Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མགོ་སྐྲ་བཞར་བའི་ལས་འགུལ།

Posted on 2014-04-022014-04-02 By ཁ་བརྡ་ 11 Comments on མགོ་སྐྲ་བཞར་བའི་ལས་འགུལ།

གནས་ཚུལ་མཁོ་གཏོང་བ། སྤེལ་ལྗམ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས།

unnamed-4ཕྱི་ཟླ་༣ པའི་ཚེས་༣༡ ཉིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་སྤེལ་ལྗམ་རྒྱལ་ས་སྤར་སིལ་དུ་ཡོད་པའི་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་དང་ཡུ་རོབ་གྲོས་ཚོགས་བཅས་སུ་འཚམས་འདྲི་གཟིགས་སྐོར་ཡོང་བའི་གོ་སྐབས་དང་བསྟུན། སྤར་སིལ་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་སྤེལ་ལྗམ་བོད་རིགས་ཚོགས་པ་གཙོས། ས་གནས་གཞོན་ནུ་དང་ས་གནས་ཆུ་བཞི་སྒང་དྲུག་བཅས་མཉམ་རུབ་ཀྱིས་ཡུ་རོབ་གྲོས་ཚོགས་མདུན་ཐང་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་གོ་སྒྲིག་བྱས་ཡོད་པ་དང་། ལས་འགུལ་གྱི་ཐོག་མར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤར་སིལ་ལས་ཁང་འགན་འཛིན་སྐུ་ཞབས་Mr. Vincent Mettenལགས་ཀྱིས་ལས་འགུལ་སྐོར་ངོ་སྤྲོད་གནང་བ་དང་།

unnamed-5དེའི་རྗེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྐུ་ཚབ་ལྕམ་Ms. Catherine Absalom ལགས་དང་། ཡུ་རོབ་གྲོས་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་Henri Malosse ལགས། ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་གཞོན་པ་Edward McMillan-Scottལགས་ཀྱི་སྐུ་ཚབ་དང་། འཛམ་གླིང་ཡུ་གུར་ཚོགས་པའི་སྐུ་ཚབ། རྒྱ་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་Mona Tang། སྤར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས། སྤེལ་ལྗམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་འཕེལ་རྒྱས་སོགས་ཀྱིས་གཏམ་བཤད་གནང་ཡོད་འདུག་ལ། ལས་འགུལ་སྐབས་བོད་ནང་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་དཔའ་པོ་དཔའ་མོ་༡༢༩ ལ་རྗེས་དྲན་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་མགོ་སྐྲ་བཞར་བའི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། དེར་བོད་མི་ལྔ་བཅུ་ལྷག་གིས་མགོ་སྐྲ་བཞར་ཡོད་འདུག་ལ་དེའི་ཁྲོད་བུད་མེད་བཞི་ཡོད་འདུག
ཉིན་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། ཡུ་གུར་བ་བཅས་མི་གྲངས༢༥༠ ལྷག་འདུ་འཛོམས་བྱུང་ཡོད་འདུག་ལ། སྤེལ་ལྗམ་ཉེན་རྟོག་པ་ཚོས་མེ་གསོད་འཕྲུལ་ཆས་གྲ་སྒྲིག་དང་བཅས་ལྟ་རྟོག་ནན་མོ་བྱས་ཡོད་འདུག

unnamedཡང་ཕྱི་ཟླ་༤ པའི་ཚེས་༡ ཉིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་སྤེལ་ལྗམ་གྱི་ས་གནས་པུ་རུ་ཇིའུ་Brugge ནང་གཟིགས་སྐོར་སྐབས། ས་གནས་དེ་གར་གནས་སྡོད་སྤེལ་ལྗམ་བོད་རིགས་ཚོགས་པའི་རྒྱུན་ལས་ཟུར་བ་འབའ་བ་མཁས་གྲུབ་ལགས་ཀྱིས་རྒྱ་སྐད་ནང་ཞི་ཅིན་ཕིན་བོད་མི་ཚོས་རང་ལུས་མེ་བསྲེག་གནང་གི་ཡོད་པ་དོ་སྣང་བྱུང་སོང་ངམ། རྒྱལ་བ་རིན་པོ་བོད་ལ་ཕེབས་འཇུག་དགོས། བོད་མི་ཚོ་རང་ཡུལ་ཏུ་ལོག་འཇུག་དགོས་ཅེས་སྐད་འབོད་གནང་སྟེ་ཞི་ཅིན་ཕིན་འགྲོ་སའི་ལམ་སྟེང་ལ་མཆོང་སྟེ་རྒྱུགས་ཡོད་པ་དང། དེ་མ་ཐག་ཉེན་རྟོག་པ་དང་སྐུ་སྲུང་བ་མང་བོ་ཁོའི་སྟེང་ལ་རུབ་སྟེ་ཁོ་སར་མནན་པ་དང་ཁོང་གི་སྐད་འབོད་འགོག་ཆེད་ཁའི་ནང་ལ་ལག་རས་བརྫངས་ཡོད་འདུག་ལ། དེ་ནས་ལག་ལྕགས་བརྒྱབ་སྟེ་ཉེན་རྟོག་ལས་ཁུངས་སུ་བཙན་ཁྲིད་བྱས་ཡོད་འདུག ཉིན་དེར་ས་གནས་དེ་གར་བོད་མི་བཅུ་གསུམ་ཙམ་སྤེལ་ལྗམ་ཉེན་རྟོག་པའི་དོན་མེད་འཛིན་བཟུང་བྱས་ཏེ་བཀག་ཉར་གནང་ཡོད་ནའང་དགོང་དྲོ་ཚང་མ་ཀློད་གྲོལ་བཏང་ཡོད་འདུག

གསར་འགྱུར།

Post navigation

Previous Post: འདས་མཆོད།
Next Post: བོད་ནི་ངའི་ཡིན་ཁྱེད་ཚོ་འཚིག་པ་བཟའ་ཨ།

Comments (11) on “མགོ་སྐྲ་བཞར་བའི་ལས་འགུལ།”

  1. སྦྲ་དཔལ་ལྡན། says:
    2014-04-02 at 12:44 am

    སྤེལ་རྒྱམ་བོད་རིགས་ཡོངས་དང་དགོས་སུ་བོད་དོན་རྒྱབ་སྐྱོར་བ་ཡོང་པ་ཐུགས་རྗེ་ཆེ་ཡོད། གང་ལྟར་འུ་ཚོར་འགན་ཁུར་ཞིག་ཡོད་པ་ནི་རྒྱ་ནག་གི་དཔོན་རིགས་གང་ཞིག་ཕྱིའི་རྒྱལ་ཁབ་གང་ཞིག་ཏུ་སོང་ན་སུན་པོ་རེ་བཟོ་རྒྱུ་ང་ཚོའི་འགན་ཁུར་ཡིན་པར་སེམས་སོ།

  2. ཀརྡོ་གཉེར་ཕྱག་པ་ says:
    2014-04-02 at 12:52 am

    ་་་་་་་ ས་གནས་དེ་གར་གནས་སྡོད་སྤེལ་ལྗམ་བོད་རིགས་ཚོགས་པའི་རྒྱུན་ལས་ཟུར་བ་འབའ་བ་མཁས་གྲུབ་ལགས་ཀྱིས་རྒྱ་སྐད་ནང་ཞི་ཅིན་ཕིན་བོད་མི་ཚོས་རང་ལུས་མེ་བསྲེག་གནང་གི་ཡོད་པ་དོ་སྣང་བྱུང་སོང་ངམ། རྒྱལ་བ་རིན་པོ་བོད་ལ་ཕེབས་འཇུག་དགོས། བོད་མི་ཚོ་རང་ཡུལ་ཏུ་ལོག་འཇུག་དགོས་ཅེས་སྐད་འབོད་གནང་སྟེ་ཞི་ཅིན་ཕིན་འགྲོ་སའི་ལམ་སྟེང་ལ་མཆོང་སྟེ་རྒྱུགས་ཡོད་པ་དང།
    དེ་མ་ཐག་ཉེན་རྟོག་པ་དང་སྐུ་སྲུང་བ་མང་བོ་ཁོའི་སྟེང་ལ་རུབ་སྟེ་ཁོ་སར་མནན་པ་དང་ཁོང་གི་སྐད་འབོད་འགོག་ཆེད་ཁའི་ནང་ལ་ལག་རས་བརྫངས་ཡོད་འདུག་ལ། དེ་ནས་ལག་ལྕགས་བརྒྱབ་སྟེ་ཉེན་རྟོག་ལས་ཁུངས་སུ་བཙན་ཁྲིད་བྱས་ཡོད་འདུག ་་་་་་

  3. ས་སྒོ་བསམ་གཏན་སྒྲོལ་མ། says:
    2014-04-02 at 5:01 am

    ཡག་པོ་བྱུང་།
    ཚང་མ་ལ་ཐུགས་རྗེ་ཆེ་ཞུ་ཡ་ཡིན།

  4. ནུབ་ཕྱོགས་ཁུག་རྟ། says:
    2014-04-02 at 6:33 am

    ཡག་པོ་བྱུང་འདུག་ཁ་དྲོ། དེ་ཡོད་མང་ཆེ་བ་གྲྭ་ལོག་དང་ཇོ་ལོག་ཡིན་རྒྱུ་རེད་ཁོང་ཚོ་སྐྲ་བཞར་དགོས་ན་ངལ་བ་ཞེ་དྲག་ཡོད་མི་སྲིད་གོམས་ཆ་ཡག་མོ་ཡོད་ཙང་། སྐུ་རྩེད་ཡིན་རྣམ་པར་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  5. རིག་རྡོ says:
    2014-04-02 at 1:27 pm

    ཐུགས་རྗེ་ཆེ།ཡོ་རུབ་ཏུ་བོད་རིགས་མང་ཤོས་ཡང་ཁྱེད་ཚོར་ཡིན་པ་ཞིག་ཐོས་ཡོད།ལས་འགུལ་ཡང་ཡག་པོ་སྤེལ་འདུག གཟི་བརྗིད་འདུག

  6. བྱམས་པ says:
    2014-04-02 at 3:31 pm

    ལགས་རེད་དེང་སང་གྲ྄་ལོག་ཨ་ལོག་མ་གཏོགས་སློབ་གྲ྄་ཐོན་པ་རེ་ཟུང་མ་གཏོགས་མང་ཆེ་བ་ནི་རང་དོན་ཁོ་ན་ལ་མགོ་འཁོར་བསྡད་ཡོད་དཔེ་ན་New York ལྟ་བུ་ལ་མཚོན་ན་ཚོགས་པ་སྐྱིད་སྡུག་ཁག་གི་ལས་མང་ཆེ་བ་དང་སྐད་འབོད་སོགས་ལས་འགུལ་ལ་བཞུགས་མཁན་བརྒྱ་ཆ་ཧ་ལམ་བརྒྱད་བཅུ་གྲ྄་ལོག་དང་ཨ་ལོག་རེད་

  7. བྱམས་པ says:
    2014-04-02 at 3:35 pm

    གཞན་ཡང་བོད་ནང་རང་ལུས་མེར་བསྲེག་འབུལ་མཁན་མང་བ་ནི་གྲ྄་བཙུན་གྱི་སྡེ་རེད

  8. བྱམས་པ says:
    2014-04-02 at 3:49 pm

    འོན་ཀྱང་མི་འབོར་གྱི་གྲང་ཚད་ལ་གྲ྄་ལོག་དང་ཨ་ལོག་ནི་བརྒྱ་ཆ་ལྔ་ཡང་ལོང་གི་མེད་ལ་བཙན་བྱོལ་སྒྲིག་ཚུགས་ཀྱི་འགྲོ་སོང་ནི་སློབ་གྲ྄་ཁག་ལ་མ་གཏོགས་གཏོང་གི་མེད་ལ་ཤེས་ཡོན་དང་དཔལ་འབྱོར་ཆབ་སྲིད་གང་ཐད་ནས་ཡར་རྒྱས་ནི་དགོན་སྡེ་ཁག་ལ་བསྡུར་ཐབས་ཡོད་མ་རེད

  9. ཤར་པ་ says:
    2014-04-02 at 5:56 pm

    ༄།་མགོ་སྐྲ་བཞར་བའི་ལས་འགུལ་་འདི་གསར་པ་མིན་པ་སྔོན་ནས་་ཡོད་ཡོད་་རེད། གདན་ས་ཆེན་པོ་གསུམ་དང་། རེས་སུ་མ་ཆད་པའི་དགོན་སྡེ་ཁག་ནས་བོད་དོན་ཐོག་སྐྲ་གཞར་ནས་ངོ་རྒོལ་བྱེདནས་་་མི་ལོ་བཅུ་ཕྲག་ལྔ་ལས་མང་བ་འགྲོ་བཞིན་ཡོད།

  10. ཤར་པ་ says:
    2014-04-02 at 6:00 pm

    ༄། ཆོས་སྡེ་ཁག་ནས་ སྐྲ་བཞར་ནས་ངོ་རྒོལ་ཙམ་མ་ཟད་། འོག་ལ་གུས་ཐུང་མ་གྱོན་ནས་ངོ་རྒོལ་བྱེད་ནས་ལོ་མང་ཕྱིན

  11. ལྡེ་མིག says:
    2014-04-04 at 11:37 pm

    བཀྲིན་ཆེ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme