Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མང་གཙོའི་ཀ་བ་གཉིས་འོས་བསྡུའི་ཁྲོད་ན་འདུག

Posted on 2016-03-212016-03-21 By ཁ་བརྡ 1 Comment on མང་གཙོའི་ཀ་བ་གཉིས་འོས་བསྡུའི་ཁྲོད་ན་འདུག

ཁྲོ་གཏུམ།

 
འོས་ཤོག་ཐོན་ལ་ཉེ་ཞིང་། ལོ་ལྔའི་ནང་ལ་གོ་སྐབས་གཅིག་རག་པའི་འོས་ཤོག་ཐོན་ལ་ཉེ་སོང་། འོས་ཤོག་ཅེས་པའི་མིང་ཚིག་འདི་ནི་ཡིག་འབྲུ་གཉིས་རེད། ཡིག་འབྲུ་འདི་གཉིས་ཀྱིས་བོད་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ནང་གི་ཀ་བ་གཉིས་ལ་གཞི་འཛིན་བྱས་ཡོད། ཀ་བ་དེ་གཉིས་ནི་སྲིད་སྐྱོང་དང་སྤྱི་འཐུས་རེད(བཀའ་ཤག་དང་གྲོས་ཚོགས།)།

ང་རང་ལྷོད་ལ་བབས་ནས་རང་ཉིད་ཀྱི་ཁོར་ཡུག་ཀུན་ཏུ་མིག་དང་རྣ་བའི་དབང་བོ་གཉིས་ཀྱིས་འོས་ཤོག་གིས་འཇུས་པའི་མང་གཙོའི་ཀ་བ་གཉིས་སུ་ཞིབ་ལྟ་ཞིག་བྱས་ན། དྲ་རྒྱའི་བརྒྱུད་ལམ་སྟེ། གཞུང་སྒེར་ཚོགས་གསུམ་གྱི་བརྒྱུད་ལམ་ན། འོས་ཤོག་གིས་ཁྲིད་པའི་མི་སྣ་དག་གསལ་བོར་མངོན་གྱིན་འདུག་ལ། འདི་ནི་བོད་པའི་སྤྱི་ཚོགས་སུ་མཚོན་ན། དྲ་རྒྱའི་བརྒྱུད་ལམ་ལ་སྲིད་སྤྱི་གཉིས་རྒྱ་ཚད་ལ་འཇལ་བའི་དུས་རབས་ཐོག་མ་དེ་ཆགས་ཡོད་པ་དང་། ཧ་ཅང་གིས་ཚ་ཆ་འུར་འུར་གྱི་གཏམ་འཁྱར་ཆེས་མང་བས་བོད་སྤྱི་ཚོགས་ཀྱི་ལྷིང་འཇགས་ཐོག་མ་དེ་ཡང་དཀྲོགས་མཁན་དུ་གྱུར་ཡོད།

འོན་ཀྱང་། ད་ལོའི་འོས་བསྡུ་འདིའི་སྔོན་འགྲོའི་སྐབས་སུ། སྲིད་སྤྱི་གཉིས་ལས་སྲིད་སྐྱོང་འོས་མིའི་ཕྱོགས་སུ་སྔོན་དང་མ་འདྲ་བའི་ཆ་འུར་ལངས་ཏེ། བོད་ཀྱི་རྩ་དོན་རྩོད་ཐབས་སུ་ལམ་དབུ་མ་དང་རང་བཙན་གཉིས་ཀྱི་ལྟ་བའི་འཛིན་ཚུལ་མངོན་གསལ་བྱུང་བའི་རྣམ་པ་ཐོན་ལ། སྤྱི་འཐུས་འོས་མི་རྣམས་ནི་མི་མང་གི་བཅར་འདྲི་བརྒྱུད་དེ་བཙུར་བའི་གོ་སྐབས་མ་རག་པས་ལྷོད་པ་བབས་ཡོད་པ་དང་། མི་མང་གིས་དྲ་རྒྱའི་བརྒྱུད་ལམ་གྱི་ཁྱབ་བསྒྲགས་གཅིག་པུར་བློ་འཁེལ་ནས་བསྡད་པ་འདི་ནི་སྔོན་འགྲོའི་འོས་བསྡུ་བྱུང་བའི་རྣམ་ཐར་དང་། མི་མང་གི་རྣམ་དཔྱོད་འཁོར་སའི་ཁ་ཕྱོགས་ནི་སྲིད་སྐྱོང་གི་འོས་གཅིག་པུར་འགྲོ་བར་འདུག

དེའི་རྗེས་དབུས་འོས་བསྡུ་ལྷན་ཁང་གིས་སྲིད་སྐྱོང་འོས་མི་གཉིས་དང་སྤྱི་འཐུས་འོས་མི་ཆོལ་ཁ་རེར་ཉི་ཤུ་རེ་དང་ཆོས་བརྒྱུད་རེར་བཞི། ལྷོ་བྱང་ཨ་རི་ཁུལ་དུ་བཞི། ལྷོ་ཨ་ཕི་རི་ཀའི་ཁུལ་དུ་བཞི། ཨེ་ཤ་ཡ་དང་ཨོ་སི་ཊོ་ལི་ཁུལ་དུ་གཉིས་རེ་(དང་བླངས་མ་རྩིས་པར།)བཅས་གཏན་འཁེལ་བའི་གསལ་བསྒྲགས་བརྐྱངས་མ་ཐག ཡང་བསྐྱར་སྲིད་སྐྱོང་འོས་མི་གཉིས་བར་དུ་རྣོ་ངར་ལྡན་པའི་བགྲོ་གླེང་བྱུང་ཞིང་། སྐབས་འདིར་ཁོང་གཉིས་ཀྱི་ལྟ་བུའི་ལངས་ཕྱོགས་གཅིག་པ་ཡིན་ཀྱང་། མ་འདྲ་བ་ཞིག་ནི་སྲིད་སྐྱོང་གཅིག་གིས་སྲིད་སྐྱོང་གཅིག་གི་མ་འདང་བའི་ཆ་སྔོགས་ནས་ཐོན་པའི་ལྡིང་ཆ་དག་གིས། སྤྱི་ཚོགས་ཀྱི་རྣ་བའི་དབང་བོ་དང་མིག་གི་ལྟ་ཕྱོགས་སྲིད་སྐྱོང་འོས་མིའི་བགྲོ་གླེང་ཕྱོགས་སུ་ཤོར་བ་རེད། དེའི་རྐྱེན་གྱིས་འོས་འཐུས་རྣམས་ཀྱིས་སོ་སོ་རང་ཉིད་ཁྱབ་སྤེལ་གྱི་བརྡ་ཁྱབ་སྤེལ་བ་དང་ངོ་ཤེས་ནས་ངོ་ཤེས་བརྒྱུད་དེ་སྤྱི་ཚོགས་བརྒྱུད་ལམ་དུ་ཁྱབ་སྤེལ་གཏོང་བ་གཅིག་པུའི་ལས་འགན་ཅི་ཡང་མེད་པ་ལྟ་བུ་ཆགས་པ་རེད།

ཡིན་ཀྱང་། འོས་བསྡུའི་ཉིན་མོར་ཧ་ཅང་ཐག་ཉེ་བའི་སྐབས་སུ། བོད་ཀྱི་རང་དབང་ལྡན་པའི་གསར་འགྱུར་བརྒྱུད་ལམ་སྟེ་མང་གཙོའི་ཀ་བ་བཞིའི་ཕྱོགས་ཀྱི་བརྙན་འཕྲིན་དང་དྲ་ཚིགས་ཁ་ཤས་སུ་འོས་འཐུས་འགའ་ལ་བཅར་འདྲི་བྱས་པ་ཞིག་ཐོན་ཐུབ་ཡོད་ཀྱང་། འདི་ཡིས་རྒྱ་ཆེའི་བོད་མི་མང་ཤོས་སུ་ཁྱབ་ཐུབ་པའི་ངེས་པ་མི་འདུག སྐབས་འདིར་སྤྱི་ཚོགས་ནང་དུ་ད་ལོའི་སྤྱི་འཐུས་འོས་མི་རྣམས་ལྷོད་ལ་བབས་སོང་བའི་རྒྱུ་མཚན་ཅི་ཡིན་གྱི་དྲི་བ་ཞིག་སླེབས་པ་རེད་མོད། སུས་ལན་འཏབ་རུང་སྲིད་སྐྱོང་འོས་མིའི་བགྲོ་གླེང་ལ་རྣོ་ངར་ཆེ་བ་ཡིན་པ་ལྟ་བུའི་བསམ་ཚུལ་ཡོང་གི་ཡོད་པ་རེད།

འདི་ལྟར་བལྟས་ན། མང་ཚོགས་ནང་གི་དྲི་བ་ཡིས་སྲིད་སྤྱི་གཉིས་སུ་ཡིན་རུང་རྣོ་ངར་ཅན་གྱི་བགྲོ་གླེང་ཞིག་ཆགས་ཐུབ་ཀྱི་ངེས་པ་མེད་ལ། མིང་མང་གི་དྲི་བ་ཧ་ཅང་གལ་ཆེན་ཡིན་མོད། མི་མང་གི་དྲི་བའི་སྤུས་ཚད་ནི་འདྲ་མིན་བཅོ་བརྒྱད་ཅིག་ཐོན་པས་ན། སྐབས་དེར་སྲིད་སྤྱིའི་འོས་མི་བཙུར་བའི་མཇུག་འབྲས་ཇི་འདྲ་ཞིག་ཏུ་འགྱུར་ཐུབ་མིན་སུས་ཀྱང་ཚོད་དཔག་བྱེད་མི་ཐུབ། དཔེར་ན། གལ་སྲིད་ད་ལོའི་སྲིད་སྐྱོང་འོས་མི་གཉིས་ཀྱིས་གཅིག་གིས་གཅིག་བཙུར་བའི་བགྲོ་གླེང་གི་རྣམ་པ་འདི་བྱུང་མེད་པ་ཡིན་ན། མི་མང་གིས་འདི་ལྟ་བུའི་ཚ་འུར་དང་རྣོ་ངར་ཅན། བྲོ་བ་ལྡན་པའི་གླེང་གཞི་ཞིག་སྤེལ་ཐུབ་པའི་གསལ་ཁ་གང་དུ་འདུག རྒྱུ་མཚན་མི་མང་གིས་དྲི་བ་འཕེན་སྐབས་མི་མང་ཡོངས་ཀྱིས་དྲི་བ་འདོན་པའི་གོ་སྐབས་མེད་ལ། གལ་སྲིད་མི་མང་ནང་དུ་དྲི་བའི་གོ་སྐབས་རག་པ་རྣམས་ཀྱིས་གནད་འགག་ཚང་བའི་དྲི་བ་འདོན་ཐུབ་པ་ཧ་ཅང་གིས་ཁག་པོ་རེད། དེ་བས་སྲིད་སྤྱི་གཉིས་ཀྱི་བགྲོ་གླེང་གི་ཚད་ཆེས་མཐོ་ཤོས་དེ་སྲིད་སྐྱོང་འོས་མི་གཉིས་ཀྱིས་གཅིག་གིས་གཅིག་བཙུར་བའི་རྣམ་པ་ལས་བྱུང་ཞིང་། དེའི་ཁྲོད་དུ་འོས་འཐུས་རྣམས་ལྷོད་ལ་བབས་སོང་བ་དེས་མི་མང་གི་སྲིད་དོན་གྱི་གོ་རྟོགས་དམའ་བའི་རྟགས་དང་། གཡམ་རྒྱུགས་ཅུང་ཡོད་པའི་རྟགས་སུ་ང་ཚོས་ངོས་འཛིན་བྱས་ཆོག་ལ། འོས་འཐུས་གོ་སྒྲིག་བྱེད་མཁན་དང་ཕྱོགས་ཁག་རྣམས་ཀྱིས་ཡང་འགན་འཁྲི་ངོས་མ་ཟིན་པའི་རྣམ་པ་གསལ་བོར་ཐོན་འདུག

ང་ཚོ་བཙན་བྱོལ་བ་ཡིན་དུས། ང་ཚོ་བཙན་དུ་བྱོལ་དགོས་པའི་དམིགས་ཡུལ་གཅིག་ཡོད་པ་རེད། དེ་ནི་བོད་ཀྱི་མང་གཙོ་འཕེལ་རྒྱུས་སུ་གཏོང་དགོས་པ་ཡང་མ་རེད་ལ། ལམ་དབུ་མ་དང་རང་བཙན་གྱི་ཕྱོགས་ལྟ་འཛིན་དགོས་པ་ཡང་མ་རེད། དེ་ནི་བོད་ཀྱི་བདེན་པའི་མཐའ་སེལ་བ་དང་རྩ་དོན་རེད། ཡིན་ནའང་། ད་ལོའི་སྲིད་སྤྱིའི་འོས་བསྡུའི་སྐབས་ཀྱི་བགྲོ་གླེང་ལས། ཆེས་གལ་ཆེ་བའི་གནད་འགག་གི་དམིགས་སུ་འཛིན་དགོས་པ་དེ་བོར་བཞག་སོང་། དེ་བོར་སོང་བས་དྲི་བ་དག་གིས་ཕྱོགས་ཁག་འཛིན་པ་ལྟ་བུ་དང་། གོ་ཐོབ་འཛིན་པ་ལྟ་བུའི་གླེང་མོལ་ཞིག་ཏུ་གྱུར་སོང་། དེ་བས་ད་ལོའི་སྲིད་སྤྱི་གཉིས་ཀྱིས་མ་འོངས་བོད་ཀྱི་རྩ་དོན་དངོས་རྩོད་པའི་འདུན་པ་དྲག་པོ་ཞིག་འཁུར་ཡོད་མེད་ཀྱི་དོགས་པ་ཡོད། དོགས་པ་དེའི་དབང་གིས་ད་ལོའི་འོས་བསྡུས་ཁྲོད་བོད་བཙན་བྱོལ་ལ་ཡོང་དགོས་པའི་གནད་འགག་གི་དོན་གོ་ཆོད་ཡོད་མེད་ཅི་གང་།

ཕྱི་ལོ་༢༠༡༦།༠༣།༡༨ཉིན་བྲིས།

བསམ་ཚུལ།

Post navigation

Previous Post: ཕ་ཡུལ་གྱི་ཟམ་པ་གཉིས་དང་འབྲེལ་བའི་ངའི་ཟིན་ཐོ།
Next Post: སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཉིན་དང་པོ།

Comment (1) on “མང་གཙོའི་ཀ་བ་གཉིས་འོས་བསྡུའི་ཁྲོད་ན་འདུག”

  1. ༄།།སྟར་བུ་དམར་བོ། says:
    2016-03-22 at 9:40 am

    མཆན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme