Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མང་གཙོའི་ལོ་རྒྱུས་སྙིང་བསྡུས།

Posted on 2016-01-252016-01-25 By ཁ་བརྡ 9 Comments on མང་གཙོའི་ལོ་རྒྱུས་སྙིང་བསྡུས།

Oxford ཀྱིས་བསྒྲིགས།  སེང་མགུལ་སྨན་བླས་བསྒྱུར།

 
ཁྱོས་རང་གི་གྲོགས་པོ་ཚོ་དང་ལྷན་དུ་མང་གཙོའི་ལས་རིགས་ལ་འདེམས་ཀ་བྱུང་ཞིང་དེ་དོན་དུ་གཉེར་བའི་སྐབས་དེར་ཁྱོད་ཚོས་ལྷན་གཅིག་ཏུ་ལས་དོན་ཞིག་ཐག་གཅོད་བྱ་རྒྱུ་ཡིན་ནམ། ཡང་ན། སོ་སོས་ཆ་ཤས་རེ་ཟིན་ནས་ཐག་གཅོད་བྱ་རྒྱུ་ཡིན། གལ་སྲིད་ལས་དོན་གང་ཞིག་དེ་ལྟར་བསྒྲུབ་པ་ཡིན་ན་ཁྱོད་དང་ཁྱེད་ཀྱི་གྲོགས་པོ་ཚོ་ནི་མང་གཙོ་ཡིན་པ་དང་། རྒྱུན་ལྡན་ལྟར་ན་མིའི་རིགས་ཀྱི་འཚོ་བའི་ཁྲོད་དུ་མང་གཙོ་ནི་རྒྱལ་ཁབ་ཅིག་ཏུ་སེམས་ཤིང་མི་མང་གིས་ཐར་ཀར་འདེམས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་དག་གིས་རྒྱལ་ཁབ་དེའི་ལས་དོན་སྒྲུབ་པ་ཞིག་ལ་མང་གཙོ་ཟེར།

 

མང་གཙོ་ཡོད་ཚད་གཅིག་མཚུངས་ཡིན་ནམ།

མང་གཙོ་ལ་རིགས་མང་པོ་ཡོད་ལ་འོས་འདེམས་པ་རྣམས་ཀྱིས་ཐག་གཅོད་ཀྱི་བརྒྱུད་རིམ་མང་པོའི་ཁྲོད་དུ་ངེས་པར་དུ་འོས་བླུག་ཆོག་པའི་ཆ་ཤས་བེད་སྤྱད་ནས་རང་གིས་འདོད་པའི་འགོ་ཁྲིད་འདེམས་པ་དང་། དེས་ཀྱང་ཡང་དག་པའི་མང་གཙོའི་ལམ་ནས་རང་ཉིད་འདེམས་མཁན་གྱི་མི་མང་ཚོའི་རེ་བ་གང་བཟང་ཅི་ལེགས་སུ་བསྒྲུབ་དགོས་ནའང་། དེ་ནི་ཧ་ཅང་གི་ལས་སླ་བོ་ཞིག་མིན། མང་གཙོའི་རྒྱལ་ཁབ་མང་ཆེ་བ་ནི་སྤྱི་མཐུན་རྒྱལ་ཁབ་དག་ཡིན་པ་དང་། དེར་མང་ཚོགས་ཀྱི་བློ་ངོར་ཁོང་ཚོས་འདེམས་པའི་འགོ་ཁྲིད་དག་ནི་རང་གིས་གང་བསམ་པ་ལེགས་པར་བརྩིས་ནས་སྒྲུབ་མཁན་ཞིག་ཏུ་འཆར་བས་དེ་ནི་མང་གཙོ་ཚད་ལྡན་ཞིག་མིན་པ་དང་། དེ་ལྟར་མང་གཙོ་འོས་འདེམས་པ་རྣམས་ཀྱིས་ཁོ་ཚོའི་བྱ་སྤྱོད་སྤེལ་བ་ལ་འདོད་བློ་མེད་ཚེ་དེ་ལས་གཞན་འགོ་ཁྲིད་གསར་བ་འདེམས་ཆོག་གོ

 

མང་གཙོ་སྲོལ་གཏོད་པ་པོ་སུ་ཡིན་ནམ།

མང་གཙོ་ནི་ཐོག་མར་སྤྱི་ལོ་3000 ཡས་མས་ཀྱི་སྔོན་ལ་གནའ་བོའི་གྷི་རི་སི་ནས་དབུ་བརྙེས་ཤིང་ཡུལ་དེའི་གྲོང་ཁྱེར་མང་པོ་རྒྱལ་ཁབ་ཆུང་ཆུང་ཚོ་དང་འདྲ་བར་ཕྱོགས་སོ་སོར་བཀྲམས་ནས་མཆིས་ཤིང་། རེ་རེ་ལ་མི་འབོར་ཆིག་ཁྲི་ལྷག་ཡོད། གྲོང་ཁྱེར་དེ་དག་ཏུ་སྐྱེས་པའི་རང་དབང་གི་སྐྱེས་པ་ཚོས་སྲིད་གཞུང་གི་གོ་གནས་འཛིན་པ་དང་ཚོགས་འདུ་ལ་བསྐྱོད་ཆོག་པ། རང་གི་ལྟ་ཚུལ་བརྗོད་ཆོག་པ། འོས་འདེམས་བྱེད་ཆོག་པ་སོགས་ཀྱི་གོ་སྐབས་ལྡན་ནའང་། སྐབས་དེར་བྲན་གཡོག་དང་བུད་མེད་ཚོ་ལ་གོ་གནས་དེར་འོས་འདེམས་ཀྱི་ཐོབ་ཐང་སོགས་རྩ་བ་ནས་མེད།
གལ་ཆེ་བའི་མང་གཙོའི་ཕྱོགས་གཞན་ཞིག་ནི་ཨི་དྲ་ལེ་ནང་གི་རོམ་སྤྱི་མཐུན་རྒྱལ་ཁབ་སྟེ། རོམ་ནི་གྲོང་ཁྱེར་ཆེན་པོ་ཞིག་ཏུ་གྲུབ་ནས་མངའ་ཁོངས་རྒྱ་ཆེར་འཛིན་མཁན་ཞིག་དང་། སྤྱི་མཐུན་རྒྱལ་ཁབ་དེས་རང་གི་འགོ་ཁྲིད་དང་གཞུང་འཛིན་པ་རྣམས་འདེམས་ནས་ཁོང་ཚོས་མང་ཚོགས་ཀྱི་ཆེད་དུ་བྱ་གཞག་མང་པོ་ཐག་གཅོད་ཀྱི་ལས་དོན་བསྒྲུབས་ཀྱི་ཡོད་པ་མ་ཟད། གྲོང་ཁྱེར་དེར་ཕྱོགས་གཞན་ནས་ཡོང་བའི་མི་ཡང་གནས་སྡོད་ཀྱིས་མི་སེར་ཆགས་ཐུབ་པ་དང་འོས་འདེམས་ཀྱི་ཐོབ་ཐང་ལྡན། ཡིན་ན་ཡང། གནའ་བོའི་གྷི་རི་སི་དང་འདྲ་བར་བྲན་གཡོག་དང་བུད་མེད་ཚོ་ལ་འོས་བླུག་ཆོག་པའི་ཐོབ་ཐང་དང་ནུས་བ་དབེན་ལ་མཐའ་མ་དེར་རོམ་ནི་དབང་སྒྱུར་བ་མི་གཅིག་གི་འོག་དུ་ཚུད་ནས་གནས་དེའི་མང་གཙོ་མཇུག་རྫོགས་པ་རེད།

སྟོན་པ་ཡི་ཤེ་འདས་ནས་ལོ་1200 ཡས་མས་ཀྱི་མཚམས་སུ་ཡོ་རོབ་གླིང་དུ་དེང་རབས་ཅན་གྱི་རྒྱལ་ཁབ་མང་པོ་གྲུབ་པ་དང་ཆབས་ཅིག་ཏུ་མང་གཙོའི་སྲོལ་ཞིག་གློ་བུར་དུ་བྱུང་བ་དང་། སྐབས་དེར་ཐོག་མའི་རྒྱལ་ཁབ་ཁྲོད་ཀྱི་གཅིག་ནི་དབྱིན་ཇི་རྒྱལ་ཁབ་ཡིན་ལ་དེ་ནི་རྒྱལ་བོའི་ལུགས་ཀྱིས་གཞུང་འཛིན་གྱི་ཡོད་ནའང་། རྒྱལ་བོ་ལ་གང་འདོད་ཅི་བསྒྲུབ་ཀྱི་དབང་ཆ་མེད་ལ་ཡོད་ཚད་རྒྱལ་བོའི་བློན་ཆེན་ནམ་མཐོ་རིམ་མི་སྣའི་ལྷན་ཚོགས་ཀྱི་དགོངས་གཞི་ལ་བཀའ་འདྲི་ཞུས་ནས་རྒྱལ་ཁབ་ཀྱི་ལས་དོན་བསྒྲུབ་དགོས་བ་ཞིག་ཆགས་ཤིང་། སྐབས་དེར་དབྱིན་ཇི་བ་རྣམས་ལ་ས་གནས་ནས་སྲིད་བློན་ལྷན་ཁང་གི་མི་སྣ་འདེམས་ཆོག་པའི་བདག་དབང་ཡོད།
སྤྱི་ལོ་1642 ལ་རྒྱལ་བོ་ཕམ་ཁའི་གནས་སུ་ལྷུང་ཞིང་ཁོང་དང་ཆབ་སྲིད་གྲོས་ཚོགས་བར་གྱི་དམག་འཁྲུག་དེ་མཇུག་རྫོགས་ནས་ཕྱིས་སུ་མི་མང་གིས་འདེམས་པའི་ཆབ་སྲིད་གྲོས་ཚོགས་དེས་རིམ་གྱིས་རྒྱལ་ཁབ་ཀྱི་དབང་འཛིན་པ་ངོ་མའི་ལས་དོན་བསྐྱངས་པ་རེད།

རྗེས་ཀྱི་སྤྱི་ལོ་1700 ཡས་མས་སུ་གལ་ཆེ་བའི་མང་གཙོ་གཞན་ཞིག་བྱུང་སྟེ། ཨ་རིའི་ནང་གི་སྡོད་གནས་སུམ་ཅུ་ལྷག་རྒྱ་ཆེ་བའི་དབྱིན་ཇིས་བཟུང་ནས་རང་དབང་གི་ཕྱོགས་སུ་བསྒྱུར་བ་མ་ཟད། དེ་དག་གཅིག་ཏུ་བསྒྲིལ་པ་ལས་ཨ་རི་ཆིག་སྒྲིལ་རྒྱལ་ཁབ་འགོ་བཙུགས་པ་དང་། དུས་དེ་ནས་ཨ་མི་རི་ཁས་མང་གཙོ་རང་བཞིན་གྱི་རྒྱལ་ཁབ་གསར་བ་དབུ་བརྙེས་པ་རེད། ཕྱིས་ཀྱི་སྤྱི་ལོ་1800 ཡས་མས་སུ་ཡོ་རོབ་གླིང་གི་རྒྱལ་ཁབ་མང་ཆེ་བ་མང་གཙོའི་སྲིད་བཞུང་གི་ཕྱོགས་སུ་ཁ་ལོ་བསྒྱུར་ཞིང་རྒྱལ་བོ་དང་རྒྱལ་མོའི་དབང་ཆ་ལ་ཚད་འཛིན་གྱིས་མི་མང་དཀྱུས་མའི་ལམ་དུ་བཏང་བ་རེད།

 

མང་གཙོ་ཡར་རྒྱས་ཀྱི་རྣམ་པ་དེ་གང་འདྲ་ཞིག་ཡིན་ནམ།

ཐོག་མར་ཚོགས་པ་ཆུང་ཆུང་ཞིག་གི་མང་གཙོ་གསར་བའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་རིམ་གྱིས་མི་གྲངས་འཕེལ་རྒྱས་སུ་སོང་ཞིང་འོས་འདེམས་ཀྱི་ཐོབ་ཐང་བེད་སྤྱད་ནས་འོས་བསྡུ་ལས་ཁུངས་བཙུགས་པ་རེད། སྤྱི་ལོ་1920 ལ་ཨ་མི་རི་ཁའི་བུད་མེད་རྣམས་ལ་འོས་བསྡུའི་ཐོབ་ཐང་རེག་ནས་འོས་བླུགས་ཐུབ་པ་བྱུང་།
དེང་སྐབས་མང་གཙོ་ངོ་མའི་ལུགས་སུ་སྐྱོད་པའི་ཡུལ་མི་ཚོ་ལ་ཐོང་ཐང་སྔར་ལས་ལྷག་པ་མང་དུ་མཆིས་ཏེ། སྐད་ཆའི་རང་དབང་དང་། ཆོས་ལུགས་དད་མོས་རང་དབང་། ལས་རིགས་བཟང་འདེམས་ཀྱི་རང་དབང་སོགས་འདུག་པ་མ་ཟད། མང་གཙོའི་རྒྱལ་ཁབ་དེ་ཚོ་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཞན་མང་པོས་ཀྱང་ལད་ཟློས་ཀྱི་རྩོལ་བར་གནས་དགོས་བྱུང་ལ། དེ་བཞིན་ད་ལྟའི་དུས་སུའང་མང་པོ་ཞིག་ལ་མང་གཙོའི་རྒྱལ་ཁབ་ཞེས་འབོད་པར་མཆིས། ཡིན་ན་ཡང་། རྒྱལ་ཁབ་གཞན་མང་པོ་ཞིག་མང་གཙོའི་མིང་ལ་མི་གནས་པར་མི་སྒེར་གཅིག་གམ། ཡང་ན་ཚོགས་པ་གཅིག་གིས་དངོས་ཡོད་ཀྱི་ནུས་པ་ཡོད་ཚད་བདག་འཛིན་བྱེད་ཀྱི་ཡོད།
ད་དུང་། ཡང་དག་པའི་མང་གཙོའི་ལྟ་བ་འདི་གཏིང་ཇེ་ཟབ་ཏུ་སོང་བ་ལ་བརྟེན་ནས་ཡུལ་ལུང་གང་གི་མི་གྲངས་མང་པོར་ལས་རིགས་ཀྱི་དགོས་འདོད་མ་ལུས་སྐྲུན་གྱི་ཡོད།

འགྱུར་རྩོམ།

Post navigation

Previous Post: རུས་པའི་ཚོར་བ།
Next Post: སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལགས་ཀྱི་གསུང་བཤད།

Comments (9) on “མང་གཙོའི་ལོ་རྒྱུས་སྙིང་བསྡུས།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-01-25 at 7:54 pm

    ད་ལོ་ནི་ཕྱི་ལོ་༢༠༡༦ཡིན་པས་ཕྱི་ལོ་༣༠༠༠ལོའི་རྗེས་ལ་འོངས་རྒྱུ་ཡིན་པས་འདི་རྩིས་ཚུལ་དེ་གང་འདྲ་ཡིན་ནམ།

  2. སེང་མགུལ་སྨན་བླས says:
    2016-01-25 at 11:44 pm

    གོང་གི་ལོ་ཚིགས་དེ་3.000 རེད་སུམ་སྟོང་མ་རེད།ཚང་མ་ལ་དགོངས་དག་ཞུ

  3. ཇུང་ཏོག་ says:
    2016-01-26 at 9:59 am

    ལོ་3000 གི་སྔོན་དུ་གྷི་རིག་ནང་མང་གཙོའི་ལམ་ལུགས་དར་ཡོད་འདི་
    ལོ་2016 ཡིན་ན་རྩི་སྟངས་ག་འདྲ་རེད་གསལ་བཤད་གནང་རོགས་།
    མང་གཙོ་ལ་དབྱེ་ན་གཉིས་།
    མི་མང་མང་གཙོ་དང་གྲལ་རིམ་དམངས་གཙོ་གཉིས་ཡོད་།
    ང་ཚོའི་མང་གཙོ་དེ་མི་མང་མང་གཙོ་རེད་།
    རྒྱ་ནག་གི་མང་གཙོ་དེ་གྲལ་རིམ་དམངས་གཙོ་རེད་།

  4. ལྷ།བྱ་འཕུར་མ། says:
    2016-01-26 at 5:35 pm

    ཧ་ཧ་ཧ། དམངས་གཙོ་བཤད་དགོས་ཚེ་ཐོག་མར་དབྱིན་ཚིག་democratic གི་ཚིག་འགྲེལ་དང་གོ་དོན། བྱུང་རིམ་གྱི་རྒྱབ་ལྗོངས་ཤེས་དགོས་ཤིང་། དེ་ནས་ཡར་དེད་ན་གྷི་རི་ཁུའི་མཚན་ཉིད་སྨྲ་མཁན་ཚོ་རེད། དེ་ནས་མར་དེད་ན་rennaisance་སོགས་ཀྱི་ བང་རིམ་བསྒྲིགས་རྗེས།དམངས་གཙོ་ཟེར་ན་ཀློག་པ་པོ་ཚོའི་སེམས་ནང་དུ་གསལ་བོ་ཆགས་ཀྱི་རེད།

    དམངས་གཙོའི་བྱུང་རིམ་དང་དར་རྒུད་སོགས་ཀྱི་རྩོམ་ཡིག་བསྒྱུར་བ་ལས་སོ་སོས་དཔེ་ཀློག་བྱས་རྗེས་འབྲི་ཐུབ་ན་དཔེ་མི་སྲིད་པའི་ཡག་པོ་རེད། བསྒྱུར་ཡག་པོ་འདུག་ཡར་རྒྱས་ལ་མཐའ་མེད།
    བཙན་བྱོལ་ནང་གི་ཡར་དཀྲུགས་མར་དཀྲུགས་ཀྱི་རྩོམ་ཡིག་དག་ལས་འདི་རིགས་ཡག་པོ་འདུགབསྒྱུར་མ་དག་པ་བྱུང་ཚེ་ཀློག་པ་པོས་འགན་འཁུར་ནས་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་གལ་ཆེན་པོ་རེད།

    གོང་དུ་ལོ་༣༠༠ཟེར་བ་དེ་ཕལ་ཆེར་སྤྱི་ལོ་མ་བྱུང་སྔོན་གྱི་ལོ་ལ་གོ་དགོས།

  5. ཀརྡོ་གཉེར་ཕྱག་པ་ says:
    2016-01-27 at 12:01 am

    ་་་་་་་་་ དེ་བཞིན་ད་ལྟའི་དུས་སུའང་མང་པོ་ཞིག་ལ་མང་གཙོའི་རྒྱལ་ཁབ་ཞེས་འབོད་པར་མཆིས། ཡིན་ན་ཡང་། རྒྱལ་ཁབ་གཞན་མང་པོ་ཞིག་མང་གཙོའི་མིང་ལ་མི་གནས་པར་མི་སྒེར་གཅིག་གམ། ཡང་ན་ཚོགས་པ་གཅིག་གིས་དངོས་ཡོད་ཀྱི་ནུས་པ་ཡོད་ཚད་བདག་འཛིན་བྱེད་ཀྱི་ཡོད། ་་་་་་་་

  6. ཀརྡོ་གཉེར་ཕྱག་པ་ says:
    2016-01-27 at 12:08 am

    དམངས་གཙོའམ། མང་གཙོ། གྲེ་མོ་ཀེ་རེ་སིའི་སྐོར་ལ།
    https://en.wikipedia.org/wiki/Democracy

  7. ཇུང་ཏོག་ says:
    2016-01-27 at 2:58 am

    མང་གཙོ་(Democracy) དམངས་གཙོ་ (proletarain)

  8. ཇུང་ཏོག་ says:
    2016-01-27 at 9:54 pm

    མང་གཙོ་དམངས་གཙོ་དོན་གཅིག་གང་ནས་ཡིན་།
    རང་བཙན་རང་དབང་ཐ་སྙད་གནམ་ས་འདྲ་།
    ཆབ་སྲིད་རིག་པས་ཆབ་སྲིད་ཕུང་མི་ཉན་།
    མང་གཙོ་རིག་པས་མང་གཙོ་ནོར་མི་ཉན་།

  9. ཀརྡོ་གཉེར་ཕྱག་པ་ says:
    2016-01-27 at 10:08 pm

    དམངས་གཙོ་དང་། མང་གཙོ།
    མང་གཙོ་ནི། ཐ་སྙད་ཚད་ལྡན་ཅིག་ཡིན་ན་ཡང་། དར་སྤེལ་ཕྱིས་དྲགས་པ་དང་། ཌེ་མོ་ཀེ་རེ་སིའི་སྐད་དོད་དུ། དམངས་གཙོ་ཐ་སྙད་མི་ལེགས་ཀྱང་། བོད་ཕྱི་ནང་གཉིས་སུ། དམངས་གཙོའི་འབྲི་སྟངས་འདི་། སྔར་དར་ཁྱབ་ཆེ་དྲགས་པས། གནས་སྐབས་རིང་བེད་སྤྱོད་མ་བྱས་རང་བྱས་ཆགས་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme