Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མང་གཙོ་ཁྲིམས་ཀྱིས་དབང་བསྒྱུར་འོག་འཚོ་ཐུབ་པ་ལ་མང་གཙོའི་ཀ་བ་གསུམ་འགན་དབང་འདྲ་མཉམ་ཐ་དད་དུ་གནས་དགོས་པ།

Posted on 2023-06-13 By ཁ་བརྡ No Comments on མང་གཙོ་ཁྲིམས་ཀྱིས་དབང་བསྒྱུར་འོག་འཚོ་ཐུབ་པ་ལ་མང་གཙོའི་ཀ་བ་གསུམ་འགན་དབང་འདྲ་མཉམ་ཐ་དད་དུ་གནས་དགོས་པ།

གཞུང་པ་ཚེ་དབང་བསོད་ནམས་།

༡ མང་གཙོ་། Democracy ༢ མང་གཙོའི་གཞུང་ལུགས་། Democracy Theory ༣ མང་གཙོའི་ཀ་བ་གསུམ་། Three Pillar of Democracy ༡ ཁྲིམས་བཟོ་སྡེ་ཚན་། Legislature ༢ འཛིན་སྐྱོང་སྡེ་ཚན་། Executive ༣ ཁྲིམས་ལུགས་དབང་འཛིན་། Judiciary བཅས་གོང་གི་སྡེ་ཚན་འདི་གསུམ་འགན་དབང་འདྲ་མཉམ་ཐ་དད་དུ་གནས་ནས་ ༼ Responsible Answerable and Check and Balance System ༽ མགོ་དང་འཇིང་པ་ལྟ་བུ་ནམ་ཡང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པ་ནས་གཅིག་གི་གཅིག་ལ་འགན་བཀུར་དགོས་པ་དང་། གཅིག་གི་གཅིག་ལ་ལན་རྒྱག་དགོས། བཅའ་ཁྲིམས་དོན་ཚན་ ༦༣ ནང་གསལ་བའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མེད་པ་དང་། ཁྲིམས་ཞིབ་ཆེ་བའི་ལས་ཚབ་ཡང་རིང་མིན་བགྲེས་ཡོལ་ལ་ཕེབས་རྒྱུ་ཡིན་པ་ནས་ཁྲིམས་ཞིབ་པ་གཅིག་ལས་མེད་པ་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་དང་མི་མང་གི་བདེ་སྡུག་ཞུ་རྒྱུ་སོགས་ཁྲིམས་ལུགས་དང་འབྲེལ་བའི་ལས་དོན་མང་པོ་རང་བཞིན་གྱིས་འགག་འགྲོ་བ་ནས་འདིའི་འགན་ཆ་ཚང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ལ་ཡོད་པ་དེ་ཡང་གསལ་པོ་མཁྱེན་དགོས་པ་དང་།

ད་ཆ་མང་གཙོའི་སྒྲིག་འཛུགས་སྐྱོང་མཁན་གྱི་ཀ་བ་གཉིས་ལས་མེད་པ་འདིའི་བཙན་བྱོལ་སྒྲིག་འཛུགས་འདི་འཚོ་ཐུབ་མིན་དེ་ཡང་འཐེ་ཚོམ་ནང་ལྷག་པ་ནི་ཁྲིམས་ལུགས་ལ་བདག་པོ་རྒྱག་མཁན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ལས་མེད་པ་ནས་མི་མང་ཉམས་ཆུང་ཚོ་ཞུ་གཏུགས་བྱ་དགོས་བྱུང་ན་སུ་ལ་ཞུ་གཏུགས་བྱེད་དགོས་པ་རེད་དེ་ཡང་འདྲི་བ་ཆེན་པོ་ཞིག་མ་རེད་དམ་། བཅའ་ཁྲིམས་བསྐྱར་བཅོས་ལས་གལ་ཆེ་བ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་ཆ་ཚང་འཛོམས་ཐུབ་པའི་འགན་དེ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ལ་ཡོད་པ་བཅའ་ཁྲིམས་དོན་ཚན་སུམ་བཅུ་སོ་དྲུག་ནས་ངོ་སྤྲད་ཡོད་པ་དང་། ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་ནས་བཀུར་བའི་འགན་འཁུར་ཐུབ་ཀྱི་མེད་ན་བཟང་སྤྱོད་ལ་འགན་འཁུར་ནས་ལུགས་མཐུན་དགོང་པ་ཞུ་དགོས་པ་ལས་རྟ་ལམ་བོང་བུའི་ནམ་ཡང་བཀག་མི་ཉན་པ་དང་། བཅའ་ཁྲིམས་ལ་བསྐྱར་བཅོས་གནང་དགོས་ཀྱི་ཡོད་ན་གཞི་རིམ་མི་མང་གིས་མངོན་འདོད་དང་། མི་མང་གིས་བསམ་འཆར་། མི་མང་གིས་ཡིད་ཆེས་། སོགས་གཞི་ལ་བཞག་ནས་བཅའ་ཁྲིམས་ལ་བསྐྱར་བཅོས་དགོས་མིན་

༼བཅའ་ཁྲིམས་དོན་ཚན་ང་དྲུག་པ་། མང་ཚོགས་ལ་མང་མོས་ཐག་གཅོད་འོས་བསྡུ་། ༽ ཟེར་བའི་དོན་ཚན་འདིའི་འོག་མི་མང་གི་བསམ་ཚུལ་འོས་བསྡུའི་ལམ་ནས་བསྡུས་ནས་ཐག་གཅོད་དགོས་པ་ལས་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་བཙུགས་ནས་གྲོས་ཚོགས་ཀྱི་འཐུས་མི་ཁོ་ན་ལས་སྒྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་གནང་རྒྱུ་དེ་བཅའ་ཁྲིམས་དོན་ཚན་གང་གི་ཆ་རྐྱེན་འོག་ཏུ་འགན་བླངས་པ་ཡིན་དེ་ཡང་གསལ་པོ་ཤེས་མ་སོང་ན་ཁྲིམས་འགལ་རང་ལ་ངོས་འཛིན་ཞུ་གི་ཡོད་། བཅའ ཁྲིམས་ལ་བསྐྱར་བཅོས་ག་འདྲ་ཞིག་དགོས་ཀྱང་མི་མང་གིས་བསམ་འཆར་དང་། མི་མང་གིས་མངོན་འདོད་། མི་མང་གིས་ཡིད་ཆེས་། སོགས་གཞི་ལ་བཞག་ནས་བསྐྱར་བཅོས་འགྲོ་དགོས་པ་ལས་། གྲོས་ཚོགས་ཀྱིས་འཐུས་མི་བཞི་བཅུ་ཞེ་ལྔ་གི་མངོན་འདོད་དང་། བསམ་འཆར་། ཡིད་ཆེས་། གཞི་ལ་བཞག་ནས་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་བ་ཡིན་ན་མང་གཙོ་༼ ཁྲིམས་ཀྱི་དབང་བསྒྱུར་། Rule of Law ༽ ཟེར་བ་ནས་
༼ དམངས་གཙོ་གྲལ་རིམ་། Proletarian ༽ ལ་ཁ་ཕྱོགས་པ་མ་རེད་དམ་། བཅའ་ཁྲིམས་ལ་བསྐྱར་བཅོས་སམ་བཟོ་བཅོས་དཀྱུས་མ་འམ་ཕལ་པ་སོགས་ག་འདྲ་ཞིག་དགོས་ཀྱང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་རང་ནས་སྐབས་དང་དུས་ལ་བྱེད་ཆོག་པ་དང་བྱེད་བཞིན་པ་ནི་ཁྲིམས་མཐུན་རང་ལ་ངོས་འཛིན་ཞུ་གི་ཡོད་། འོན་ཀྱང་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་བཙུགས་ནས་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་མཁན་གྱིས་མི་འགྲོའི་ནང་ཁྲིམས་ལུགས་རིག་པའི་མི་སྣ་དང་། འཛིན་སྐྱོང་གི་མི་སྣ་་། ཁྲིམས་བཟོ་སྡེ་ཚན་གྱི་མི་སྣ་། བཅས་ལས་སྒྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་འཛུགས་དགོས་པ་ནི་མང་གཙོ་ཁྲིམས་ཀྱིས་དབང་བསྒྱུར་ཟེར་བའི་གོ་དོན་ཡང་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་། གང་ལགས་ཞུས་ན་ཁྲིམས་བཟོ་ལྷན་ཚོགས་ནས་ཁྲིམས་སྒྲིག་གཏན་འབེབས་གནང་བ་རྣམས་འཛིན་སྐྱོང་ནས་ལག་ལེན་སྟར་དགོས་པ་ནས་ཁྲིམས་སྒྲིག་ག་འདྲ་ཞིག་གཏན་འབེབས་གནང་ཡང་འཛིན་སྐྱོང་གི་ལག་སྟར་ཐུབ་པ་ཞིག་དགོས་པ་ནི་། ༼ བཅའ་ཁྲིམས་དོན་ཚན་སོ་དྲུག་པ་། ཁྲིམས་བཟོའི་དབང་ཆ་། ཁྲིམས་ལུགས་བཟོ་འགོད་དང་། གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་དང་། ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅའ་བ་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས་ཅེས་གསལ་བ་ནས་ཤེས་ཐུབ་པ་དང་། ༽

༼ བཅའ་ཁྲིམས་དོན་ཚན་གྱ་གཉིས་། ས་གནས་འཐུས་མིའི་ཚོགས་འདུའི་དབང་ཚད་། ས་གནས་ཀྱི་ལས་དོན་དང་འབྲེལ་བའི་སྒྲིག་གཞི་བཟོ་འགོད་དང་གཏན་འབེབས་བྱ་རྒྱུའི་འགན་དབང་ཡོངས་རྫོགས་ས་གནས་འཐུས་མིའི་ཚོགས་འདུར་ཡོད་། འོན་ཀྱང་མཐའ་མའི་གཏན་འབེབས་མ་བྱས་གོང་ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས་ལ་གོ་བསྡུར་བྱེད་དགོས་། ༽

ཅེས་གསལ་བ་ནས་ཁྲིམས་བཟོ་སྡེ་ཚན་ནས་ཁྲིམས་སྒྲིག་ག་འདྲ་ཞིག་བཟོ་གི་ཡོད་རུང་དེ་དག་ལག་ལེན་སྟར་མཁན་འཛིན་སྐྱོང་སྡེ་ཚན་ཡིན་པ་ནས་འཛིན་སྐྱོང་སྡེ་ཚན་གྱིས་ལག་ལེན་ཐུབ་རྒྱུ་མེད་པའི་ཁྲིམས་སྒྲིག་བཟོས་པ་ཡིན་ན་འཛིན་སྐྱོང་ནས་ཆོག་མཆན་མ་ཐོབ་པའི་ཉི་མ་དེ་ནས་་ཁྲིམས་འཆར་ ༼ Bill ༽ ཐོག་ལྷག་ནས་ཁྲིམས་ ༼ Act ༽ ཆགས་མི་ཐུབ་པ་ནས་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་ནང་འཛིན་སྐྱོང་སྡེ་ཚན་དང་། ཁྲིམས་བཟོ་སྡེ་ཚན་དང་། ཁྲིམས་ལུགས་རིག་པའི་མི་སྣ་སོགས་འཛོམས་ནས་བཅའ་ཁྲིམས་བསྐྱར་བཅོས་གནང་དགོས་པ་དེ་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ངོ་མ་ཡང་དེ་ཡིན་པ་བཅས་རེ་ཞིིག་འདིར་འཇུག་བསྡུས་པའོ་། གཞུང་པས་། ༢༠༢༣/༠༦/༡༢

བསམ་ཚུལ།

Post navigation

Previous Post: གངས་རིའི་དཔའ་རྒོད།
Next Post: འོད་ཀྱི་ཐིགལེ། 

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme