Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མང་གཙོའི་སྒྲིག་འཛུགས་ནང་ཁྲིམས་ཀྱི་དབང་བསྒྱུར་ལས་གལ་ཆེ་བ་མེད།

Posted on 2021-12-14 By ཁ་བརྡ 2 Comments on མང་གཙོའི་སྒྲིག་འཛུགས་ནང་ཁྲིམས་ཀྱི་དབང་བསྒྱུར་ལས་གལ་ཆེ་བ་མེད།

གཞུང་པ་ཚེ་དབང་བསོད་ནམས།

མང་གཙོའི་སྒྲིག་འཛུགས་ནང་ཁྲིམས་ཀྱི་དབང་བསྒྱུར་ལས་གལ་ཆེ་བ་མེད་པ་དང་།   ཁྲིམས་ཡིག་གི་ལམ་སྟོན་འོག་མི་མང་འཚོ་དགོས་པ་དང་།    རྒྱལ་ཁབ་དང་།   སྲིད་གཞུང་།   སྒྲིག་འཛུགས་སོགས་ག་འདྲ་ཞིག་ཡིན་ཀྱང་ཁྲིམས་ཡིག་གི་ལམ་སྟོན་བརྒྱུད་ནས་ལས་དོན་ཚང་མ་སྒྲུབ་དགོས་པ་དང་།   གལ་སྲིད་ཁྲིམས་དང་སྒྲིག་གཞིའི་ལས་ཀ་བྱ་རྒྱུར་འགོག་རྐྱེན་བཟོ་གི་ཡོད་ན་ཁྲིམས་བཟོ་ལྷན་ཚོགས་ནས་ཁྲིམས་དང་སྒྲིག་གཞི་ལ་བསྐྱར་བཅོས་གནང་དགོས་པ་དེ་ཁྲིམས་སྒྲིག་ཚང་མའི་འཇུག་ཏུ་བསྐྱར་བཅོས་ཀྱི་དོན་ཚན་བཞག་ཡོད་པ་ལ་འགན་འཁུར་དགོས་པ་དང་།   ཁྲིམས་དང་མཐུན་པའི་ཁྲིམས་སྒྲིག་བསྐྱར་བཅོས་ཀྱི་བརྒྱུད་ལམ་ལ་འགན་མ་འཁུར་ནས་ཁྲིམས་བཟོའི་དབང་ཆ་ལོག་པར་སྤྱད་ནས་འབྲེལ་བཤད་རིང་ཙམ་ཐུང་ཙམ་རྒྱབ་ནས་ཁྲིམས་འགལ་དང་སྒྲིག་འགལ་རྒྱུད་ནས་ཁྲིམས་བཟོའི་ལས་དོན་སྤེལ་ནས་མི་མང་གི་འཚོ་བའི་མདུན་ལམ་དང་།   སྤྱི་ཚོགས་ཀྱི་བདེ་འཇགས།   རྒྱལ་ཁབ་ཀྱི་བརྟན་ལྷིང་སོགས་ལ་ནམ་ཡང་གནོད་རྐྱོན་གཏོང་མི་ཉན་པ་དང་།  མི་མང་གི་མངོན་འདོད།   (  will  of  the  people  )   མི་མང་གི་བསམ་

འཆར།   (   suggestion of people  )  གཞི་ལ་བཞག་ནས་ཁྲིམས་དང་སྒྲིག་གཞི་བཟོ་དགོས་པ་ལས་ཁྲིམས་བཟོ་ལྷན་ཚོགས་ནང་ཡོད་པའི་འཐུས་མིའི་མངོན་འདོད་དང་ལངས་ཕྱོགས་གཞི་ལ་བཞག་ནས་ཁྲིམས་དང་སྒྲིག་གཞི་གཏན་འབེབས་གནང་བ་ཡིན་ན་དེ་ནི་གྲལ་རིམ་དམངས་གཙོ།   (  Proletarian  )  ལ་ཁ་ཕྱོགས་པ་ཙམ་ལས་མང་གཙོ། (  Democracy  )  ལམ་ལུགས་མིན་པ་ནི་མང་གཙོ་དང་དམངས་གཙོ་ཟེར་བའི་ཚིག་གི་ཐ་སྙད་དང་དག་ཆ་སོགས་ནས་ངོ་འཕྲོད་ཐུབ་པ་དང་།  མང་གཙོའི་རྒྱལ་ཁབ་དང་མང་གཙོའི་སྒྲིག་འཛུགས་ནང་མི་མང་ཁྲིམས་ཀྱི་དབང་བསྒྱུར་འོག་འཚོ་ཐུབ་དང་མ་ཐུབ་པའི་འགན་དེ་ཁྲིམས་བཟོ་གྲོས་ཚོགས་འཐུས་མི་ལ་ཡོད་པ་ནས་མི་མང་ནས་གྲོས་ཚོགས་འཐུས་མི་འོས་འདེམས་སྐབས་ཟབ་ཟབ་གནང་དགོས་པ་ནི་ཕྱོགས་གཏོགས་དང་འགོ་འདྲེན།   སྐབས་ཚོལ་དང་།   ལུང་ཚན་ཤོག་སྒྲིལ།  གྲལ་རིམ་དམངས་གཙོའི་ལྐོག་ཇུས་འོག་མི་མང་ནམ་ཡང་ཚུད་མི་ཉན་པ་དང་།    འཛམ་གླིང་འདིའི་སྟེང་འཚོ་བཞིན་པའི་མང་གཙོའི་རྒྱལ་ཁབ་མང་པོ་སྐྱེས་མ་ཐག་ཏུ་འཚོ་མ་ཐུབ་ནས་མང་གཙོ་དམག་ཚོ་ལ་ཁ་ཕྱོགས་ནས་ཡུལ་མི་ནང་ཁུལ་འཁྲུགས་རྩོད་ལ་མགོ་འཁོར་ནས་རྒྱལ་ནང་གི་བདེ་འཇགས་དང་ལུང་པའི་ཡར་རྒྱས།   མི་མང་གི་འཚོ་བ་སོགས་ལ་འགན་འཁུར་མ་ཐུབ་པའི་གནས་ཚུལ་དེང་སྐབས་འཛམ་གླིང་གི་ལུང་པ་མང་པོའི་ནང་ཐོན་བཞིན་པ་ནས་ང་ཚོའི་ཤེས་ཐུུབ་པ་དང་ཧ་གོ་ཐུབ་པ་དང་།    ཡང་དག་པའི་མང་གཙོའི་ལམ་ལུགས་ནང་ཁྲིམས་ཀྱི་དབང་བསྒྱུར་འོག་གཞུང་སྲིད་བསྐྱངས་ནས་ལུང་པའི་བདེ་འཇགས་དང་མི་མང་གི་འཚོ་བའི་མདུན་ལམ་སོགས་ཆབ་དཔལ་རིག་གསུམ་ཡར་རྒྱས་ཀྱི་ཕྱོགས་སུ་ཁ་ཕྱོགས་ཐུབ་པའི་འགན་དེ་མང་གཙོའི་གཞུང་སྲིད་སྐྱོང་མཁན་གྱིས་སྡེ་ཚན་གསུམ།   ༡  འཛིན་སྐྱོང་སྡེ་ཚན།  (  Executive  )  ༢  ཁྲིམས་བཟོ་སྡེ་ཚན།  (  Legislature )   ༣  ཁྲིམས་ལུགས་དབང་འཛིན།   (  Judiciary   )    བཅས་སྡེ་ཚན་གསུམ་འདི་འགན་དབང་འདྲ་མཉམ་ཐ་དད་དུ་གནས་དགོས་པ་ནི་མང་གཙོའི་རིག་པའི་གཞུང་ལུགས་སམ་མང་གཙོའི་ལྟ་སྒྲུབ།  (  Democracy  Theory  )  ནང་གསལ་བའི་འགན་དབང་འདྲ་མཉམ་ཆ་བགོས།  ( Separation of Power   and  Check and  Balance )  ཐོག་གནས་དགོས་པ་དང་།  ཡང་དག་པའི་གྲོས་ཚོགས་ལམ་ལུགས་ནང་གོང་གི་སྡེ་ཚན་གསུམ་དེ་གཅིག་གི་གཅིག་ལ་འགན་བཀུར་དགོས་པ་དང་ལན་སྐྱོན་དགོས་པ་ནི།  (  Responsible  and Answerable  )  དང་།  མང་གཙོ་སྤྱིའི་རིག་པའི་གཞུང་ལུགས།    (  Democracy  Theory  ) དང་མ་འགལ་བའི་ཐོག་ནས་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ལ་འགན་འཁུར་ནས་འཛིན་སྐྱོང་སྡེ་ཚན།   (  Executive  )     ཁྲིམས་བཟོ་སྡེ་ཚན།   (  Legislature   )  ཁྲིམས་ལུགས་དབང་འཛིན།  (  Judiciary  )   བཅས་མང་གཙོའི་གཞུང་སྲིད་སྐྱོང་མཁན་གྱི་ཀ་བ་གསུམ།   (  Three  Pillar of Democracy  Government  )  ནས་ཁྲིམས་ལ་བཅུས་རིལ་རྒྱབ་ནས་འབྲེལ་ལོག་འོག་ནས་རྒྱལ་ཁབ་ཀྱིས་བདེ་འཇགས་དང་།   སྤྱི་ཚོགས་ཀྱིས་མཐུན་འབྲེལ།  ་མི་མང་གི་འཚོ་བ་སོགས་ལ་ནམ་ཡང་གནོད་རྐྱོན་དང་ཉེན་ཁ་བཟོ་མི་ཉན་པ་དང་།   མང་གཙོའི་རིག་པའི་གཞུང་ལུགས་ནང་མི་མང་ནི་མང་གཙོའི་རྒྱལ་ཁབ་འཛིན་མཁན་གྱི་རྩ་བ།  ( Pillar of Democracy  )  ཡིན་པ་ནས་མི་མང་ནས་མང་གཙོའི་གཞུང་སྲིད་སྐྱོང་མཁན་གྱི་ཀ་བ་གསུམ་གྱིས་ལས་དོན་བྱེད་ཕྱོགས་ལ་བལྟ་སྲུངས་ནན་པོ་བྱ་དགོས་པ་ནི།   (  Watch Dog )  ཁྱི་གི་རྐུ་མ་སྲུངས་བ་ནང་བཞིན་བྱས་ནས་མང་གཙོའི་ལས་འགན་སྒྲུབ་དགོས་པ་དང་།   གལ་སྲིད་མི་མང་ནས་བལྟ་སྲུངས་མ་ཐུབ་པའི་ཉིན་མོ་དེ་ནས་མང་གཙོ་གཉིད་ཁུག་པ།   (  Sleeping Democracy  ) ཆགས་ནས་མང་གཙོའི་ཀ་བ་གསུམ་ཕྲད་རང་དབང་ཅན་ལ་ཁ་ཕྱོགས་ནས་མི་མང་མང་གཙོ།   (   Peoples  Democracy  )   དེ་གྲལ་རིམ་དམངས་་གཙོ།  (  Proletarian  )   ལ་ཁ་ཕྱོགས་ནས་རྒྱལ་ཁབ་དང་སྲིད་གཞུང་གིས་ལས་དོན་ཡོངས་རྫོགས་གྲལ་རིམ་མི་སྣའི་གཅིག་བསྡུས་དབང་ཆའི་འོག་ནས་ལག་ལྟར་བྱེད་བཞིན་པའི་དཔེ་མཚོན་ཡང་ད་ལྟའི་རྒྱ་ནག་གི་འགོ་འཁྲིད་ཚོོའི་ལས་སྟངས་དང་བྱེད་སྟངས་ནས་ང་ཚོའི་ཤེས་ཐུབ་པ་དང་མཐོང་ཐུབ་པ་དང་ཐོས་ཐུབ་པ་བཅས་མང་གཙོའི་སྒྲིག་འཛུགས་ནང་ཁྲིམས་ཀྱི་དབང་བསྒྱུར་ནི་བླ་ན་མེད་པ་དང་གོང་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་སྤྱི་ལོ་  ༢༠༢༡ / ༡༢ / ༡༣ ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།

བསམ་ཚུལ།

Post navigation

Previous Post: སྒོ་ཤེར་ལ་གཏོང་བའི་མིག་ཆུ།
Next Post: དྲུག་བརྒྱ་དྲུག་ཅུའི་རྗེས་དྲན།

Comments (2) on “མང་གཙོའི་སྒྲིག་འཛུགས་ནང་ཁྲིམས་ཀྱི་དབང་བསྒྱུར་ལས་གལ་ཆེ་བ་མེད།”

  1. འབྲོང་བུ་སོག་ཚ། says:
    2021-12-28 at 6:52 pm

    ཁྱེད་ཀྱི་གསུངས་པ་དེ་ངོ་ཁ་གཡང་རང་རེད། ང་ཚོ་བོད་པའི་སྤྱི་ཚོགས་འདིའི་ནང་སྔར་ནས་ད་བར་ཁྲིམས་ཀྱིས་སྐྱོང་བའི་གཞུང་ཞིག་ག་ན་འདུག། ལོ་རྒྱུས་ལ་ཞིབ་འཇུག་གནང་ན་ཆོག། མ་ཟད་ད་ལྟའི་དུས་འདིར་དད་པ་ཁོ་ནས་སྐྱོང་བའི་ཁྲིམས་ལས་མེད་པ་ཀུན་གསལ་ལགས་ན། ཁྱེད་ཀྱིས་ཁྲིམས་ཀྱིས་སྐྱོང་བ་ཞིག་དགོས་གསུང་པ་དེ་མ་འོངས་བརྒྱ་ཕྲག་ཁ་ཤས་ནང་ཡོང་བའི་སྨོན་ལམ་ཙམ་ཞུ་རྒྱུ་ཡིན།

  2. གཞུང་པ་ཚེ་དབང་བསོད་ནམས། says:
    2021-12-31 at 3:31 am

    མང་གཙོ་སྤྱིའི་རིག་པའི་གཞུང་ལུགས་ ( Democracy Theory )
    དང་འབྲེལ་བའི་མང་གཙོའི་སྒྲིག་འཛུགས་ནང་ཁྲིམས་ཀྱི་དབང་བསྒྱུར་ལས་གལ་ཆེ་བ་མེད་པའི་སྐོར་བྲིས་པ་ལས་ང་ཚོ་བཙན་བྱོལ་བོད་མིའི་མང་གཙོའི་སྐོོར་གང མ་ཡང་བྲིས་མེད་ན་ངའི་དཔྱད་རྩོམས་ལ་ཐུགས་ཞིབ་ནན་ཙམ་གནང་རོགས་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme