Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མང་གཙོ་དང་དྲང་བདེན་འདྲ་མཉམ་ཕྱི་གསལ་ནང་གསལ་ཁྲིམས་ཀྱི་དབང་བསྒྱུར་ལ་དཔྱད་པའི་གཏམ།

Posted on 2020-09-11 By ཁ་བརྡ No Comments on མང་གཙོ་དང་དྲང་བདེན་འདྲ་མཉམ་ཕྱི་གསལ་ནང་གསལ་ཁྲིམས་ཀྱི་དབང་བསྒྱུར་ལ་དཔྱད་པའི་གཏམ།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
 
དུས་ཀྱི་འགྱུར་བ་དང་སྤྱི་ཚོགས་ཀྱི་འཕེལ་རིམ་རྒྱལ་སྤྱིའི་གནས་བབ་སོགས་ལ་ང་ཚོའི་འགན་འཁུར་ནས་མདུན་བསྐྱོད་བྱ་དགོས་པ་དེ་འཛམ་གླིང་སྤྱི་དང་མཐུན་པ་ཞིག་ཡིན་པ་དང་མང་གཙོའི་སྒྲིག་འཛུགས་ནང་དྲང་བདེན་དང་འདྲ་མཉམ་ཕྱི་གསལ་ནང་གསལ་ཁྲིམས་ཀྱི་དབང་བསྒྱུར་དེ་ཚོ་ལས་གལ་ཆེ་བ་མེད་པ་དང་མང་གཙོའི་སྒྲིག་འཛུགས་ནང་དེ་ཚོ་མེད་ན་མང་གཙོའི་སྒྲིག་འཛུགས་རྒྱུན་རིང་འཚོ་མི་ཐུབ་པ་དེང་སྐབས་འཛམ་གླིང་ཤར་ནུབ་ཀྱིས་ལུང་པ་མང་པོའི་ནང་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་ཉིན་ལྟར་གསར་འགྱུར་རྒྱུད་ལམ་ནས་ང་ཚོའི་མིག་མདུན་དུ་འཆར་ཡོང་བ་ནས་ང་ཚོའི་ཤེས་ཐུབ་པ་དང་མང་གཙོའི་གཞུང་གི་རྒྱལ་ནང་གི་སྲིད་བྱུས་དང་ཕྱི་འབྲེལ་གྱི་སྲིད་བྱུས་ དཔལ་འབྱོར་གྱི་སྲིད་བྱུས་ཤེས་ཡོན་སློབ་ཁྲིད་ཀྱིས་སྲིད་བྱུས་ འཕྲོད་བསྟེན་སློབ་གསོའི་སྲིད་བྱུས་ རྒྱལ་སྲུང་བདེ་འཇགས་ཀྱི་སྲིད་བྱུས་ ཆོས་རིག་སྲུང་སྐྱོབས་གྱི་སྲིད་བྱུས་ འཁོར་ཡུག་སྲུང་སྐྱོབས་ཀྱི་སྲིད་བྱུས་སོགས་དྲང་བདེན་དང་འདྲ་མཉམ་ཕྱི་གསལ་ནང་གསལ་ཁྲིམས་ཀྱི་དབང་བསྒྱུར་འོག་ཏུ་གནས་དགོས་པ་ནི་དུས་རབས་ཉེར་གཅིག་གི་འཛམ་གླིང་སྤྱིའི་མང་གཙོའི་གྲལ་དུ་ང་ཚོ་ཡང་སླེབ་་དགོས་པ་ནི་བོད་མི་རིགས་ལ་བསམ་ན་ཤིན་ཏུ་ནས་གལ་ཆེན་དོན་ཆེན་ཞིག་ཡིན་པ་དང་བཙན་བྱོལ་སྤྱི་ཚོགས་ནང་༸གོང་ས་མཆོག་ནས་མང་གཙོའི་སྒྲིག་འཛུགས་བཙུག་ནས་བཅའ་ཁྲིམས་ལེའུ་གཉིས་པ་ གཞི་རྩའི་ཐོབ་ཐང་དང་ལས་འགན་ དོན་ཚན་དགུ་པ་ ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཟེར་བའི་ནང་ བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་ ཕོ་མོ་དང་ རིགས་རུས་ སྐད་ཡིག་ ཆོས་ལུགས་ སེར་སྐྱ་ དབུལ་ཕྱུག་ སྐྱེས་ཡུལ་ སྤྱི་ཚོགས་ཀྱི་འབྱུང་ཁུངས་ གོ་གནས་ གནས་སྟངས་ གཞན་དག་བཅས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་ལེའུ་འདིར་འཁོད་ཀྱི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་ཆོག་པ་ཡིན་ཅེས་གསལ་བ་ནས་བཅའ་ཁྲིམས་ལ་ང་ཚོའི་འགན་ཁུར་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་ལ་ཆ་ཤས་ལེན་དགོས་པ་དེ་མང་གཙོའི་ཐོབ་ཐང་ཆེ་ཤོས་དེ་ཡིན་པ་དང་ ལྷག་དོན་དུ་དུས་ཀྱི་འགྱུར་བའི་འོག་དེང་དུས་སྤྱི་ཚོགས་ཀྱི་འཕེལ་རིམ་དང་ རྒྱལ་སྤྱིའི་གནས་བབ་ མི་མང་གི་མངོན་འདོད་ ཕོ་མོ་འདྲ་མཉམ་གྱི་འགན་ཁུར་སོགས་ལ་ང་ཚོའི་ཕྱི་མིག་བལྟ་སྐབས་འདས་པའི་བཙན་བྱོལ་སྤྱི་ཚོགས་ནང་སྐྱ་སེར་གཉིས་ནས་བཀའ་ཁྲི་འམ་སྲིད་སྐྱོང་གི་འགན་དབང་བཞེས་ནས་བཙན་བྱོལ་སྤྱི་ཚོགས་ཀྱིས་འཚོ་བའི་ལས་དོན་ཁག་ལ་བཟང་ཕྱོགས་དང་ངན་ཕྱོགས་ཀྱི་སྒྲུབ་འབྲས་ག་རེ་བཞག་ཡོད་མེད་དང་ལྷག་དོན་དུ་བོད་རྒྱའི་འབྲེལ་ལམ་དང་ཆོལ་གསུམ་བོད་མིའི་ཆིག་སྒྲིལ་ལ་ལེགས་སྐྱེས་ཀྱིས་འགན་ཁུར་གང་དང་གང་གནང་ཡོད་མེད་སོགས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལོ་རྒྱུས་དེབ་ཐེར་ནང་འཁོད་པ་ནས་གསལ་རྟོགས་ཐུབ་རྒྱུ་དང་བཀའ་ཁྲི་འམ་སྲིད་སྐྱོང་གི་ལས་འགན་ཆེ་ཤོས་དེ་བཅའ་ཁྲིམས་དོན་ཚན་བཅོ་ལྔ་ནང་འཁོད་པའི་བོད་དོན་བདེན་མཐའ་གསལ་ཐབས་ དང་ བཙན་བྱོལ་བའི་སྤྱི་ཚོགས་བདེ་ཐབས་དེ་ཡིན་པ་དང་རྗེས་ལོའི་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ་དེ་ཕོ་མོ་འདྲ་མཉམ་ཟེར་བའི་ཐ་སྙད་རྫིག་པོ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་འཁོད་པ་ནས་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་གི་ལས་འཆར་ནང་བཀོད་པའི་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཟེར་བའི་དམ་བཅའ་ལ་ང་ཚོའི་འགན་ཁུར་ནས་བོད་ཀྱི་བུད་མེད་ཀྱི་ནུས་པ་དེ་རྒྱལ་སྤྱིའི་ཆབ་སྲིད་གདེངས་ཆའི་་སྟེང་མངོན་ཐུབ་པའི་འགན་དེ་འོས་འཕེན་རྒྱ་ཆེ་མི་མང་ལ་ཡོད་པ་དེ་ཡང་གསལ་པོ་མཁྱེན་པ་གནང་ནས་རྗེས་ལོ་ ་༢༠༢༡ གི་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ་དེ་གོང་གི་གནས་ལུགས་དང་རྒྱུ་ཚན་སོགས་ནས་ངོ་སྤྲོད་ཐུབ་ངེས་བཅས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིའི་ཀྱང་རྗེས་ལོ་༢༠༢༡ གི་སྲིད་སྐྱོང་དེ་ཕྱོགས་གཏོགས་ཆབ་སྲིད་དང་ལུང་ཚན་ཤོག་སྒྲིལ་འགོ་འདྲེན་དང་སྐབས་ཚོལ་རིང་ལུགས་གྲལ་རིམ་གཅིག་བསྡུད་སོགས་ཀྱི་ས་འོག་དར་ཐག་གི་རྗེས་སུ་ནམ་ཡང་ཁ་མ་ཕྱོགས་པར་མང་གཙོ་དང་དྲང་བདེན་འདྲ་མཉམ་ཕྱི་གསལ་ནང་གསལ་་ཁྲིམས་ཀྱི་དབང་བསྒྱུར་ལ་འགན་འཁུར་ནས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་མ་འོངས་མདུན་ལམ་དེ་གལ་ཆེན་དོན་ཆེན་ལ་ངོས་འཛིན་གནང་ནས་སྲིད་སྐྱོང་ལ་་བུད་མེད་ཞིག་སླེབ་ཐུབ་པའི་འགན་དེ་རང་ལོ་བཅོ་བརྒྱད་ཡན་གྱི་འོས་འཕེན་རྒྱ་ཆེ་ཆོལ་གསུམ་མི་མང་གི་ཕྱག་ཏུ་ཡོད་པར་ཡིད་ཆེས་དང་བཅས་འབོད་བསྐུལ་ཡང་ཞུ་གི་ཡོད་ལ་དེ་དང་མཉམ་དུ་བོད་མི་མང་གིས་སྐུ་ཚབ་སྤྱི་འཐུས་ལའང་ན་གཞོན་བློ་གསར་དེང་དུས་ཕྱི་ནང་གི་ཤེས་ཡོན་ཅན་རང་མགོ་ཐོན་པ་གཞན་བསྟེན་མ་དགོས་པ་ལྷག་བསམ་གྱི་འགན་ཁུར་དང་རྒྱལ་ཞེན་གྱི་བསམ་བློ་བརྟན་པོ་ཡོད་པ་་ཆོལ་ཞེན་གྱི་དྲི་ངན་མེད་པ་ཤ་སྟག་སྤྱི་འཐུས་ལ་སླེབ་དགོས་པ་དེེ་ད་ལྟའི་ཛ་དྲག་གི་དུས་སྐབས་འདིར་བོད་མི་རིགས་ལ་བསམ་ན་ཤིན་ཏུ་ནས་གལ་ཆེན་དོན་ཆེན་ཞིག་ཡིན་པའི་ངོ་སྤྲོད་ཡང་ཞུ་འདོད་བྱུང་ལ་འདས་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་བྱུང་རབས་ལོ་རྒྱུས་ཉམས་མྱོང་དུ་བཞག་ནས་མ་འོངས་ཆོལ་གསུམ་བོད་མིའི་ཆིག་སྒྲིལ་ནི་བོད་དོན་བདེན་མཐའ་སེལ་བའི་བླ་སྲོག་ཡིན་ལ་ལྡེའུ་མིག་ཀྱང་ཡིན་ན་བོད་མི་ཚང་མས་ནམ་ཡང་བརྗེད་མི་ཉན་ནོ།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་ ༢༠༢༠ སྤྱི་ཟླ་ ༩ ཚེས་ ༡༡ ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།

བསམ་ཚུལ།

Post navigation

Previous Post: ངས་སྲིད་སྐྱོང་གི་འོས་མི་འདི་ལྟར་འཚོལ་གྱིན་ཡོད།
Next Post: ༢༠༢༡ ལོའི་སྲིད་སྐྱོང་ཐད་ཀྱི་བསམ་ཚུལ་དམར་རྗེན་མ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme