Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཁན་སྤྲུལ་ཟླ་དགའ་རིན་པོ་ཆེའི་ཞབས་བརྟན་ཅང་ཤེས་བ་ལ་ཧ།

Posted on 2014-06-052014-06-05 By ཁ་བརྡ་ No Comments on མཁན་སྤྲུལ་ཟླ་དགའ་རིན་པོ་ཆེའི་ཞབས་བརྟན་ཅང་ཤེས་བ་ལ་ཧ།
ཨེ་མ་ཧོ།
ཆོས་སྐུ་སྤྲོས་བྲལ་ཡངས་པའི་མཁའ་ལམ་ནས།།
ལོངས་སྤྱོད་རྫོགས་སྐུར་འཇའ་ལུས་འཕོ་ཆེན་བཞེངས།།།
སྣ་ཚོགས་སྤྲུལ་སྐུའི་ཟླ་གཞོན་འབུམ་གདལ་བའི།།
ཕྲིན་ལས་ལྷུན་གྲུབ་པདྨ་རྒྱལ་པོས་སྐྱོངས།།
རབ་འབྱམས་རྩ་གསུམ་ཚེ་ལྷའི་ལྷ་ཚོགས་དགོངས།།
འཇའ་ལུས་མཁའ་སྤྱོད་བྱོན་སའི་ཀཿཐོག་ནས།།

བཤད་སྒྲུབ་ཕྲིན་ལས་སྤེལ་མཛད་སྤྲུལ་པའི་སྐུ།།
ཟླ་དགའ་རིན་ཆེན་ཞབས་པད་བརྟན་གྱུར་ཅིག།
ཆུང་ནས་དད་བརྩོན་དགེ་བའི་རྣམ་རིག་བཀྲ།།
གཞན་ཕན་ཐུགས་རྗེའི་ཉི་གཞོན་འབུམ་དུ་ཤིས།།
བཤད་སྒྲུབ་བསྟན་པའི་འཚོ་བས་ཕན་བདེ་སྟེར།།
ལེགས་མཛད་ཟླ་བ་དོན་འགྲུབ་ཞབས་བརྟན་ཤོག།
ཟླ་རྒྱུད་པན་ཆེན་བླ་མས་རྗེས་སུ་བཟུང་།།
སྐྱབས་རྗེ་འཆི་མེད་སྟོབས་རྒྱལ་སྙིང་གི་གྲོགས།།
ཨ་རིག་བཤད་གྲྭའི་མཁན་པོ་མངའ་གསོལ་བའི།།
དགེ་ལེགས་ཐུབ་བསྟན་དཔལ་བཟང་ཞབས་བརྟན་ཤོག།
ཀ་དག་ཁྲེགས་ཆོད་དགོངས་པ་མངོན་གྱུར་ཅིང་།།
ལྷུན་གྲུབ་ཐོད་རྒལ་སྤྱན་ལ་རང་ཤར་བའི།།
ཡ་ཆེན་གྲུབ་དབང་ཨ་ཁྱུག་རིན་པོ་ཆེས།།
དག་གཟིགས་ངོས་འཛིན་གནང་མཛད་སྤྲུལ་སྐུ་རྗེ།།
ཀུན་བཟང་མཁའ་ཁྱབ་འགྲོ་འདུལ་གླིང་པ་རྒྱལ།།
ཆེ་དགུའི་དཔལ་ཡོན་ཕྱུག་པའི་རིག་པ་འཛིན།།
ཐེག་དགུའི་སྒྲ་དབྱངས་སྒྲོག་མཁས་སྔ་འགྱུར་པ།།
དགུ་རུང་རྒྱལ་བའི་སྲས་པོས་ལུང་བསྟན་པའི།།
རྒྱལ་སྲས་འཇམ་དཔལ་སྨྲ་སེང་ཞབས་བརྟན་ཤོག།
རྒྱལ་ཁམས་ཡོངས་ལ་མཐོང་བའི་ཤེས་རྒྱ་ཅན།།
རྒྱ་བོད་དབྱིན་ལ་གྲགས་པའི་མི་སྣ་མཆོག།
ཀཿ་ཐོག་སྐྱབས་རྗེ་དྲི་མེད་ཞིང་སྐྱོང་གིས།།
བསྟན་སྲིད་རིན་ཆེན་དཔུང་ཤུགས་མཐུ་བསྩལ་ཕྱིར།།
དྲུང་པ་ཐུབ་བསྟན་འཇམ་དབྱངས་བློ་གྲོས་རྒྱལ།།
མདོར་ན་ཤིན་ཏུ་ཉག་ཕྲའི་རྒྱལ་བསྟན་ལ།།
བཤད་སྒྲུབ་ཕྲིན་ལས་སྤེལ་བའི་དགེ་སྦྱོང་མཆོག།
འཇའ་ལུས་གདན་ས་སྐྱོང་བའི་མཁན་སྤྲུལ་ཉིད།།
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་འགྲུབ་ཤོག།
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་ས་ག་ཟླ་བའི་དཀར་ཕྱོགས་རྒྱལ་བ་གཉིས་པར་མཁན་སྤྲུལ་དམ་པ་ཁོང་དང་དྲ་འབྲེལ་བྱུང་ནས་སོ་སོའི་སེམས་ཚོར་ཟབ་མོས་དུང་ཞེན་ཆུ་ཀློང་གཅིག་ཏུ་འདྲིས་པ་ལྟ་བུ་བྱུང་བའི་མོད་ལ་གང་ཤར་དུ་རིག་འཛིན་ཨེ་མ་ཧོས་དབྱིན་ཡུལ་ཚན་རྩལ་རིག་པའི་གཙུག་ལག་ཁང་ནས་སྙིང་ནས་སྨོན་པར་དགེའོ།། །།
རྩོམ་རིག

Post navigation

Previous Post: ནང་ཆོས་དང་བོད་སྨན་ནང་ལས་འཕྲོས་པའི་འཁྲིག་སྤྱོད་སྐོར་གྱི་གསུང་བཤད།
Next Post: ཚུར་ཤོག་ཚུར་ཤོག་དབྱངས་ཅན་མ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme