Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མགོ་ལོག་འཇིགས་མེད་ཀྱིས་ཨོ་སི་ཁྲོ་ལེ་ཡའི་ནང་ཞུ་གཏུགས་ལས་འགུལ་སྤེལ།

Posted on 2016-10-132016-10-13 By ཁ་བརྡ 7 Comments on མགོ་ལོག་འཇིགས་མེད་ཀྱིས་ཨོ་སི་ཁྲོ་ལེ་ཡའི་ནང་ཞུ་གཏུགས་ལས་འགུལ་སྤེལ།

14725249_10154254059999818_709209482_oགནས་ཚུལ་མཁོ་སྤྲོད་པ། རྨེའུ་དཀོན་རྒྱམ།
 

ཨོ་སི་ཁྲོ་ལེ་ཡའི་བོད་དོན་ལས་འགུལ་ལྷན་ཁང་གིས་སིད་སུ་གནས་བཞུགས་ཆབ་སྲིད་བཙོན་ཟུར་གྲགས་ཅན་མགོ་ལོག་འཇིགས་མེད་ལགས་ཆེད་དུ་གདན་ཞུས་བྱས་ཏེ། ཕྱི་ལོ་༢༠༡༦ ཟླ་༡༠ ཚེས་༩ ཉིན་ཨོ་སི་ཁྲོ་ལེ་ཡའི་སེད་ནེ་གྲོང་ཁྱེར་གྱི་གནམ་ཐང་ལ་འབྱོར་སྐབས་སུ། བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་དང་སེད་ནེ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས། སྤྱི་ཟུར་སྒྲོལ་དཀར་སྐྱབས་སོགས་ཀྱིས་བོད་མི་མང་པོ་ཞིག་ནས་ཕེབས་བསུ་ཞུས། དེ་རྗེས་ཚེས་ ༡༡ ནས་ ཚེས་ ༡༢ བར་ཉིན་རིང་ཨོ་སི་ཁྲོ་ལེ་ཡའི་རྒྱལ་ས་ཁམ་བྷེ་ར་ནས་གཞུང་གི་ཕྱི་སྲིད་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་གི་སྡེ་ཚན་གྱི་འགན་འཛིན། དེ་བཞིན་དང་གྲོས་ཚོགས་གོང་འོག་གཉིས་ཀྱི་ཆབ་སྲིད་ཚོགས་པ་ཁག་གི་འཐུས་མི་རྣམས་ལ་མགོ་ལོག་འཇིགས་མེད་ལགས་ཁོང་རྒྱ་གཞུང་གི་བཙོན་འོག་ཏུ་ཚུད་པའི་མྱོང་ཚོར་དང་འབྲེལ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་ཆོས་ལུགས་དད་མོས་རང་དབང་ཡོད་མེད། ད་ལྟའི་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐད་ནས་བོད་དོན་ཞུ་གཏུགས་ལས་འགུལ་ཞིག་སྤེལ་སོང་།

ཞུ་གཏུགས་ལས་འགུལ་འདི་གོ་སྒྲིག་བྱེད་དགོས་པའི་དམིགས་ཡུལ་གང་ཡིན་སྐོར་བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་འགྲེལ་བརྗོད་གནད་དོན། གཙོ་བོ་བོད་ནང་གི་གནས་སྟངས་ག་རེ་ཡོད་པ། ཇི་མ་ཇི་བཞིན་ཨོ་སི་ཁྲོ་ལེ་ཡའི་གཞུང་དང་གྲོས་ཚོགས་གོང་14696876_10154254059959818_176202376_nའོག་གི་འཐུས་མི་རྣམ་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་ལ་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ག་རེ་ཡིན་པ་དངོས་ཡོད་གནས་ཚུལ་གྱི་ལམ་ནས་འགྲེལ་བཤད་གནང་སའི་སྡིངས་ཆ་ཞིག་བསྐྲུན་པ་ཡིན། གང་ཡིན་ན་ཟེར་ན། ད་སྐབས་ཨོ་སི་ཁྲོ་ལེ་ཡའི་གཞུང་ལ་རྒྱ་ནག་གཞུང་གི་ངོས་ནས་དངོས་ཤུགས་བརྒྱུད་གསུམ་ནས་ཤུགས་རྐྱེན་ཧ་ལས་པའི་ཆེན་པོ་ཞིག་སླེབས་བསྡད་ཡོད་པ་རེད། དཔེར་ན། ཆབ་སྲིད་ཚོགས་པ་ཁག་ཡིན་ནའང་འདྲ། སློབ་གྲྭ་ཆེན་མོ་ཁག་ཡིན་ནའང་འདྲ། གསར་འགྱུར་བརྒྱུད་ལམ་ཁག་ཡིན་ནའང་། མདོར་ན་རྒྱ་གཞུང་གིས་ག་དུས་ཡིན་ན། ཨོ་སི་ཁྲོ་ལེ་ཡའི་གཞུང་དང་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་འགྲོ་སོང་ཆེན་པོ་བཏང་ནས་བོད་ཀྱི་གནད་དོན་ཐད་ལ་འཁྱོག་བཤད་རྐྱང་རྐྱང་བྱས་དང་བྱེད་བཞིན་པ་ཡིན་དུས། ང་ཚོའི་ངོས་ནས་ཀྱང་དངོས་ཡོད་གནས་ཚུལ་གྱི་བདེན་པ་གང་ཡིན་པ་དེ་རྒྱུ་མཚན་ཡང་དག་གི་སྒོ་ནས་ཁུངས་སྐྱེལ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་མཐོང་གི་འདུག དེའི་ཕྱིར་ན། ཆབ་སྲིད་བཙོན་ཟུར་གྲགས་ཅན་མགོ་ལོག་འཇིགས་མེད་ལགས་སིད་སུ་ནས་ཆེད་དུ་གདན་འདྲེན་ཞུས་ནས་ཁོང་གི་མི་ཚེའི་མྱོང་ཚོར་དང་འབྲེལ་བའི་རིན་ཐང་ཅན་གྱི་ལོ་རྒྱུས་དེས་བོད་ནང་གི་གནས་སྟངས་ག་རེ་ཡིན་པ་གསལ་པོ་ཆགས་པའི་རེ་བ་ཆེན་པོ་ཡོད་སྐོར་གསུངས་སོང་།

14677854_10154254059969818_513270049_oཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་སུ་ཨོ་གླིང་གི་གཞུང་དང་གྲོས་ཚོགས། འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཁག་སོགས་ལ་ཐེངས་དང་པོར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ་སྐབས་ཀྱི་མྱོང་ཚོར་ག་རེ་བྱུང་མིན་བཅར་འདྲི་བྱེད་སྐབས་ཁོང་གིས་གསུང་དོན། ཚེས་ ༡༡ ཉིན་ཨོ་སི་ཁྲོ་ལེ་ཡའི་གཞུང་གི་ཕྱི་སྲིད་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་གི་སྡེ་ཚན་གྱི་འགན་འཛིན་དང་དྲུང་ཆེ་སོགས་ལ་མཇལ་འཕྲད་ཞུས་ཏེ་ང་རང་ལ་རྒྱ་གཞུང་གིས་ལུས་སེམས་གཉིས་ལ་མནར་གཅོད་གཏོང་སྟངས་སྐོར་ནས་ངོ་སྤྲོད་མདོར་བསྡུས་ཤིག་བྱས་རྗེས། རྒྱ་གཞུང་གི་འོག་ནས་བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་སྐོར་དང་ཆོས་ལུགས་དད་མོས་རང་དབང་མེད་སྐོར། འཛུགས་བསྐྲུན་དང་ཡུལ་སྐོར་སྤྲོ་འཁྱམ་ལ་ཁ་གཡར་ནས་བོད་ཀྱི་ཁོར་ཡུར་གཏོར་བཅོམ་བཏང་དང་གཏོང་བཞིན་པའི་གནས་བབ། དམིགས་བསལ་ཕྱི་ལོ་ ༡༩༨༦ ལོར་༸པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ཨོ་སི་ཁྲོ་སི་ལེ་ཕེབས་ཏེ་བོད་དང་ཨོ་གླིང་གཉིས་ཀྱི་བར་ལ་མཛའ་འབྲེལ་ཧ་ཅང་ཡག་པོ་བྱུང་ཡོད་རེད་དེ། རྒྱ་གཞུང་གིས་བཙོན་དུ་བཅུགས་པའི་༸པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མའི་སྐོར་ལ་ཨོ་སི་ཁྲོ་ལ་ཡའི་གཞུང་གི་ངོས་ནས་ཐུགས་འགན་ག་ཚོད་བཞེས་ཀྱི་ཡོད་མེད་སྐོར་ནས་དྲི་བ་དྲིས་པ་ཡིན་ལ། དེང་སང་དཔལ་འབྱོར་གྱི་ཕྱོགས་ནས་རྒྱ་ནག་དང་མཉམ་འབྲེལ་བྱེད་དགོས་རུང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན། འདྲ་མཉམ་སོགས་རྩིས་མེད་རྡོག་རོལ་དུ་བཏང་ནས་རྒྱ་གཞུང་གི་དཔལ་འབྱོར་བསླུ་བྲིད་འོག་མི་ཚུད་པའི་འབོད་སྐུལ་ཞུས་ཡོད། ལྷག་པར་དེང་སང་རྒྱ་གཞུང་གིས་གཏོར་བཅོམ་གཏོང་བཞིན་པའི་གསེར་རྟ་བླ་རུང་སྒར་ཆེན་གྱི་ཛ་དྲག་གི་གནས་བབ་སོགས་ཀྱི་ཐད་ནས་ཞུ་གཏུགས་གནང་ཡོད་སྐོར་གསུངས་སོང་།

གཞན་ཡང་མགོ་ལོག་འཇིགས་མེད་ལགས་ཚེས་ ༡༣ ཉིན་ཨོ་སི་ཁྲོ་ལེ་ཡའི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་མཆོག་ལ་མཇལ་འཕྲད་ཞུས་པ་དང་ཆབས་ཅིག་རྒྱལ་ས་ཁམ་བྷེ་རའི་བོད་རིགས་མཐུན་ཚོགས་ཀྱི་ཁྱབ་ཁོངས་ཀྱི་བོད་མི་རྣམས་ལ་ཁོང་གི་ལོ་རྒྱུས་དང་འབྲེལ་བའི་གསུང་བཤད་གནང་། ཡུལ་སྐོར་གྱི་ལྟེ་གནས་ཆེ་གྲས་རི་སྔོན་པོ་ཟེར་བའི་ས་གནས་དེར་བཞུགས་པའི་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་རྣམས་ལ་ཚེས་ ༡༤ ཉིན་གསུང་བཤད་གནང་རྒྱུ་རེད་འདུག ཚེས་ ༡༥ ཉིན་གཟའ་སྤེན་པ་ལ་སེད་ནེ་གྲོང་ཁྱེར་ཁུལ་གྱི་བོད་མི་རྣམས་ལ་གསུང་བཤད་གནང་རྒྱུའི་ལས་རིམ་འདུག

གསར་འགྱུར།

Post navigation

Previous Post: མང་གཙོའི་སྐོར།
Next Post: ལྟ་མགུར་དུས་ཀྱི་ཕོ་ཉ།

Comments (7) on “མགོ་ལོག་འཇིགས་མེད་ཀྱིས་ཨོ་སི་ཁྲོ་ལེ་ཡའི་ནང་ཞུ་གཏུགས་ལས་འགུལ་སྤེལ།”

  1. ཀརྡོ་རབ་འབྱམས་པ་ says:
    2016-10-15 at 7:18 pm

    རྒྱ་གཞུང་ལ་ངོ་རྒོལ་ཞིག་གི་སྐོར་ལ།
    https://www.facebook.com/india.reuters/videos/10154062261380630/?hc_ref=NEWSFEED

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-15 at 11:59 pm

    ཨ་མས་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་བདག་པོ་མེད་ཟེར་བའི་དཔེ་ལྟར་རྒྱ་ནག་ཁྲིམས་ལ་སྦྱར་ནས་བོད་ཀྱི་དཀའ་ངལ་གསེལ་ཐུབ་ནའང་རེད་རྒྱ་ནག་ལ་དམག་རྒྱབ་ནས་བོད་ཀྱི་དཀའ་ངལ་གསེལ་ཐུབ་ནའང་རེད་རྒྱ་ནག་ལ་མགོ་གུས་ནས་བོད་ཀྱི་དཀའ་ངལ་གསེལ་ཐུབ་ནའང་རེད་རྒྱ་ནག་ལ་འཐུ་རྒྱབ་ནས་བོད་ཀྱི་དཀའ་ངལ་གསེལ་ཐུབ་ནའང་རེད་རྒྱ་ནག་གྲོགས་ལ་བཀུག་ནས་བོད་ཀྱི་དཀའ་ངལ་གསེལ་ཐུབ་ནའང་རེད་དོན་དངོས་བོད་ཀྱི་དཀའ་ངལ་ཐབས་ལམ་འདྲ་མིན་རྒྱུད་ནས་སུའི་གསེལ་ཐུབ་ན་ཡང་དགའ་བསུ་ཡོད་ལ་ཐུགས་རྗེ་ཆེ་བཀྲིན་ཆེ་།

  3. ཀརྡོ་རབ་འབྱམས་པ་ says:
    2016-10-16 at 1:38 am

    ་་་་་་་་་་་ ་རྒྱ་ནག་གྲོགས་ལ་བཀུག་ནས་བོད་ཀྱི་དཀའ་ངལ་གསེལ་ཐུབ་ནའང་རེད་ ་་་་་་་་་་

  4. ཀརྡོ་རབ་འབྱམས་པ་ says:
    2016-10-16 at 1:42 am

    ང་ཚོས་ རྒྱ་ནག་ དགྲ་རུ་ བརྩིས་ནས་ རང་བཙན་ ལོན་ཐབས་ བྱས་པ་ལས། རྒྱ་ནག་ གཉེན་རུ་ བཀུག་ནས་ དབུས་ལམ་ ཞི་སྒྲིག་ འོངས་ཐབས་ལ་ ངེས་པར་དུ་ འབད་བརྩོན་ ལྷོད་་མེད་ བྱ་གལ་ཆེ་ ཞེས། ལག་གཉིས་ ཐལ་མོ་ སྦྱར་ནས་ འབོད་སྐུལ་ གྲངས་མེད་ ཞུའོ།། །།ཀརྡོས།། །།

  5. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-16 at 4:04 am

    རང་བཙན་རྩོད་ན་ནུབ་ཕྱོགས་རྒྱལ་ཁབ་དཔུང་རོགས་ལ་བཀུག་ནས་རྒྱ་ལ་ཁ་བཏད་བཅར་དགོས་པ་རེད་།
    དབུ་ལམ་ལ་འགྲོ་ན་རྒྱ་མིའི་མཉམ་མི་དང་མི་ཐུག་ནས་སྐད་ཆ་བཤད་དགོས་པ་རེད་།
    ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་བྱས་ནས་དབུ་ལམ་འཚོལ་དགོས་རེད་།
    ོབོད་མི་རིགས་ལ་རྒལ་ཚིག་དང་ཁྲག་རྩ་ཡོད་ན་རང་བཙན་སྐྱེས་པའི་ཉིན་མོ་ནས་ལྷན་སྐྱེས་སུ་ཡོད་པའི་མིའི་ཐོབ་ཐང་རེད་།
    བོད་མི་རིགས་ལ་རྒལ་ཚིག་དང་ཁྲག་རྩ་མེད་ན་རང་བཙན་བཞག་ནས་དབུ་ལམ་ལ་འགྲོ་དགོས་པ་རེད་།

    དབུ་ལམ་རྒྱུད་ནས་གཞིས་སུ་ཡོད་པའི་རྒྱ་ཆེ་ོ་བོད་མི་མང་གི་དཀའ་སྡུག་གསེལ་དགོས་པ་ལས་ཁ་དམག་ལ་འགན་འཁུར་ནས་མི་ལོ་བཅུ་ཕྲག་དྲུག་ལ་བུད་སོང་ད་དུང་བཅུ་ཕྲག་དྲུག་ལ་རྒྱང་བལྟ་བྱ་རྒྱུ་ཡིན་ནམ་།
    ི་དཀའ་སྡུག་གསེལ་དགོས་པ་རེད་།

  6. བསོད་ནམས་བཀྲ་ཤིས། says:
    2016-10-16 at 6:26 am

    གཞུང་པ་ཚེ་དབང་བསོད་ནམས། །
    ཁྱོད་ལ་སྒར་ཚིགས་ཨེ་ཡོད། །
    ཁྱོད་ལ་སྒར་ཚིགས་ཡོད་ན། །
    རང་བཙན་ཕྱོགས་ལ་ཨེ་བརྩོན། །

    ཧུན་སུར་རབ་རྒྱས་གླིང་གི །
    གཞུང་ཚེ་རྙོག་གྲ་ཚ་པོ། །
    གོ་ལི་སྒར་ན་ཡོད་དུས། །
    གཞུང་ཚེ་མི་བྱེད་དགུ་བྱེད། །

  7. ཀརྡོ་རབ་འབྱམས་པ་ says:
    2016-10-16 at 5:31 pm

    ཞི་ཅི་པིང་ཕེབས་བསུ་ལ་ངོ་རྒོལ་བྱས་པ།
    https://www.facebook.com/quintillion/videos/684387581728433/?hc_ref=NEWSFEED

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme