Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཁན་རིན་པོ་ཆེ་དིས་ཆུང་བློ་ཆོས།

Posted on 2014-06-152014-06-15 By ཁ་བརྡ་ No Comments on མཁན་རིན་པོ་ཆེ་དིས་ཆུང་བློ་ཆོས།

ཤེས་རབ་ནོར་བུ།
 

མཁན་རིན་པོ་ཆེ་དིས་ཆུང་བློ་ཆོས་ཀྱི་མཛད་རྣམ་དད་གསུམ་སྒེག་པའི་འཛུམ་རིས་ཞེས་བྱ་བ།

ཁོང་ནི་བོད་རབ་བྱུང་བཅོ་ལྔ་པའི་གཞུག་ཙམ་ན་བྱང་སེམས་བཀྲ་ཤིས་འོད་ཟེར་དང་། བླ་མ་བཀྲ་ཤིས་ཚེ་རིང་གི་གདུང་བརྒྱུད་ཡབ་གཞིས་གཅིག་པའི་ཨ་ལོ་དིས་ཆུང་ཚང་སར་སྐུ་འཁྲུངས་པ་སྟེ། ཡུམ་གནས་བསྐོར་དུ་ཕྱིན་ནས་འོག་མིན་མཚུར་ཕུར་སྐྱེས་ཤིང་། ༧རྒྱལ་དབང་མཁའ་ཁྱབ་རྡོ་རྗེས་ཕྱག་སྲུང་མགུལ་མདུད་དང་སྨན་སྒྲུབ་རིལ་ནག་ཆེན་མོའི་ཕྱག་རྟེན་ཁར་ཀརྨ་བློ་གྲོས་ཆོས་བཟང་ཞེས་པའི་མཚན་དང་མ་འོངས་པ་ན་བསྟན་འགྲོར་སྨན་པའི་ལུང་བསྟན།
ཆུང་དུས་ནས་ཨ་ལོ་དཔལ་འབྱོར་དགོན་དུ་འཚོགས་ཞུགས་ཐོག་ཚྭ་ཚ་མཁན་པོ་བདེ་ལུའི་མདུན་ནས་དབུ་མ་རྩ་འཇུག་བཞི་གསུམ་ལ་ཐོས་བསམ་གྱི་འགོ་ཚུགས། དཔལ་འབྱོར་མཁན་པོས་ཀྱང་གྲྭ་ཆུང་འདིའི་ཤེས་རབ་རྣོ་བ་ལ་ཞེས་འཚོགས་སུ་གཟེངས་བསྟོད་ཀྱང་གནང་སྐད་ཡོད།

མཚམས་ཤིག་ན་དཔལ་སྤུངས་དགོན་གྱིས་གྲྭ་སྡུད་བྱུང་བར་ཁོང་ཡང་དཔལ་སྤུངས་སུ་གྲྭ་ཁྲལ་དུ་བསྡུས། དེ་ནས་དཔལ་སྤུངས་པའི་ཆོ་ག་ཆོས་སྤྱོད་འཚོགས་འགྲོ་སྒྲིག་འདུག་སྤྱི་མཚུངས་སུ་གནང་མུས། ཞང་པོ་སྒྲུབ་དཔོན་བླ་མ་བཀྲ་ཤིས་ཚེ་རིང་གིས་བདག་ཉར་འོག ཙཱ་འདྲ་ཡང་ཁྲོད་དུ་སྒྲུབ་དཔོན་བླ་མ་ཇ་ཡོག་བསྟན་འཕེལ་མདུན་ནས་སུམ་རྟགས་དག་གསུམ་དང་སྡེབ་སྦྱོར་སྐོར་གསན་བསམ་དང་། རྐེ་སྲིབ་ཨ་སངས་ལས་ཀུན་མཁྱེན་ཆོས་འབྱུང་གི་ཕྱག་བཞེས་བསྡེབས་བྲིས་ཀྱི་ཡིག་གཟུགས་བྱང་བར་མཛད། གདན་ས་དཔལ་སྤུངས་པའི་རྩིས་རམས་པ་ཀ་འཕེལ་དཔལ་འབྱོར་ལས་མཚུར་ལུགས་སྐར་ནག་རྩིས་དང་གཟའ་ལྔ་དབྱངས་འཆར་སོགས་རང་རྐང་ཟིན་པར་བསླབས་ཏེ་དཔལ་སྤུངས་པའི་རྩིས་དགེ་ཡང་ལོ་མང་བཞེས། སྐབས་དེ་དུས་རིག་འཛིན་གྱི་རྣལ་འབྱོར་བར་གྲགས་པ་ཡོད་པའི་ཆུང་འགུ་བླ་མ་བསོད་ནམས་ཚེ་ཏན་དབེན་པར་སྐུ་མཚམས་བཞུགས་པའི་དྲུང་ནས་སྙན་ངག་མེ་ལོང་མ་ཆ་ཚང་ཞུས་ཤིང་དཔེར་བརྗོད་རྒྱུགས་འབུལ་སོགས་བྱས། ཞོར་བྱུང་དུ་ཞང་པོ་དིས་ཆུང་ཚེ་དབང་དགེ་ལེགས་སོགས་ལས་བོད་སྨན་རྒྱུད་བཞི་ཟུར་ལུགས་ཆ་ལག་བཅས་པ་སྦྱངས་ཤིང་དུས་ཕྱིས་གསར་བརྗེའི་ལས་འགུལ་འོག་རང་ཕན་གཞན་ཕན་བྱུང་གསུངས།

དགུང་གྲངས་ཉེ་ཤུའི་སྐོར་ཞིག་ན་ཟུར་མང་རྡོ་རྡོ་དགོན་དུ་མཁན་ཆེན་ཐམས་ཅད་མཁྱེན་པ་མཁྱེན་རབ་བམ་སངས་རྒྱས་རྒྱ་མཚོ་ལས་གཞུང་ཆེན་བཀའ་པོད་ལྔའམ་གཞུང་ཆེན་བཅུ་གསུམ་ལ་ཐོས་བསམ་རྟག་འགྲུས་གནང་།
བཤད་གྲྭ་དེར་ཡུན་རིང་བཞུགས་རྩིས་གནང་ཡང་དཔལ་སྤུངས་པས་བཀའ་བསྩལ་ལྟར་རང་དགོན་དུ་ཕྱིར་ཕེབས་ནས་༧རྗེ་བྱམས་མགོན་དབང་མཆོག་རྒྱལ་པོའི་དྲུང་ཡིག་སོགས་ཁ་མཁོ་སྣ་མཁོ་རུ་བེད་སྤྱོད་ཀྱིས་བཞུགས་དགོས་བྱུང་ཡོད། ཁོང་གི་མི་ཚེའི་ནང་འགྱོད་པ་ཆེ་ཤོས་སུ་ཟུར་མང་དུ་མཁན་པོར་བསྟེན་ཏེ་འདུག་མ་ཐུབ་པ་དེ་ཡིན་གསུངས།
རྗེ་གོང་མའི་ཕྱག་སྲོལ་ལྟར་དཔལ་སྤུངས་ཀྱི་སྒྲུབ་སྡེ་འོག་མར་བླ་མ་ཡེ་ཤེས་འབྱུང་གནས་ལ་བསྟེན་ཏེ་ལོ་གསུམ་ཟླ་གསུམ་གྱི་སྐུ་མཚམས་བཅད་རྒྱའི་མུར་ནཱ་རོ་ཆོས་དྲུག་དང་ཀཾ་ཚང་ལུགས་ཀྱི་བསྙེན་སྒྲུབ་གནང་། ཁོང་གི་གསུང་སྒྲོས་སུ་བླ་མ་ཡེ་འབྱུང་ལ་བསྟེན་ཏེ་སྒྲུབ་ཁང་ལས་གྲོལ་ནས་དགེ་སྒྲུབ་སྡིག་སྤོང་གི་ལག་ལེན་ཕྲན་བུ་ཡོད་པ་འདི་བླ་མ་ཁོང་གི་བཀའ་དྲིན་དང་བྱིན་རློབས་ཉག་གཅིག་ཡིན་ཞེས་ཕྱག་ཐལ་མོ་སྦྱོར་བཞིན་སྤྱན་ཆབ་གསིལ་བ་ལན་མང་མཐོང་ཐོས་ཡོད།

དེ་ནས་དུས་འགྱུར་སྐབས་ཁོང་ཨ་ལོ་མཉམ་ལས་ཀྱི་སྨན་པ་གནང་ནས་སྔོ་སྨན་འཐུ་སྒྲུག་དང་སྨན་སློབ་གསོ་སྐྱོང་གིས་ཉམ་ཐག་གི་ནད་པ་མང་པོ་ལ་མགོན་སྐྱོབ་མཛད། ཆོས་དད་རང་མོས་ཀྱི་སྲིད་ཇུས་གུ་ཡངས་དང་བསྟུན་རྫོགས་ཆེན་དུ་སི་ཁྲོན་བོད་ཡིག་སློབ་གྲྭ་ཞེས་གསར་འཛུགས་བྱུང་བར་དགེ་རྒན་ཆེད་འདྲེན་དུ་ཕེབས་ནས་བོད་བརྒྱུད་ཀྱི་རིག་གཞུང་མང་པོ་ཞིག་འཆད་ཁྲིད་ཉམས་གསོའི་འོག་ནས་སློབ་མ་མང་པོ་འཚར་ལོངས་བྱུང་ཞིང་རྒྱལ་ཕྱི་ནང་གང་སར་སློབ་དང་ཡང་སློབ་ཀྱིས་ཁྱབ་ནས་ཡོད།
བྱམས་མགོན་སི་ཏུ་པདྨ་དོན་ཡོད་མཆོག་བོད་དུ་ཐོག་མར་ཕེབས་སྐབས་ཞིང་ཆེན་རིམ་པ་ཁག་ནས་དགོངས་ཞུས་བྱས་ཏེ་དཔལ་སྤུངས་དགོན་དུ་བཤད་གྲྭའི་ཐོག་མའི་མཁན་པོར་ཁོང་བསྐོས། དེ་ནས་ཁོང་གིས་ཀཱ་རི་ཀཱ་ཆེ་ཆུང་དང་། སྤྱོད་འཇུག སྙིང་ཐིག་སྔོན་འགྲོ། སུམ་སྙན་དག་གསུམ། ཡིག་གཟུགས་ཚུན་གྱི་རྨང་བཏིང་ནས་རིམ་བཞིན་དཔལ་སྤུངས་ལྔ་རིག་སློབ་གླིང་གྲགས་པ་འདི་རིམ་མཆེད་བྱུང་ཡོད།
མདོར་ན་ཁོང་ནི་རྙེད་གྲགས་བསྙེན་བཀུར་ལ་ཐུགས་བློ་ཨ་འཐས་མེད་པ་ཞིག་དང་། རྟག་ཏུ་གཞན་ཕན་སེམས་བཟང་ལ་ལྷུར་ལེན་ཐོག ཉིན་ལྟར་ཕྱག་ཚོད་གསུམ་བཞིར་བཅད་རྒྱའི་སྒོམ་སྒྲུབ་ལ་ཀྲོང་ངེར་བཞུགས་མཁན་ཞིག་ཡིན།
མཐར་དགུང་གྲངས་བརྒྱད་ཅུའི་སྐོར་ཞིག་ན་ངོ་མཚར་བའི་འདས་རྟགས་བཅས་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ། །

སྒྲོ་སྐུར་བྲལ་བའི་རྣམ་ཐར་མདོར་བསྡུས་སུ་ཞལ་སློབ་ཐ་ཤལ་བ་ཤེས་རབ་ནོར་བུས་བླ་མ་རྗེས་དྲན་གྱི་ཚུལ་དུ་འཕགས་ཡུལ་བྱང་ཕྱོགས་དཔལ་ཛ་ལནྡ་རའི་གནས་ནས།

ངོ་སྤྲོད།

Post navigation

Previous Post: མ་སོང་བའི་སྔ་རོལ་ཏུ།
Next Post: སྲིད་སྐྱོང་གི་འོས་མི་༣ ལས་མི་མང་བ་དང་སྤྱི་འཐུས་ཀྱི་འོས་མི་༡༥ ལས་མི་མང་བ་འདོན་རྒྱུ་ཡིན་ཟེར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme