Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཁའ་འགྲོ་དགྱེས་པའི་གད་རྒྱང་མི་རྐང་གླིང་བུ་ཞེས་བྱ་བ། །

Posted on 2010-11-102010-11-10 By ཁ་བརྡ་ 2 Comments on མཁའ་འགྲོ་དགྱེས་པའི་གད་རྒྱང་མི་རྐང་གླིང་བུ་ཞེས་བྱ་བ། །

e0beb0ཤྲྰི་སྨྱོན་ཨེ་མ་ཧོས།

ན་མོ་གུ་རུ་བུདྡྷ་ཛྙྰ་ན་པདྨ་ཀ་ར་ཡེ། །

ལྷན་སྐྱེས་ཆོས་སྐུའི་མཁའ་འགྲོ་ཀུན་བཟང་གི་བདག་མོ། །
སྔགས་སྐྱེས་ལོངས་སྐུའི་མཁའ་འགྲོ་བདེ་ཆེན་གྱི་རྒྱལ་མོ། །
ཞིང་སྐྱེས་སྤྲུལ་སྐུའི་མཁའ་འགྲོ་རྣམ་འདྲེན་གྱི་དབང་མོ། །
ཡེ་ཤེས་མཁའ་འགྲོའི་ཚོགས་ལ་སྒོ་གསུམ་གྱིས་འདུད་དོ། །

བཅོམ་ལྡན་ཐུབ་དབང་ཀུན་བཟང་ཆོས་མཆོག་གི་རྒྱལ་པོ། །
རྡོ་རྗེ་འཆང་དབང་ཕྱོགས་དུས་རྒྱལ་སྲས་ཀྱི་བདག་པོ། །
པདྨ་ཀ་ར་གསང་ཆེན་རིག་འཛིན་གྱི་དཔང་པོ། །
ཀུན་འདུས་བླ་མ་ཡིད་བཞིན་ནོར་བུ་ལ་འདུད་དོ། །

དཀོན་མཆོག་རིན་ཆེན་གསུམ་གྱི་སྣང་བ་དང་མ་བྲལ། །
ལྷར་བཅས་འགྲོ་བའི་མཆོད་གནས་སྡོམ་གཙང་གི་སྐྱ་སེར། །
ང་རྒྱལ་ངོམ་ཆོས་མེད་པའི་འདོད་ཆུང་གི་བླ་མ། །
གསུམ་ལྡན་རྡོ་རྗེ་འཛིན་རྣམས་སྙིང་དབུས་ནས་འདུད་དོ། །

ཉེར་གཅིག་ཏྰ་ར་ལ་སོགས་ཡེ་ཤེས་ཀྱི་མཁའ་འགྲོ། །
ཞིང་སྐྱེས་སྤྲུལ་པའི་ཚོགས་ལ་སྒོ་གསུམ་གྱིས་བཏུད་ནས། །
མཁའ་མཉམ་འགྲོ་བའི་ལས་ཉོན་གཞན་དབང་གི་སེམས་ཅན། །
མི་ཚངས་སྤྱོད་པའི་སྒྲིབ་གཉིས་རྣམ་དག་ཏུ་སྨོན་ནོ། །

ཉོན་མོངས་རང་མཚན་སྤངས་པ་མཁས་གྲུབ་ཀྱི་ཁྱད་ཆོས། །
དུག་ལྔ་ཅི་དགར་སྤྱོད་པ་སྤྱི་མཐུན་གྱི་འགྲོ་དྲུག །
ལྟ་བ་མ་རྟོགས་ཐོ་ཅོའི་སྤྱོད་པ་དག་མཐོང་ཚེ། །
ཐོལ་བྱུང་དོ་ཧ་མི་འཐེན་རང་དབང་ཞིག་མ་བྱུང་། །

ཐེག་ཆེན་སེམས་བསྐྱེད་འགྲོ་དྲུག་ཕ་མ་ཡི་རང་བཞིན། །
མ་ཤེས་དྲིན་དྲན་མན་ངག་བདུན་ལྡན་ཞིག་མཁྱེན་ན། །
མ་རྒན་མི་ཚངས་སྤྱོད་པ་དུད་འགྲོ་ཡི་ངང་ཚུལ། །
བསམ་ན་ཚངས་སྤྱོད་གནས་པར་དཀའ་ལས་རང་མེད་ཐལ།

གསང་ཆེན་བསྟན་པར་མ་མོ་མཁའ་འགྲོ་ཞེས་སྣང་བར། །
དག་མཉམ་བདེན་པས་སྣང་གྲགས་རིག་པ་རུ་གོ་བས། །
བསྐྱེད་རྫོགས་དམ་པས་སྣང་སྲིད་རྣལ་འབྱོར་ལ་སྤྱོད་པ། །
ཐབས་ལམ་ཟླ་བྲལ་སྤྱོད་ན་བླ་མེད་ཀྱི་བརྟུལ་ཞུགས། །

དངོས་རིག་ལས་ཀྱི་ཕྱག་རྒྱའི་གསང་ལམ་ཞིག་ཡོད་ཀྱང་། །
སྙིགས་དུས་བསོད་ནམས་ཟད་པའི་སྐལ་ངན་ཚོ་བསམ་ཚེ། །
བདུད་བཞིའི་གཞན་དབང་མ་གྱུར་འཕགས་ཆེན་རྣམས་མ་གཏོགས། །
བདེ་ཆེན་ཡེ་ཤེས་བརྙེས་པར་ཉིན་སྐར་ལས་དཀོན་ཐལ། །

འདུལ་ཁྲིམས་བསྟན་པ་ཉམས་པའི་དུས་ངན་གྱི་སྐབས་སུ། །
འདུལ་ལུང་སྡེ་བཞི་སྒྲུང་གཏམ་ཡམས་ལ་བཞག་ནས། །
དགའ་བྲིད་བདུད་ཀྱིས་བསླུས་པ་ཉུང་ཉུང་ཞིག་མ་མཐོང་། །
རྒྱལ་འགོང་དམ་སྲིའི་བསླུས་པའི་རང་རྟགས་ཞིག་སྟོན་ཐལ། །

སྐད་ཅིག་ཟག་བདེའི་འདོད་པ་ཡིད་ཡུལ་ལ་བླངས་ནས། །
གྲངས་མེད་བསྐལ་བའི་ངན་སོང་སྡུག་བསྔལ་དེ་བརྗེད་ན། །
དྲན་ཤེས་བག་ཡོད་ཉམས་པའི་ཚུལ་འཆལ་དུ་ཐལ་བས། །
ལྷ་བདུད་གང་སྣང་རང་བློ་རང་ཉིད་ལ་དྲིས་ཞིག །

འཁོར་བར་དགྲ་བགེགས་མཐོང་བའི་ངེས་འབྱུང་ཞིག་མེད་ན། །
མྱང་འདས་སྐུ་ཆས་གྱོན་པ་རྟགས་ཙམ་གྱི་བསྟན་འཛིན། །
འདོད་སྲེད་མེ་ལྟར་འབར་བའི་ལས་ཉོན་ལ་བསམ་ཚེ། །
ཐབས་གྲོལ་ཡེ་ཤེས་ཡོད་མེད་ལྐོག་གྱུར་ཞིག་མིན་ཐལ། །

འདོད་ཆགས་ལས་ཀྱི་རྒྱ་མཚོ་ཆེས་ཆེར་རུ་འཕེལ་ནས། །
འདོད་རྔམས་ལན་ཚྭའི་ཆུ་བཞིན་ངོམས་མེད་དུ་སྤྱོད་ན། །
མུ་མེད་འཁོར་བའི་གནས་ལས་ཐར་ཐབས་ཞིག་མེད་པས། །
རང་ཉིད་རང་གིས་བསླུ་བའི་མགོ་སྐོར་དེ་མ་གནང་། །

ཞེན་འཛིན་ཆགས་པའི་སེམས་ཀྱི་ཨ་ལུང་གི་རྟེན་འབྲེལ། །
དགའ་བྲིད་བདུད་ཀྱི་ལྕགས་ཀྱུས་དབང་མེད་དུ་བཟུང་བས། །
གཟུང་འཛིན་ལྕགས་སྒྲོགས་དམ་པོས་གཞན་དབང་དུ་གྱུར་ནས། །
ཉེ་འཁོར་བཅུ་དྲུག་འདམ་དུ་དྲངས་བར་རང་འགྱུར་རོ། །

ཐར་མེད་འཁོར་བའི་རྒྱ་མཚོ་སྡུག་བསྔལ་གྱི་དོང་རིང་། །
མི་འདོད་རང་གིས་ཉོས་པའི་རྣམ་སྨིན་དེ་མྱོང་ཚེ། །
ཤུགས་དྲག་འགྱོད་པའི་བློ་ལ་ཡིད་ཆད་ཅིག་ཡོད་ཀྱང་། །
ལས་ཉོན་མནར་བའི་འགྲོ་བར་བཅོས་ཐབས་ཞིག་དཀའ་ཐལ། །

སྒྱུ་ལུས་འབྱུང་བཞིའི་དྭངས་མ་ལུས་བཅུད་ཀྱི་སྙིང་པོ། །
དབང་མེད་ཏིལ་ཙམ་ཤོར་བས་ཁམས་དབང་ཡང་ཉམས་ནས། །
གསང་ཆེན་མཁའ་འགྲོ་སྟོང་གི་ངུ་འབོད་ལ་སོམས་དང་། །
ཡང་གསང་ཧེ་རུ་ཀ་ཡང་དགྱེས་ཐབས་རང་མེད་ཐལ། །

ལས་ཉོན་བུད་མེད་བསྟེན་པའི་སྔགས་གཟུགས་ཀྱི་ཚོགས་རྣམས། །
གནོད་སྦྱིན་ཤ་ཟ་སྲིན་མོ་འགྲོག་པ་ལས་ཐུ་བ། །
འདི་ཕྱི་གཉིས་མེད་ངོ་ཚ་ཁྲེལ་མེད་དུ་གྱུར་ནས། །
ངན་སོང་སྡུག་བསྔལ་དགའ་བའི་བླུན་པོ་ཞིག་སྲིད་དམ། །

ཀུན་མཁྱེན་རྒྱལ་བའི་གསུངས་ལ་གུས་བཀུར་ཅིག་ཡོད་ན། །
འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུར་ཐུགས་བསམ་ཞིག་བཞེས་དང་། །
རྩ་བ་ཡན་ལག་ཉམས་པའི་ཕམ་ལྷག་གི་ཉེས་ལྟུང་། །
སྡོམ་ཤོར་ཚུལ་ཁྲིམས་ཉམས་པ་ག་ཚོད་ལ་ཕྱིན་ཐལ། །

ཚུལ་འཆལ་ཉེས་པ་སྡེ་སྣོད་གསུམ་པོ་རུ་གསལ་ཞིང་། །
ཁྲིམས་ལྡན་དགེ་བར་བསྟན་འགྲོའི་ཕན་བདེ་རུ་གསུངས་ན། །
ལེགས་ཉེས་དཔྱོད་པའི་ཤེས་རབ་དྲི་མེད་ཅིག་བསྟེན་ནས། །
བླ་དོར་མ་ནོར་འབད་འབྲས་རང་དོན་ལ་སོམས་ཞིག །

སངས་རྒྱས་གཉིས་པའི་རྒྱལ་ཚབ་ཀུན་མཁྱེན་གྱི་ཡབ་སྲས། །
སྨིན་གྲོལ་ཡོན་ཏན་ལྡན་པའི་རྣལ་འབྱོར་ཞིག་ཡིན་ན། །
ཐབས་གྲོལ་ཡེ་ཤེས་གང་བསྟེན་བདེ་ཆེན་གྱི་མཁའ་འགྲོ། །
དམ་གཙང་ཨུ་དུམ་ཝྰ་ར་ཞིང་གཞན་དུ་མེད་ཐལ། །

འདི་སྨྲས་དགེ་བས་བདག་གཞན་མཁའ་ཁྱབ་ཀྱི་སེམས་ཅན། །
ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་རྣམ་དག་ཏུ་གྱུར་ནས། །
ཏིང་འཛིན་གཡོ་མེད་ཤེས་རབ་དྲི་མེད་ཀྱི་སྣང་བ། །
ནམ་ཡང་མི་ཉམས་དམ་ཚིག་རྣམ་དག་ཏུ་སྨོན་ནོ། །

(ཞེས་པ་འདི་ཡང་རབ་རྒྱན་ལྕགས་སྟག་སྨིན་ཟླའི་རྫོགས་པ་དང་པོར་ཟིན་བྲིས་ཞིག་གིས་

རྐྱེན་ལས་ཅི་འཆར་དུ་ཤྲྰི་སྨྱོན་ཨེ་མ་ཧོས་དབྱིན་གླིང་ལྷག་ལྷའི་རི་ཁྲོད་ནས

ཕུལ་བ་དགེའོ། །ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ། །)

སྙན་ངག

Post navigation

Previous Post: བཙལ་ཡང་མ་རྙེད་པའི་བརྩེ་དུང་།
Next Post: ཧི་མ་ལའི་རི་རྩེ་ནས་བླ་མས་ཀི་རྒྱབ་པ།

Comments (2) on “མཁའ་འགྲོ་དགྱེས་པའི་གད་རྒྱང་མི་རྐང་གླིང་བུ་ཞེས་བྱ་བ། །”

  1. པདྨ་གེ་སར says:
    2010-11-11 at 2:57 am

    མཁན་ཆེན་བླ་མ་ལགས། དངོས་ནས་དོན་ལྡན་གྱི་བསྟན་བཅོས་དེ་འདྲ་ཞིག་དང་། ཐོལ་བྱུང་དུ་ཆུ་བབ་བབ་བཞུར་བའི་གསུང་མགུར་གླུ་དེ་ལ་ཁྱད་ཆོས་འདུག ། ཧ ཧ ཀླུ་སྨྱོན་གྱི་སྔ་རྒོལ་དུ་སོང་ཡོད་པ་འདྲ་ཞིག་མཐོང་སོང་། ། སྔོན་ཡང་རྙིང་རྒན་བླ་མ་འགའ་རེས་གྲུབ་ཐོབ་ནམ་་མཁའ་ནས་བྱ་འཕུར་འཕུར་བྱེད་པ་དག་ལས་ཕམ་ལྷག་བཅུ་བདུནགྱིས་་མ་གོས་པའི་གྲྭ་བཙུན་ཞིག་མི་དགའ་རེ་ཞེས་འགག་མཛད་པ་ནང་བཞིན་རེད་གདའ། དྲ་སྟེང་འདི་སོ་ནས་འདི་འདྲ་བ་དག་ཡོད་པ་ངོ་སོ་བསྟོད་ལགས། །

  2. དཔལ་དགྱེས་པ་རྡོ་རྗེ says:
    2010-11-11 at 7:14 am

    འདི་ནི་གང་ཟག་དམིགས་བསལ་བ་ཞིག་ལ་ངན་སྨྲས་ཆེད་དུ་ཕྲག་དོག་པར་མ་ཡིན་པར་རང་གིས་ཟིན་བྲིས་མཐོང་བའི་ཚོར་བས་རང་དང་སྐལ་མཉམ་དག་ལ་གདམས་པ་ཞིག་ཡིན་པས་ཧ་གོ་བར་གྱིས་ཤིག །རྨོངས་དད་དང་ཆགས་སྲེད་ཁོ་ན་སྨྲས་པ་མ་ཡིན་པར་མདོ་སྔགས་གཞུང་དང་མཐུན་པར་ཞིག་འབྲི་ཁུལ་བྱས་པ་ཡིན་ནོ། །རྒྱལ་བསྟན་སྤྱི་ལ་ལྷག་བསམ་དམིགས་རྣམ་ཚད་ལྡན་གྱི་དྲ་ཚིགས་ཚངས་དབྱངས་དྲ་བའི་ནང་དུ་ཡང་བཏང་ཡོད་ལགས། ། མ་ཚད་གཟུར་གནས་བློ་ལྡན་ཅན་ཚོས་ཕྱག་རྩོམ་ཡང་དག་རེ་ཡོད་ན་ཚངས་དབྱངས་དྲ་བའི་ནང་དུ་གཏོང་དང་བོད་རང་གི་ནང་འཁོར་བོད་ཡུལ་ཞིང་ཆེན་ལྔ་ཡི་ནང་ན་ཡོད་པ་ཚོས་ཀློག་ཐུབ་ཀྱིན་ཡོད་པས་གྲོགས་པོ་ཚོས་དེ་ལུགས་གནང་བར་མཁྱེན་མཁྱེན། །ཤྲྰིས་སོ། །

    http://www.tibetcy.com/showart.asp?art_id=661

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme