ཚོས་བསམ་བློ་གཏོང་རྒྱུ་གལ་ཆེ། མི་གཉོམ་ཆུང་གི་སྐད་ཆ་སྔོན་ལ་ཞུ་ཚར་བས་ཐུགས་ལ་ཟུངས།

  15. བསམ་གཏན། says:
    2009-08-02 at 12:55 pm

    གསལ་བཤད་ཞུ་རྒྱུ་གཅིག་ལ། པཎ་ཆེན་རིན་པོ་ཆེ་དང་། ཨ་ལགས་གུང་ཐང་ཚང་། མཁན་པོ་འཇིགས་མེད་ཕུན་ཚོགས་གསུམ་པོ་བོད་ནང་གི་རྒྱལ་གཅེས་དཔའ་བོ་ཆེ་གསུམ་ཡིན་པ་ཀུན་ཀྱིས་མཁྱེན་གསལ་ལྟར་དང་། མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱི་སྒར་དུ་དགེ་ལུགས་དང་ས་སྐྱའི་ཡིག་ཆར་བལྟ་མི་ཆོག་པའི་ཁྲིམས་མེད་པར་མ་ཟད། བཀའ་བརྒྱུད་དང་ཇོ་ནང་གི་གཞུང་ལ་ཐོས་བསམ་བྱེད་ཆེད་བཀའ་བརྒྱུད་དང་ཇོ་ནང་གི་འཛིན་གྲ་ལོགས་སུ་ཡོད། དགེ་ལུགས་པའི་ཡིག་ཆར་བལྟ་མི་ཆོག་པའི་ཁྲིམས་མེད་པར་མ་ཟད་ཁོང་གིས་རྒྱུན་དུ་ལམ་གཙོའི་ཁྲིད་ལུང་གནང་བ་དང་། སློབ་མ་མཁན་ཆེན་རྣམས་ལ་རང་གི་ཉམས་ལེན་དང་གོ་བ་ཇེ་ལེགས་སུ་འགྲོ་ཆེད་མི་རེས་ལམ་གཙོ་ལ་འགྲེལ་བ་དང་ཟིན་བྲིས་རེ་འབྲི་དགོས་པའི་བཀའ་བབས་ཡོད་ལ་མཁན་པོ་མང་པོས་བྲིས་ནས་པར་སྐྲུན་གནང་ཡོད། ད་དུང་དུས་རབས་ཉེར་གཅིག་པའི་གངས་ཅན་རྣམས་ལ་སྤྲིངས་པའི་སྙིང་གཏམ་ལུགས་གཉིས་གཏམ་གྱི་རོལ་མོ་ཞེས་པ་འདི་ཡང་བོད་ཀྱི་ཆོས་སྲིད་གཉིས་ཀ་བརྗོད་བྱས་བཟུང་ཡོད་པ་ཞིག་ཡིན་པར་མ་ཟད་བོད་ནང་དུ་འགྲོ་དོན་ཕྲིན་ལས་རྒྱས་ཤོས་ཀྱི་བཀའ་སློབ་རིན་ཐང་གཞལ་མེད་ཅིག་ཡིན།
    འོ་ད་འགྲོ་རན་སོང་། རྗེས་སུ་འབྲི་ཆོག གཅིག་བྱས་ན་གོང་གི་བཀའ་སློབ་དེའི་མཚན་ནོར་སོང་བ་འདྲ། གང་ལྟར་བྲེལ་ཚུབ་ཆེ་བས་ད་དྲན་མ་སོང་།

  16. འོས་ལངས། says:
    2009-08-02 at 2:06 pm

    ཤར་བརྒྱབ་ན་རུས་ལ་གནོད་ཟེར་བའི་ཁ་དཔེ་ལྟར། ད་ཐེངས་འོད་ཟེར་གྱིས་ཁོ་མོའི་ཁྱོ་ག་ཝང་ལི་ཞུང་ལ་རྒྱབ་སྐྱོར་ཚད་བརྒལ་ཞིག་བྱས་མི་འདུག་གམ། ང་ཚོས་རེ་བ་ཅན་གྱི་རྩོམ་པ་པོར་བསྔགས་པའི་ཁོ་མོའི་ད་རེབ་ཀྱི་རྩོམ་ཡིག་འདིའི་ནང་བསམ་རྒྱུ་གོ་རྒྱུ་ཅན་མང་པོ་འདུག་ག ད་རེབ་ཁོ་མོས་རྒྱ་གཞུང་ལ་བརྩི་མཐོང་ཆེན་པོ་བྱས་འདུག་པ་དང་། བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ལ་མཐོང་ཆུང་གི་རྣམ་པ་བསྟན་འདུག རྡ་སར་བོད་མི་ཁ་ཤས་ཀྱིས་ཝང་ལི་ཞུང་ལ་སྐྱོན་འཛུགས་ངོ་རྒོལ་བྱས་པ་ལ་དེ་ཙམ་གྱི་ཧང་སངས་དགོས་དོན་མེད་ཅིང་། ཡིད་སེམས་དེ་འདྲ་སྐྱོ་དགོས་དོན་ནི་དེ་བས་ཀྱང་མི་འདུག་བསམ། མི་སུམ་ཅུ་བསམ་པ་སུམ་ཅུ་ཡིན་པའི་གནས་ལུགས་ཙམ་ལ་ཡང་བསམ་ཤེས་བྱེད་མི་ཐུབ་ན། ཡོད་ཚད་ཐ་དད་དང་ཕྱོགས་འགལ་ཡིན་པའི་བོད་རྒྱ་མི་རིགས་གཉིས་ཀྱི་གནད་དོན་ཆེན་པོ་ལྟ་བུ་དག་ནི་ཇི་ལྟར་གླེང་སློང་བྱེད་ཀྱི་ཡོད་དམ། རྒྱ་གཞུང་གིས་བཙན་བྱོལ་བོད་ཙམ་དུ་མ་ཟད། གཞིས་སྡོད་བོད་རིགས་རྣམས་ལ་ཡང་ཚིག་མཚོན་དང་། ངན་སྨྲས། སྐྱོན་བརྗོད། གླེང་ཕྱོགས་ངན་པ་བཅས་དུས་ནམ་ཡང་འགེལ་བཞིན་ཡོད་པས། རྒྱ་གཞུང་གིས་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ལ་བཟང་ངན་ཅི་ཞིག་བཤད་ཀྱང་དེ་ནི་གནས་ཚུལ་གཞན་ཞིག་རེད། ཝང་ལི་ཞུང་ནི་གང་ཟག་སྒེར་པ་ཞིག་ཡིན་དུས་རྒྱ་གཞུང་ནི་ཁོ་ཡི་མཉམ་དུ་འཁྱེར་ཡོང་དགོས་དོན་མི་འདུག འོད་ཟེར་ལགས་ཀྱིས་རྒྱ་གཞུང་དེ་བཙན་བྱོལ་གྱི་བོད་ལས་མང་གཙོ་ཆེ་བ་ཡོད་མ་རེད་དམ། ཞེས་པའི་འཁྱོག་བརྗོད་འདི་འདྲ་ཞིག་རང་གི་ཁྱོ་ག་ཝང་ལི་ཞུང་ལ་རྒྱབ་སྐྱོར་གྱི་ཆེད་དུ་དྲུད་ནས་ཡོང་དོན་ག་རེ་ཡིན་ནམ། ཕལ་ཆེར་དེ་ནི་སྒྱུར་མཁན་གྱིས་བསྒྱུར་ནོར་ཤོར་བ་ཞིག་མིན་ནམ་བསམ། གང་ལྟར་རེ་བ་དང་དྲང་ཚུགས་ཀྱི་མདུན་ལམ་དུ་བསྐྱོད་ཀྱིན་པའི་འོད་ཟེར་ལགས་ཀྱི་གཤིས་ཀ་དང་། ལངས་ཕྱོགས་སོགས་ཀྱང་རང་ཕྱོགས་ལ་ཐུག་དུས་༼ ཤེལ་ལ་ནོར་བུས་ཁ་བསྒྱུར་ཡང་།། ཆུ་དང་འཕྲད་ན་རང་མདོག་སྟོན།།༽ཞེས་པ་ལྟར་དུ་འགྱུར་གྱི་ཡོད་པ་ཤེས་ཐུབ།

  17. སྟག་སྨྱོན། says:
    2009-08-02 at 4:23 pm

    བོད་མི་རིགས་ཀྱི་བླ་སྲོག་དང་ཁོང་གི་སྙིང་ལྟ་བུའི་བླ་མ་གུང་ཐང་བསྟན་པའི་སྒྲོན་མེ་དང་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གི་མཚན་འདི་ལྟར་སྒེར་གྱི་དཀྲུགས་ཤིང་བརྒྱག་བྱེད་དུ་སྤྱོད་བཞིན་པ་ཆེས་མ་རུང་བའི་བྱ་སྤྱོད་ཅིག་ཡིན་པ་མ་ཟད། བོད་ནང་གི་བླ་མ་འདི་དག་མི་རིགས་ཀྱི་ཆེད་དུ་ཡོད་ཚད་ཕུལ་ཟིན་པའི་བཀའ་དྲིན་བླ་མེད་ཅན་རྐྱང་ཡིན་པ་ཡོངས་གྲགས་ཡིན་པས། བོད་དུ་འདི་འདྲིའི་དངོས་དོན་གྱི་བླ་མ་མང་པོ་ཡོད་ཕྱིར་བླ་མ་ཟེར་དུས་རྒྱང་མཇལ་རེ་ཐོབ་ནའང་བསོད་ནམས་ཆེན་པོ་བརྩི་བའི་གོམས་གཤིས་དེ་ཡོད་པ་རེད། དེང་སྐབས་བོད་ནང་གི་བླ་མ་དེ་ཚོའང་གང་འདྲ་ཡིན་མི་ཤེས།
    ཕྱི་ལོགས་ཀྱི་བླ་མ་ཆོས་ཚོང་བརྒྱག་མཁན་ཚོ་དང་བསྡུར་ཐབས་ས་ཡོད་པ་མ་རེད། ང་རྒྱ་གར་ལ་ཡོང་ནས་བཟུང་སྟེ་བླ་མ་ལ་མཇལ་རྒྱུའི་གོམས་གཤིས་དང་དགའ་མོས་ཉམས་ཟིན་སོང་། དད་དང་མ་དད་ཟེར་བ་གཙོ་བླ་མ་དེ་དངོས་དོན་གྱི་བླ་མ་ཡིན་མིན་ལ་ཐུག་པ་ལས། བཙན་དད་དང་རྨོངས་དད་ཀྱི་གོམས་གཤིས་ང་ལ་མེད།
    གོང་གི་བརྗོད་གཞི་དང་འབྲེལ་བའི་བསམ་ཚུལ་ཞིག་ཞུ་རྒྱུ་ཡོད་པ་ནི། བོད་ནང་གི་མནར་གཅོད་རྣམས་སྙིང་སྟོབས་ཆེན་པོས་གླེང་བཞིན་པའི་རྩོམ་པ་པོ་ཟོད་ཟེར་གྱིས། གནད་ཡོད་མ་ཡིན་པའི་བོད་མི་རྡོག་པོ་ལྔ་དྲུག་ཅིག་གི་རྣམ་འགྱུར་གྱིས་རྐྱེན་བྱས་ཏེ་བོད་མི་རིགས་ལ་ངོ་མཚང་བྲུས་པ་ཡིན་ན། ད་བར་དུ་ཁོ་མོས་ལུས་སྲོག་གི་ཉེན་ཁར་མ་འཛེམས་པར་བཞག་པའི་མཛད་རྗེས་དེ་དག་རྐང་རྗེས་ལག་གསུབ་ཆགས་ཉེན་གྱི་འགྱོད་སྣང་སྐྱེས་སོང་། མི་ལྔ་དྲུག་ཅིག་གི་རྣམ་འགྱུར་དེ་ཙམ་གྱི་གལ་ཆེན་པོ་མ་རེད། དཔེར་ན་རྒྱ་གར་རྒྱལ་ཡོངས་ཀྱི་ཡབ་ལྟ་བུར་བརྩི་བཀུར་ཞུ་བཞིན་པའི་གྷན་རྡི་ཇིའང་མཐར་བསད་པ་རེད། འོན་ཀྱང་བསོད་མཁན་གྱི་མི་དེའི་བྱ་སྤྱོད་དེ་རྒྱ་གར་མི་སེར་ཡོངས་རྫོགས་ལ་གཡོག་མི་རུང་བ་ལྟ་བུ་རེད་སྙམ།
    ཝང་ལི་ཞིན་ལ་ངོ་རྒོལ་བྱེད་མཁན་དེ་ཚོ་བརྒྱ་ཆ་བརྒྱ་ནོར་བའམ་ཡང་ན་འགྲིག་ཡོད་པའི་ཐག་གཅོད་བྱེད་ཀྱི་མེད། དམངས་གཙོའི་འགྲོ་ལུགས་ཀྱི་ཐོག་ནས་བཤད་ན་ཝང་ལི་ཞིན་ལ་ངོ་རྒོལ་བྱེད་མཁན་གྱི་མི་མགོ་ལྔ་དྲུག་པོ་དེ་ཉིན་དེའི་བགྲོ་གླེང་ཚོགས་འདུའི་ནང་གི་མི་འབོར་གྱི་བརྒྱ་ཆ་ཉུང་ཉུང་ལས་ཟིན་མེད། དེ་ཕྱིར་ཁོང་ཚོས་རྣམ་འགྱུར་སྟོན་ཆོག་ནའང་། ཁོང་ཚོའི་རྣམ་འགྱུར་དེ་ལ་ཚོགས་མི་ཚོས་མང་འོས་རྒྱབ་སྐྱོར་ཐོབ་མེད་སྟབས་ཁོ་ཚོའི་བྱ་སྤྱོད་དང་རྣམ་འགྱུར་སྟོན་སྟངས་དེ་རང་གཞིན་གྱིས་ནུས་མེད་དུ་སོང་བར་ངོས་འཛིན་དགོས་པ་ལས། གནས་ཚུལ་དེ་ཙམ་ཡང་མི་འབྱུང་རྒྱུ་དམངས་གཙོས་ཁག་ཐེག་བྱས་ཡོད་པ་མ་རེད། འོན་ཀྱང་བྱ་སྤྱོད་དེ་ལ་མང་མོས་ཀྱི་རྒྱབ་སྐྱོར་ཡོད་མེད་ལ་བསམ་བློ་གཏོང་དགོས་པ་རེད།

  18. སྟག་སྨྱོན། says:
    2009-08-02 at 4:26 pm

    ནོར་བཅོས་་་་་་་་་་་་་་་་་་་གོང་གི་བརྗོད་གཞི་དང་འབྲེལ་བའི་བསམ་ཚུལ་ཞིག་ཞུ་རྒྱུ་ཡོད་པ་ནི། བོད་ནང་གི་མནར་གཅོད་རྣམས་སྙིང་སྟོབས་ཆེན་པོས་གླེང་བཞིན་པའི་རྩོམ་པ་པོ་༼འོད་ཟེར་༽གྱིས།་་་་་་་་་་་་་་་་་་་་་་

  19. སྟག་སྨྱོན། says:
    2009-08-02 at 4:29 pm

    ཝང་ལི་ཞིན་ལ་ངོ་རྒོལ་བྱེད་མཁན་དེ་ཚོ་བརྒྱ་ཆ་བརྒྱ་ནོར་བའམ་ཡང་ན་འགྲིག་ཡོད་པའི་ཐག་གཅོད་བྱེད་ཀྱི་མེད། དམངས་གཙོའི་འགྲོ་ལུགས་ཀྱི་ཐོག་ནས་བཤད་ན་ཝང་ལི་ཞིན་ལ་ངོ་རྒོལ་བྱེད་མཁན་གྱི་མི་མགོ་ལྔ་དྲུག་པོ་དེ་ཉིན་དེའི་བགྲོ་གླེང་ཚོགས་འདུའི་ནང་གི་མི་འབོར་གྱི་བརྒྱ་ཆ་ཉུང་ཉུང་ལས་ཟིན་མེད། དེ་ཕྱིར་ཁོང་ཚོས་རྣམ་འགྱུར་སྟོན་ཆོག་ནའང་། ཁོང་ཚོའི་རྣམ་འགྱུར་དེ་ལ་ཚོགས་མི་ཚོས་མང་མོས་རྒྱབ་སྐྱོར་ཐོབ་མེད་སྟབས་ཁོ་ཚོའི་བྱ་སྤྱོད་དང་རྣམ་འགྱུར་སྟོན་སྟངས་དེ་རང་གཞིན་གྱིས་ནུས་མེད་དུ་སོང་བར་ངོས་འཛིན་དགོས་པ་ལས། གནས་ཚུལ་དེ་ཙམ་ཡང་མི་འབྱུང་རྒྱུ་དམངས་གཙོས་ཁག་ཐེག་བྱས་ཡོད་པ་མ་རེད། འོན་ཀྱང་བྱ་སྤྱོད་དེ་ལ་མང་མོས་ཀྱི་རྒྱབ་སྐྱོར་ཡོད་མེད་ལ་བསམ་བློ་གཏོང་དགོས་པ་རེད།

  20. མེ་སྒྱོགས་རྒྱ་མཚོ། says:
    2009-08-02 at 11:36 pm

    འོད་ཟེར་ཀྱི་དྲི་བ། བཙན་བྱོལ་གྱི་བོད་དེ་མང་གཙོའི་སྤྱི་ཚོགས་ཡིན་པ་རེད་ཟེར་བས་སྟབས་བདེའི་སྐད་ཆ་དུམ་དུམ་དེ་བྱེད་སྟང་དེ་འདྲའི་ཐོག་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད་དམ?
    མེ་རྒྱམ་གྱི་ལན། འོད་ཟེར་ལགས། དེ་འདྲ་མ་རེད།
    འོད་ཟེར་གྱི་དྲིས་བ། གུས་མོས་དེ་དྲི་བ་གཏོང་འདོད་ཡོང་གི་ཡོད་པ་སྟེ། དེ་ནི་བཙན་བྱོལ་བོད་ཀྱི་ལག་བསྟར་བྱེད་བཞིན་ཡོད་པའི་མང་གཙོ་དེ་རེད་དམ?
    མེ་རྒྱམ་གྱི་ལན། འོད་ཟེར་ལགས། དེ་འདྲ་མ་རེད་ཟེར་ཡིན།
    འོད་ཟེར་གྱི་དྲི་བ། ཡང་ན་དེ་ནི་བཙན་བྱོལ་བོད་མིའི་སེམས་ནང་ཡོད་པའི་མང་གཙོ་དེ་རེད་དམ།
    མེ་རྒྱམ་གྱི་ལན། མོ་རེ་འོད་ཟེར། དེ་འདྲ་མ་རེད་ཟེར་ཡིན། ཨེ་གོ་ཐལ།
    འོད་ཟེར་ལགས། བོད་གཞུང་བཀའ་ཤག་དང་སྐུ་སྒེར་ནས་ཁ་བཏགས་འཁྱེར་ནས་ཁྱེད་ཀྱི་ཁྱོ་བོ་ལ་དགོངས་སེལ་ཞུས་ཡོད་། ཁྱེད་ཀྱི་ཁྱོ་བོ་དང་འདྲ་བའི་བོད་པའི་བསམ་བློ་བ་མང་པོ་ཞིག་ལ་བོད་གཞུང་གིས་འདེང་འཇོག་མཐོན་པའི་སྣེ་ལེན་གྱི་ཇ་འདྲེན་རྒྱུ་ཕར་བཞག་ནས་མིག་ཟུར་གྱིས་ཀྱང་མ་མཐོང་མདོག་མདོག་བྱེད་ནས་སྡོད་ཡོད། མ་གཞི་ནས་བོད་རིགས་ཚོས་དམིགས་བསལ་གྱིས་མི་རིགས་གཞན་ལ་ཆེ་མཐོང་སྤྲོད་པའི་ལུགས་སྲོལ་ཞིག་འདུག བྱེད་སྟངས་འདི་ལ་བལྟས་ན་རང་མི་རིགས་ཀྱི་ལ་རྒྱ་སྲ་ཞིང་བརྟན་པ་ཞིག་ཨེ་ཡོད་ན་བསམ་པར་འཆར་གྱིན་འདུག
    འོད་ཟེར་གྱི་དྲི་བ། དེ་ཡང་ཝང་ལི་ཞུང་ལ་བཙུགས་པའི་ཉེས་མིང་དོན་ཚན་བརྒྱད་པོ་དེའི་ཐོག་ནས་ཞུས་ན་རྒྱ་ནག་གི་གསང་བའི་སློབ་སྟོན་པ་ཟེར་བ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དོན་ཚན་རེ་རེ་བཞིན་ཚང་མ་དཔང་རྟགས་སྟོན་རྒྱུ་ཡོད་པ་རེད་དམ།
    མེ་རྒྱམ་གྱི་ལན། འོད་ཟེར་ལགས་ཏོག་ཙམ་བཞུགས་ཨ། ཁྱེད་ཀྱི་དྲི་བ་འདི་ཉེས་འཛུགས་བྱེད་མཁན་ཚོ་ལ་འདྲིའོ།
    བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ལྔ་དྲུག་པོ་ལགས།
    རྒྱ་རྒན་ཝང་ལི་ཞང་ནི་
    ༼༡༽རྒྱ་ནག་གི་གསང་བའི་སློབ་སྟོན་པ་ཟེར་བ་དང་།
    ༼༢༽མགོ་སྐོར་གཏོང་མཁན་ཟེར་བ།
    ༼༣༽རང་ཤེད་ཆེ་བའི་མི་རིགས་རིང་ལུགས་ཅན་ཟེར་བ།
    ༼༤༽གསང་ཉུལ་དང་།
    ༼༥༽བོད་བེད་སྤྱོད་བཏང་མཁན་ཟེར་བ།
    ༼༦༽དེ་བཞིན་རྒྱ་ནག་གུང་ཁྲན་གཞུང་གི་ཨ་བན་ཟེར་བ་སོགས་ཀྱི་ཁུངས་སྐྱེལ་བྱེད་ཐུབ་བམ། གལ་སྲིད་ཐུབ་ན་འོད་ཟེར་དང་དྲ་རྒྱ་འདི་སྟེང་དུ་ལན་ཕུལ་རོགས་ཞུ།
    ཟིན་བྲིས་འདིའི་བརྗོད་དོན་ནི་སྨྲ་བརྗོད་རང་དབང་དང་དེའི་འགན་ལེན་གཉིས་ཀྱི་གནད་དོན་ཞིག་རེད།
    སྨྲ་བརྗོད་རང་དབང་སྤྱོད་ནས་རང་གི་བསམ་ཚུལ་སྤོབས་པའི་ཐོག་ནས་བཤད་པ་དེ་ལ་བསྟོད་བསྔགས་ཡོད། ཡིན་ནའང་བཤད་པའི་དོན་ལ་རྒྱུ་མཚན་མེད་པ་དང་དམིགས་ཡུལ་གཞན་ཞིག་བཟུང་ནས་རྒྱ་རྒན་ལ་སྐྱོན་བརྗོད་བྱེད་མཁན་གྱི་སྐབས་འཚོལ་རིང་ལུགས་པ་ཡིན་རྒྱུ་རེད། གཅིག་བྱས་ན་སྤྱང་ཀིའི་འོ་མ་བཏང་ནས་འཚར་ལངས་བྱུང་བ་སོང་ཙང་སྨྲ་བརྗོད་རང་དབང་བེད་སྤྱོད་མི་ཤེས་པའི་སྐྱོན་ཡིན་སྲིད། གཅིག་བྱས་ན་ཁུངས་ལུང་རྒྱུ་མཚན་ཡོད་ནས་སྐྱོན་བརྗོད་བྱས་པ་ཡང་ཡིན་སྲིད།
    འོད་ཟེར་གྱིས་དྲིས་པ། རྒྱ་ནག་གཞུང་དེ་བཙན་བྱོལ་གྱི་བོད་ལས་མང་གཙོ་ཆེ་བ་ཡོད་མ་རེད་དམ?
    མེ་སྒྱོགས་ཀྱི་ལན། རྒྱ་གཞུང་དེ་མང་གཙོའི་གཞུང་ཞིག་མིན་པར་ལྐོག་ཟ་རུལ་སུངས་ཀྱིས་ཚོས་པའི་དཔོན་རིགས་སྲིད་དབང་སྒེར་སྤྱོད་ཅིག་ཡིན་པ་ཁྱེད་ཀྱིས་ཤེས་གསལ་རེད། བཙན་བྱོལ་སྲིད་གཞུང་འདི་འང་ཚད་ལྡན་གྱི་མང་གཙོ་མིང་དོན་མཚུངས་པ་ཞིག་མིན་པ་ནི་མང་གཙོའི་ལྟ་བ་ཤེས་མཁན་ཚང་མས་ཧ་གོ་དོན་གསལ་རེད། དེ་གཉིས་དཔེ་དོན་སྦྱར་བ་ནི་འཚམས་པོ་རང་མིན་འདུག དེའི་རྒྱུ་མཚན་ཞིག་ནི་བཙན་བྱོལ་སྐབས་སུ་མང་གཙོའི་ལྟ་གྲུབ་ཆ་ཚང་ལག་ལེན་བསྟར་མི་ཐུབ་པར་འདོད། དེ་འདྲ་སོང་ཙང་གང་ནའང་མེད་པའི་ “དམངས་གཙོ་”ཞིག་དྷ་སར་ཡོད་ལགས།
    འོད་ཟེར་གྱི་དྲི་བ། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་དེ་བཞིན་དུད་འགྲོ་ལྟ་བུ་ཟེར་བ། ༧གོང་ས་མཆོག་ལ་བཙན་ཤེད་ངང་ཉེས་འཛུགས་སྣ་ཚོགས་ཞུས་པ་དང་བསྡུར་ན་ངོ་བོའི་ཐོག་ནས་ཁྱད་པར་གང་འདུག་གམ?
    མེ་སྒྱོགས་ཀྱི་ལན། རྒྱ་གཞུང་གིས་བཙན་བྱོལ་གཞུང་འདི་དུད་འགྲོ་རེད་ཟེར་བ་ཞིག་གོ་མ་མྱོང་། རྒྱ་གཞུང་གིས་༸གོང་ས་མཆོག་ལ་ཉེས་འཛུགས་བྱེད་སྟངས་ལ་བལྟས་ན་ཉེས་འཛུགས་བྱེད་མཁན་དེ་དག་ཕལ་ཆེར་སྤྱང་ཀིའི་འོ་མ་བཏང་ནས་འཚར་ལངས་བྱུང་བ་ཤ་སྟག་ཡིན་བཟོ་འདུག གལ་སྲིད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཉེས་འདོགས་བྱེད་མཁན་གྱི་ཚོགས་མི་ཚོ་ཡིས་ཉེས་འཛུགས་ལ་ཁུངས་བསྐྱེལ་མེད་ན་ཕལ་ཆེར་ཁོང་ཚོ་ཡང་སྤྱང་ཕྲུག་ཡིན་ཉེན་ཆེ།

    འོད་ཟེར་གྱི་དྲི་བ། རྒྱ་ནག་གཞུང་དེ་ཡང་མང་གཙོ་ཡིན་པ་ངོས་འཛིན་མ་བྱེད་པ་གང་ཡིན། ཁོང་ཚོ་དང་རྒྱ་ནག་བཞུང་གི་བྱེད་སྟངས་གཅིག་པ་མ་རེད་དམ?
    མེ་སྒྱོགས་ཀྱི་ལན། རྒྱ་གཞུང་དང་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དྲུག་པོའི་བྱ་སྤྱོད་གཉིས་བསྡུར་ཐབས་མེད། ཁོང་ཚོའི་སྐྱོན་འཛུགས་བྱེད་སྟངས་ལ་བལྟས་ནས་བོད་མི་ཡོངས་ཀྱི་གཤིས་ཀ་ལ་ཚད་དཔག་བྱེད་ཐུབ་ཀྱི་མ་རེད།
    འོད་ཟེར་གྱི་དྲི་བ། ལྟ་བའི་ཐོག་རྩོད་གླེང་མ་བྱས་པ་གང་ཡིན། ཡ་རབས་ཚུལ་ལྡན་མེད་པ་དང་། བློ་རིག་རྣམ་དཔྱོད་མི་ལྡན་པའི་རྩུབ་སྤྱོད་གི་བྱ་སྤྱོད་དེ་འདྲ་བེད་སྤྱོད་བྱེད་དགོས་དོན་གང་ཡིན།
    མེ་སྒྱོགས་ཀྱི་ལན། དེ་ལ་ངས་ལན་འདེབས་མི་ཤེས་ཁོང་ཚོར་འདྲིའོ།

    མཆན་གི་མཆན། དྲ་གྲོགས་མང་ཆེ་བའི་ཤེས་གསལ་རེད། སྤྱང་ཀིའི་འོ་མ་འཐུང་མཁན་ཟེར་བ་ནི་རིག་གནས་གསར་བརྗེ་སྐབས་སུ་འཚར་ལངས་བྱུང་བའི་མི་རབས་ལ་ཟེར། མི་རབས་འདིའི་ཁྱད་ཆོས་ཤིག་ནི་ལྐུགས་པ་ཨུ་ཚུགས་ཚ་བའི་སྤྱོད་ཚུལ་ཡོད་པ་ཞིག་རེད།

  21. མེ་སྒྱོགས་རྒྱ་མཚོ། says:
    2009-08-04 at 7:58 am

    སྐུ་ཞབས་རིག་འབྱུང་གིས་ཟིན་བྲིས་རེ་ཟུང་འདིར་གཡུག་ནས་ཐོན་འགྲོ་གིན་འདུག འདི་ཐད་དུ་བསམ་ཚུལ་འདྲ་ཡོད་ན་ཁ་བསང་ནས་བཤད་ན་གང་འདྲ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme