Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མགོ་ཁྲིད་ལས་བྱེད་པས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས་པ།

Posted on 2010-10-272010-10-27 By འཚོ་བྱེད་བུ 2 Comments on མགོ་ཁྲིད་ལས་བྱེད་པས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས་པ།

མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་རྒྱ་ནས་བཏུས

དུས་ཚོད་། ༢༠༡༠-10-27 10:07:46.0

ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན། ཧྲིན་ཀྲང་གཞོན་པ་ཀའོ་ཡུན་ལུང་གིས་མགོ་འཛིན་བྱས་ཏེ་མགོ་ཁྲིད་ལས་བྱེད་པས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གཏམ་བཤད་གནང་། ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་ཞིང་ཕྱུགས་ཐིན། ཞིང་ཆེན་དབུལ་སྐྱོར་ཅུའུ། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་། ཞིང་ཆེན་ཚན་རྩལ་མཐུན་ཚོགས། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས།


ཚང་མས་གཅིག་གྱུར་གྱིས་བལྟས་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ནི་རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་འགག་གི་སྐབས་སུ་བསྡུས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་ཡིན་ལ། ཚོགས་ཐོག་ནས་དུས་རབས་གསར་བའི་ཚུན་ལ་རང་ཞིང་གིས་སློབ་གསོའི་ལས་དོན་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་དང་ཉམས་མྱོང་བཟང་པོ་སྤྱི་སྡོམ་ནན་མོ་བྱས་པ་དང་། གནས་པའི་གནད་དོན་གཙོ་བོར་དངོས་ཐོག་བདེན་འཚོལ་སྒོས་དབྱེ་ཞིབ་བྱས་ཤིང་། རྗེས་ཕྱོགས་ཀྱི་ལོ་བཅུའི་རང་ཞིང་གི་སློབ་གསོའི་ལས་དོན་གྱི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་རླབས་ཆེན་དམིགས་འབེན་ལ་ཚན་རིག་དང་མཐུན་པར་འཆར་འགོད་བྱས་པས། རང་ཞིང་གི་སློབ་གསོའི་ལས་དོན་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་དང་། མཆོང་སྐྱོད་སྒོས་འཕེལ་རྒྱས་སུ་གཏོང་བ། ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་གཏོང་བ་བཅས་ལ་ལོ་རྒྱུས་ཀྱི་ཤན་ཤུགས་ཟབ་མོ་ཐེབས་ངེས་པར་འདོད། ཚང་མས་ལང་ལོང་སྒོས་བཤད་རྒྱུར། མགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་སྣེ་ཁྲིད་དེ་ཚོགས་འདུའི་དགོངས་དོན་དྲིལ་སྒྲོག་དང་ལག་བསྟར་བཟང་པོ་བྱས་ཏེ། སློབ་གསོའི་ལས་དོན་གྱིས་རང་ཞིང་གི་འཕེལ་རྒྱས་བཞི་ལ་ཞབས་འདེགས་ཞུ་བར་ཡར་སྐུལ་བྱེད་པའི་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་ཟེར།
ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཕུར་བས་བཞུགས་མོལ་བྱེད་སྐབས་བཤད་རྒྱུར། རང་ཞིང་ནི་དཔལ་འབྱོར་དར་རྒྱས་མིན་པའི་ཞིང་ཆེན་ཞིག་ཡིན་པས། སློབ་གསོ་སྤེལ་དཀའ་ལ་མི་རིགས་སློབ་གསོ་དེ་བས་ཀྱང་སྤེལ་དཀའ། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱིས་དེའི་ཐད་ཀྱི་དཀའ་གནད་ལ་དབྱེ་ཞིབ་གསལ་བོ་བྱས་ཡོད་པ་དང་། བརྒལ་གཏོར་བྱེད་ས་ཡང་དག་པར་བདམས་ཡོད་ལ། ཁ་ཕྱོགས་གསལ་བོར་བསྟན་ཡོད་པ་དང་། དམིགས་འབེན་གཏན་ཁེལ་བྱས་ཡོད། ལྷག་པར་དུ་ཚོགས་ཐོག་ནས་བཏོན་པའི་མི་རིགས་སློབ་གསོ་དང་སྐད་གཉིས་སློབ་གསོའི་མཛུབ་སྟོན་བསམ་བློ་དང་འབད་འཐབ་དམིགས་འབེན། གཞི་རྩའི་རྩ་དོན་བཅས་ཧ་ཅང་ཡང་དག་པ་ཡིན་ལ། རང་ཞིང་གི་དོན་དངོས་དང་མཐུན། མི་རིགས་སློབ་གསོ་དང་སྐད་གཉིས་སློབ་གསོའི་བྱ་བར་རིགས་བཀར་ཏེ་མཛུབ་སྟོན་དང་ས་ཁུལ་བགོས་ཏེ་སྐུལ་འདེད། གོ་རིམ་དབྱེ་ནས་ལག་བསྟར་བཅས་བྱེད་དགོས་པ་ལས་དབྱེ་བ་མི་འབྱེད་པར་གཅིག་མཚུངས་ཀྱི་བྱེད་ཐབས་སྤྱོད་མི་རུང་། ཚན་རིག་དང་མཐུན་ཞིང་འོས་འཚམ་ཡིན་པའི་གདེང་འཇོག་བྱེད་ལུགས་གཏན་འབེབ་བྱས་ཏེ། ས་ཁུལ་མི་འདྲ་བར་གདེང་འཇོག་ཀྱི་ཚད་གཞི་མི་འདྲ་བ་སྤྱད་ནས། མི་རིགས་སློབ་གསོ་དང་ལྷག་པར་དུ་སྐད་གཉིས་སློབ་གསོའི་བྱ་བ་སྤེལ་བར་ཕན་འདོགས་དགོས་ཟེར།
ཞིང་ཆེན་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་བློ་བཟང་ཟླ་བས་བཞུགས་མོལ་བྱེད་སྐབས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་སྟེང་བཏོན་པའི་སྐད་གཉིས་སློབ་གསོའི་དམིགས་འབེན་དང་ཁ་ཕྱོགས་ནི་ཧ་ཅང་ཡང་དག་པ་ཡིན་པ་དང་། དོན་དངོས་ལ་རྐང་བཙུགས་ཡོད་པར་མ་ཟད་མ་འོངས་པར་ཁ་ཕྱོགས་ཡོད་པས། ངེས་པར་དུ་ལག་བསྟར་ནན་མོ་བྱེད་དགོས། གྲངས་ཉུང་མི་རིགས་ཡིན་པའི་ཆ་ནས་རྒྱལ་ཁབ་ཀྱིས་གཅིག་གྱུར་དུ་སྤྱོད་པའི་སྐད་རིགས་སློབ་སྦྱོང་བཟང་པོ་བྱེད་དགོས་པར་མ་ཟད། མི་རིགས་རང་གི་སྐད་རིགས་ལའང་སློབ་སྦྱོང་བཟང་པོ་བྱེད་དགོས་ཟེར།
ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་པན་ཁོ་ཡིས་བཞུགས་མོལ་བྱེད་སྐབས་བཤད་རྒྱུར། རྒྱལ་ཁབ་ཀྱིས་གཅིག་གྱུར་དུ་སྤྱོད་པའི་སྐད་རིགས་སློབ་སྦྱོང་བཟང་པོ་བྱེད་པ་དེ་མི་ཞིག་ཡར་ཐོན་འབྱུང་བར་ཧ་ཅང་གལ་ཆེ་བ་དང་། རྒྱལ་ཁབ་ཀྱིས་གཅིག་གྱུར་དུ་སྤྱོད་པའི་སྐད་རིགས་མ་སྦྱངས་ན་རྒྱལ་ཡོངས་སུ་ཁ་ཕྱོགས་མི་ཐུབ་ལ། རྒྱལ་ཁབ་ཀྱིས་གཅིག་གྱུར་དུ་སྤྱོད་པའི་སྐད་རིགས་ལ་སློབ་སྦྱོང་བཟང་པོ་བྱེད་པ་ནི་དངོས་ཡོད་ཀྱི་དགོས་མཁོ་ཡིན། གནས་སྐོར་དང་ཚོང་དོན། སྤྱི་པའི་བྱ་འགུལ་བཅས་སྤེལ་སྐབས་རྒྱལ་ཁབ་ཀྱིས་གཅིག་གྱུར་དུ་སྤྱོད་པའི་སྐད་རིགས་དང་འབྲལ་ཐབས་མེད་པ་དང་། ཚོང་རའི་དཔལ་འབྱོར་ཁྲོད་དུ་དེ་བས་ཀྱང་རྒྱལ་ཁབ་ཀྱིས་གཅིག་གྱུར་དུ་སྤྱོད་པའི་སྐད་རིགས་ལ་སློབ་སྦྱོང་བཟང་པོ་བྱེད་དགོས། མི་རིགས་ས་ཁུལ་གྱིས་མི་རིགས་ཀྱི་སྐད་རིགས་ལ་སློབ་སྦྱོང་བཟང་པོ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བ་དང་། མི་རིགས་ཀྱི་སྐད་རིགས་ལ་སློབ་སྦྱོང་བཟང་པོ་མ་བྱས་ན་ཕུལ་དུ་བྱུང་བའི་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་ཐབས་བྲལ་ལ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་བཟང་པོའི་སྒོ་ནས་ཞབས་འདེགས་ཀྱང་ཞུ་ཐབས་མེད་ཟེར།
ཞིང་ཆེན་སློབ་གསོ་ཐིན་གྱི་ཐིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་བཞུགས་མོལ་བྱེད་སྐབས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་སྟེང་བཏོན་པའི་སྐད་གཉིས་སློབ་གསོའི་ཁ་ཕྱོགས་དང་དམིགས་འབེན། རྩ་དོན་བཅས་ནི་ཧ་ཅང་ཡང་དག་པ་ཡིན་པས། ང་ཚོས་ངེས་པར་དུ་སྔར་ལས་ནུས་པ་ལྡན་ཞིང་གོ་རིམ་ཡོད་ལ་བརྟན་བརླིང་ཡིན་པའི་སྒོ་ནས་དེ་ལག་བསྟར་བྱེད་དགོས་པ་དང་། ང་ཚོས་ངེས་པར་དུ་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བཟང་པོ་དང་དྲིལ་སྒྲོག་བཟང་པོ། ལག་བསྟར་བཟང་པོ་བཅས་བྱེད་དགོས་ཟེར།
ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱས་ཏེ། མི་རིགས་སློབ་གསོའི་བྱ་བ་དང་སྐད་གཉིས་སློབ་གསོའི་བྱ་བར་སྔར་ལས་ཤུགས་བསྣན་ཏེ་ལེགས་བཅོས་བྱེད་པའི་ཐད་ནས། ཧྲིན་ཀྲང་གཞོན་པ་ཀའོ་ཡུན་ལུང་གིས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་དང་རང་ཞིང་གི་སློབ་གསོའི་འཆར་འགོད་རྩ་གནད་ཀྱི་ནང་དོན་ལ་ཆ་ཚང་ཞིང་ཡང་དག་པའི་གོ་བ་ལེན་དགོས། གཅིག་ནས་སློབ་གསོ་དེ་སྔོན་ལ་འཕེལ་རྒྱས་སུ་གཏོང་བའི་གོ་གནས་སུ་འཇོག་དགོས། གཉིས་ནས་མི་སྣ་སྐྱེད་སྲིང་བྱེད་པ་དང་སློབ་མ། དགེ་རྒན་བཅས་རྩ་བར་འཛིན་དགོས། གསུམ་ནས་བཅོས་སྒྱུར་དང་གསར་སྐྲུན་སྒུལ་ཤུགས་སུ་བརྩི་དགོས་པ་དང་། ངེས་པར་དུ་བཅོས་སྒྱུར་གྱི་བསམ་བློ་ཡོད་དགོས། འདི་ལྟར་བྱས་ན་རྒྱལ་སྤྱི་ཅན་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཅན། མི་ཤུགས་ཐོན་ཁུངས་ཀྱི་རྒྱལ་ཁབ་སྟོབས་ཅན་བཅས་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་ཐུབ། བཞི་ནས་འདྲ་མཉམ་ཡོང་བར་བྱེད་རྒྱུ་དེ་གཙོ་གནད་དུ་འཛིན་དགོས་ཏེ། སྲིད་ཇུས་དང་བྱེད་ཐབས་གཏན་འབེབ་བྱེད་པའི་ཐད་ནས་དར་རྒྱས་ཆེ་བའི་ས་ཁུལ་དང་རྗེས་ལུས་ས་ཁུལ་གཉིས་ཀྱི་སློབ་གསོའི་འཕེལ་རྒྱས་ལ་བསམ་བློ་གཏོང་དགོས་པ་དང་། མཁར་གྲོང་སློབ་གསོའི་འཕེལ་རྒྱས་ལ་བསམ་བློ་གཏོང་བ་སོགས་བྱེད་དགོས། ལྔ་ནས་རྒྱུ་སྤུས་ཇེ་བཟང་དུ་གཏོང་རྒྱུ་དེ་སྲོག་ཤིང་དུ་འཛིན་དགོས། དེས་མི་ཚད་སློབ་གསོའི་ཐད་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་དགོས་ཞེས་བསྟན་ཡོད་པས། ང་ཚོས་དེའི་ངོ་བོར་ཕྱོགས་ཡོངས་ནས་གོ་བ་བླངས་ཏེ་ཡོངས་སུ་ཤེས་པར་བྱེད་དགོས། ཡོངས་སུ་ཤེས་པར་བྱས་ན་ད་གཟོད་འཆལ་གཏམ་འགོག་ཐུབ་པ་དང་། བདེན་རྫུན་འབྱེད་ཐུབ་ལ། དོགས་གཞི་སེལ་ཐུབ། བོད་སྐད་ནི་སྐད་རིགས་ཡག་པོ་ཞིག་ཡིན་པས། བོད་སྐད་ཀྱི་སློབ་སྦྱོང་དང་ཞིབ་འཇུག་ལ་ཤུགས་བསྣན་ནས། བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས། ཏང་དང་སྲིད་གཞུང་གིས་སློབ་མ་སུ་ཞིག་ལའང་བཙན་གྱིས་ཕ་སྐད་སྦྱོང་མཚམས་འཇོག་ཏུ་འཇུག་མི་སྲིད་ལ། སྐད་གཉིས་སློབ་ཁྲིད་སྤེལ་སྐབས་སློབ་མ་རེ་རེའི་འདོད་བློར་བརྩི་འཇོག་བྱེད་ངེས་ཡིན་ཟེར།
མཇུག་མཐར་ཀའོ་ཡུན་ལུང་གིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་དང«ཉིས་སྟོང་བཅུ་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་རིང་འབྲིང་གི་སློབ་གསོའི་བཅོས་སྒྱུར་དང་འཕེལ་རྒྱས་འཆར་འགོད་རྩ་གནད»ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཏེ་གོ་བ་ཡང་དག་ལེན་པ་དང་། སྣེ་ཁྲིད་དེ་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་དང«ཉིས་སྟོང་བཅུ་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་རིང་འབྲིང་གི་སློབ་གསོའི་བཅོས་སྒྱུར་དང་འཕེལ་རྒྱས་འཆར་འགོད་རྩ་གནད»སློབ་སྦྱོང་དང་དྲིལ་སྒྲོག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་ངེས་ཤེས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་གི་སྟེང་གཅིག་གྱུར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྟོབས་ཤུགས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་སྟེང་དུ་གཅིག་གྱུར་བྱས་ཏེ། རང་གི་བྱ་སྤྱོད་དངོས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་སྟེང་བཏོན་པའི་འབད་འཐབ་ཀྱི་དམིགས་འབེན་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་རེ་བ་བཏོན།

ལོ་ཙཱ་བ། ཕྱུག་ལོ།

http://www.qhtb.cn/news/news_view.jsp?id=20885&zt=0

གསར་འགྱུར།

Post navigation

Previous Post: ལྟོ་ཆེད་དུ་ཡིན་ཚེ། སྐད་ཡིག་ལ་ཁྱད་པར་མེད།
Next Post: ༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེའི་བཀའ་ཆོས་དང་རྫོང་སར་སྨོན་ལམ།

Comments (2) on “མགོ་ཁྲིད་ལས་བྱེད་པས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས་པ།”

  1. བཀྲ་ཤིས་དོན་གྲུབ། says:
    2010-10-28 at 11:11 am

    འདི་སང་གིས་ཀྱང་ནག་ཉེས་དེ་དངོས་ལེན་བྱེད་མི་སྲིད། ང་གནས་སའི་འཁོར་ཡུག་གིས་ཀྱང་ནག་ཉེས་དངོས་ལེན་མི་བྱེད་པར་ད་དུང་དེ་ཡང་དག་པ་ཡིན་བའི་བཙན་བཀའ་གཏོང་གི་རེད། འདིའི་རིགས་ལ་གཉོམ་ཆུང་ནུས་མེད་ཀྱིས་ནུས་པ་ཐོན་མི་སྲིད།

  2. ཀླུ་སྨྱོན། says:
    2010-10-28 at 10:31 pm

    རྔ་མ་འདི་ཚོས་ཡང་དག་པ་ཡང་དག་པ་ཡང་དག་པ་ཞེས་ཡང་དང་སྐྱར་དུ་བཟླས་པའི་རྒྱུ་མཚན་ཤེས་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme