Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མགོ་ལོག་པདྨ་རྫོང་གི་ཉེན་རྟོགས་དཔོན་གནས་དབྱུང་བཏང་འདུག

Posted on 2012-10-20 By ཁ་བརྡ་ 25 Comments on མགོ་ལོག་པདྨ་རྫོང་གི་ཉེན་རྟོགས་དཔོན་གནས་དབྱུང་བཏང་འདུག

གནས་ཚུལ་མཁོ་འདོན་པཿ ཚངས་དབྱངས་རྒྱ་མཚོ།

ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༨ ནས་ཚེས་ ༢༦ བར་དུ་མདོ་སྨད་མགོ་ལོག་པདྨ་རྫོང་ཐོག་དང་། དེ་བཞིན་དུ་ལྕགས་རི་ཐང་ཡུལ་ཚོ། སྟག་མཁར་ཡུལ་ཚོ། གྱི་མཁར་ཡུལ་ཚོ ཡར་ཐང་ཡུལ་ཚོ་སོགས་སུ་རིམ་བཞིན་དུ་ཞི་རྒོལ་བྱས་ཏེ་ “ང་ཚོར་རང་དབང་དགོས”ཞེས་དང་། ཡང་ “ཞི་བདེའི་དེད་དཔོན་བོད་ལ་ཕེབས་པར་རང་དབང་དགོས།” ཞེས་དང་། “པཎ་ཆེན་རིན་པོ་ཆེའི་གཙོས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས།” ཞེས་སོགས་ཀྱི་འཕྲེད་དར་སྣ་ཚོགས་འཕྱར་བ་སོགས་བྱས་ཡོད་ལ། རྫོང་ཐོག་ནས་ངོ་རྒོལ་བྱེད་མཁན་ཁག་ཅིག་འཛིན་བཟུང་བྱས་ཡོད།
ས་གནས་ཉེན་རྟོགས་པས་སྐབས་དེའི་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་དག འཛིན་བཟུང་བྱེད་ངེས་ཡིན་པའི་བཀའ་རྒྱ་བཏང་ཡོད་ཀྱང། རྫོང་ཐོག་ནས་ཞི་རྒོལ་སྐབས་མི་དྲུག་འཛིན་བཟུང་བྱས་ཡོད་པ་ལས། གཞན་ད་བར་དུ་མི་སྣ་གཅིག་ཀྱང་འཛིན་བཟུང་མ་བྱས་པར་བརྟེན། ཞིང་ཆེན་དང་ཁུལ་རིམ་པས་བཀའ་རྒྱ་བཏང་ཏེ་མགོ་ལོག་པདྨ་རྫོང་གི་ཉེན་རྟོགས་མགོ་བ་དཔལ་སྟོབས་ལགས་ལ། ཁྱེད་ཀྱིས་ཟླ་ངོ་གསུམ་ནང་ཚུད་དུ་ཉེ་ཆར་ས་གནས་ནས་ཟིང་ཆ་སློང་མཁན་དག་འཛིན་བཟུང་བྱེད་དགོས། དུས་ཚོད་དེའི་ནང་ལ་ལས་འགན་དེ་མ་འགྲུབ་ཚེ་ཁོ་ལས་གནས་ནས་གནས་དབྱུང་བཏང་རྒྱུ་ཡིན་པའི་བཀའ་རྒྱ་བཏང་སྐབས། རྫོང་ཉེན་རྟོགས་དཔོན་དཔལ་སྟོབས་ལགས་ཀྱིས་ཁོ་རང་ལས་གནས་ནས་གནས་དབྱུང་བཏང་རྒྱུ་ཡིན་ན་ཐོངས། ངས་མི་གཅིག་ཀྱང་འཛིན་བཟུང་བྱེད་མི་ཐུབ་ཞེས་ལན་འདེབས་བྱས་པར་བརྟེན་ཁོ་རང་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡ ཉིན་ལས་གནས་ནས་གནས་དབྱུང་བཏང་ཡོད་འདུག
ས་གནས་མང་ཚོགས་ཀྱིས་གནད་དོན་དེ་གོ་མ་ཐག་ས་གནས་དགོན་པ་སོ་སོའི་འཐུས་ཚབ་དང་། མང་ཚོགས་ཀྱི་སྐུ་ཚབ་སོགས་ཉེན་རྟོགས་དཔོན་དཔལ་སྟོབས་སང་གི་ནང་དུ་བསྐྱོད་ནས། ཁོ་ལ་ཐུགས་རྗེའི་ལེགས་འབུལ་མཚོན་ཆེད་ཁ་བཏགས་སྒྲོན་འབུལ་དང་འཚོ་སྣོན་ལ་སྒོར་མོ་ཞལ་འདེབས་གནང་བ་སོགས་དང་། དེ་བཞིན་དུ་མགོ་ལོག་པདྨ་རྫོང་ཨ་སྐྱོང་ཇོ་ནང་དགོན་པས་དགོན་ཐོག་ཏུ་གདན་འདྲེན་ཞུས་ཏེ་ཁ་བཏགས་སྒྲོན་འབུལ་དང་། དགོན་པའི་ངོས་ནས་འཚོ་སྣོན་ཞལ་འདེབས་གནང་བ་སོགས་རྒྱབ་སྐྱོར་ཡོད་པའི་རྣམ་པ་ཤུགས་ཆེར་བསྟན་ཡོད་འདུག་ལ། ཁོ་རང་གི་ངོས་ནས་ས་གནས་མང་ཚོགས་ཚོར་མ་འོངས་པར་ལས་དོན་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་བཀའ་མོལ་གནང་ཡོད་འདུག
ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡ ཉིན་ཁོང་ཕྱིར་ཕ་ཡུལ་མགོ་ལོག་དར་ལག་ཏུ་སྐྱོད་སྐབས་ས་གནས་དགོན་སྡེ་ཁག་གི་སྐུ་ཚབ་དང་། ས་གནས་མང་ཚོགས་བཅས་ཁྱོན་རླངས་འཁོར་ཆེ་ཆུང་སུམ་བརྒྱ་མ་ཟིན་ཙམ་གྱིས་སྐྱེལ་མ་བྱས་ཡོད་འདུག་ལ། ཉིན་དེར་ཉེན་རྟོགས་དཔོན་དཔལ་སྟོབས་ལགས་ཀྱིས། བོད་ཆས་ཆ་ཚང་ཞིག་གོན་ནས་མགོ་ལོག་པདྨ་རྫོང་ནས་ཡར་སྤྱི་ལེ་སུམ་བཅུ་ཡས་མས་ཀྱི་འཚམས་ན་ཡོད་པའི་ལྕགས་རྩེ་ཞེས་ནམ་རྒྱུན་བསངས་གཏོང་སའི་ས་གནས་ཞིག་ཡོད་པ་དེ་ནས། བསངས་བཏང་ཡོད་པ་དང་། ས་གནས་མང་ཚོགས་ལ་རྗེས་ཕྱོགས་ཁྲིམས་དང་མཐུན་པའི་སྒོ་ནས་ལས་དོན་སྒྲུབ་ཕྱོགས་སྐོར་ལ་གཏན་བཤད་དང་ལམ་སྟོན་བྱས་ཡོད་འདུག

གསར་འགྱུར།

Post navigation

Previous Post: བོད་ཨ་མདོ་འབོ་ར་ནས་དེ་རིང་ཡང་རང་ལུས་མེར་བསྲེགས་བཏང་འདུག
Next Post: ཁ་བྱང་མེད་པའི་སྙན་ངག

Comments (25) on “མགོ་ལོག་པདྨ་རྫོང་གི་ཉེན་རྟོགས་དཔོན་གནས་དབྱུང་བཏང་འདུག”

  1. མཁར་རྔ། says:
    2012-10-20 at 9:17 am

    མགོ་ལོག་པདྨ་རྫོང་གི་ཉེན་རྟོགས་མགོ་བ་དཔལ་སྟོབས་ལགས་ལ་ཐུགས་རྗེ་ཆེ་ཤིན་ཏུ་ཆེ་ཞུ།
    དེ་དང་མཉམ་དུ་ས་གནས་མང་ཚོགས་དང་ཨ་སྐྱོང་ཇོ་ནང་དགོན་པ་སོགས་ལ་ཡང་ཐུགས་རྗེ་ཆེ་ཞུ།
    བཟང་ངོ་ངན་ངོ་ཤེས་ནས་གཅིག་གིས་གཅིག་ལ་རྒྱབ་བསྐྱོར་བྱས་པ་དེས་བོད་ཁམས་ཡོང་ལ་མིག་དཔེ་ལྟ་ས་ཞིག་བཞག་པ་དེ་ཐུགས་རྗེ་ཤིན་ཏུ་ཆེ།

  2. ཆུ་ཐིགས་སྔོན་མོ། says:
    2012-10-20 at 9:24 am

    དངོས་གནས་དཔའ་པོའམ་བོད་མི་རིགས་ཀྱི་ལ་ཞེན་ཡོད་མཁན་རེད་ཡ་་་་མི་འདི་འདྲའི་ཚེ་ཐག་བར་ཤོག་་་

  3. རྩ་འགབ་ཚང་། says:
    2012-10-20 at 9:40 am

    བློ་རྒྱའི་ཕོ་རྒོད་དེ་ཚོའི་རླུང་རྟ་དར་བར་ཤོག བསམ་དོན་འགྲུབ་པར་ཤོག ཁ་ལས་དགེ་པར་ཤོག

  4. རྩ་འགབ་ཚང་། says:
    2012-10-20 at 9:40 am

    བླ་རྒྱའི་་་་་་་

  5. རྩ་འགབ་ཚང་། says:
    2012-10-20 at 9:41 am

    ལ་རྒྱའི་

  6. མེ་ཏོག་དཀར་པོ། says:
    2012-10-20 at 9:54 am

    ཕོ་རྒོད་དཔལ་སྟོབས་ཁྱོད་རྒྱལ་གྱུར་ཅིག

  7. འཇམ་གཅེས says:
    2012-10-20 at 10:09 am

    ངོ་མ་དཔའ་མཛངས་གཉིས་ལྡན་ཀྱི་འགོ་ཁྲིད་ཞིག་ཡིན་ངེས་རེད། ངོ་མ་ཨ་མའི་བུ་རྒོད་ཟེར་ན་དེ་འདྲ་ལོས་ཡིན།

  8. ཀླུ་སྨྱོན། says:
    2012-10-20 at 11:03 am

    སེང་དཀར་མོའི་གཡུ་རལ་མེ་རུ་འབར། །
    མེར་མ་འབར་སྟོང་གསུམ་འཇིགས་པར་གསིགས། །
    སེང་དཀར་མོའི་མཆེ་སྡེར་ཞི་བར་བསྐུམས། །
    ཕྱིར་ཕྱུངས་ནས་དགྲ་བོའི་སྙིང་ཤ་ཟོ། །

  9. བསྟན་འཛིན། says:
    2012-10-20 at 11:21 am

    གནས་ཚུལ་དེ་བདེན་ངོ་མ་ཡིན་ན་གངས་ཅན་པར་ཞེན་པ་དཀར་བའི་བོད་རིགས་ལས་བྱེད་པ་དག་གིས་ལར་རྒྱལ་གྱི་ལོ་རྒྱུས་གསར་པ་ཞིག་མངོན་དུ་གྱུར་པ་ཡིན་གྱི་རེད། ཡག་ཡག། གཏམ་དེ་བཟང་། མི་དེ་ཚོའི་རིགས་ནི་དལ་འབྱོར་དོན་ཡོད་ཡིན་ངོ་མ་རེད།

  10. བོད་ལ་ཞེན། says:
    2012-10-20 at 12:06 pm

    རེད། ང་ཚོ་བོད་རིགས་རྒྱའི་ལས་བྱེད་པ་དང་དཔོན་རིགས་མང་པོ་ཡོད་པས་ཚང་མ་ཁོང་ནང་བཞིན་གནང་ཐུབ་ན་ཅི་མ་རུང་།

  11. གཡུ་བྲག་པ says:
    2012-10-20 at 12:15 pm

    ཁོང་ནང་བཞིན་ཚང་མའི་ལས་གནས་ཤོར་ན་གང་དྲག

  12. འཇིགས་མེད་འོད་ལྡན says:
    2012-10-20 at 12:17 pm

    དངོས་གནས་དཔའ་མཛངས་རྟུལ་ཕོད་ཀྱི་བདག་པོ་དཔལ་སྟོབས་ལགས་ཀྱི་བྱེད་ལས་ལ་མངོན་པར་བསྟོད།
    ས་གནས་མང་ཚོགས་ལ་རྗེས་ཕྱོགས་ཁྲིམས་དང་མཐུན་པའི་སྒོ་ནས་ལས་དོན་སྒྲུབ་ཕྱོགས་སྐོར་ལ་གཏན་བཤད་དང་ལམ་སྟོན་བྱས་ཡོད་འདུག
    ལམ་སྟོན་འདི་བོད་མི་ཚང་མའི་ཡིད་ལ་འཇགས་རོགས་ཞེས་ཞུ་འདོད་བྱུང་། དཔལ་སྟོབས་ལགས་སུ་ཐུགས་རྗེ་སྟོང་གི་ལེགས་གསོལ་ཞུ།

  13. མེ་ཏོག་ལྷ་མཛེས། says:
    2012-10-20 at 9:38 pm

    གནས་ཚུལ་འདི་བོད་ཀྱི་དུས་བབ་ཏུ་མ་ཐོན་པ་ཅི་ཡིན་ནམ

  14. རྣ་བ་བརྒྱད་པ་ says:
    2012-10-20 at 11:28 pm

    བཀྲ་ཤིས་བདེ་ལེགས་དཔལ་སྟོབས་ལགས། ཐུགས་རྗེ་ཆེ། ཡག་པོ་འདུག་ངོ་ནས་ལྷག་བསམ་དང་སེམས་ཤུགས་འདིས་གཞན་ལ་མིག་དཔེ་བསྟན་སོང་ཡ། ད་ཡིན་ན་སྐུ་དྲག་བྱམས་པ་ལགས་ལ་བཟོ་ལྟ་བཟོས་སོང།ཧཧ་་ཧཧ

  15. ཉི་འོད་གྲོངས says:
    2012-10-21 at 2:17 am

    ཁ་བརྡ་དྲ་བ་དང་དུས་བབས་བང་ཆེན་བཅས་བཀོད་ཡག་རག་ན་དགའ་དགའ་འདྲ་བོ་འདུག་ཀྱང་བོད་མི་་རྣམས་རྒྱ་མིའི་ལག་རྩིས་སྤྲོད་མཁན་འདྲ་བོ་འདུག། གནས་ཚུལ་དེ་ཚོ་ཕྱིར་སྒྲོག་བྱས་ཚེ་གནས་དབྱུང་གཏང་བའི་མི་དེའི་གནས་བབས་བསམ་ནོ་མ་གཏང་བ་འདྲ་བོ་ཞིག་མི་འའདུག་གེ། འདྲིའི་མང་པོ་ཞིག་བྱས་ནས་བོད་མི་ཉུང་ཞིག་བཙོན་དུ་ཚུད་ཡོད་ཡོད་རེད།

  16. ཉི་འོད་གྲོངས says:
    2012-10-21 at 2:21 am

    ཁོང་གི་ལ་རྒྱ་དང་ལྷག་བསམ་ལ་སྙིང་ནས་ཡིད་རང་ཞུ་ངོ་མ་ཡིན

  17. ཀརྡོ་གཉེར་ཕྱག་པ་ says:
    2012-10-21 at 2:38 am

    རང་དབང་དགོས།

    བཅུད་བོད་མིར་འགྲོ་བ་མིའི་གཞི་རྩའི་དབང་དགོས།
    སྣོད་བོད་ཀྱི་ཁོར་ཡུག་ལ་རང་དབང་དགོས།
    ཞི་བདེའི་དེད་དཔོན་༸གོང་ས་མཆོག་བོད་ལ་ཕེབས་པའི་རང་དབང་དགོས།
    ༸པཎ་ཆེན་བསྟན་དགེ་རིན་པོ་ཆེའི་གཙོས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གྱི་རང་དབང་དགོས།
    བོད་ཀྱི་སྐད་ཡིག་གི་རང་དབང་དགོས།
    ཆོས་དད་ཀྱི་རང་དབང་དགོས།
    བོད་ཀྱི་སྒྲུ་རྩལ་ལ་རང་དབང་དགོས།
    བོད་མིའི་གསར་འགྱུར་གྱི་རང་དབང་།
    ཆོལ་གསུམ་འགྲོ་སྡོད་ཀྱི་རང་དགོས།
    བོད་མི་ཕྱི་རྒྱལ་ལ་འགྲོ་འོང་གི་རང་དབང་དགོས།

  18. ཀརྡོ་གཉེར་ཕྱག་པ་ says:
    2012-10-21 at 2:41 am

    ༼བོད་མིའི་༽ཆོས་དད་ཀྱི་རང་དབང་དགོས།
    བོད་ཀྱི་༼སྒྱུ་༽རྩལ་ལ་རང་དབང་དགོས།
    བོད་མིའི་གསར་འགྱུར་གྱི་རང་དབང་༼དགོས་༽།
    ཆོལ་གསུམ་འགྲོ་སྡོད་ཀྱི་༼ཆ་ཚང་༽རང་དགོས།
    བོད་མི་ཕྱི་རྒྱལ་ལ་འགྲོ་འོང་གི་རང་དབང་དགོས།

  19. ཀརྡོ་གཉེར་ཕྱག་པ་ says:
    2012-10-21 at 2:50 am

    བོད་མིར་ཐོབ་ཐང་དགོས།

    འགྲོ་བ་མིའི་ཐོབ་ཐང་དགོས།
    སྐད་ཡིག་གི་ཐོབ་ཐང་དགོས།
    ཆོས་དད་ཀྱི་ཐོབ་ཐང་དགོས།
    ཤེས་ཡོན་གྱི་ཐོབ་ཐང་དགོས།
    ཁོར་ཡུག་གི་ཐོབ་ཐང་དགོས།
    འགྲིམ་འགྲུལ་ཐོབ་ཐང་དགོས།
    ཆབ་སྲིད་ཀྱི་ཐོབ་ཐང་དགོས།
    ཁྲིམས་ལུགས་ཀྱི་ཐོབ་ཐང་དགོས།

  20. ཁྱུང་དཀར says:
    2012-10-21 at 4:02 am

    གུས་བཀུར་དང་བཅས་ཁོང་ལྟ་བུའི་རུས་ཞེན་ཅན་གྱི་མི་བུ་གང་མང་མང་ཐོན་བསམ་ཀི

  21. ཁྱུང་དཀར says:
    2012-10-21 at 4:03 am

    ཐོན་ན་བཅོས་རོགས།

  22. མགོན་པོ། says:
    2012-10-21 at 4:14 am

    ཁམས་མགོ་ལོག་པད་མ་ནི་དཔའ་བོའི་ཕ་ཡུལ་རེད།

  23. མེ་ཏོག་དཀར་པོ། says:
    2012-10-21 at 4:59 am

    བོད་མགོ་ལོག་པདྨ་རྫོང་དཔའ་བོའི་ཡུལ་ཡིན་པ་སྔ་ནས་ཤེས།

  24. འཇམ་གཅེས says:
    2012-10-21 at 5:11 am

    མཆན་༢༢པར་འདོགས་མཁན་མགོན་པོ་ཟེར་ཡག་འདིའི་མགོ་ལོག་མདོ་སྟོད་སྨད་གང་ནས་ཡིན་མི་ཤེས་པ་འདྲ་འདུག །མ་ཤེས་ན་ཁག་མེད་གཞན་ལ་དྲིས་ཤིག །

  25. ནོར་ལོངས་ཚང། says:
    2012-10-26 at 4:41 pm

    བོད་པའི་སྤྱི་ཚོགས་ན་དཔའ་བོ་དེ་རིགས་དཀོན། དོན་མེད་རྒྱ་ཡི་རྒྱུགས་ཁྱི་མང། གངས་ཅན་པའི་ལས་དབང་ག་ཚོད་བར་ཁྱོལ་ཡོང། ཨ་ཁ་ཁ་ ངོ་མ་ཡིད་རེ་སྐྱོ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme