Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཁན་སྤྲུལ་དགེ་གསར་ཕུང་གསུམ་པ་དག་ལ་གཟན་པ།

Posted on 2013-06-292013-06-29 By ཁ་བརྡ་ 52 Comments on མཁན་སྤྲུལ་དགེ་གསར་ཕུང་གསུམ་པ་དག་ལ་གཟན་པ།

ཨོ་རྒྱན་ཉི་མ།

གཞན་ཕན་སྙིང་རྗེས་སེམས་རྒྱུད་ཡོངས་སུ་ཕྱུག །
བསྟན་ལ་དད་ཅིང་སྡོམ་དང་དམ་ཚིག་གཙང་།།
བཟང་ངན་ཤེས་ཤིང་ལ་རྒྱའི་མགོ་བོ་མཐོ།།
གང་ཟག་འདི་འདྲའི་རིགས་དེ་ང་ཡི་བཤེས།།

ཉིན་མོ་ཆོས་གོས་རྣམ་གསུམ་ཕྲག་ལ་གཟར།།
མཚན་མོ་ཕོ་མོ་གཉིས་སྦྱོར་བྱ་བས་བྲེལ།།
མི་དང་དུད་འགྲོ་ཡིན་མིན་མི་ཤེས་པའི།།
གང་ཟག་དེ་འདྲའི་རིགས་ལ་ཞེ་ནས་སྡང་།།

བླ་མ་ཡིན་ཟེར་དམ་ཚིག་མི་སྲུང་ཞིང་།།
སློབ་མའི་མགོ་བོར་ཐམས་ཅད་བཀལ་བ་འདི།།
རྒྱལ་བ་ཀུན་ཏུ་བཟང་དང་རྡོ་རྗེ་འཆང་།།
གསང་བདག་ལ་སོགས་གང་གིས་གསུང་མི་འདུག །

བླ་མའི་མཚན་ཉིད་སྣ་གཅིག་མི་ཚང་བར།།
ཆོས་བཤད་དབང་བསྐུར་བྱ་བའི་ལས་ཀྱིས་བྲེལ།།
སྐལ་ལྡན་ལས་ཅན་གདུལ་ཕྱིར་བསླེབ་ཡིན་ཟེར།།
འདུལ་བྱེད་དམ་སྡོམ་མེད་ན་ཅིའི་འདུལ།།

དེ་ཕྱིར་མཁན་སྤྲུལ་བླ་སློབ་ཕལ་མོ་ཆེས།།
སྡོམ་དང་དམ་ཚིག་སྲུང་ན་སྲུང་མཉམ་དང་།།
མ་སྲུང་མི་སྲུང་སྲུང་བར་མི་ནུས་ན།།
གོང་འོག་གཉིས་ཀས་དགོངས་པ་ཞུས་ན་ལེགས།།

དེ་རིང་དགོན་པའི་ནང་དུ་སེར་འཛུགས་སེ།།
སང་ཉིན་རྒྱ་གྲོང་དག་ཏུ་ནག་ཙ་རེ།།
གནང་ཉིན་ཕྱི་རྒྱལ་ཁག་ཏུ་འཛུམ་དམུལ་ལེ།།
དེང་སང་སེར་གཟུགས་དག་ལ་ཡིད་རྟོན་མེད།།

ཐེངས་རེར་གསེར་དངུལ་འཚོང་བའི་ཚོང་དཔོན་ལགས།།
མཚམས་རེར་སྡོམ་པ་་སྦྱིན་པའི་དགེ་སྦྱོང་གཟུགས།།
རྫུ་འཕྲུལ་ཡ་མ་ཟུང་ལ་མངའ་བརྙེས་པའི།།
དེང་སང་མཁན་སྤྲུལ་ཕལ་ཆེར་ཤ་རེ་ཚ།།

ནང་ན་བྱམས་དང་སྙིང་རྗེའི་གཞན་ཕན་མེད།།
ཕྱི་ན་དང་བའི་མིག་རྒྱན་སྤྱོད་པ་མེད།།
གསང་བར་རིམ་གཉིས་ལྟ་བའི་གདེངས་མེད་པར།།
མི་ཚེ་དཀོར་ལ་གཟན་པའི་བན་རྒན་རྡུག །

དམ་པའི་ཆོས་ཀྱི་ཆེ་བར་རྨ་འབྱིན་ཞིང་།།
འཇིག་རྟེན་ཡ་རབ་སྤྱོད་པ་སུན་བྱུང་སྟེ།།
མི་རིགས་རིག་གཞུང་གཉིས་ཀའི་སྲོག་གི་གཤེད།།
ཕུང་གསུམ་འདི་དག་རྩ་རྫོགས་གཏོངས་ཤིག་ཀྱེ།།

རྩོམ་རིག

Post navigation

Previous Post: ༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་བཅུ་གཅིག་པ།
Next Post: ཁ་པར་ནང་གི་རོགས་ལོར།

Comments (52) on “མཁན་སྤྲུལ་དགེ་གསར་ཕུང་གསུམ་པ་དག་ལ་གཟན་པ།”

  1. ཨོ་རྒྱན་རིག་འཛིན། says:
    2013-06-29 at 1:05 am

    ཧཧཧཧཧཧ་་རྩོམ་འདི་ཁོ་རང་གི་ཁོ་རང་ལ་བྲིས་པ་ཞིག་རེད་འདུག་། ད་དེ་རིང་ཁོ་རང་གི་སྐྱོན་ཚང་མ་ཁོ་རང་ཉིད་གི་སྟོན་འདུག། དེ་རིང་རང་སྐྱོནརང་གི་མཐོང་ཡོད་པ་འདྲ།
    དེ་འདྲ་དགོས་ཕྱིན་སུ་བླ་རྫུན་བྱེད་ནས་སེམས་ཅན་ལ་མགོ་སྐོར་མ་གཏོང་ལོ།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-06-29 at 1:07 am

    ཨོ་རྒྱན་ཉི་མ།
    འགོ་རུ།
    གཞན་ཕན་སྙིང་རྗེས་སེམས་རྒྱུད་ཡོངས་སུ་ཕྱུག །
    བསྟན་ལ་དད་ཅིང་སྡོམ་དང་དམ་ཚིག་གཙང་།།
    བཟང་ངན་ཤེས་ཤིང་ལ་རྒྱའི་མགོ་བོ་མཐོ།།
    གང་ཟག་འདི་འདྲའི་རིགས་དེ་ང་ཡི་བཤེས།།
    མཐའ་རུ།
    དམ་པའི་ཆོས་ཀྱི་ཆེ་བར་རྨ་འབྱིན་ཞིང་།།
    འཇིག་རྟེན་ཡ་རབ་སྤྱོད་པ་སུན་བྱུང་སྟེ།།
    མི་རིགས་རིག་གཞུང་གཉིས་ཀའི་སྲོག་གི་གཤེད།།
    ཕུང་གསུམ་འདི་དག་རྩ་རྫོགས་གཏོངས་ཤིག་ཀྱེ།།

  3. ཀརྡོ་གཉེར་ཕྱག་པ་ says:
    2013-06-29 at 1:10 am

    མཁན་སྤྲུལ་དགེ་གསར་ཕུང་གསུམ་པ་དག་ལ་གཟན་པ། ཞེ་པའི་ནང་ལ་ས་དགེ་བཀའ་རྙིང་ཇོ་བོན་སོགས་ཀྱི་མིང་སྨྲོས་མེད་པར་བརྟེན། ང་ནི་དེ་རིང་ཨོ་ཉི་མཆོག་ལ་རྒྱབ་སྐྱོར་གཙང་མ་ཡོད་དོ།།

  4. ཨོ་རྒྱན་རིག་འཛིན། says:
    2013-06-29 at 1:19 am

    རྒྱབ་སྐྱོར་ཡོད་དང་ཡོད་དེ་རིང་ཨོ་ཉི་ལགས་ཀྱི་རང་སྐྱོན་ངོས་ཟིན་འདུག་བ་། འོང་ཀྱང་ཁ་དན་ཚིག་ལ་མི་གནས་པར་ཕྱིན་སུ་འགྱུར་བ་མ་གཏོང་ལོ།

  5. བན་དེ་བ། says:
    2013-06-29 at 1:21 am

    དྲ་གྲོགས་ཀརྡོ་ལགས་་་་དགེ་གསར་་་་སྨོས་འདུག་ད་་་་་དེ་ལ་སུ་ལ་ཟེར་གྱི་ཡོད་མེད་མི་ཤེས།

  6. ཀརྡོ་གཉེར་ཕྱག་པ་ says:
    2013-06-29 at 1:27 am

    ལགས། དགེ་གསར་ཨེ། ཡ་ཡ།

  7. བན་དེ་བ། says:
    2013-06-29 at 1:31 am

    ལགས་འོང། པདྨ་གེ་སར་ཅེས་པའི་འབྲི་ཚུལ་དེ་མིན། གཞན་དགེ་གསར་་་་་ཟེར་བ་གོ་རྒྱུ་གཅིག་རང་རེད་ད།

  8. པདྨ says:
    2013-06-29 at 1:32 am

    ཚེ་སྟོད་ཁྱོད་ཀྱི་བྱས་པའི་ལས་ངན་དེ།།
    གཞན་སྐྱོན་དག་ཐེར་ཡིན་སྣང་འཁྲུལ་བའི་རྒྱུ། །
    ཚེ་སྨད་ཕུང་གསུམ་ཨ་ཀོང་དྭ་ཕྲུག་དེ།།
    རྒྱལ་བསྟན་དག་ཐེར་འདོད་པ་མོ་ཤམ་བུ། །
    སྔ་འགྱུར་རྡོ་གྲུབ་ཕུང་གསུམ་བྲལ་དུ་བཞག །
    ཕྱི་འགྱུར་ཀརྨའི་གཅིན་སྐྱག་ཚ་བོ་རོལ། །
    ཡང་དར་བོན་གྱི་བསྟན་པ་མ་ཤེས་ནས། །
    ཡུག་མོའི་འགབ་འདྲེ་ཁྱོད་ཉིད་ངོ་རེ་རྫོགས། །

  9. འཇམ་གཅེས says:
    2013-06-29 at 2:01 am

    རང་གཤིས་མི་གཙང་སྐྱག་པས་མགོ་ལུས་ཁེངས། །
    གཞན་སྐྱོན་བརྗོད་པ་དགའ་བས་ཨོ་ཉི་ཁྱོད། །
    བསྟན་འཛིན་སྐྱེ་ཆེན་མིང་དེ་མི་འོས་པས། །
    དོར་ནས་གོང་བཞིན་བརྗོད་དང་འོས་ཤིང་འཚོམ། །

  10. ཨོ་རྒྱན་ཉི་མ། says:
    2013-06-29 at 2:05 am

    པད་མ་ལགས། རྡོ་གྲུབ་རིན་པོ་ཕུང་གསུམ་པའི་གྲལ་དུ་བརྩིས་མེད་ད། ཁོང་ལ་ང་ཤིན་དུ་དད། མཁན་སྤྲུལ་དགེ་གསར་ཞེས་པ་་་་་དེང་སང་གི་མཁན་པོ་དང་། སྤྲུལ་སྐུ། དགེ་བཤེས་གསུམ་ལ་གོ་དགོས་སོ། །གོ་བ་དེ་ཙམ་ཡང་མེད་དགོངས་པ་ཞུས་ཤོག་་་་་་་་ཧཧཧཧ

  11. བན་དེ་བ། says:
    2013-06-29 at 2:46 am

    ཧཧཧཧཧཧ་་་་་གཞུང་ལུགས་ལ་ཐོས་བསམ་མ་བྱས་པའི་སྐྱོན་དེ་རེད། མཁན་སྤྲུལ་དགེ་བཤེས་གང་རུང་ཡིན་ན་གསར་པ་ཡིན་པས་ཁྱབ། དེ་ལྟར་ན་མཁན་སྤྲུལ་དགེ་བཤེས་གང་རུང་ཡིན་ན་རྫུས་མ་བསྟན་བཤིག་ཁྱོད་འདྲ་བ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། དེ་རེད།
    གང་ལྟར་རང་སྐྱོན་བོང་བུའི་ནང་ཆ་ཐམས་ཅད་ཁྲོམས་ལ་བཀྲམས་སོང།

  12. ཨོ་རྒྱན་ཉི་མ། says:
    2013-06-29 at 3:08 am

    གབ་ཚིག་རིག་པའི་རྩེད་ར།

    རྫུན་ཕུང་རི་བོའི་གཏོས་ལྟར་སེམས་ལ་ཉར།།
    བརྫུས་པའི་ཡིག་ཚོགས་དུ་མས་སྔུན་ལ་སྤུངས།།
    གཡོ་སྒྱུའི་བྱུང་བ་བརྗོད་ལ་ཆེས་དཔའ་བའི།།
    འཛམ་གླིང་རྐུན་ཇག་དང་པོ་ངོས་ཟུངས་ཤིག།

    གབ་དོན་སུས་རྟོགས་ན་ཆོ་ལོ་ཡག་པོ་དབུལ་རྒྱུ་ཡིན།

  13. ཨ་ཕྱི་ཆོས་སྒྲོན says:
    2013-06-29 at 3:17 am

    སྤྲུལ་སྐུ་ཨོ་རྒྱན་ཉི་མ་ལེགས། བོན་ཡིན་པའི་ཐིག གབ་ཚིག་ཐིག་སོང་ངམ།

  14. བན་དེ་བ། says:
    2013-06-29 at 3:21 am

    གབ་ཚིག་་་་རྐུན་ཇག་དང་པོ་་་་་ཆོས་རྒྱུད་གཞན་ལ་མེད་པའི་་་རྫོགས་ཆེན་དང་་་་ཐེག་པ་རིམ་དགུ་རྐུས་པས་ན་དང། མོ་རྩིས་གཏོ་དཔྱད་བསང་རླུང་དར་ཅོག་སོགས་རྐུས་པས་ན་རྐུན་ཇག་དང་པོ་ཡིན། དེ་སུ་རེད་དམ།

  15. གནམ says:
    2013-06-29 at 3:35 am

    ཆོ་ལོ་ལ་བོད་ཆོལ་ཁ་གསུམ་འབུལ་རྒྱུ་ཡིན་ན། བསམ་བློ་ཞིག་གཏང་གི་ཡིན། དེ་མིན་ཁ་ཐུག་གི་གོ་ལ་བ་བཞག་ན། གཏེ་བོ་དེ་ནི་ཨོ་རྒྱན་ཉི་མ་རང་མིན་འགྲོ་བསམ་བསམ་ཅིག་འདུག།

  16. འོད་གསལ says:
    2013-06-29 at 5:00 am

    ཨོ་རྒྱན་ཉི་མ་རིན་པོ་ཆེ་ལགས།

    ཁྱེད་ཀྱི་གསུང་དེར་བརྒྱ་ཆ་རྒྱ་ཐམ་པ་རྒྱབ་སྐྱོར་ཡོད། འདི་འདྲ་མ་གསུང་ན་སངས་རྒྱས་ཀྱི་བསྟན་པ་འདི་རྙོག་མ་ཅན་དུ་འགྱུར་ནས་གཟུགས་བརྙན་ཙམ་ལས་མི་ལྷག་པའི་ཉེན་ཁ་ཆེ། མཆོད་རྟེན་བརྒྱ་ཕྲག་བཞེངས་པ་ལས་ཞལ་རྩོམ་གནང་འདི་འདྲ་གནང་ན་ཕན་ཡོན་ཆེ་སྟེ། མདོ་ལས་དམ་པའི་ཆོས་འཛིན་ཞིང་སྐྱོང་བའི་ཡོན་ཏན་མཐའ་ཡས་པར་གསུངས།

    མི་འགའ་ཞིག་གིས་ཁྱེད་ལ་སྡིགས་མོ་གནང་འདུག་ཀྱང་དོ་སྣང་གནང་མི་དགོས། བྱ་བ་ལེགས་པོ་ག་རེ་འགོ་བརྩམས་ཀྱང་རྒོལ་བ་འོང་བ་འཇིག་རྟེན་གྱི་ཆོས་ཉིད་རེད། ཁྱེད་ཀྱི་གསུང་འདི་ལ་མི་མི་དགའ་ནའང་ལྷ་དགའ་ངེས་ལགས། སྐུ་ཚེ་རིང་།

  17. ཨོ་རྒྱན་ཉི་མ། says:
    2013-06-29 at 6:15 am

    དམ་ཆོས་དངོས་དེ་གཞན་ཕན་ཐབས་ཀྱི་མཆོག།
    དེང་སང་ཕུང་གསུམ་འདི་ཚོས་དོན་མེད་བསྒྱུར།།
    ལོ་རྒྱུས་ཞེས་པ་སྔོན་བྱུང་དངོས་ཡིན་ཡང་།།
    དེང་སང་མི་བུ་འགའ་ལ་རྟོག་འཆར་ཙམ།།

  18. ཨོ་རྒྱན་ཉི་མ། says:
    2013-06-29 at 6:17 am

    ང་ལ་རྒྱབ་བསྐྱོར་གནང་བར་ཐུགས་རྗེ་ཆེ། གང་ཡིན་ཞེ་ན་བསྟན་པ་ལ་ཅུང་ཞིག་སྨན་ན་བསམ།།

  19. འཇམ་གཅེས says:
    2013-06-29 at 9:22 am

    བོད་རྒྱུད་ནང་བསྟན་ནང་དུ་ད་དུང་བོན་ཆོས་ཀྱིས་བསྲེས་ལྷད་ཡོད་པ་ནི་དཔེ་ན་མོ་རྩིས་གཏོ་དཔྱད་བསང་རླུང་དར་ཅོག་གཡང་སྒྲུབ་ཟེར་ཡ་འདི་ཚོ་ཡིན་པས་འདི་དག་གཙང་སེལ་དགོས་པ་འདོད་ཀྱིན་ཡོད། དོན་དམ་པའི་ནང་ཆོས་ལ་བསམ་བློ་རེ་བཏང་སྐབས་ངོ་མ་དགོས་མེད་ཀྱི་བྱ་བ་ཞིག་ཡིན་པར་ཤེས་ཀྱིན་འདུག ཡིན་ཡང་རྙིང་ཞེན་ཆེ་བའི་བོད་པ་ཚང་གིས་དུས་ནམ་ཞིག་ངོས་འཛིན་ཐུབ་བམ་་་་་་་་་་་་་་་་་་

  20. བན་དེ་བ། says:
    2013-06-29 at 10:03 am

    ཐུགས་རྗེ་ཆེ་གཙང་སེལ་གནང་རོགས།
    ཕྱིར་སློག་གནང་རོགས་རྐུས་པ་རྣམས།

  21. ཆུ་ཐིགས་སྔོན་མོ says:
    2013-06-29 at 10:15 am

    ཨོ་རྒྱན་ཉི་མ་ལགས་ཀྱིས་རྩོམ་ཡིག་འདི་ཧ་ཅང་ཡག་པོ་བྲིས་འདུག་པས་དགའ་བསུ་ཡོད།

  22. འདྲེ་རྐང་ཐོ། says:
    2013-06-29 at 10:39 am

    ཆོས་པ་ཡིན་མདོག་ཟོལ་གྱི་ཉམས་ཤིག་སྟོན།།
    ཡར་ཁོག་གཡོ་སྒྱུའི་རླབས་ཀྱིས་རྨི་ལམ་དཀྲོག།
    ཉི་མའི་འོག་ན་ལོག་ལྟ་འུག་པ་ཞིག།
    འདི་ན་བསྒྱུར་བའི་སྤྲུལ་རྫུན་མིང་ཅན་སུ།།
    འདིའི་གབ་ལན་སུས་གནང་ཡང་དགའ་བསུ་ཞུ།

  23. ཨོ་རྒྱན་ཉི་མ། says:
    2013-06-29 at 11:07 am

    ང་རེད། ཧཧཧཧ

  24. བན་དེ་བ། says:
    2013-06-29 at 11:38 am

    ཨོ་ཉི་འདི་སྤྱང་པོ་འདུག ཏག་ཏག་ཧ་ཧཧཧ ཉི་མའི་འོག་ནས་ལོག་རྟོག་འུག་རྒན་ཤི་རོ་ཞིག་ཡོད་པ་དེ་ཐིག་སོང།

  25. ེསེང་སྟག says:
    2013-06-29 at 11:39 am

    ཨོ་རྒྱན་ཉི་མ་མཆོག་གི་རྩོམ་དེས་ད་རས་རང་སྐྱོན་ངོ་མ་དེ་ཕྱི་ལ་གཏོང་འདུག་ཧཧཧཧ

  26. འཇམ་གཅེས says:
    2013-06-29 at 12:00 pm

    རྙིང་ཞེན་གཅོང་ནད་གདོན་གྱིས་ཟིན་པ་དེས། །
    རང་སེམས་ལྷོད་དུ་བབ་པའི་དུས་གཅིག་མེད། །
    དགོས་མེད་སྡུག་སྐད་འབྲེལ་མེད་གང་སར་སྒྲོག །
    བླུན་ཆོས་རྗེས་སུ་རྒྱུག་མཁན་སྐྱེས་བུ་སུ། །

    འདིའི་གབ་ལན་སུས་གནང་ན་ལེགས་སྐྱེལ་ཡོད་་་་་་

  27. ཨོ་རྒྱན་ཉི་མ། says:
    2013-06-29 at 12:09 pm

    བཟང་ངོ་ཞེ་ན་དགའ་བ་མི་སྐྱེ་ཞིང་།།
    རྡུག་གོ་ཟེར་ན་གནོང་མི་མངའ་བའི།།
    རང་གཤིས་འདི་ནི་དཀའ་རྡུག་དུ་མའི་ཁྲོད།།
    གཉོམ་ལག་རྒྱས་པ་ཞིག་གི་ཁྱད་ཆོས་ཡིན།།

  28. ཨོ་རྒྱན་ཉི་མ། says:
    2013-06-29 at 12:10 pm

    ༢༨༽ ཨོ་རྒྱན་ཉི་མ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༩ གི་ཆུ་ཚོད་ ༡༢ སྐར་མ་ ༠༩
    བཟང་ངོ་ཞེ་ན་དགའ་བ་མི་སྐྱེ་ཞིང་།།
    རྡུག་གོ་ཟེར་ན་གནོང་འགྱོད་མི་མངའ་བའི།།
    རང་གཤིས་འདི་ནི་དཀའ་རྡུག་དུ་མའི་ཁྲོད།།
    གཉོམ་ལག་རྒྱས་པ་ཞིག་གི་ཁྱད་ཆོས་ཡིན།།

    བཅོས

  29. འཇམ་གཅེས says:
    2013-06-29 at 12:32 pm

    སྡུག་གོ་ཟེར་ན་གནོང་འགྱོད་མི་མངའ་བའི་་་་་ཟེར་ནས་ཕྲིས་་་་་་་་་་་་་་་་་་་་་་་་་་་་་

  30. དགེ་འདུན་རྒྱ་མཚོ། says:
    2013-06-29 at 12:35 pm

    བླ་མ་མཚང་ལ་རྒོལ་བ་སྟེ།།
    གདམ་ངག་མཚང་ཐོག་ཁེལ་བའི་གཏམ།།
    སུ་ལ་ཕོག་མིན་མ་ཤེས་ཀྱང་།།
    བསླབ་བྱ་བསང་གཏོར་བགྲེམ་པ་ཞིག།

  31. ཨོ་རྒྱན་ཉི་མ། says:
    2013-06-29 at 12:51 pm

    ཐབས་རྡུག་རྡུག་ནི་ར་རྡུག་ཡིན། །སྙིང་དུ་སྡུག་པ་ས་སྡུག་ཡིན། །ཞེས་དག་ཡིག་ཅིག་ལ་ལྟོས།

  32. འཇམ་གཅེས says:
    2013-06-29 at 12:52 pm

    མ་བཅོས་ལྷག་བསམ་དར་དཀར་ཡུག་ཅིག་ལ། །

    གཡོ་སྒྱུ་དྲི་མས་རྡུལ་ཙམ་མ་གོས་པར། །

    རང་རིཊ་ཕན་སེམས་བཅངས་པའི་སྙིང་གཏམ་རྣམས། །
    གོ་བ་གཞན་དུ་འགྲེལ་དུས་ཡིད་ཐང་ཆད། །

    ངོ་གདོང་ལྕཊ་འབག་གྱོན་པའི་ཁྲེལ་མེད་འགས། །
    རང་གི་དེ་ཉིད་གང་ཡིན་མ་མཐོང་པར། །

    ད་དུང་ཆོས་སྲིད་ལོ་རྒྱུས་གླེང་སྟེགས་ཐོག །

    སྐད་སྒྲ་འབྲུག་ལྟར་ལྡིར་དུས་ཞེ་རེ་ཁྲེལ། །

    རྣམ་གསུམ་ངུར་སྨྲིག་གོས་བཟང་ཡོ་རས་འོག །

    སྒོ་གསུམ་སྤྱོད་པ་ཁྱི་ལས་ལོད་པའི་ཁར། །

    དུག་གསུམ་གདོན་གྱིས་སྨྱོས་པའི་བྱ་སྤྱོད་དེས། །

    བསླབ་གསུམ་རྩ་ཧྲལ་བཏང་བར་ཡིད་རེ་སྐྱོ། །

    མི་ཚེ་ཕྱེད་ལྷག་ཆོས་རའི་ནང་དུ་སྐྱལ། །

    མི་དགེ་བཅུ་སྤོང་ཙམ་གྱི་ཚུལ་ཁྲིམས་དང་། །

    མི་ཆོས་གཙང་མ་ཙམ་ལའང་མགོ་བོ་རྨོངས། །

    མི་ངན་རང་མཐོང་ཅན་ཚོ་ཀྱེ་མ་ཧུད། །

    ཁ་ཁོག་གཉིས་མེད་རྒྱབ་འདུན་གཉིས་མེད་དང་། །

    ཁ་སེམས་དཀར་པོའི་ཁ་བརྡ་ཚིག་གསུམ་འདི། །

    ཁ་ངན་ཚིག་གིས་ཕུངས་པོར་འདོད་མཁན་ལ། །

    ཁ་བའི་བུ་ངས་བཟོད་གསོལ་ཞུ་འདོད་མེད། །

    ང་ཆེ་ང་བཙན་དགའ་བའི་མི་བུ་ཚོ། །

    ངར་འཛིན་འབྱུང་པོས་རློམས་པ་མ་ཤེས་པ། །

    ང་ཉིད་འཇིག་རྟེན་མཆོག་གྱུར་ཁེངས་རློམས་དེས། །
    ང་རང་ཕུང་བ་མ་ཤེས་ཨ་ཙ་མ། །

    པ་ལོ་མགོ་ནས་གཏུབ་དུས་བཟང་བཟང་འདྲ། །

    ཕ་རྟགས་འཛེམ་མེད་སྟོན་དུས་ངན་ངན་འདྲ། །

    བ་ཕྱུགས་ལྟ་བུ་བླུན་པོའི་ངང་ཚུལ་ཅན། །

    མ་གྱུར་འགྲོ་དོན་ལྟར་ཅི་རང་དོན་རླགས། །

    ཤ་ཚའི་སྙིང་གཏམ་སྙན་པོ་མེད་ན་ཡང་། །

    ཤ་ཟད་རུས་པར་ཐུག་ཀྱང་རང་རིགས་སླད། །

    ཤཱཀྱའི་དགེ་སྦྱོང་རློམས་པའི་བུ་ཆུང་ངས། །

    ཤ་ཚའི་གླེང་གཏམ་ཡིན་ནོ་ཀླད་མེད་ཚོ། །

    སུ་ལ་ཕོག་ན་དེ་ལ་སྤྲིངས་པའི་འཕྲིན། །

    སུ་ཞིག་སྔོན་ནས་གསལ་བཤད་དགོས་གྱུར་ན། །

    སུ་ལ་མི་འཇིགས་འགན་ཁུར་སྤོབས་པ་ཡོད། །

    སུ་རུང་ཞིག་གིས་བདེན་ཁ་འབྱིན་ཡང་སྲིད། །

  33. མེ་ཏོག་དཀར་པོ says:
    2013-06-29 at 10:03 pm

    བསྟན་པ་ལ་ལྷག་བསམ་ཡོད་པར་འདོད་པའི་ཨོ་ཉི་ལགས། ཐུགས་རྗེས་གཟིགས། ཁྱེད་རང་དམ་པ་ཞིག་གི་ཤེས་རྒྱུད་གཅིག་པ་ཡིན་པའི་དན་རྟགས་ངེས་ཤེས་ཚུགས་པ་ཞིག་ཡོད་དམ། སོ་སོས་ཤེས་གི་འདུག་གམ། ཕལ་ཆེར་མེད། དེས་ན་དང་པོ་ཁ་བརྡའི་ནང་ཁྱོད་རང་སྤྲུལ་སྐུ་མིན་པའི་རྒྱུ་མཚན་དང་བཅས་སྤྲུལ་སྐུའི་མིང་དོར་རོགས། དེ་རྗེས་མེ་ཏོག་ང་ཡང་ཁྱོད་ཀྱི་ཕུང་གསུམ་པ་རྒོལ་བའི་ལས་འགུལ་འདིར་ཞུགས་ནས་རྒྱབ་སྐྱོར་བྱའོ།། དེ་མིན་མཛེ་ཕོས་བྱ་ཁྱུང་སྒྲུབ་ཐབས་དང། སྤྲང་པོའི་གཡང་འགུག ནད་རོས་སྨན་དཔྱད་འདི་ལ་ཡིད་ཆེས་ཐུབ་ས་མ་རེད་དོ།།

  34. ཨོ་རྒྱན་ཉི་མ། says:
    2013-06-30 at 1:57 am

    མེ་ཏོག་དཀར་པོ་ཞེས་པ་ཚུར་ལ་གསོན། །
    བསྟན་ལ་སྲི་ཞུ་བླ་མེད་སྒྲུབ་འདོད་ནས། །
    དཀའ་བ་བརྒྱ་ཕྲག་ཁུར་དུ་ལེགས་ཁྱེར་ཏེ། །
    ཕྱོགས་མེད་ཐོས་བསམ་བྱ་བ་ཁུལ་ཡང་བྱས། །
    སྤྲུལ་སྐུ་མིན་ཡང་སྤྲུལ་མིང་ཙམ་པོ་འདི། །
    དགོས་ཞེས་ཟེར་མཁན་སུ་གཅིག་མེད་ན་ཡང་། །
    ལོ་དགུར་སོན་དུས་བླ་མས་ཁོ་བོར་གནང་། །
    འདོར་དགོས་བསམ་ནས་ཐབས་ཤེས་ཡོད་དགུ་བྱས། །
    གོས་ཐུང་གོན་ནས་ནུབ་ཕྱོགས་འདི་རུ་ལྷགས། །
    ཕྱི་ནང་རྐྱེན་གྱིས་སྤྲུལ་མིང་སླར་ཡང་ཁུར། །
    ནད་རོ་རྙིང་མས་གཟེར་ནས་མ་ཡིན་ལ། །
    རང་གི་ལྟོ་གོས་ཙམ་གྱིས་དེ་བས་མིན། །
    བསྟན་དང་འགྲོ་ལ་གནོད་པའི་བྱ་བ་དག།
    མཐོང་དུས་སེམས་ཀྱིས་མ་བཟོད་ཚིག་འདི་ཐལ། །

  35. ཀརྡོ་གཉེར་ཕྱག་པ་ says:
    2013-06-30 at 2:04 am

    ༣༤༽ ཨོ་རྒྱན་ཉི་མ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༣༠ གི་ཆུ་ཚོད་ ༡ སྐར་མ་ ༥༧
    མེ་ཏོག་དཀར་པོ་ཞེས་པ་ཚུར་ལ་གསོན། །
    བསྟན་ལ་སྲི་ཞུ་བླ་མེད་སྒྲུབ་འདོད་ནས། །
    དཀའ་བ་བརྒྱ་ཕྲག་ཁུར་དུ་ལེགས་ཁྱེར་ཏེ། །
    ཕྱོགས་མེད་ཐོས་བསམ་བྱ་བ་ཁུལ་ཡང་བྱས། །་་་་་ཟེར།

  36. ཨ་ཕྱི་ཆོས་སྒྲོན says:
    2013-06-30 at 2:59 am

    ཕྱི་ལ་ཐོས་བསམ་ཡོད་པའི་སྤྲུལ་སྐུ་རེད། །
    ནང་དུ་ལྷག་བསམ་ཡོད་པའི་སྤྲུལ་སྐུ་རེད། །
    གསང་བ་སྔགས་ལམ་ཞུགས་པའི་སྤྲུལ་སྐུ་རེད། །
    སྤྲུལ་སྐུ་ཨོ་རྒྱན་ཉི་མ་རིན་པོ་ཆེ། །
    ཟ་ཁ་ནང་བསྟན་སྙིང་ཁ་ཕྱིར་བསྟན་པའི། །
    སུ་ཏིའི་ཀརྨ་ནག་རིས་ཁ་ནག་ལས། །
    ཕྱི་ནང་གཉིས་ཀ་མཚུངས་པར་སྤྱོད་པ་ཡི། །
    སྤྲུལ་སྐུ་ཨོ་རྒྱན་ཉི་མ་ཁྱོད་རང་ལྷག །

  37. མེ་ཏོག་དཀར་པོ says:
    2013-06-30 at 3:02 am

    ཕྱི་ནང་རྐྱེན་གྱིས་སྤྲུལ་མིང་སླར་ཡང་ཁུར། ། ག་རེའི་རྐྱེན།
    ནད་རོ་རྙིང་མས་གཟེར་ནས་མ་ཡིན་ལ། ། གོ་རྒྱུ་མིན་འདུག
    རང་གི་ལྟོ་གོས་ཙམ་གྱིས་དེ་བས་མིན། ། ཡིད་ཆེས་མེད།

  38. མེ་ཏོག་དཀར་པོ says:
    2013-06-30 at 3:05 am

    ཨ་ཕྱི་ཁ་བརྡ་ནང་མི་འོང་ཞེས་་རྡུལ་འཚུབ་བེར་ལོག་སོང་མོད། དེ་རིང་འདི་ན་འདུག་ག

  39. ཨ་ཕྱི་ཆོས་སྒྲོན says:
    2013-06-30 at 3:30 am

    མེ་ཏོག་དཀར་པོ་དྲན་ནས་སླར་ཡང་ཐོན། མ་འདོད་ན་ནམ་འགྲོ་རང་དབང་རེད་མོ།

  40. སྤོབས་པ་མཐའ་ཡས། says:
    2013-06-30 at 3:49 am

    རྩོམ་པ་པོ་སྤྲུལ་སྐུ་ཨོ་རྒྱན་ཉི་མ་མཆོག་ལ་ལ་རེ་བ་ཞིག་ཡོད། ཁྱེད་ནི་ཕུང་གསུམ་པ་ལ་དགག་པ་དང་། ཚན་རིག་ལ་དགག་པ། སྤྲུལ་སྐུ་མང་དྲགས་པ་ལ་དགག་པ། སྙན་ངག་གསར་པ་ལ་དགག་པ་སོགས་སྟག་གི་རྔ་མ་འཇུ་མི་ཕོད་ས་མང་པོ་ཞིག་ལ་ཇུས་སོང་བ་མཐོང་སོང་། དེ་ཡིན་དུས་ཁྱེད་རང་ཉིད་ལ་རང་ཉིད་ཀྱི་མི་ཚེ་དང་འཇིག་རྟེན་གྱི་ལེགས་ཉེས་དཔྱོད་པའི་མཚན་ཉིད་རིགས་པ་ཞིག་ཡོད་པ་དེ་གཞིར་བཞག་རེད། ཁྱེད་རང་གི་ལེགས་ཉེས་དཔྱོད་པའི་བློ་གྲོས་དེ་སྤྱད་ནས་བལྟས་ན་ཁྱེད་ལ་སྤྲུལ་སྐུའི་མིང་འདི་ཐོབ་ནས་ཁེ་ཕན་ཆེ་བ་ཐོབ་འདུག་གམ་ཡང་ན་གྱོང་ཆེ་བ་རག་འདུག དེའི་སྐོར་ལ་རྩོམ་ཡིག་ཞིབ་གསལ་ཞིག་འབྲི་བའི་རེ་བ་ཡོད།
    སྤྲུལ་སྐུ་ཟེར་བའི་ལམ་ལུགས་འདིས་བོད་གངས་ཅན་པ་ཚང་གི་མདུན་ལམ་ལ་ཤུགས་རྐྱེན་མང་པོ་ཞིག་ཐེབས་ཀྱི་འདུག སྤྲུལ་སྐུ་ཆེ་གྲས་པན་ཆེན་རིན་པོ་ཆེའི་སྤྲུལ་སྐུའི་རྙོགས་འཛིངས་ཆེན་པོ་ག་ཚོད་བཟོས་ཡོད་པ་ཁྱེད་ཀྱིས་མཁྱེན་གསལ་རེད། དེ་ནས་ཀརྨ་པའི་སྤྲུལ་སྐུའི་རྩོད་རྙོགས། ད་རྒྱལ་བ་རིན་པོ་ཆེའི་སྤྲུལ་སྐུ་ངོས་འཛིན་ལ་རྒྱ་དམར་གཞུང་གིས་ལག་པ་འཆངས་རྒྱུ་ཡིན་པ་ཐག་བཅད་ཚར་བ་རེད། དེ་ཡིན་དུས་ད་ང་ཚོས་དཀའ་ངལ་འདི་ཚོ་ལ་གདོང་ལེན་བྱེད་དགོས་ཐུག་ཚར་བ་རེད།
    ང་རང་ཚོ་ཁ་བརྡའི་གླེང་མོལ་བ་རེ་ལ་མཚོན་ན་ཁ་བརྡ་རེ་བྱེད་པ་མ་གཏོགས་འཇོན་ནུས་མེད་པ་རེད། ཁ་བརྡ་དེ་བེད་སྤྱོད་ཡོད་ས་ཞིག་དང་ན་ཚ་ཡོད་ས་རེ་ནས་གླེང་དགོས་པ་དེ་ང་ཚོའི་འགན་རེད་བསམ་གི

  41. ཀརྡོ་གཉེར་ཕྱག་པ་ says:
    2013-06-30 at 4:26 am

    ༣༦༽ ཨ་ཕྱི་ཆོས་སྒྲོན་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༣༠ གི་ཆུ་ཚོད་ ༢ སྐར་མ་ ༥༩
    ཟ་ཁ་ནང་བསྟན་སྙིང་ཁ་ཕྱིར་བསྟན་པའི། །
    སུ་ཏིའི་ཀརྨ་ནག་རིས་ཁ་ནག་ལས། །
    ཕྱི་ནང་གཉིས་ཀ་མཚུངས་པར་སྤྱོད་པ་ཡི། །
    སྤྲུལ་སྐུ་ཨོ་རྒྱན་ཉི་མ་ཁྱོད་རང་ལྷག །
    ཞེས་པ་ལ།
    ཟ་ཁ་ནང་བསྟན་སྙིང་ཁ་ནང་བསྟན་པ། །
    སི་ཏུ་དང་ནི་ཀརྨ་པ་ཞེས་སྤྲུལ་སྐུ་མཆོག །
    ཕྱི་ནང་གཉིས་ཀར་སྤྱོད་ཚུལ་ཁྱད་དུ་འཕགས། །
    སྤྲུལ་སྐུ་ཨོ་རྒྱན་ཉི་མས་འགྲན་བཟོད་མིན། །

  42. ཀརྡོ་གཉེར་ཕྱག་པ་ says:
    2013-06-30 at 4:29 am

    ཨ་ཕྱ་ཆོས་སྒྲོན་ཕོ་ལོག་མོ་ལོག་མ། །
    ཡང་བསྐྱར་ཁ་བརྡར་ཡོང་དོན་གང་ཡིན་ནམ། །
    རང་གི་ཕོ་རྟགས་མོ་རྟགས་མི་སྟོན་ཅི། །
    རང་མིང་ངོ་ཚའི་འོག་ལ་སྦ་དགོས་ཅི། །

  43. ཨོ་རྒྱན་ཉི་མ། says:
    2013-06-30 at 5:02 am

    ང་ལ་སྤྲུལ་སྐུའི་མིང་དེས་ཕན་གནོད་གཉིས་ཀའི་ནང་ནས་གནོད་པ་བྱུང་སོང་། དགེ་སྦྱོང་རྣལ་མ་ཆགས་པ་འདི་ཡིས་གནོད། ཐོས་བསམ་སྒོམ་གསུམ་བྱས་པར་འདི་ཡིས་གནོད། བྱ་བ་ཉེས་ཙམ་སྤྲུལ་སྐུས་མ་འཇོན་ཟེར། །དེ་ཕྱིར་སྤྲུལ་སྐུའི་རིན་ཐང་ལྟ་ཤེས་ཤིང་། །བེད་ཆོད་ཤེས་པ་ཞིག་ལ་རེམ་ནས་ཡོད། །
    ཕན་པའི་ཆ་ནི་ཉིན་མོའི་སྐར་མ་ཙམ། །དཀོར་ཟས་ལྷག་མ་ཙམ་དང་བཞུགས་གདན་ཙམ། །འདི་འདྲ་ཙམ་གྱིས་སྤྲུལ་མིང་འཁུར་དགོས་ན། །སྡིག་པའི་ས་བོན་གསོག་པར་སྨན་པ་ལས། །གཞན་པའི་ཕན་ཐོགས་ཡོད་པར་ངས་མ་མཐོང་། །
    སྤྲུལ་སྐུ་ཡིན་ན་སྔོན་གནས་རྗེས་དྲན་དགོས། །སྤྲུལ་སྐུ་ཡིན་ན་བྱམས་དང་སྙིང་རྗེ་དགོས། །སྤྲུལ་སྐུ་ཡིན་ན་བསྟན་ལ་སྲི་ཞུ་དགོས། །འདི་དག་ཐམས་ཅད་ཁོ་བོར་མེད་པས་ན། །སྤྲུལ་སྐུ་ཡིན་བསམ་སེམས་ཀྱི་གཏིང་ལ་མེད། །འོན་ཏང་ཕུང་གསུམ་བསྟན་བཤིགས་དམ་ཉམས་རྣམས། །མཐོང་དང་ཐོས་དང་བསམ་ངོར་དྲངས་པ་ན། །ང་ཡང་སྤྲུལ་སྐུ་མིན་ཡང་སྤྲུལ་སྐུ་ཡིས། །བྱིན་གྱིས་རླབས་པའི་གང་ཟག་བསོད་ནམས་ཅན། །ཅུང་ཟད་སྐལ་བ་ལྡན་པའི་གང་ཟག་ཅིག །ཡིན་ནམ་བསྙམ་པའི་ང་རྒྱལ་ཁོང་ན་བརྟས། །དེ་ཕྱིར་སྤྲུལ་སྐུ་ཞེས་པ་ཁེ་ཉེན་གནས། །ལེགས་ན་བསྟན་པའི་དེད་དཔོན་སྤྲུལ་སྐུ་ཡིན། །ཉེས་ན་བསྟན་བཤིགས་གཙོ་བོ་སྤྲུལ་རྫུན་ཡིན། །དེ་ཕྱིར་སྤྲུལ་སྐུ་བདེན་རྫུན་ཤན་འབྱེད་ཅིག །མེད་ན་མི་རིང་བསྟན་པ་འཇིག་ངེས་སོ། །

  44. ཨོ་རྒྱན་ཉི་མ། says:
    2013-06-30 at 5:15 am

    སྤྲུལ་སྐུའི་མཚན་མེད་ནའང་འགྲོ་དོན་ཅན། །འགྲོ་ལ་ཕན་བདེ་འབའ་ཞིག་ལྷུར་ལེན་པའི། །འགྲོ་བའི་མགོན་པོ་མཁས་གྲུབ་ཚད་ལྡན་དག །སྤྲུལ་སྐུ་ལོས་ཡིན་མཚན་གྱིས་ཕན་ཐོགས་ཅི། །

  45. མེ་ཏོག་དཀར་པོ says:
    2013-06-30 at 5:41 am

    ད་འོ་ན་བཙན་དབང་གིས་སྤྲུལ་སྐུའི་མིང་ཁུར་བ་རེད་མིན་འདུག་ལ་ལྟོ་གོས་ལ་ཕན་པ་དེ་འདྲ་རེད་མིན་འདུག་པས་སྤྲུལ་སྐུའི་མིང་དོར་བར་ཞུ།

  46. ཀརྡོ་གཉེར་ཕྱག་པ་ says:
    2013-06-30 at 5:47 am

    ཨོས།
    །ལེགས་ན་བསྟན་པའི་དེད་དཔོན་སྤྲུལ་སྐུ་ཡིན། །
    ཉེས་ན་བསྟན་བཤིགས་གཙོ་བོ་སྤྲུལ་རྫུན་ཡིན། །
    དེ་ཕྱིར་སྤྲུལ་སྐུ་བདེན་རྫུན་ཤན་འབྱེད་ཅིག །
    མེད་ན་མི་རིང་བསྟན་པ་འཇིག་ངེས་སོ། །
    ཟེར།

  47. ཀརྡོ་གཉེར་ཕྱག་པ་ says:
    2013-06-30 at 6:14 am

    སེམས་ཅན་ཐམས་ཅད་ཡང་སྲིད་རེད། །
    མི་རྣམས་ཐམས་ཅད་ལས་ཀྱིས་སྤྲུལ། །
    དལ་འབྱོར་ཐམས་ཅད་ཆེ་སྐུ་རེད། །
    ད་ནས་སྤྲུལ་སྐུར་རྩོད་རིན་མེད། །

  48. ཨོ་རྒྱན་ཉི་མ། says:
    2013-06-30 at 7:26 am

    ད་ནི་སྤྲུལ་མིང་འདོར་བ་ཕར་ཞོགས། ཡོད་ཚད་དང་དུ་བླང་རྒྱུ་ཡིན། ཧཧཧཧཧཧཧཧཧཧཧཧཧཧཧཧཧ

  49. གངས་སྤྲེལ་ཚ། says:
    2013-06-30 at 11:05 am

    ཨོ་ཉི་མྱོ་བཞག་འདུག་ཧ་ཧ་ཧ་ཧ་

  50. མེ་ཏོག་དཀར་པོ says:
    2013-06-30 at 11:15 am

    ད་བྱེད་དུས་རང་དོན་འགྲུབ་ན་ཆ་ལུགས་ངན་ནའང་ངན་རེད་འདུག་ག

  51. འཇམ་གཅེས says:
    2013-07-01 at 1:54 am

    སྤྲུལ་སྐུའི་ཆོ་ལོ་ཡོད་པའི་བཀའ་དྲིན་ལས། །
    ལྷ་ཁང་ནང་དུ་བག་སྟོན་གནང་སྐད་ཐོས། །
    བུ་མེད་མཛེས་མ་བང་རིམ་སྒྲིག་སྐད་ཐོས། །
    དེ་དག་དངུལ་གྱིས་ཉོས་ནས་སྦྱོར་སྐད་ཐོས། །

  52. ཀརྡོ་གཉེར་ཕྱག་པ་ says:
    2013-07-01 at 2:03 am

    སྔགས་སྨྱོན་ཨོ་ཉིའི་གསང་བའི་རྣམ་ཐར་ནང་། །

    སྤྲུལ་སྐུའི་ཆོ་ལོ་ཡོད་པའི་ཁྲི་མཐོར་ཐོབ། །
    ལྷ་ཁང་ནང་དུ་བག་སྟོན་ཡི་ཤུའི་ལུགས། །
    བུ་མེད་མཛེས་མས་བང་སྒྲིག་སྔགས་པའི་རྒྱན། །
    དེ་དག་དངུལ་དང་རྩ་རླུང་ཐིག་ལེས་དྲིན། །

    ཧ་ཧ་སྐུ་རྩེད་ཡིན་ནོ་འཇམ་གཅེས་ལགས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme