Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་སྐད།

Posted on 2013-02-202013-02-20 By ཁ་བརྡ་ 6 Comments on མ་སྐད།

སྐྱོ་བྲག་དགའ་དབང་།

དེང་སྐབས་བོད་དུ་ཕ་སྐད་ཟེར་བ་འདི་ཚོར་ཤུགས་ཆེ་བའི་ཐ་སྙད་ཅིག་ཡིན། ང་ཚོས་ཀྱང་འཛམ་གླིང་སྤྱི་སྲོལ་བཞིན་མ་སྐད་ཅེས་བརྗོད་ནའང་མ་ཆོག་པ་མེད། དངོས་པོ་གང་ལ་ཡང་མའི་འཇུག་པ་མང་ཞིང་། ཕ་ནི་གར་ཡོད་དང་སུ་ཡིན་ཤེས་པར་དཀའ་ལ། མ་ནི་ཕལ་ཆེར་ངེས་པའི་ཕྱིར་ན། འཛམ་གླིང་གི་སྐད་རིགས་ཆ་ཚང་གིས་མ་ཡུལ་ཟེར་གྱི་ཡོད་སྐད། མ་ཚིག་འདིས་བརྩེ་ཞེན་ཡོད་པ་ཡང་མཚོན། ཕ་ཡུལ་ཟེར་མཁན་ནི་བོད་པ་ཙམ་རེད། སྐད་རིགས་ཕལ་ཆེ་བས་ས་གཞིར་མོ་སྒྲ་སྦྱོར་བ་ལས་ཕོ་སྒྲ་སྦྱར་བ་ཧ་ལམ་མེད། མི་བུ་ཕལ་མོ་ཆེའི་སྐད་ཀྱི་སློབ་དཔོན་དང་པོ་ཡང་ཨ་མ་ཡིན་པ་སོགས་གང་ནས་བསམས་ཀྱང་མ་སྐད་ཅེས་བོས་ན་འབྲེལ་ཆེ་བ་འདུག །འོན་ཏེ་ཕ་སྐད་ཟེར་བ་ལ་རྒྱུ་མཚན་མེད་པ་ནི་མིན། ཡུལ་མཁར་ཁྱིམ་གཞིས་ཀྱི་བདག་པོ་ཕལ་ཆེ་བ་ཕ་ཡིན་ཅིང་། སྨན་གཞུང་ལས་ཕའི་རུས་རྒྱུད་ཆད་མེད་དུ་འགྲོ་བར་བཤད་པ་སོགས་ལ་བརྟེན་པར་སྣང་། ཕ་སྐད་ཟེར་བའི་ཚོར་ཤུགས་འདི་བོད་ནས་བཙན་བྱོལ་བའི་སྤྱི་ཚོགས་ལ་ཡར་ཁྱབ་པ་ལས། བཙན་བྱོལ་ནས་མར་ཁྱབ་པ་ཞིག་མིན། ཐོག་མར་རྒྱ་ཡུལ་དུ་བསྐྱོད་པའི་སློབ་ཕྲུག་ཚོས་གླེང་བ་ཞིག་ཡིན་པའི་ཉམས་འདུག །རང་གི་སྡོད་ས་དང་སྐད་དེ་རང་ཡུལ་དང་རང་སྐད་ཡིན་ནའང། ཕ་ཡུལ་དང་ཕ་སྐད་ཡིན་པའི་ངེས་པ་མེད་མོད། བོད་པ་ནང་ཕན་ཚུན་རང་ཡུལ་དང་རང་སྐད་ཅེས་བརྗོད་ན་ཅི་བས་བདེའོ། །

སྣ་ཚོགས།

Post navigation

Previous Post: འཇིག་རྟེན་ལེབ་ལེབ་འདོད་པ་པོ་དགེ་ཆོས་ཀྱི་ལུགས།
Next Post: འོད་ཐིག་གསར་ཤོག་གི་རྩོམ་བསྡུའི་གསལ་བརྡ།

Comments (6) on “མ་སྐད།”

  1. བཟང་། says:
    2013-02-21 at 2:08 am

    འདི་ནི་དོན་མེད་གྱི་རྩོད་པ་རེད།

  2. གངས་སྨྱུག says:
    2013-02-21 at 2:31 am

    དགའ་དབང་གི་བསམ་ཚུལ་ཡག་པོ་འདུག

  3. གནམ says:
    2013-02-21 at 2:34 am

    ཕ་གཞིས་དེ་ན་བཤད་པའི་སྐད་ཆ་ལས་ཕ་ཡིས་བཤད་པའི་སྐད་ཆ་ལ་རྩིས་མཐོང་དང་མ་ཡིས་བཤད་པའི་སྐད་ཆ་ཆགས་འཇོག་མེད་པ་དེ་འདྲ་མ་ཡིན་ནོ། ཕ་དང་ཕོ་ཡིས་དབའ་བསྒྱུར་བའི་ཡུལ་ལུང་ས་ཕྱོགས་དེ་ལ་རྒྱུག་ཆེ་པའི་སྐད་ལ་ཕ་སྐད་ཟེར་བ་ལས་སྐད་ཆའི་ཡོངས་ཁུངས་མ་ལ་གཏུག་དགོས་བ་དེ་འདྲ་མ་ཡིན་ནོ། ལུང་པ་གཞན་པས་མ་སྐད་ཟེར་བ་དེ་ཡང་རང་གི་ངག་ལ་འབྱོར་བའི་སྐད་ཡིག་མང་པོའི་ནང་ནས་རང་ལ་བྱང་ཆ་ཡོད་པ་དེ་ལ་མ་སྐད་ཟེར་བ་ལས་རང་གི་མ་ཡིས་བཤད་པའི་སྐད་ལ་བྱང་བ་དང་གོམ་པ་མེད་ན་མའི་སྐད་ཡིན་པ་ཙམ་གྱིས་མ་སྐད་མི་ཟེར་རོ། སྐད་ཡིག་གི་མ་གདན་དང་མ་ཁུངས་མ་རྩ་སོགས་ལ་གོ་དགོས་སོ།
    བོད་མི་ཡིན་ཚད་ཀྱི་སྐད་ཡིག་སྐད་གདངས་ག་འདྲ་ཞིག་ཡིན་ན་ཡང་དེ་ནི་བོད་སྐད་ཡིན་པ་རེད། ཕ་སྐད་ལས་བོད་སྐད་ལོགས་སུ་ཕྱེ་མི་ཐུབ་པ་དང་། བོད་སྐད་ལ་ཕ་སྐད་འདྲ་མིན་གོ་རྒྱུ་ཡོད་པ་ཞིག་རེད་དོ།

  4. geshelogyal says:
    2013-02-21 at 3:20 am

    ཕ་སྐད་ཞེས་པ་ནི་ཕ་ཡུལ་གྱི་སྐད་ཞེས་པའི་ ཞེས་པ་བསྡུས་པའི་ཚིགས་ཡིན་པ་ལས། ཡོང་ཁུངས་ཕ་དང་མ་གང་ཡིན་གྱི་ཁྱད་པར་མིན། རང་རང་སོ་སོའི་ཡུལ་ལ་ཕ་ཡུལ་ཞེས་བརྗོད་པ་ལས་མ་ཡུལ་ཞེས་མི་བརྗོད་པ་ནི། བུ་བུ་མོ་གཉིས་ལས་བུ་མོ་གཞན་དུ་བག་མར་བཏང་བ་ལས་བུ་མག་པར་གཏོང་བ་དཀོན་ཞིང་ལུགས་སོ་ཆེར་མེད་པས་ཕ་ནི་ཡུལ་དེ་ཉིད་ཀྱི་མི་ཡིན་པ་དང་མ་ནི་ཡུལ་གཞན་ཞིག་ནས་ཚུར་འོང་བའི་འདུ་ཤེས་ཡོད་པའི་དབང་གྱི་ཐ་སྙད་དེ་ལྟར་ཐོགས་པ་རེད། ཡུལ་ལུང་གཞན་དུ་མ་ཡུལ་ཞེས་པའི་ཐ་སྙད་བེད་སྤྱོད་བྱེད་ཀྱི་ཡོད་པ་ནི། ཡུལ་ལམ་རྒྱལ་ཁབ་དེ་མ་དང་འདྲ་བའི་སྐུ་དྲིན་ཆེ་བའི་ཆ་ནས་ཡིན་གྱི་ཕོ་མོ་ཁྱད་པར་གྱིས་མིན། དེ་བཞིན་རང་སྐད་ཞེས་པ་ཡང་རང་ཡུལ་གྱི་སྐད་ཞེས་པ་ཡིན་གྱི་རང་གྱིས་གང་བེད་སྤྱོད་བྱེད་པའི་སྐད་ཙམ་ལ་ཟེར་བ་མིན། མདོ་སྡེ་སྐལ་བཟང་དུ་སངས་རྒྱས་སྟོང་ལུང་བསྟན་པའི་སྐབས་སུ་ཡུལ་དང་རིགས་དང་རུས་དང་འཁོར་སོགས་ལུང་བསྟན་པ་བཞིན་རང་རེ་ལ་ཡང་ཡུལ་དང་རིགས་རུས་སོགས་ཡོད་པ་དེ་རྣམས་དྲི་བའི་དང་པོ་སོ་སོ་ནས་དྲི་བ་བྱེད་ཀྱི་ཡོད་ཀྱང་ཕྱིས་སུ་རིགས་རུས་ཡུལ་གསུམ་ཁྱད་མེད་པར་གཅིག་ཏུ་དྲི་བའི་ཚིགས་ཁྱེད་ཕ་ཡུལ་གང་ནས་ཡིན་ཞེས་པ་འདི་བྱུང་བ་རེད།

  5. ཀརྡོ་གཉེར་ཕྱག་པ་ says:
    2013-02-23 at 2:58 am

    ངའི་ཕ་ཡུལ་བོད་རེད།
    ངའི་མ་སྐད་བོད་སྐད་རེད།

  6. ཕྱུགས་རྫི་ says:
    2013-02-23 at 4:35 am

    དོགས་པ་མེད་སའི་དོགས་པར་ཆོད་ཀྱི་མེད་པའི་ཆོད་ཆོད་དེ་མ་མཛད་རོགས་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme