Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་ཡུམ་ཚང་གི་བགྲོ་གླེང་ཐེངས་དང་པོ།

Posted on 2012-06-11 By དབང་ཕྱུག་ 32 Comments on མ་ཡུམ་ཚང་གི་བགྲོ་གླེང་ཐེངས་དང་པོ།

ཕྱི་ལོ་༡༠༡༢་ལོའི་ཟླ་༦པའི་ཚེས་༩ཉིན་ནོར་གླིང་དུ་མ་ཡུམ་ཚགས་ཤོག་རྩོམ་སྒྲིག་པའི་བཀོད་སྒྲིག་འོག་མ་ཡུམ་ཚང་གི་བགྲོ་གླེང་ཐེངས་དང་པོ་ཚོགས་འདུག བགྲོ་གླེང་གཙོ་སྐྱོང་བ་དང་ཚོགས་མི་ཚང་མ་བུད་མེད་རྐྱང་རྐྱང་ཡིན་པ་དང་། བགྲོ་གླེང་པ་དང་སྐུ་མགྲོན། རྐང་འཛིན་རྩོམ་པ་པོ་བཅས་ཀྱིས་གྲུབ་པའི་བགྲོ་གླེང་ཚོགས་ར་ཞིག་རེད།
༡༽ བུད་མེད་ཀྱི་འགན་འཁྲི་དང་མ་ཡུམ་ཚགས་ཤོག
༢༽ བུད་མེད་ཀྱི་བསམ་བློ་དང་མ་ཡུམ་ཚགས་ཤོག
༣༽ མ་ཡུམ་ཚགས་ཤོག་དང་བུད་མེད་ཀྱི་མ་འོངས་པ་བཅས་ཀྱི་བརྗོད་གཞིའི་ཐོག་རྩོམ་པ་པོ་བསམ་གླིང་ཚེ་རིང་ལྷ་མོ་དང་། པདྨ་ཆོས་སྒྲོན། སྒྲོལ་དཀར་མཚོ་བཅས་ཀྱིས་རིམ་བཞིན་བགྲོ་གླེང་གཏམ་བཤད་དང་། དེ་རྗེས་སྐུ་མགྲོན་དཔལ་སྒྲོན་དང་ཚེ་དབྱངས། རྐང་འཛིན་རྩོམ་རྩོམ་པ་པོ་སྨིན་སྣང་མཛེས་དང་སྨྱུག་རྩེ་མ། གངས་རྫི། གཟུངས་འདུས་སྐྱིད། གཅན་ཡུ་མོ་སོགས་ཀྱིས་ནང་ཁུལ་དཔྱད་བསྡུར་དང་བགྲོ་གླེང་ལྷུག་པོར་བྱས། གཞན་བུད་མེད་ཀྱི་གནད་དོན་མང་པོའི་ཐད་བགྲོ་གླེང་དཔྱད་བསྡུར་དང་། མ་ཡུམ་ཚགས་ཤོག་རྒྱ་བསྐྱེད་གཏོང་ཐབས་བཅས་ཀྱི་སྐོར་ལ་བསམ་ཚུལ་བརྗེ་རེས་བྱས་ནས་ཉིན་གཅིག་གི་བགྲོ་གླེང་རྒྱལ་ཁའི་ངང་མཇུག་བསྡུས་འདུག

གསར་འགྱུར།

Post navigation

Previous Post: མེ་ཕུང་། མེ་ཕུང་། མེ་ཕུང་།
Next Post: སློབ་དཔོན་ཟམ་གདོང་རིན་པོ་ཆེས་༧གོང་ས་མཆོག་གི་སྐུ་ཚབ་གནང་སྟེ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་སུ་ཞུགས་པ།

Comments (32) on “མ་ཡུམ་ཚང་གི་བགྲོ་གླེང་ཐེངས་དང་པོ།”

  1. གཅན་འོད་འབར། says:
    2012-06-11 at 3:19 am

    འདི་ལྟ་བུའི་ལས་འགུལ་དངོས་ནས་རླབས་ཆེན་དང་གཟི་བརྗིད་རེད། མུ་མཐུད་དུ་རྒྱུན་འཁྱོངས་བྱེད་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད་འདོད།

  2. བསམ་གཏན། says:
    2012-06-11 at 3:32 am

    འདི་འདྲ་ལས་ཀ་ལ་དགོད་རྒྱུ་ཡོད་ནས་ཤི་འགྲོ་སོང་། བོད་ཀྱི་བུད་མེད་ཚོ་ངོ་མ་སྙིང་རྗེ།

  3. ཨ་ཆུན་པོ says:
    2012-06-11 at 3:58 am

    འཚར་ལོངས་བྱུང་བཞིན་པའི་བོད་པའི་མ་ཡུམ་ཚོའི་བློ་སྤོབས་དང་སྙིང་སྟོབས་ཡར་བསྐྱེད་ལ། རང་རེ་བ་ཚང་མས་འཔྱར་གྲུ་མཉམ་འདེགས་ལས། འབུར་འཇོམས་བྱས་ན་ཡག་པོ་མི་འདུག ངས་འདི་ནས་རང་ཉིད་བུད་མེད་དང་བོད་ཀྱི་བུད་མེད་ཅིག་ཡིན་པའི་ངོས་ནས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་དང་། བུད་མེད་ཀྱི་ལས་དོན་མང་དག་ཅིག་ལ་གླེང་སློང་བྱུང་ཡོད་པའི་རེ་བ་ཡོད། གོ་སྒྲིག་པ་ཐུགས་རྗེ་ཆེ་ཞུ།

  4. ལ་སྟོད་བུ། says:
    2012-06-11 at 5:14 am

    ཤུ་ནེ་ཚོས་ཤུགས་རྒྱབ་ཤོག་དང་གཅིག་བྱེད་ན་སྤྱི་ཚོགས་སྟེང་དུ་བོད་ཀྱི་བུད་མེད་ཚོས་ཀྱང་གདོང་པ་སྟོན་ཐུབ་ངེས་རེད།
    ཁྱོ་གས་མ་ཡུམ་ཚོར་ཐུབ་ཚོད་གཏོང་སྟངས་དེ་ཚོ་ཚགས་ཤོག་སྟེང་དུ་འདོན་ཐུབ་ན་དཔའ་མོ་རེད།
    མ་གཞི་ནས་ཚོགས་ར་རུ་མང་པོ་མ་ཤོད་མ་གཏོགས་ནང་དུ་ལོག་དུས་ཁྱོད་གས་ཡང་བཟོ་བལྟ་བཟོས་ཡོང།
    ཤུ་ནེ་དང་ཡུ་བ་གཉིས་སུ་ངར་བལྟ་རྒྱུ་རེད།

  5. འུར་རྡོ། says:
    2012-06-11 at 5:57 am

    མ་ཡུམ་ཚགས་ཤོག་མཐོང་མྱོང་མེད་མོད།དེའི་ནང་དུ་མ་ཡུམ་ཚོས་བུ་ཕྲུག་དག་ལ་རང་ཁྱིམ་གྱི་སློབ་གསོ་ཡང་དག་ཅིག་གང་འདྲ་སྤྲོད་དགོས་མིན་ཐད་བགྲོ་གླེང་དང་མིག་དཔེ་སྟོན་རེས་བྱེད་རྒྱུ་ཧ་ཅང་གལ་ཆེན་འདུག་སྙམ།

  6. མེ་ཏོག་དཀར་པོ། says:
    2012-06-11 at 6:05 am

    གནས་གཅིག་ཏུ་འཛོམས། ཕན་ཚུན་བསམ་ཚུལ་རྗེས་རེས་བྱས། ལེགས་སོ།།

  7. ལ་སྟོད་བུ། says:
    2012-06-11 at 6:25 am

    མ་ཡུམ་ཚོགས་པའི་ནང་དུ་ཆང་ས་མ་རྒྱབ་མཁན་གྱི་བུ་མོ་དེ་འདྲ་འཛུལ་བཞུགས་བྱེད་ཆོག་གི་ཡོད་དམ། ཡང་ན་ཕྲུག་གུའི་ཨ་མ་རྐྱང་རྐྱང་ཡོང་དགོས་པ་ཡིན་ནམ།

  8. ཀླུ་ཚང་། says:
    2012-06-11 at 6:43 am

    འདི་ནི་དོན་བཟང་ཞིག་རེད། བཀྲ་ཤིས་བདེ་ལེགས་ཞུ། ད་དུང་མུ་འཐུད་ནས་ཕེབས་རོགས། ང་ཚོ་ཞན་ཆ་ཞིག་ཞུས་ན། ཚོགས་པ་ཞིག་བཙུགས་ནས་དེས་རང་གི་དཔལ་འབྱོར་མཁོ་སྒྲུབ་བྱེད་སྲོལ་ཞིག་བཙན་བྱོལ་ནང་དར་ཡོད། མ་ཡུམ་ཚང་དེའི་ཟ་ཁ་ན་མ་ཚུད་པར་སྨོན།

  9. མེ་ཏོག་དཀར་པོ། says:
    2012-06-11 at 6:50 am

    ལ་སྟོད་ལགས་ལ་འཆར་གཞི་གཞན་པ་ཞིག་ཡོད་བཟོ་འདུག་ག

  10. ཨ་རོགས་ཉི་མ། says:
    2012-06-11 at 7:04 am

    མིང་དོན་མཚུངས་པའི་མ་ཡུམ་ཞིག་གནང་རོགས།

  11. གནམ says:
    2012-06-11 at 7:16 am

    གཅར་རྡུང་སྐྱོབ་སྲུང་ཁང་།
    འདིའི་ལས་དོན་ནི་སྤྱི་ཚོགས་ནང་སྐྱེ་བོ་ཀླད་མེད་རེ་ཟུང་གིས་རང་གི་གཏན་གྲོགས་ཚེ་གཡོག་ལྟ་བུ་འཛིན་པ་དང་དེ་རྣམས་རྡུང་རྡེག་སྡུག་བསྔལ་ལས་སྐྱོབ་ཐབས་དང་དེ་དག་གི་ལས་ཉེས་ཁྲིམས་ལ་སྦྱོར་བའི་དཔང་ཚད་དང་རོགས་སྐྱོར་རེག་པ་ཞིག་བཟོ་ཨེ་ཐུབ།
    ལས་ངན་གཅེས་སྐྱོང་ཁང་།
    འདིའི་ལས་དོན་ནི་ཕ་མ་སེམས་མེད་དག་གིས་རང་གི་ཤ་ལས་ཆད་པའི་བུ་ཕྲུག་ལ་སོ་སོའི་སྐུ་གཡོག་བྱེད་དུ་འཇུག་པ་དང་མ་བྱས་ན་རྡུང་རྡེག་གཅར་གསུམ་གྱི་འཇིགས་སྐྲག་སྟེར་མཁན་ལས་སྐྱོབ་པ་དང་དེ་དག་གི་ལས་ཉེས་ཁྲིམས་ལ་སྦྱོར་བའི་དཔང་ཚད་དང་རོགས་སྐྱོར་རེག་པ་ཞིག་བཟོ་ཨེ་ཐུབ་སོགས་དོན་དུ་གནས་བའི་ལས་ཀ་རེ་བྱོས་ན་བཟང་བ་ལས་གཞན་བུ་མེད་ཚགས་ཤོག་ཟེར་ནས་འཇོན་མི་འཇོན་ཞིག་གི་སྣ་ནས་འཇུས་ན་དགོས་བ་ཅི་ཡང་མ་མཐོང་ངོ།

  12. གསེར་འབྲུག་སྡེར་ལྔ་ says:
    2012-06-11 at 7:17 am

    དྲིན་ཆེན་མ་ཡུམ་ནི་བཀའ་དྲིན་ཆེ་ཤོས་དང་དགེ་རྒན་དང་ཤོས་ཡིན་ཙང་། ད་རེས་མ་ཡུམ་ཚང་གིས་བུད་མེད་ཀྱི་འགན་འཁྲི་ཞེས་པའི་གྲོ་གླེང་འདི་བརྒྱུད་ནས་བོད་ཀྱི་བུད་མེད་རྣམས་ཀྱི་འགན་འཁྲི་ག་རེ་ཡོད་མེད་དང་། བུད་མེད་ཀྱི་ནུས་ཤུགས་གང་འདྲ་འདོན་དགོས་མིན་སོགས་ཀྱི་གོ་རྟོགས་མང་ཙམ་སྤེལ་ཐུབ་པའི་རེ་སྨོན་དང་འབྲེལ་འཚམས་འདྲི་ཞུ་རྒྱུ་ཡིན།
    རྩོམ་པ་མོ་བསམ་གླིང་ཚེ་ལྷ་ལགས་ཀྱི་རྩོམ་ལུས་ལ་དགའ་སྣང་ཡོད་པས་ཁོ་མོའི་བྱད་ཞིན་རིག་མི་མྱོང་བས། ད་རེས་དཔར་འདིའི་ནང་མངོན་གྱི་འདུག་གམ། གང་གི་ཕྱོགས་སུ་འདུག་གམ། ཡང་ན་ན་བཟའ་ཅི་ཞིག་བསྣབས་འདུག་དྲ་གྲོགས་ཚོ།

  13. གནམ says:
    2012-06-11 at 7:19 am

    དཔང་ཚད་མ་ཡིན་དབང་ཚད་ཡིན།

  14. གཅན་བཟོད་རྒྱམ། says:
    2012-06-11 at 7:28 am

    བུ་སྨན་རྩོམ་པ་པོ་བསམ་གླིང་ཚེ་རིང་ལྷ་མོ་ལགས་ལ་དམིགས་ཀྱིས་འཚམ་འདྲི་ཞུ། རྒྱུ་མཚན་ནི་ཁྱོད་ཀྱིས་རང་ཉིད་ལ་ཆ་རྒྱུས་ཡོད་པའི་སློབ་གྲྭའི་སྐོར་གྱི་གནས་ཚུལ་མང་པོར་འགན་འཁུར་ནས་རྩོམ་ཡིག་རབས་རིམ་སྤེལ་བས་སོ།
    གཞན་པདྨ་ཆོས་སྒྲོན་དང་བུ་སྨན་རྩོམ་འབྲི་བ་ཡོངས་ལ་༼མ་ཡུམ་ཚགས་ཤོག་༽འདོན་སྤེལ་དང་གནང་སྟེ་བུ་སྨནགྱི་་སྐོར་ལ་ལས་འགན་སྒྲུབ་གནང་བབཞིན་པར་སྙིང་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད།

  15. དཔལ་སྟུག says:
    2012-06-11 at 7:41 am

    མ་ཡུམ་དག་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་ཅིག་ཨ་མའི་འཁྲི་གང་ཡིན་གསལ་འདོན་གནང
    ་རོགས།

  16. དཔལ་སྟུག says:
    2012-06-11 at 7:43 am

    འགན་འཁྲི་ལ་བཅོས།

  17. སྣྲོན་ངག་ཁྲི། says:
    2012-06-11 at 8:17 am

    ཐོག་མར་མ་ཡུམ་ཨ་ཎི་ལགས་ཀྱིས་དབུས་པའི་རླབས་ཆེན་གྱི་མ་ཡུམ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་དང་བཅས་བསམ་དོན་ཆོས་བཞིན་མྱུར་དུ་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ་རྒྱུ་ཡིན།
    ཉིན་དང་པོའི་བསམ་ཚུལ་བརྗེ་རེས་ཁྲོད་རང་གིས་འཇོན་ཚོད་དམ་མ་ཡུམ་གྱི་འོས་འགན། སྒྲུབ་ཐུབ་པའི་བྱ་བ། བོད་ཀྱི་མི་འབོར་གོང་སྤེལ་གཏོང་དགོས་པའི་སྐོར་ལ་༸གོང་ས་མཆོག་གིས་སྔ་རྗེས་སུ་ཐེངས་མང་བསྩལ་བ་དང་། བཙན་བྱོལ་བུད་མེད་ལ་བཅངས་གནང་བའི་བོད་ཀྱི་མི་འབོར་འཕེལ་རྒྱས་ཐད་ཀྱི་རླབས་ཆེ་
    བའི་ཐུགས་རེ་འམ་འུ་ཐུག་པའི་འབོད་སྐུལ་གནང་བ་སོགས་ཀྱི་ཐད། གོ་བསྡུར་དང་སྦྱང་བཤད་མ་གནང་བའི་རྒྱུ་མཚན་གང་ཡིན་ནམ།
    བཙན་བྱོལ་ནང་དུའང་ྨ་སྐུལ་དང་བླངས་ཀྱིས་སྐྱེ་སྒོ་འགོག་དོན་ཅི་ཡིན་ནམ།
    ནུབ་ཕྱོགས་སུ་འགྲོ་བདེ་བའི་ཆེད་ཡིན་ནམ། ཡང་ན་རྒྱ་བལ་སོགས་སུ་གཟིམ་ཁང་པ་ཆུང་དྲགས་པའི་སྐྱོན་ཡིན།
    ཡང་ན་ཆགས་པ་མ་ལངས་པ་རེད་དམ། ཁྱོ་གས་མ་འཇོན་པ་རེད་གང་ལྟར་གསལ་པོ་གསུངས་རོགས་མ་གཏོགས་ང་ཚོ་ཕོ་ཧྲེང་དང་། གྲྭ་བཙུན་ཚོ་ལ་སྤྱི་ཚོགས་ཐོག་ནས་བསམ་འཆར་མང་པོ་གཏོང་གི་འདུག་ཀྱང་ང་ཚོས་ཕྲུ་གུ་བཟོ་རྒྱུ་མ་གཏོགས་སྐྱེ་བའི་ནུས་པ་ལུས་ཀྱི་གྲུབ་ཆའི་ངོས་ནས་མེད་སྟབས་དེ་ལུགས་
    དགོངས་འཇགས་མཁྱེན་མཁྱེན།།
    བྱ་དཀའ་བའི་དབྱངས་ཨས་སྨྲས་པ།

    ཨ་མ་ལྷན་རྒྱས་མཉམ་གནས་མཛད་ནས་ཨ་བ་མང་ཙམ་བཙའ་སླད་ཐད།།
    ཨ་ཕས་གང་དགའ་གང་བཟང་ངང་ནས་ལྷག་བསམ་རྣམ་དག་བཅངས་ལགས་ན།།
    ཨ་མ་ཁམས་བཟང་ནད་དང་བྲལ་གང་འབད་པ་བརྒྱ་ཕྲག་མཛད་སྙམ་པར།།
    ཨ་མས་ལས་འབྲས་དཔང་ལ་བཞག་ནས་སྲས་དང་བཅས་པ་བཙའ་བར་འཚལ།།
    ཞེས་པ་འདི་ནི་ཉིན་དང་པོའི་བགྲོ་གླེང་དང་མི་མཐུན་པའི་སྐབས་དོན་གྱི་འབོད་སྐུལ་དང་
    དྲན་འཆར་ཙམ་མོ།

  18. གཞོན་ནུ་ཟླ་མེད། says:
    2012-06-11 at 8:19 am

    མ་ཡུམ་ཚང་གི་ཚགས་ཤོག་ལ་བསམ་ཚུལ་ཞིག་སྤེལ་འདོད། འོ་ཡང་ཁ་ལག་འགོང་པོ་འདིས་དང་པོ་ཁང་མཇལ་པ་དང་མ་ཡུམ་ཚང་ལ་བཀྲ་ཤིས་བདེ་ཡང་ཡང་ཞུ་མི་འདུག ད་ག་རེ་ཡིན་ན་ཡིན་བསམ་ཚུལ་ཞིག་སྤེལ། འོ་ད་ལྟ་བསམ་ཚུལ་སྤེལ་ཁོམ་མི་འདུག གཡོག་པོར་རྒྱུགས་རན་འདུག གཡོག་པོར་རྒྱུགས་ནས་ཚུར་ཡོང་ན་དེ་དགོངས་བསམ་ཚུལ་སྤེལ། དེ་བར་དུ་མཇེ་ཐོག་ཚད་ཚང་མས་རྒྱབ་སྐྱོར་གནང་རོགས། འབུར་འཇོམས་མ་བྱེད་རོགས། ངོ་ནས་ང་ཚོ་བོད་ཀྱི་བུད་མེད་ཚོ་ཅུང་ཟད་ཉམས་ཆུང་དྲག་འདུག

  19. ཐབས་ཇུས་ཅན says:
    2012-06-11 at 9:12 am

    ཐོག་མར་མ་ཡུམ་ཚང་གི་བགྲོ་གླེང་ཐེངས་དང་པོ་ཚོགས་པར་རྟེན་འབྲེལ་ཞུ། ༡ བོད་པ་ཚོས་ཕོ་མོ་འདྲ་མཉམ་ཡོང་བར་ཤུགས་སྣོན་རྒྱག་དགོས། ༢ བོད་པའི་ས་ཆར་ལ་ལར་ཆུང་མ་ཁྱོ་གའི་ཞལ་ལག་བཟོ་མཁན་འདྲ་ཞིག་ཡིན། ད་ལྟ་བར་ཏུ་བོད་པའི་སྐྱེས་པ་ཚོས་སྐྱེས་མ་རྣམ་ལ་ཐོབ་ཐང་སྤྲད་མེད། འོན་ཀྱང་དེང་སང་བོད་ཕྱི་ནང་ཚང་མར་ཡར་རྒྱས་ཀྱི་རྣམ་པ་ཏོག་ཙམ་སླེབས་ཡོད། བོད་པའི་བུད་མེད་ཚོས་མུ་མཐུད་དུ་ཤུགས་རྒྱག་དགོས།

  20. འབའ་བློ། says:
    2012-06-11 at 9:14 am

    འདིར་ཨ་ནེ་མ་ཡུམ་ཞིག་འདུག འདི་ཡག་པོ་ཞིག་མཐོང་མ་སོང་། གཞན་མ་ཡུམ་ཚོར་བཀྲ་ཤིས་བདེ་ལེགས་ཞུ།

  21. tsultrim says:
    2012-06-11 at 9:59 am

    ཨ་ནེ་རེ་ཡང་འདུག་པ་དེ་མ་ཡུམ་རེད་དམ། མ་གཞི་ཁྱོད་ཚོས་ཅང་འཇོན་ནི་མ་རེད། བུད་མེད་ཚོ་ཤེས་ཡོན་སྐྱོ། འཇོན་ཐང་ཆུང་། དེའི་སྒང་ལ་གཅིག་གྱུར་ཡང་ཡོད་པ་མ་རེད། ད་དུང་ནང་ཁུལ་ལ་ཕྲག་དོག་ཆེ། དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ནས་བཟུང་རེ་བ་ཅང་མེད་དོ། །

  22. རེབ་ཐོག་མདའ says:
    2012-06-11 at 10:40 am

    བོད་ག་དུས་ལངས་ཐུབ་དམ། བུད་མེད་མགོ་བོ་བགྱེས་དང་ཁྱོད་ཚོ་ནི་གནམ་གྱི་ཕྱེད་ཀ་ཡིན

  23. དྭངས་བླངས་པ says:
    2012-06-11 at 11:06 am

    དཀོན་མཆོག་གསུམ་བོད་པ་འདི་ཚོ་ཁྱད་མཚར་འདུག། ཕོ་མོའི་ཐོབ་ཐང་འདྲ་མཉམ་དགོས་རབས་ལུང་པ་གང་བཤད་འདུག། ཁ་རོགས་བསྡོད། བུ་འདུག་ས་བུ་བསྡོད། བུ་མོ་འདུག་ས་བུ་མོ་བསྡོད། བུ་མོ་དེ་ཚོར་འཇོན་ཐང་ཡོད་ན་དོན་ཡོང་གི་རེད། སུས་ཀྱང་བཀག་འགོག་ཡོད་མ་རེད། ས་ཕྱོགས་འདི་ལ་ང་ཚོ་ནི་ནམ་ཡང་སྐྱབས་བཅོལ་བ་ཞིག་ཡིན་པ་ལས། རང་ས་རང་ཡུལ་མ་རེད། བོད་གངས་ལྗོངས་ལུང་པ་དེ་རྒྱ་འོག་ནས་ཚུར་ལེན་ཐབས་གྱི་གྲོས་གཞི་དགོས་པ་ལས། ཆོ་མེད་པ་མགོ་མ་ཚོས་གོང་ནས་ལྕེ་སྙབས་བསྡད་ན་ཡག་པོ་མ་རེད། ས་ལག་འཐིལ་ཙམ་ཞིག་སྟོན་རྒྱུ་མེད་པ་ལ་ཚོགས་པ་ལུང་པ་གང། སྡེ་སྡེ་རུ་གང་མེད་པར་དཔོན་པོ་སླ་ང་གང་ཅེས་པ་དེ་ཇི་འདྲའི་བདེན་པ་ལ་ཨང། ཐོབ་ཐང་བརྩོད་པའི་དུས་ལས་ཡོལ་ཟིན་དུས། བརྩོད་བསྡད་ཀྱང་གཟའ་ཚང་མ་སྐྱིད་པ་བཟོ་རོགས་ཞིག་ལས་ཕན་ག་རེ་ཐོག་གི་རེད། བོད་ནས་རང་ལུས་མེ་སྲེག་འདྲ་གཏོང། རྒྱ་གར་བོད་པས་ཕོ་མོའི་ཐོབ་ཐང་འདྲ་བརྩོད་ནས་བསྡོད། ད་དུང་ཇ་མངར་མོ་འདྲ་འཐུང། འབྲས་ཆང་འདྲ་འཐུང། གློག་བརྙན་གིས་བསྐོར་འདྲ་བཤད། ཆང་རག་འཐུང་སྟངས་བསྐོར་དང། ཤྭོ་བག་གི་བསྐོར་འདྲ་བཤད་ནས་བསྡོད་ཨ། ཡག་པོ་ཡོང་གི་རེད། ནང་ལ་ཟ་རྒྱུ་ཡོད་ལ་མེད་ལ། སྦག་སྦག་བརྫིག་པོ་རེ་ཉོས། དངུལ་ཁུག་ནང་ལ་སྒོར་རྒྱ་མགོ་འདུས་པ་ཞིག་མེད་ཀྱང། འབུམ་ལྔ་བརྒྱ་དྲུག་བརྒྱའི་བསྐོར་སྟོང་བཤད་འདྲ་བྱོས། ང་ཚོ་བཙན་བྱོལ་བའི་འཇོན་ཐང་དེ་ཙམ་མ་གཏོག་མེད་རེད། ད་དུང་མ་འོང་པ་འདི་འདྲ་བྱེད་ཟེར་བའི་རྨི་ལམ་འདྲ་གཏོང། ངས་བདེན་པ་ཡིན་རྒྱ་གར་བལ་ཡུལ་གི་བོད་པ་འདི་ཚོས་བསམ་ན་རྒྱ་གར་བལ་ཡུལ་འདི་བོད་ཀྱི་ས་ཆ་དང་རྒྱ་བལ་གྱི་བོད་པ་ཚོ་ས་ཆ་འདིའི་བདག་པོ་ཡིན་པ་འདྲ་ཞིག་བྱེད་གི་འདུག། བསམ་བློ་ཐོང་ང་ཚོར་ཕར་རྒྱུག་ཟེར་བའི་གཞུང་གི་ཚིག་གཅིག་བྱུང་ན་འགྲོ་རྒྱུ་མ་གཏོག་མེད་རེད། ད་ལྟར་ནས་རང་ས་དང་རང་ཡུལ་ཤོར་ཟིན་པ་དེ་ཚུར་ཨི་ལོན་མ་བལྟས་ན། རྗེས་མ་ཕར་ལ་ཡང་འགྲོ་ས་མེད་པ་ཚུར་ལ་ཡོང་ས་མེད་པ་ཞིག་ཆགས་དུས་དཀའ་ལས་ཡོད་རེད།

  24. ཨ་ར་དཀར་པོ says:
    2012-06-11 at 11:08 am

    ཡཡ གནམ་གྱི་ཕྱེད་ཀ་མ་ཚོ་ ཤུགས་རྒྱོབས་ཤོག་ཨ

  25. དྭངས་བླངས་པ says:
    2012-06-11 at 11:18 am

    སྐབས་དེ་དུས་ཕོ་མོ་ཐོབ་གི་བསྐོར་དང་ཚོགས་པ་དེ་ཚོའི་ཕན་ཐོག་ཡོད་གྱི་མ་རེད། བུ་མོ་དེ་ཚོར་བུ་ལ་གང་ཡོད་ཐོབ་ཐང་ཚང་མ་ཡོད་རེད། ད་འཇོན་ཐང་ཡོད་ན་བོད་ལ་ཕན་པའི་ལས་ཀ་གྱིས་དང་སུ་གཅིག་གི་བཀག་འགོག་ཡོད་མ་རེད། ག་རེ་བྱེད་རྒྱུ་འདུག། བོད་གཞིས་བྱེས་གཉིས་ནས་རང་ལུས་མེ་སྲེག་གཏོང་མཁན་བཞི་བཅུ་ཞེ་གཅིག་ལ་སླེབས་སོང། བུད་མེད་ཚོགས་པ་ཟེར་བ་དེ་ལ་ཐོབ་ཐང་བུ་ལ་གང་ཡོད་ཆ་ཚང་ཡོད་རེད། ད་གང་འདྲ་འདུག། ངོ་རྒོལ་གི་ལས་འགུལ་ཙམ་ཕར་ཞོག། མར་མེའི་ཁྲོམ་བསྐོར་ཐབས་ཆགས་རེ་ཡང་བྱེད་ཐུབ་ལ་མི་ཐུབ་ལ་རེད། ཞབས་འདེབས་སློང་རན་དུས་གདོང་པ་འཛུམ་གྱི་གང་ནས་སླེབས་གི་འདུག་བ། ལས་འགུལ་སྤེལ་རན་དུས་གོ་རྒྱུ་ཚོར་རྒྱུ་ཡོད་མ་རེད། ཆུ་བཞི་སྒང་དྲུག་མིང་ཆེན་དེ་དང་བུད་མེད་ཚོགས་པ་མིང་ཆེན་དེ་ཚོར་ད་གཟའ་རྒྱབ་པ་རེད་བས་ཁ་ཆག་པ་རེད་བས་སྣ་རལ་བ་རེད་བས། བོད་ལ་ནི་ཕན་ཐོག་མི་འདུག། ད་ཐོབ་ཐང་འདྲ་བརྩོད་ནས་བསྡོད།

  26. ལ་སྟོད་བུ། says:
    2012-06-11 at 11:34 am

    བོད་ཀྱི་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་ཞེས་པར།
    བུད་མེད་ནི་མི་ཕྱེད་ཀ་ཞིག་ཏུ་བརྩི་བཞིན་འདུག
    ཁ་ཆེ་བས་ཀྱང་དེ་ལྟར་བརྩི་སྲོལ་ཡོད་འདུག
    ཁྱེད་ཚོས་འཇོན་ན་དེ་ཚོར་རྩོད། དེ་མིན་ཐོབ་སྟངས་རྩོད་རྒྱུ་ཅང་ལྷག་མེད།
    བསམ་གླིང་ཚེ་རིང་ལགས་ཁྱེད་རྣམས་བུད་མེད་ཀྱི་ཐོབ་ཐང་རྩོད་ཀྱི་ཡོད་ན། དྲ་རྒྱ་འདིར་བུད་མེད་ཀྱི་སྐོར་ལ་མང་པོ་ཞིག་ལབ་ལབ་བྱེད་ཀྱིན་འདུག་པས་འདི་ཚོར་གཅིག་བྲིས་གནང་རོགས།
    དེ་མིན་ཐོབ་ཐང་རྩོད་རྒྱུ་གཞན་དུ་མེད། ཡང་ཞལ་འདེབས་སློང་ན་གནས་ཚུལ་ཁ་ཁ་རེད།

  27. ལྷོ་པ་ལུང་རིགས says:
    2012-06-11 at 12:41 pm

    མ་ཡུམ་ཚགས་པར་ཟེར་བ་དེ་མཐོང་མ་མྱོང་། མ་ཡུམ་དྲ་ཚིགས་ལ་བལྟས་མྱོང་། མ་ཡུམ་ལབ་ན་བུད་མེད་ཀྱི་ནང་ནས་ཀྱང་ཕྱེད་ཀ་ཞིག་གི་མཚོན་དོན་ཆགས་ཡོད། མ་ཡུམ་ནི་ཨ་མའི་ཞེ་ས་ཡིན་པ་ཡོད། ཨ་མ་མིན་མཁན་ཨ་ནི་ཡིན་མཁན་ཚོ་འདིའི་ནང་ལ་ཚུད་ཀྱི་ཡོད་པ་མ་རེད། དེ་ཐ་སྙད་ཁོ་རང་གི་ཚད་བཀག་རེད།

    ད་ཁྱེད་རང་ཚོས་ཅང་འཇོན་ས་མ་རེད། དང་པོ་བུད་མེད་སྤྱི་ལ་ཁྱབ་པ་དང་དེ་སྟོན་པའི་མིང་ཞིག་བེད་སྤྱོད་གནང་ན་ཡག་གི་རེད། དེ་ནས་བུད་མེད་ཚོས་འཇོན་གི་ཡོད་ན། ཁྱེད་རང་ཚོའི་དྲ་ངོས་ན་སྐྱེས་པ་ཕོ་ཚོས་སྤྱི་ཁྱབ་རྩོམ་སྒྲིག་པ་དང་རྩོམ་སྒྲིག་པའི་འགན་ཁུར་ཡོད་པའི་སྐོར་གསལ་ཡོད་པ་འདི། ཁྱེད་རང་བུད་མེད་ཚོས་ཅི་ཡང་མི་འཇོན་པའི་ནང་རྒྱུས་བསྟན་པ་འདྲ་ཞིག་མཐོང་སོང་།

  28. གཡུ་ཆུང་། says:
    2012-06-11 at 1:26 pm

    རྒྱལ་མཁར་ཡུམ་བུའི་ནང་གི་དབང་ཆེན་མ།།
    གཡུ་སྦྲ་མཐིང་ཤོག་གོང་དགུའི་ནང་འཛིན་མ།།
    རྒྱལ་བསྟན་རིན་ཆེན་ཁྲོད་ཀྱི་ཤེས་རབ་མ།།
    འཇིག་རྟེན་འཁོར་བ་བསྐྱོང་བའི་ཤེད་ཆེན་མ།།
    ཨེ་མ་བདག་གི་དུས་གསུམ་ཡུམ་ཆེན་མ།།

  29. བསྟན་འཛིན་ says:
    2012-06-11 at 1:50 pm

    བུད་མེད་གནམ་གྱི་ཕྱེད་ཀ བུད་མེད་ཅིག་ཅིག་མིག་མིག་ཟེར་མཁན་ཚོས་རང་གི་ཨ་མ་དྲན་པར་གྱིས།

  30. ཐབས་ཇུས་ཅན says:
    2012-06-11 at 2:08 pm

    གོང་གི་བུད་མེད་ལ་གཤེ་གཤེ་གཏོང་མཁན་འདི་ཚོ། བུད་མེད་ལ་རྒྱུས་ལོན་མེད་པའི་གྲྭ་རྐྱང་དག་ཡིན་པ་འདྲ། ཁོང་ཚོར་ཁག་མེད་་་་་་་་་་་་

  31. ལུང་རྟོགས། says:
    2012-06-11 at 2:12 pm

    ད་ནས་སྐྱེས་པ་ནང་ལ་སྡོད་རྒྱུ་གྱིས།།
    ཁ་ལག་དེ་ཡང་སྐྱེས་པས་བཟོ་རྒྱུ་གྱིས།།
    དུག་ལོག་རྣམས་ཀྱང་སྐྱེས་པས་ཁྲུ་རྒྱུ་གྱིས།།
    བུ་ཕྲུག་དེ་དག་སྐྱེས་པས་བལྟ་རྒྱུ་གྱིས།།

    ད་ནས་བུད་མེད་ཕྱི་ལ་འགྲོ་རྒྱུ་གྱིས།།
    ཚོང་ལས་དེ་དག་བུད་མེད་རྣམས་ཀྱིས་གྱིས།།
    མོ་ཊ་གཏོང་མཁན་བུད་མེད་རྣམས་ཀྱིས་གྱིས།།
    ཞིང་ཁ་རྨོ་མཁན་བུད་མེད་རྣམས་ཀྱིས་གྱིས།།

  32. རྡོ་དོན་ says:
    2012-06-11 at 2:35 pm

    ཨ་ཙི། གོང་ནས་མཆན་འདེབས་མཁན་འདི་ཚོས་ག་རེ་ལབ་ཀི་ཡོད་རེད། དངོས་གནས་སྐྱེས་སྨན་རེག་གི་མེད་པའི་མི་རྐྱང་ཁོ་ན་ཡིན་ས་རེད། དེ་མིན་དགའ་རོགས་ཡོད་ས་ཞིག་དང་བཟའ་ཟླ་ཡོད་ས་ཞིག་ཡིན་ན། བུད་མེད་ཚོའི་ཐོག་ལ་འདི་འདྲ་སྡང་གི་མ་རེད། བུད་མེད་ཚོས་རང་འགན་ཞིག་འཁུར་ནས་བུད་མེད་ཀྱི་ལས་དོན་སྐོར་ལ་བགྲོ་གླེང་ཞིག་བྱས་པར་དེ་འདྲའི་ཁྱི་ཟུག་ཟུག་ཅིག་བྱེད་དགོས་དོན་ཞིག་གང་ནས་འདུག ཡར་འཐེན་རྒྱུ་ཕར་ཞོག གཉའ་ནས་གནོན་མཁན་འདི་ཚོ། ༸གོང་ས་མཆོག་གིས་འདི་བྱས་ཤོག་གསུང་ཡོད་དམ། ང་ཚོ་ཚང་མ་མ་ཡུམ་གྱིས་བསྐྱངས་ནས་འཚར་བ་ཞེ་གཅིག་མ་ཡིན་ནམ། ཁྱོད་ཚོ་མས་གཡུགས་པའི་བྱིས་པ་རྐྱང་རྐྱང་ཡིན་རྒྱུ་མ་་རེད། དེ་འདྲ་ཡིན་ན་བཤད་རྒྱུ་ཅང་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (60)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme