Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མང་གཙོ་ཡིས་བོད་དོན་འཆི་ལམ་དུ་འདེད་ངེས།

Posted on 2014-12-232014-12-23 By ཁ་བརྡ 4 Comments on མང་གཙོ་ཡིས་བོད་དོན་འཆི་ལམ་དུ་འདེད་ངེས།

ཁྲི་རལ་པ་ཅན།།

བོད་ནང་ན་ཡོད་དུས་རང་ཉིད་བོད་མི་ཞིག་ཡིན་པར་སྤོབས་པ་ཡོད་ལ། བོད་མི་ནང་ཕན་ཚུན་ཕྱི་ལ་ཐུག་དུས་ཧ་ཅང་གིས་ཁ་མཐུན་པོ་དང་མི་རིགས་ཀྱི་ལ་རྒྱ་ཆེན་པོ། ལྷག་བསམ་དང་བློས་གཏོང་གི་ཚད་ཀྱང་མཐོན་པོ་ཡིན་པས། བོད་མི་རྣམས་གྲངས་ཀ་ཉུང་བ་མ་གཏོགས་ཁ་མཐུན་པོ་དང་རྡོག་སྒྲིལ་བོ་ཡོད་པ་དངོས་མྱོང་ཡིན། འོན་ཀྱང་། བཙན་བྱོལ་དུ་སླེབས་པ་ནས་བོད་མིའི་ཞེན་ཁོག་ཀྱང་ཉམས་འགྲོ་གིན་འདུག་ལ། བོད་པ་ཚོའི་སྤྱོད་ལམ་ཅིག་མཐོང་ཡོང་དུས་སྤོབས་པ་ནི་དེ་བས་ཀྱང་གང་ནས་གང་ནས་ཡོང་། རྡོག་རྩ་གཅིག་སྒྲིལ་ཟེར་བ་མིང་སྟོང་པ་སྟོང་རྐྱང་མང་ཤོས་ཀྱི་ཀླད་པའི་ནང་རང་དོན་ཅིག་མ་གཏོགས་མེད་པ་རེད། དེ་ལའང་ཁག་མེད།

དཀའ་ངལ་ག་རེ་འཕྲད་ན་རང་མ་གཏོགས་རེ་ས་དང་བརྟེན་ས་མེད་པ་རེད། ལྷག་པར་རྒྱ་བལ་ལྟ་བུ་ཁྲིམས་མེད་ལུགས་མེད་ཀྱི་ས་ཆ་ཁག་ནང་བོད་པ་ཚོ་ནི་བདག་མེད་རྒྱལ་ཁབ་དེ་ཚོའི་མི་སེར་ཀྱང་མིན་པ། སྐྱབས་བཅོལ་བའང་མིན་པ། དོན་དངོས་པོའི་སྟེང་མི་འཁྱམ་ཡིན་པ། དེ་འདྲའི་ཁོར་ཡུག་ནང་བོད་པ་ཚོར་དཀའ་ངལ་ཟེར་བ་ཁ་མེད་སྣ་མེད་འཕྲད་བཞིན་ཡོད་པ་རེད། འོན་ཀྱང་། རྡོག་སྒྲིལ་པོ་དང་སྤྱི་སེམས་ཅན་ཟེར་བ། ཕན་ཚུན་རོགས་པ་བྱེད་རེས་འདྲ་བོ་དེ་འདྲ་མེད་པ་ཡིན་དུས། ཚང་མས་སྡུག་གྱོང་ཁུར་ཏེ་བསྡད་ཡོད་པ་རེད། མ་བསྡད་ནའང་བྱེད་རྒྱུ་གང་ཡང་མེད་པ་རེད།

དེ་ཚོ་ཚང་མ་རྩ་བ་དེད་ན་ང་ཚོའི་སྣེ་ཁྲིད་པ་གཞུང་གི་དཔོན་རིགས་ཚུན་ནས་བདེན་པ་དང་འཚེ་བ་མེད་པ། ཕྱོགས་རིས་མེད་པ་སོགས་བཤད་དེ་གལ་ལ་ཐུག་དུས་སོ་སོའི་མི་ལ་རོགས་བྱེད་མཁན་མེད་པ་རེད། དེ་འདྲར་བརྟེན་བོད་མི་ནང་ཕན་ཚུན་ཡིད་ཆེས་ཤ་ཚ། ཞེན་ཁོག་དང་མི་རིགས་ཀྱི་ལ་རྒྱ་སྤོབས་པ་སོགས་རྦད་དེ་ཉམས་འགྲོ་གི་རེད།

ད་སྔ་འཛམ་གླིང་འདིར་མི་རིགས་སུ་འདྲ་ཅིག་ཡིན་ན་ཕན་ཚུན་རྡོག་སྒྲིལ་དང་འཇོན་པོ་ཆགས་སྟངས་ནི། སོ་སོའི་མི་ལ་ཤ་ཚ་དང་ཕྱོགས་རིས་བྱེད་པ། སྲུང་སྐྱོབས་བྱེད་པ། སོ་སོའི་རྒྱལ་ཁ་དང་གསོན་གནས་ཆེད་གཞན་ལ་ག་རེ་བྱེད་དགོས་ན་བྱེད་རྐྱང་བྱས་ཏེ་ཡོང་བ་རེད་མ་གཏོགས། དེ་འདྲ་དྲང་བདེན་དང་བཏང་སྙོམས། ཕྱོགས་རིས་རྩ་བ་ནས་མེད་པ་སོགས་བྱས་ཏེ་འཇོན་པོ་དང་ལམ་སྣེ་ཟིན་བསྡད་པའི་མི་རིགས་སུ་གཅིག་དཔེར་མཚོན་མེད་པ་རེད།

ལྷག་པར་མང་གཙོ་ཟེར་བ་དེ་རང་བཙན་རྒྱལ་ཁབ་ཅིག་དུས་བདེ་ཞོད་འཇགས་བྱས་ཏེ་སྡོད་པར་འཛིན་སྐྱོང་གི་ལག་ཆ་ཅིག་ཡིན་པ་མ་གཏོགས། ཆགས་འཇིག་གི་སོ་མཚམས་ན་ཡོད་པའི་མི་རིགས་ཤིག་མང་གཙོ་རང་དབང་དང་དྲང་བདེན་སྐྱོང་སྟེ་ཞི་ལྷོད་ཀྱིས་བསྡད་པ་ཡིན་ན། ཤི་ལམ་མ་གཏོགས་མེད་པ་རེད། བཙན་བྱོལ་ནང་མི་ཚང་མ་དེ་འདྲ་ཉལ་ཉིལ་གྱིས་ཞི་ལྷོད་ངང་བསྡད་ཡོད་པའི་རྩ་བའང་དེ་ཚོ་རེད། བོད་ནང་ཡོད་པའི་མི་རིགས་ཀྱི་ལ་རྒྱ་དང་སྤོབས་པ་དེའང་ལྟོས་དང་རིམ་པས་བཙན་བྱོལ་གྱི་མང་གཙོ་དང་རང་དབང་། དྲང་བདེན་སོགས་ཀྱིས་མེད་པར་བཟོ་ངེས་རེད།

གཞི་རྩ་དྲང་བདེན་དང་གཟུ་བོར་གནས་པ་ནི་ཡུལ་དངོས་པོའི་གནས་ཚུལ་ལ་དཔྱད་པ་གཏོང་སྐབས་ཀྱི་ལག་ཆ་ཡག་ཤོས་ཡིན་པ་ལས། ཀུན་སློང་གང་ཡིན་དྲང་བདེན་སྟེང་འགྲོ་དགོས་པའི་ངེས་པ་གང་ཡང་མེད། དངོས་པོའི་གནས་ཚོད་ལ་དཔྱད་པ་གཏོང་སྐབས་དྲང་པོ་དང་གཟུར་གནས་ཀྱིས་དཔྱད་པ་གཏོང་མ་ཐུབ་ན། གནས་ལུགས་ཇི་བཞིན་ཤེས་མ་ཐུབ་པས་སོ་སོ་ལ་གྱོང་རག་གི་ཡོད་མོད། ཀུན་སློང་དང་སོ་སོའི་དམིགས་ཡུལ་ལག་ལེན་དང་བཅས་པ་དྲང་བདེན་སྟེང་འགྲོ་མི་དགོས་པའི་དཔེར་མཚོན་ཡག་ཤོས། སྤྱི་ཚོགས་མང་ཆེ་བར་ཐབས་མཁས་པོ་དང་སྤྱོད་པ་བཟང་ངན་སྣ་ཚོགས་འཁྲབ་ཤེས་པ། དྲང་བདེན་མི་བརྩི་མཁན་ཚོར་རྒྱལ་ཁ་ཐོབ་བཞིན་པ་མཐོང་ཆོས་རེད།

མི་ཟེར་བ་དེ་སྤྱི་ཚོགས་ཀྱི་སེམས་ཅན་ཅིག་ཡིན་པའི་ཆ་ནས་ཇི་ཙམ་གྱིས་སོ་སོ་ལ་ཚུར་ཤ་ཚ་དང་དོ་ཁུར།ཞེན་ཁོག་བྱེད་མཁན་དང་རང་མི་ལ་བརྩིས་མཁན་མང་དུ་ཡོད་པ་དེ་ཙམ་གྱིས་སྤྱི་ཚོགས་དེ་ལ་སེམས་ཁུར་དང་ཤ་ཞེན་སླེབས་ཀྱིན་ཡོད་པ་རེད།ཇི་ཙམ་གྱིས་མི་ཚང་མ་འདྲ་བོ་འདྲ་བོ་ཡིན་པ་དང་།དགོས་དུས་སུ་རྒྱབ་རོགས་འབྲེལ་བ་དེ་ཙམ་མེད་པ།ཚང་མ་རང་འགོ་རང་འཐོན་གྱིས་རང་བསམ་གང་འདོད་གནང་སྟེ་ཕན་ཚུན་བཏང་སྙོམས་ངང་གནས་བསྡད་ན།དེ་ཙམ་གྱིས་སྤྱི་སེམས་དང་ཕན་ཚུན་བརྩེ་ཞེན་ཤ་ཚ་སོགས་ཡོང་ཐབས་མེད་པ་རེད།

དཔེར་ན།བར་སྐབས་བོད་ནས་ཡོང་མཁན་ཚོས་RCཁྲིམས་འགལ་གྱིས་བཟོས་པ་དང་། རྒྱ་གར་སྐོར་སྲུང་བར་ལྐོག་དངུལ་སྤྲད་པ་སོགས་ལ་ཟམ་གདོང་རིན་པོ་ཆེས་ཧིན་སུར་ནས་བཀའ་བཀྱོན་མང་པོ་བཏང་སྟེ། ཧ་ལམ་མི་དེ་ཚོ་དང་འབྲེལ་བ་མེད་པ་འདྲ་བོ་གསུངས་སོང་མོད། དེ་ཚེ་དེ་དུས་མི་དེ་རིགས་བཙན་བྱོལ་ནང་གནས་དགོས་ན། ལག་དེབ་དེ་མེད་ན་སྐོར་སྲུང་བ་འཇུས་ཏེ་བོད་ནང་ཕུད་ཀྱིན་ཡོད་པ་རེད། ལག་དེབ་དངུལ་མ་སྤྲད་པར་དེང་སང་ནང་བཞིན་ཁྲིམས་མཐུན་གྱིས་བཟོ་བར་ལམ་ཁ་མེད་པ་རེད། མི་རིགས་ཤིག་གི་ཚབ་མཚོན་པའི་མི་སྣ་ཅིག་གིས་དེ་འདྲ་སོ་སོའི་མི་ལ་སྒྱེལ་བའི་སྒང་ལ་རྡོག་བརྫིས་གནང་ན་གང་འདྲ་རེད།

དོན་དངོས་སུ་འཛམ་གླིང་འདིར་ཆེ་ས་དབྱིན་ཇི་དང་ཨ་རི་ནས་བཟུང་བར་རྒྱ་ནག་དང་རྒྱ་གར། ཐ་མ་བལ་བོ་དང་འབྲུག་པ་ལྟ་བུ་ནས་བཟུང་སོ་སོའི་ཁེ་ཕན་ཆེད། རྒྱལ་སྤྱིའི་ཁྲིམས་དང་མ་འགལ་བ་ཁོ་ན་གནང་མཁན་སུ་ཡོད་པ་རེད།

ཡང་མིན་ན། དེ་འདྲ་དྲང་བདེན་དང་འཚེ་བ་མེད་པ། ཕྱོགས་རིས་གཏན་ནས་མེད་པ། ནང་ཆོས་ཀྱི་གཞུང་ནས་གསུང་བ་ཇི་བཞིན་ཉམས་ལེན་གནང་འདོད་ཡོད་ན། ཟུར་དུ་བོད་མི་རིགས་ལ་ཐོབ་ཐང་དང་ལ་རྒྱ་རྩོད་པ་སོགས་ནོར་འཁྲུལ་རེད། ཕྱོགས་རིས་ཆགས་རེད། འཛམ་གླིང་གི་མི་ཚང་མ་གཅིག་མཚུངས་ཡིན་པ་འདྲ་བོ། ཚང་མར་བཏང་སྙོམས་མ་གཏོགས་ཕྱོགས་རིས་མེད་པ་ཁོ་ན་གནང་དགོས་ན། རྒྱ་ནག་མཉམ་དུ་ལྷོད་ལྷོད་ཀྱིས་བསྡད་བཞག་ན་ཁོང་ཚོའང་མི་རེད། བོད་པ་ཁོང་ཚོ་ནང་བཞིན་ཆགས་པར་མི་དགའ་བ་བྱེད་དོན་ཅི་མེད་པ་རེད།

ང་ཚོ་འདི་འདྲ་ཆེ་ས་ནས་བལྟས་ན་ཕྱི་ནང་ཡོད་པ་འདྲ་བོ།གལ་ལ་ཐུག་དུས་ཕྱི་ནང་མེད་པ་འདྲ་བོ་རྐྱང་བྱས་ཏེ་བསྡད་པ་དེས།རིམ་པས་བོད་མི་རིགས་འཆི་ལམ་དུ་ཏན་ཏན་འདེད་ས་རེད།ང་རང་ཡོད་སའི་བཙན་བྱོལ་སྤྱི་ཚོགས་འདིར་ཇི་ཙམ་གྱིས་མི་རིགས་གཞན་གྱི་མི་ཆེན་དཔོན་ཆེན་ཚོའི་ངོ་བཟུང་སྟེ་གྲོགས་བཅོལ།རང་གི་དོན་དག་སྲ་ཐག་ཐག་སྒྲུབ་ཐུབ་ན།དེ་ལ་ཚང་མས་ངོ་སྲུང་དང་མཐོང་ཆེན་བྱེད།ཇི་ཙམ་བོད་མིར་ཤ་ཚ་དང་ལྷག་བསམ་ཡོད་མདོག་འཐོན་ན།དེ་ལ་འཕྱ་བ་དང་མཐོང་ཆུང་།ཐ་ན་མི་ཇི་ཡང་མི་ཤེས་པ་ལྐུག་པ་འདྲ་བོ་ཚུན་ལ་བརྩི།

བཙན་བྱོལ་གྱི་མི་ལོ་ལྔ་བཅུ་ཙམ་ལ་ཕྱི་མིག་ཅིག་བལྟས་ནའང་། བོད་པས་ཕྱོགས་རིས་ཞེན་ཁོག་ཅུང་བྱས་པ་དེས་གྲུབ་འབྲས་གང་འཚམས་བྱུང་ཡོད། དཔེར་ན། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་དང་བཀྲས་མཐོང་བསྟན་རྣམ་རྒྱལ་སོགས་ཀྱི་གསུང་ལྟར་ན། བཙན་བྱོལ་བོད་གཞུང་ལ་དང་པོ་ཆབ་སྲིད་ཀྱི་ཆ་ནས་དམ་དྲག་དང་ཕྱི་ལ་འབྲེལ་བ་གནང་ཁག་པོ། དཔལ་འབྱོར་མཐུན་རྐྱེན་དཀའ་ངལ་ཆེན་པོ་སོགས་ཡིན་དུས། སྐུ་ཚབ་རྣམ་པར་བོད་ནང་གི་མི་མང་ཚོས་བསྟན་པའི་རྣམ་འགྱུར་དང་།བོད་ནང་ཡར་ལངས་ཤུགས་ཆེ་བྱུང་བ་སོགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོར་ཞི་བདེའི་གཟེངས་རྟགས་ཐོབ། དེ་ནས་བཟུང་བཙན་བྱོལ་བོད་གཞུང་ཕྱི་ལ་འབྲེལ་བ་སྟབས་བདེ་དང་མཐུན་རྐྱེན་ཡར་རྒྱས་ཆེན་པོ་བྱུང་འདུག

དེང་སང་ཡང་རྒྱལ་སྤྱིའི་སྟེང་བོད་དོན་གསོན་གནས་དང་གཞུང་མང་པོས་དོ་སྣང་ཡོད་པ། བོད་ཀྱི་སྲིད་དོན་ཁོ་རང་ཚོར་བེད་སྤྱོད་ཡོད་དབང་གིས་བཙན་བྱོལ་གཞུང་དང་འབྲེལ་བ་བཟུང་སྟེ། བཙན་བྱོལ་གྱི་འགོ་ཁྲིད་ཚོར་མཐོང་དང་ཆ་འཇོག་ཡོད་པ་ནི་བོད་ནང་གི་བོད་མིས་ལྷག་བསམ་དང་ཤ་ཞེན། བློས་གཏོང་ཚད་མེད་སྒོ་ནས་རང་ལུས་མེར་བསྲེགས་ཚུན་ལས་འགུལ་དེ་ཙམ་བྱུང་བཞིན་པས་མ་གཏོགས། ང་ཚོ་ཕྱི་ནང་མེད་པས་བསྡད་པ་དང་བདེན་པ་སྲུང་སྟེ་བསྡད་པ། མང་གཙོ་བྱས་ཏེ་བསྡད་པ་སོགས་ལ་འབྲེལ་ཅི་ཨེ་ཡོད་དམ།

ཐ་ན་བོད་ནང་དཔལ་འབྱོར་ཡར་རྒྱས་ཆེན་པོ་ཕྱིན་པ་དེས་བཙན་བྱོལ་ནང་མཐོང་ཆོས་སུ་འགྱུར་བ་ཆེན་པོ་ཐེབས་སོང་།གསར་འབྱོར་མང་ཆེ་བ་ཕྱི་རྒྱལ་དུ་ཐོག་མེད་འགྲོ་བ་དང་དཀའ་ངལ་རང་གིས་སེལ་ཐུབ་པ་སོགས།བོད་རང་གི་གཉེན་འབྲེལ་ཚོར་ནང་མི་ལ་ཤ་ཞེན་ཆེན་པོ་ཡོད་པའི་བཀའ་དྲིན་གྱིས།ས་མཐའ་ན་ཡོད་པ་ཚོར་སྒོར་མོ་གང་མང་བསྐུར་བཞིན་པ་དེས་སོ་སོའི་ལམ་ཁ་འཚོལ་ཐུབ་ཀྱི་ཡོད།དེ་མ་གཏོགས་གསར་འབྱོར་བ་ཚོེར་སྔོན་མ་དཀའ་ངལ་ཇི་ཙམ་ཡོད་མེད་སོ་སོའི་སེམས་ནང་གསལ་བོ་ཡོད་རེད།གནས་བབ་ཀྱི་ཆ་ནས་ཀྱང་དེ་སྔ་དང་མི་འདྲ་བར་དེང་སང་གསར་འབྱོར་རྙིང་འབྱོར་འདྲ་འདྲ་ཡིན་པའི་མཐོང་ཚུལ་དེ་སྒོར་མོས་བཟོས་པ་རེད།

མདོར་བསྡུས་ན།ང་ཚོས་མི་རབས་རྗེས་མ་ཚོར་མང་གཙོ་དང་དྲང་བདེན། མི་ཚང་མ་གཅིག་པ་ཡིན་པ་སོགས་མཐོན་པོ་དང་སྟོང་པ་རྐྱང་རྐྱང་ལབ་བསྡད་པ་ལས། སོ་སོའི་མི་ལ་སོ་སོས་བདག་བརྒྱབ་དགོས་པ་དང་། སོ་སོའི་མིའི་རྒྱབ་རྩ་སོ་སོས་བྱེད་དགོས་པ། འགག་རྩར་ཐུག་དུས་སོ་སོའི་མི་མ་གཏོགས་སོ་སོ་ལ་ཤ་ཚ་མཁན་དང་རེ་ས་མེད་པ། འཛམ་གླིང་འདི་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ར་བ་ཡིན་པ་སོགས་མང་ཙམ་བསླབ་དགོས་པ་རེད་སྙམ།།

 

བསམ་ཚུལ།

Post navigation

Previous Post: རྒྱ་ནག་ལོ་རྒྱུས་གཡོ་འཁྱོག་མ།
Next Post: ཕ་མ་མེད་པའི་ལོ། ཕ་མ་དྲན་པའི་དབྱངས།

Comments (4) on “མང་གཙོ་ཡིས་བོད་དོན་འཆི་ལམ་དུ་འདེད་ངེས།”

  1. ཇུས་ཏོག says:
    2014-12-23 at 10:20 am

    མང་གཙོ་དང་ཁྲིམས་ཀྱི་་ལམ་ལུགས་ངོ་མི་ཤེས་་མཁན་ལ་་བསམ་མེད་བྱི་པ་ལ་
    ཞ་མོ་ལྐོན་པ་ལས་གཉིས་སུ་མེད་།རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་
    ཚོ་སྐྱབས་བཅོལ་གྱི་གནས་བབས་ཀྱི་ཆ་ནས་འོས་ཤིང་འཚམ་ཞིག་དུ་གནས་ཡོད་ན་ཁྱེད་ཀྱི་ཁྱོག་བཤད་ལ་ངོས་ལེན་དང་རྒྱབ་སྐྒོར་ནམ་ཡང་མེད་དོ་།
    མང་གཙོའི་བདེ་སྐྱིད་ཁྲིམས་ཀྱི་སྦྱིན་།

  2. ཤར་པ says:
    2014-12-23 at 3:35 pm

    བདེན་པ་ཁོ་ན་རྒྱལ་བར་ཤོག། བོད་ནང་བོད་མི་སེམས་ཤུགས་དང་ལྷག་བསམ་དེ་དོ་ཟླ་མེད། བོད་དོན་ལང་ཕྱོགས་ལ་ཕྱོགས་ཡོངས་ནས་བསམ་ཞིག་གཏང་བའི་དུས་ལ་བབས་སོ

  3. ཟུར་གནས། says:
    2014-12-23 at 9:36 pm

    ཁྲི་རལ་སྐད་ཆར་རྒྱུ་མཚན་ཅང་མིན་འདུག ངས་འདྲི་བ་སྟབས་བདེ་པོ་ཞིག་འདྲི་བར་བྱེད།

    དང་པོ། ཁྱེད་ལྟར་ན། “ད་སྔ་འཛམ་གླིང་འདིར་མི་རིགས་སུ་འདྲ་ཅིག་ཡིན་ན་ཕན་ཚུན་རྡོག་སྒྲིལ་དང་འཇོན་པོ་ཆགས་སྟངས་ནི། སོ་སོའི་མི་ལ་ཤ་ཚ་དང་ཕྱོགས་རིས་བྱེད་པ། སྲུང་སྐྱོབས་བྱེད་པ། སོ་སོའི་རྒྱལ་ཁ་དང་གསོན་གནས་ཆེད་གཞན་ལ་ག་རེ་བྱེད་དགོས་ན་བྱེད་རྐྱང་བྱས་ཏེ་ཡོང་བ་རེད་མ་གཏོགས། དེ་འདྲ་དྲང་བདེན་དང་བཏང་སྙོམས། ཕྱོགས་རིས་རྩ་བ་ནས་མེད་པ་སོགས་བྱས་ཏེ་འཇོན་པོ་དང་ལམ་སྣེ་ཟིན་བསྡད་པའི་མི་རིགས་སུ་གཅིག་དཔེར་མཚོན་མེད་པ་རེད།”

    འདྲི་བ་ལ། རྒྱ་ནག་གཞུང་གིས་གོང་གི་སྐད་ཆ་དེ་དག་ལག་ལེན་ལ་བཀལ་བར་བརྟེན་ནས་འཇོན་པོ་ཆགས་པ་རེད་དམ། རྒྱ་མི་ཚོ་རྡོག་རྩ་ཆིག་སྒྲིལ་ཡོད་ཟོ་མིན་འདུག སོ་སོའི་མི་ལ་ཤ་ཚ་མིན་འདུག ཆབ་སྲིད་དབང་ཆ་ལ་ཐུག་དུས་ཚང་མ་གསོད་ཆོག་ཆོག་རེད། སྲུང་སྐྱོབ་ནི་རྩ་བ་ནས་མེད།

  4. ཁྲི་རལ་པ་ཅན་ says:
    2014-12-24 at 4:52 am

    ཨོ་རེད་རེད།རྒྱ་ནག་གིས་ད་བར་བོད་དང་སོག་པོ།ཤིན་ཇང་སོགས་ལ་བཙན་འཛུལ་ཐུབ་ཚོད་བྱས་ཏེ།སྔོན་མའི་དབུལ་ཕོངས་རྒྱ་རྒན་རྒྱ་མོ་སྤྲང་ཀོག་དེ་ཚོ་ཚང་མ།དེང་སང་ཨ་སྒོར་ཐེར་འབུམ་བདག་པོ་དང་།རྒྱ་ནག་དེ་སྟོབས་འབྱོར་ལྡན་པ་འཛམ་གླིང་རྒྱལ་ཁབ་ཚང་མ་སྐྲག་དགོས་པ་ཅིག་བཟོས་རེད་ད།
    རང་གིས་ཐུབ་ས་དེར་ཐུབ་ཚོད་དབང་ཡོད་བྱེད་པ་དང་མི་ཐུབ་ས་དེར་གང་ཡང་བྱེད་མི་ཕོད་པ་མི་དང་སེམས་ཅན་གྱི་གཤིས་ཀ་རེད་ད།དེ་ཚོ་ཊར་ཝིན་གྱི་སེམས་ཅན་གྱི་རིགས་པའི་ནང་དུའང་འཁོད་ཡོད་རེད་ད།ཐབས་ཤེས་ཡོད་པ་མ་རེད་ད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme