Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་རི་ཀོ་དང་ལྷན་དུ་གླེང་མོལ།

Posted on 2015-11-152015-11-15 By ཁ་བརྡ 23 Comments on མ་རི་ཀོ་དང་ལྷན་དུ་གླེང་མོལ།

གློག་བརྙན་།

Post navigation

Previous Post: རྒྱ་གར་ནི་བཙན་བྱོལ་བའི་ཞིང་ཁམས་ཡིན་ནམ།
Next Post: རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་གསང་ཆེན་སྔགས་ཀྱི་རྩོད་པའི་ཆོས་ཐོག་ཆེན་མོ།

Comments (23) on “མ་རི་ཀོ་དང་ལྷན་དུ་གླེང་མོལ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-11-15 at 10:38 am

    ཆུང་མིང་བསྟན་འཛིན་ཨོ་རྒྱན། ཆོས་མིང་ཀརྨ་བཀྲ་ཤིས། མིང་འདོགས་མ་རི་ཀོ་ནི་སྐྱེས་པའི་ལུས་ལ་བུད་མེད་ཀྱི་གཤིས་ཀ་ཡོད་ཟེར། ཁྱད་མཚར། ལས་ཚུལ་བསམ་གྱིས་མི་ཁྱབ་པའི་དཔེ་སྟོན་མིན་ནམ་སྙམ་མོ།།

  2. ལྷ།བྱ་འཕུར་མ། says:
    2015-11-15 at 2:21 pm

    སོ་སོའི་འདོད་པ་གང་ཡོད་པ་ལྟར་བྱས་པ་ཡག་པོ་རེད། སྐྱ་མིན་སེར་མིན་སྡོད་པ་ལས་བྱེད་སྟངས་དེ་གཙང་མ་འདུག

  3. གྲགས་པ། says:
    2015-11-15 at 2:35 pm

    རྣམ་པ་ལ་བལྟས་ན་བུ་མོ་ཞིག་ཡིན་པ་འདྲ་བོ་འདུག སྐད་ལ་བལྟས་ན་བུད་མེད་ཀྱི་སྐད་རེད་མི་འདུག རྒྱ་གར་གྱི་ཕོ་ལོ་མོ་ལོ་དེ་ཚོའི་སྐད་འདྲ་བོ་འདུག མཚན་གཉིས་མ་ནིང་ཞིག་མིན་ནམ་སྙམ། གང་ལྟར་བློ་སྟོབས་ཅན་ཞིག་རེད་འདུག་སྙམ།

  4. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-11-15 at 4:10 pm

    ཧཧཧཧ་་་་་མཚན་གཉིས་མ་ནིང་ཡིན་ན་དེ་སྔོན་གྲྭ་བ་བྱས་འདུག་པས་སྡོམ་སྣོད་ཡོད་དམ། དེའང་དཔྱད་གཞི་ལ་སྣང་།

  5. རང་བྱུང་རིག་པའི་རྡོ་རྗེ says:
    2015-11-15 at 5:46 pm

    ཧ་ཅང་ཡག་པོ་རེད་ལ་སྤོབས་པའང་ཆེན་པོ་རེད། འདི་དང་འདི་ལྟ་བུ་བོད་པའི་སྤྱི་ཚོགས་ནང་ན་མངོན་དུ་གྱུར་མ་ཐུབ་མཁན་མང་བོ་ཡོད་ཀྱི་རེད་སྙམ། མ་རུ་ཀོ་ལགས་གདོང་ལ་ཚོས་ཞུགས་པ་ལས་མགོ་ལ་བུ་མོ་ནང་བཞིན་སྐྲ་འཇོག་དགོས་རེད། མགོ་ལ་སྐྲ་ཡོད་ན་བུ་མོ་བཟོ་ལྟ་དེ་ལས་ཐོན་ཀི་རེད། སྐད་ལའང་བུ་མོ་ནང་བཞིན་སྦྱང་རྒྱུ་ཡོད་པ་རེད། ཁྱོད་རང་དངོས་གནས་བུ་མོ་བྱེད་འདོད་ན་སྐད་སྦྱང་རྒྱུ་དང་མགོ་ལ་སྐྲ་རིང་བོ་འཇོག་རྒྱུ་གཉིས་ཧ་ཅང་གལ་ཆེན་རེད། །

  6. ཨ་ཁུ་ནོར་བུ་ says:
    2015-11-15 at 8:18 pm

    ཕོ་ལོ་མོ་ལོ་ཟེར་ན་ནོར་བ་རེད་ དངོས་གནས་བྱས་ན་ ཕོའི་ལུས་ལ་མོའི་བསམ་བློ་ཡོད་པ་དེ་ལ་༼ཕོ་ལུས་མོ་བློ་༽ ཟེར་ ཡང་བུ་མོའི་ལུས་ལ་བུའི་་བསམ་བློ་ཡོད་པ་རྣམས་ལ་༼ཕོ་བློ་་མོ་ལུས་༽ཟེར་བས་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ཚིག་མང་པོ་སྒྲ་མ་དག་པར་བེད་སྤྱོད་བྱེད་བཞིན་འདུག་ དཔེ་ན་༼ གང་ས་གང་ལ་༽ ཞེས་པར་ ག་པ་ག་ས་ལ་ ཟེར་བ་སོགས་ཧ་ཅང་མང་པོ་འདུག་པས་ཚང་མས་སྐད་ཆ་་ཤོད་སྐབས་དོན་དག་ཡོད་མེད་བསམ་བློ་གཏོང་དགོས་

  7. དྲི་མེད་ལྷག་བསམ། says:
    2015-11-15 at 9:33 pm

    ཕོ་བློ་་མོ་ལུས་པས་སྐད་ཀྱང་འདྲེས་མ་རེད་འདུག བོད་སྐད་ལ་ང་ལས་ཀྱང་སྡུག་པ་འདུག ལུས་པོ་གང་ཡང་རུང་། བོད་སྐད་དང་བོད་ཡིག་ཡག་པོ་ཤེས་པ་གལ་ཆེ་བས། བོད་སྐད་གཟབ་སྦྱོང་ཡག་པོ་བྱེད་དགོས་པ་འདུག ཁྱོད་ལ་རང་དབང་གི་བདེ་བ་ལོངས་སུ་སྤྱོད་པའི་སྨོན་པ་ཞུ།

  8. གཙང་ཞོལ་བདེ་གསལ། says:
    2015-11-15 at 10:42 pm

    མ་རི་ཀོ་ཡིས་སྐད་ཆ་ཡག་ཐག་ཆོད་བཤད་འདུག་ཡ། དྲི་བ་བཏང་མཁན་གྱི་བུ་མོ་དེ་ཡང་སྙིང་རྗེ་མོ་འདུག འོན་ཀྱང་རྗེས་མར་བོད་པའི་ནང་དེ་འདྲ་མི་ཡོང་བར་རེ་བ་ཡོད། ཕོ་ལི་མོ་མིན་འདྲ་པོ་བདེ་དོན་ཟླ་ཚེའི་བུ་མོ་སོགས་ཀྱི་རིགས།

  9. མཻན་བུ། says:
    2015-11-15 at 10:53 pm

    གོང་དུ་ཨ་ཁུ་ནོར་བུས། “ཕོ་ལོ་མོ་ལོ་ཟེར་ན་ནོར་བ་རེད་ དངོས་གནས་བྱས་ན་ ཕོའི་ལུས་ལ་མོའི་བསམ་བློ་ཡོད་པ་དེ་ལ་༼ཕོ་ལུས་མོ་བློ་༽ ཟེར་ ཡང་བུ་མོའི་ལུས་ལ་བུའི་་བསམ་བློ་ཡོད་པ་རྣམས་ལ་༼ཕོ་བློ་་མོ་ལུས་༽ཟེར་” འགྲེལ་བཤད་ཧ་ཅང་ཡག་པོ་རྒྱབ་འདུག་པར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

  10. ཀརྡོ་གཉེར་ཕྱག་པ་ says:
    2015-11-16 at 12:30 am

    ་་་་་་་་་་ སྤྱི་ཚོགས་ནང་ཚིག་མང་པོ་སྒྲ་མ་དག་པར་བེད་སྤྱོད་བྱེད་བཞིན་འདུག་ དཔེ་ན་༼ གང་ས་གང་ལ་༽ ཞེས་པར་ ག་པ་ག་ས་ལ་ ཟེར་བ་སོགས་ཧ་ཅང་མང་པོ་འདུག་པས་ཚང་མས་སྐད་ཆ་་ཤོད་སྐབས་དོན་དག་ཡོད་མེད་བསམ་བློ་གཏོང་དགོས་་་་་་་་་་་ ཟེར།

  11. ཏི་སི། says:
    2015-11-16 at 1:39 am

    འདི་ནི་ཨིན་ཇིས་སྐད་ལ་she make ཟེར་རྒྱུ་ཅན་པོ་རེད། འདི་ནི་ཚེ་སྔོན་ལས་ཀྱིས་སྨན་པ་ཞིག་ཡིན་ང་ཚོས་ཀུ་རེ་དང་རྩེད་མོ་རྩེད་ཆས་འདྲ་བོ་མ་གནང་རོག མོ་རང་ཡང་ལས་དབང་གིས་རང་བཞིན་མོ་ལུས་བདག་འཛིན་ཕོ་ལུས་ལ་ཆགས་པ་ཅན་ཡིན་དུས་དེ་མིས་དགའ་དྲག་ནས་གང་དྲན་དྲན་བྱས་བསྡད་པ་མ་རེད། འདིའི་རིགས་ཕྱི་རྒྱལ་ལ་མང་པོ་ཡོད་འདུག་ག་ཁོང་ཚོས་སྤྱི་ཚོགས་ཐོབ་ཐང་འདྲ་མཉམ་ངོ་ཚ་དགོས་མེད་དུས་དེང་སང་ཕོས་ཕོ་ལ་ཆང་ས་རྒྱབ། མོས་མོ་ལ་ཆངས་ས་རྒྱབ་ཟེར་ཡག་འདི་འདྲ་ཞིག་རང་བཞིན་སེམས་ཚོར་བཅོས་མིན་ཡོད་དུས་མཐོང་རྒཐུ་ཡོད། བོད་པའི་སྤྱི་ཚོགས་ལ་འདི་དང་འདི་འདྲ་མང་བོ་ཡོད་ཐག་ཆོད་རེད་དེ་ང་ཚོས་སྤྱི་ཚོགས་འདི་འདྲེ་རེད། འདི་གདོན་རེད་ཟེར་རྒྱུ་ལ་གདིན་མི་ཟ་བས་མང་པོ་སྙིང་ཁོང་ལྟ་བུ་མེད་ཙང་ཕྱིར་མངོན་མི་ཐུབ་པ་རེད། བྱས་དུས་མོ་ལའང་ཁག་མེད་པ་ཅན་ཞིག་རེད། ངོ་མ་ཤ་ཚ་དགོས་པ་དང་། སྙིང་རྗེ་དགོས་པ་འདུག་ སྐྱེ་བ་ཕྱི་མ་ལ་བོད་མི་ཕོ་མོ་གཙང་མར་ཆོས་ལྡད་ཅན་སྐྱེ་བའི་སྨིབ་ལམ་ཞུ།

  12. ཏི་སི། says:
    2015-11-16 at 1:43 am

    འདི་ནི་ཨིན་ཇིས་སྐད་ལ་she male ཟེར་རྒྱུ་ཅན་པོ་རེད། འདི་ནི་ཚེ་སྔོན་ལས་ཀྱིས་སྨན་པ་ཞིག་ཡིན་པ་ལུས་མིན། ང་ཚོས་ཀུ་རེ་དང་རྩེད་མོ་རྩེད་ཆས་འདྲ་བོ་མ་གནང་རོག མོ་རང་ཡང་ལས་དབང་གིས་རང་བཞིན་མོ་ལུས་ལ་བདག་འཛིན་ཕོ་ལུས་ལ་ཆགས་པ་ཅན་ཡིན་དུས་དེ་མོས་དགའ་དྲག་ནས་གང་དྲན་དྲན་བྱས་བསྡད་པ་མ་རེད། འདིའི་རིགས་ཕྱི་རྒྱལ་ལ་མང་པོ་ཡོད་འདུག་ག་ཁོང་ཚོས་སྤྱི་ཚོགས་ཐོབ་ཐང་འདྲ་མཉམ་ངོ་ཚ་དགོས་མེད་དུས་དེང་སང་ཕོས་ཕོ་ལ་ཆང་ས་རྒྱབ། མོས་མོ་ལ་ཆངས་ས་རྒྱབ་ཟེར་ཡག་འདི་འདྲ་ཞིག་རང་བཞིན་སེམས་ཚོར་བཅོས་མིན་ཡོད་དུས་མཐོང་རྒྱུ་ཡོད། བོད་པའི་སྤྱི་ཚོགས་ལ་འདི་དང་འདི་འདྲ་མང་བོ་ཡོད་ཐག་ཆོད་རེད་དེ་ང་ཚོས་སྤྱི་ཚོགས་ནང་ལ་འདི་འདྲེ་རེད། འདི་གདོན་རེད་ཟེར་རྒྱུ་ལ་གདོན་མི་ཟ་བས་མང་པོ་ཞིག་སྙིང་ཁོང་ལྟ་བུ་སེནས་ཤུག་དེ་མེད་ཙང་ཕྱིར་མངོན་མི་ཐུབ་པ་རེད། བྱས་དུས་མོ་ལའང་ཁག་མེད་པ་ཅན་ཞིག་རེད། ངོ་མ་ཅན་ཤ་ཚ་དགོས་པ་དང་། སྙིང་རྗེ་དགོས་པ་འདུག་ སྐྱེ་བ་ཕྱི་མ་ལ་བོད་མི་ཕོ་མོ་གཙང་མར་ཆོས་ལྡད་ཅན་སྐྱེ་བའི་སྨོན་ལམ་ཞུ།

  13. རྒྱ་གར་རྨ་བྱ། says:
    2015-11-16 at 2:51 am

    མ་རི་ཀོ་གྲྭ་ཞུགས་བྱས་པས་སྐད་ཆ་ཡག་ཐག་ཆོད་བཤད་ཀྱི་འདུག སྤྱི་ཚོགས་དེང་རབས་ཀྱི་ཁོར་ཡུག་ཆུང་ས་དང་ཆོས་ཀྱི་བག་ཆགས་སྟུག་པོ་ཡོད་སའི་དཀྱིལ་ནས་རང་གི་རང་མོས་བཞིན་གདོང་ལེན་བྱས་ཐུབ་པ་དེ་དམིགས་བསལ་ཞིག་དང་དེའི་རྒྱབ་ནས་སློབ་ཚན་དམིགས་བསལ་བ་ཞིག་ཀྱང་བསླབས་ཡོད་པ་རེད།

  14. རེབ་གླེན་པ། says:
    2015-11-16 at 3:58 am

    ང་ཁོའི་སྙིང་སྟོབས་ཟེར་དགོས་སམ། ཡང་ན་རང་འདོད་ཀྱི་འཚོ་བ་འདི་ལ་ཧ་ལས་བྱུང་།

  15. ལུང་རྟོགས། says:
    2015-11-16 at 4:58 am

    ང་ཚོའི་སྤྱི་ཚོགས་ནང་འདི་ལྟ་བུ་རེ་ཟུང་བྱུང་ན་ཡག་པོ་རེད། འདིས་སྤྱི་ཚོགས་ཀྱི་བསམ་བློ་གུ་ཡང་འགྲོ་བར་ཕན་ཐོག་ཡོད།

  16. སྤོབས་པ་མཐའ་ཡས། says:
    2015-11-16 at 5:04 am

    ང་ཐའེ་ཡུལ་ལ་ལ་འགྲོ་དུས་ཕོ་ལུས་མོ་བློ་མཛེས་པོ་ཧ་ལས་པ་ཁ་ཤས་རེ་མཐོང་སོང་། གཅིག་བྱས་ན་སྐུ་ཞབས་ལགས་འདིས་མི་གཞན་དང་མ་འདྲ་བ་ཞིག་བྱེད་དགོས་སྣང་ཤར་ནས་འདི་འདྲ་བྱེད་གི་ཡོད་སྲིད། མཚམས་མཚམས་ལ་ངས་ཀྱང་འདི་འདྲ་ཞིག་བྱེད་དགོས་པ་མིན་ནམ་བསམ་ཡོང་གི་འདུག ངས་བུད་མེད་ཅིག་གི་ཚུགས་ཀ་བཏོན་ཡོང་ན་ཁྱེད་རྣམ་པས་གཅིན་པ་ལངས་ལངས་ལ་འཆོར་ཡོང་གི་རེད་བསམ་གི།

  17. འབྲོག་ཕྲུག says:
    2015-11-16 at 9:25 am

    ཕོ་ལོ་མོ་ལོ་རེད། ཚིག་རྙིང་པ་ཞེད་བོ་ཅིག་རེད། གོ་དོན་ཡང་དཔེ་ཡག་པོ་ཡོད། ཕོ་བྱས་ནའང་ལོ་མཁན། མོ་བྱས་ན་འང་ལོ་མཁན་དེ་འདྲ་རེད། ལོ་ཟེར་ན་ཆོག་ཞེས་པའི་བརྡ་རྙིང་རེད། ད་ལྟ་མདོ་ཁམས་པས་གོ་གི་རེད། བྱས་ཙང་ཚིག་རྙིང་པ་དེ་ལ་བརྟག་ན་དོན་དེ་ཡང་སྔ་མ་ཡོད་པ་འདྲ།གང་ལྟར་ཕོ་མོ་གཉིས་ཀའི་གོ་ཆོད་པའི་དོན་ཡིན་ནོ།

  18. ཀརྡོ་གཉེར་ཕྱག་པ་ says:
    2015-11-16 at 9:41 am

    མ་རི་ཀོ་ནི། ཕོ་ལོག་མོ་ལོག་མ་རེད་ལ། མ་ནིང་ཡང་མ་རེད། མཚན་གཉིས་མ་ཡང་མ་རེད་དོ། ཁོ་ནི། ཕོའི་ལུས་ལ། མོའི་སེམས་པ་ཡོད་ཙམ་རེད།

  19. ཚ་ཕྲུག་རྒྱལ། says:
    2015-11-16 at 11:27 am

    ཕོའི་ལུས་ལ་མོའི་སེམས་པ་ཡོད་པས་རེད། ཟེར། འོན་ཀྱང་ཕོ་ལ་མོའི་གཤིས་ཀ་ཆེ་བས་ཡིན་ན་ཆོག། གལ་སྲིད་ཕོ་ཞིག་ཡིན་ན་མོའི་སེམས་པ་ཡོད་ཚུལ་ཞིག་ཡོད་རྒྱུ་མ་རེད། ཕོ་ཡིན་ན། ལུས་སེམས་གཉིས་ཆ་ཕོ་ཡིན་དགོས་པ་ལས་ལུས་སེམས་གཉིས་ཕོ་མོའི་མི་འདྲ་བ་ཞིག་ཡིན་ན་ཕོ་མིན་མོ་མིན་ལས་ཕོ་ཡིན་ནི་མ་རེད། ཕོ་མིན་ན་གྲྭ་བ་ཞིག་གང་ནས་ཆོག།

  20. རང་བྱུང་རིག་པའི་རྡོ་རྗེ says:
    2015-11-16 at 11:50 am

    དྲི་བ་བཀོད་མཁན་གྱིས་དོན་དག་གལ་ཆེན་གཅིག་དྲིས་མི་འདུག དེ་ནི་མ་རི་ཀོས་བརྩེ་ཏུང་གི་ཆ་ནས་ཕོ་ལ་དགའ་ཡི་ཡོད་དམ་མོ་ལ་དགའ་ཡི་ཡོད། གལ་ཏེ་ཁོང་ཕོ་ལ་དགའ་ཡི་ཡོད་ན་བུད་མེད་བྱེད་ན་བྱེད་ཀོ་ཆོད་པ་རེད། མོའི་སྐད་ལ་ཆ་བཞག་ན་ཕོ་མོ་གཉིས་ཀྱི་ཕོའི་སྒྲ་གདངས་ཤུགས་ཆེ་བ་འདུག མོའི་བྲང་ལ་ནུ་མ་ཆེན་པོ་ཡོད་དམ། དེ་མེད་ན་མ་རི་ཀོ་བུད་མེད་བྱས་པ་ནོར་བ་རེད། ༡ བྲང་ན་ནུ་འབུར་མེད་པ། ༢ ངག་ན་མོ་སྐད་མེད་པ། ༣ འདོམས་ན་མོ་མཚན་མེད་པ། ༤ མགོ་ན་སྐྲ་མེད་པ། །

  21. ཨ་ཁུ་ནོར་བུ་ says:
    2015-11-16 at 2:41 pm

    ལུང་རྟོགས་དང་རྒྱ་གར་རྨ་བྱས་གསུང་པ་ལ་་རྒྱུ་མཚན་འདུག་ ང་ཚོའི་སྤྱི་ཚོགས་དེ་གང་སྤྱིའི་ཐད་གུ་ཡང་རུ་འགྲོ་དགོས་འདུག་

  22. དབྱངས་ཅན་འབངས says:
    2015-11-18 at 5:49 pm

    མ་རི་ཀོ་ལགས། ངས་ཁྱེད་རང་གི་བསམ་པའི་རང་དབང་ལ་གུས་བརྩི་ཞུ་བ་ཡིན། ཁྱེད་རང་གི་ལུས་ངག་གི་རྣམ་འགྱུར་ལ་བལྟས་ན་ཁྱེད་རང་ལ་དངོས་གནས་བོད་མིའི་བཟང་སྤྱོད་ཀྱི་གོམས་གཤིས་ཤ་རུས་ལ་ཟུག་ཡོད་པ་ཞིག་ཏུ་མཐོང་སོང་།

  23. དྲན་དཀར་དཔལ་ཡོན་ says:
    2015-11-19 at 10:44 am

    མ་རི་ཀོ་ལགས། ངས་ཁྱེད་ཀྱི་རང་དབང་གི་གནང་སྟངས་ལ་གུས་བརྩི་ཏོག་ཙམ་ཡོད། ཁྱེད་རང་གི་ཨ་མ་ལགས་དང་མ་ལགས་ནང་བཞིན་གྱི་ཁྱེད་ལ་རྒྱབ་སྐྱོར་གནང་མཁན་གྱི་ཁྲིམས་གཅིག་དང་སྐྱེས་བུ་དམ་པ་ཚོས་ནམ་ཡིན་ཡང་རང་ལ་རང་གི་འོད་སྣང་གི་ལམ་གཅིག་གནང་གི་རེད། བློ་བདེ་གནང་རོགས།
    རྒྱ་གར་བས་བྱ་བ་ལམ་འགྲོ་ཡོང་ཆེད་དུ་ཕོ་བློ་མོ་ལུས་ཅན་གྱི་ས་རུ་སྨོན་ལམ་ཞུ་གི་འདུག སྨོན་ལམ་ནག་པོ་བཏབ་ཡོང་སྙམ་ནས་ཞེད་སྣང་བྱ་མཁན་ཡང་མི་ཉུང་བ་འདུག
    རྒྱུ་མཚན་དང་རིགས་ལམ་གཅིག་ཡོད་ངེས་པས་བདག་གི་རྩད་གཅོད་ཞུ་ངེས་ཡིན། གོང་དུ་དབྱངས་ཅན་འབངས་ཀྱིས་ཞུས་པ་བཞིན་ཁྱེད་ཀྱིས་བཟང་སྤྱོད་ཀྱིས་སྐད་ཆ་དག་གིས་ང་ཧ་ལས་སུ་བཅུག་བྱུང་། གང་ལྟར་ང་ཚོ་ཚང་མར་བྱ་བ་ལམ་ལྷོང་ཡོང་བའི་སྨོན་ལམ་གནང་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme