Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་ཡི་དུས་ཆེན་ལ་གུས་བརྩི་ཞུ།

Posted on 2014-05-112014-05-12 By ཁ་བརྡ་ 12 Comments on མ་ཡི་དུས་ཆེན་ལ་གུས་བརྩི་ཞུ།

(སྤྱི་ལོ་2000ལོར་) འདྲེ་རིག་ལྡན་གྱིས་བསྒྱུར། འོས་སྦྱོར་བ། ཨེ་མ་ཧོ།

unnamed-1

ཨ་མའི་ཉིན་མོ་སྲུང་བརྩི་བྱེད་མཁན་ཚོས་གཤམ་གྱི་རྩོམ་ཡིག་དེ་གཅིག་ཀློག་རོགས།——བུ་ཆུང་ཞིག་གི་རེ་བ།

ཕྱི་ལོ་༡༩༤༥ ལོར་ཁཱ་ན་ཌ“Canada”རྒྱལ་ཁབ་གྱི་རོ་བྷེར་སེ“Bay Roberys”མཚོ་ཁུག་ཏུ། ལོ་ན་བཅུ་གཉིས་ལ་སོན་པའི་བུ་ཞིག་གིས་རང་གི་སྙིང་རྩ་འགུལ་བར་བྱེད་པའི་ཅ་དངོས…་ཞིག་ཚོང་ཁང་ཞིག་གི་སྒེའུ་ཁུང་ལས་མཐོང། ཡིན་ནའང་དེའི་གོང་ཚད་ཌོ་ལར་ལྔ་ནི་བུ་ཆུང་རེའུ་བྷེན “Reuben Earle”གྱི་བློ་ཡུལ་ལས་འགལ་བ་ཞིག་རེད། ཌོ་ལར་ལྔས་ཁོའི་ཁྱིམ་གྱི་བདུན་ཕྲག་གཅིག་རིང་གི་ཟས་སྣ་ཉོ་ཐུབ་ངེས་པ་ཡིན། ཁོའི་ཕ་རྒན་མརྐ་ཨེར་ལེས“Mark Earle”ཉ་བཟུང་ནས་སྒོར་མོ་བསགས་པ་དང༌། ཨ་མ་ཌོ་ར“Dora”ཡིས་གང་འཇོན་གྱིས་ཁོང་ཚོ་བུ་ཕྲུག་ལྔ་བོར་གྱོན་ཆས་བཟོ་བ་ཡིན་པས། ཁོས་རང་གི་ཨ་ཕར་སྒོར་མོ་སློང་མ་ཕོད།
འོན་ཀྱང་ཁོས་ཆར་ལྷགས་ཀྱིས་ཟད་པར་བྱས་པའི་ཚོང་ཁང་གི་སྒོ་ཕྱེས་ནས་ནང་དུ་འཛུལ་དེ་གཙང་མར་བཀྲུས་པའི་གོས་ཐུང་དང་གྲོ་ཞིབ་བླུགས་སྣོད་ཀྱིས་བཟོས་པའི་སྟོད་ཐུང་འོག་ཏུ་བབ་བརླིང་ལྡན་པའི་ངང་འགྱིངས་ནས་ཚོང་བདག་ལ་རང་གི་དགོས་འདུན་ཡོད་ཚད་བཤད་རྗེས་“འོན་ཀྱང་དེང་སྐབས་ང་ལ་སྒོར་མོ་མེད་པས། ཐུཌ་རྗེས་གཟིགས་ཅ་དངོས་འདི་གཞན་ལ་མ་འཚོང་བར་ང་ལ་ཉར་ན་ཆོག་གམ་”ཟེར། “ངས་བལྟ་ཆོག”ཚོང་པས་འཛུམ་ཙམ་བྱེད་ཀྱིན་“སྤྱིར་བཏང་ནས་ས་ཁུལ་འདིའི་མི་རྣམས་ལ་ཅ་དངོས་འདི་འདྲ་ཉོ་བྱེད་ཀྱི་སྒོར་མོ་མེད་པས། ངས་གང་འཚམས་ཞིག་ལ་ཉར་ཐུབ་ངེས་རེད་”ཟེར།

རེའ་བྷེན་གྱིས་གུས་ཞབས་མཚོན་ཕྱིར་དུ་རྙིང་ཧྲུལ་དུ་གྱུར་པའི་ཞྭ་མོར་ཐུག་ཙམ་བྱས་ནས་ཟླ་ལྔ་པའི་ཉི་འོད་ཀྱི་ཁྲོད་དུ་གོམ་སྟབས་བསྒྱུར། མཚོ་ཁུག་གི་རླབས་ཕྲེང་བསིལ་རླུང་དང་ལྷན་དུ་འཕྱོ་ཞིང་ཁོའི་འཇམ་མཉེན་གྱི་སྐྲ་ལོའི་བབ་བརླིང་བཅོམ། ཁོའི་གོམ་ཞེང་ཆེན་པོ་དེའི་ཁྲོད་དུ་ཆོད་སེམས་ཀྱིས་ཁེངས་ཡོད། དེ་ནི་ཁོས་དོན་འདི་སུ་ལའང་མ་བཤད་པར་ཌཽ་ལར་ལྔ་ཁ་ཚང་བར་བྱེད་རྒྱུ་དེ་ཡིན། ལམ་འགྲམ་གྱི་མགར་ཁང་ནས་གྲགས་འོང་བའི་ཐོ་བའི་སྒྲ་དེ་གོ་རྗེས་སུ་རེའུ་བྷེན་ལ་རིག་པ་གསར་བ་ཞིག་རྙེད་བྱུང༌། ཁོ་སྒྲ་དེའི་ཕྱོགས་སུ་ཐད་ཀར་རྒྱུཌ་ནས་འཛུཌ་བསྐྲུན་ལྟེ་གནས་ཀྱི་མདུན་དུ་སླེབས། རོ་བྷེར་ཀྲི་མཚོ་ཁུག་ཏུ་རང་རང་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་མཁན་ཚོས་ས་གནས་ཀྱི་བཟོ་གྲྭ་ལས་ཐོན་སྐྱེད་བྱས་པའི་ལྕགས་གཟེར་རྩྭ་རས་མང་པོ་ཉོས་ནས་བེད་སྤྱོད་བྱེད་ཀྱིན་འདུག
མཚམས་རེར་རླུང་འཚུབ་དྲག་པོ་རེ་གཡུགས་ནས་རྩྭ་རས་རེ་གཉིས་རིང་དུ་བོར་བར་བྱེད། ཁོས་དེ་དག་བསྒྲུགས་ནས་སླར་ཡང་བཟོ་གྲྭ་ལ་བཙོང་ན་རྩྭ་རས་རེར་སྐར་མ་ལྔ་རེ་ཁུག་གི་ཡོད་པ་ཧ་གོ་ཡོད། ཉིན་དེར་ཁོས་རྩྭ་རས་གཉིས་རྙེད་པ་དེ་ཁྱེར་ནས་གོ་རིམ་མེད་པའི་ཤིང་ཁང་ཅན་གྱི་བཟོ་གྲྭ་དེའི་བདག་པོར་བཙོངས་རྗེས་སྐར་མ་ཐོབ་པ་རྣམས་ལག་ཏུ་དམ་པོར་བཟུང་ནས་རྒྱང་ཐག་སྤྱི་ལེ་གཉིས་ཙམ་གྱི་སར་ཡོད་པའི་ཁྱིམ་གྱི་ཕྱོགས་སུ་རྒྱུགས། ཁྱིམ་གྱི་ཉེ་འཁྲིས་སུ་བསླངས་ཡོད་པའི་ཕྱུགས་རྭ་རྙིང་པ་དེ་ནི་ར་མ་དང་བྱ་ཕྲུག་ཚོའི་ཆེད་དུ་ཡིན། ཁོས་ཕྱེ་སྨན་ལྕགས་ཀྲིན་ཞིག་རྙེད་པ་དེའི་ནང་སྐར་སྒོར་རྣམས་བླུགས་རྗེས་ཕྱུགས་རྭའི་སྟེང་ཁང་དུ་འཛེགས་ནས་མངར་དྲི་དྲོ་བའི་རྩྭ་ཕུང་ཞིག་གི་འོག་ཏུ་སྦས།

རེའུ་བྷེན་ནང་ལ་འབྱོར་དུས་ནི་ཏག་ཏག་དགུང་ཟས་ཟ་བའི་དུས་རེད། ཁོའི་ཕ་རྒན་གྱིས་ཐབ་ཚང་ནང་གི་སྒྲོག་ཙེ་ཆེན་པོ་དེའི་མཐར་བསྡད་ནས་ཉ་འཛིན་དྲ་བ་ཞིག་ལ་བཟོ་བཅོས་བྱེད་ཀྱིན་མཆིས། རེའུ་བྷེན་སྒྲོག་ཙེའི་འགྲམ་དུ་སོང་ནས་རྐུབ་སྟེགས་སྟེང་བསྡད་དུས་ཨ་མ་ཌོ་ར“Dora”ཡིས་དགུང་ཟས་གྲ་སྒྲིག་བྱེད་ཀྱིན་མཆིས། ཁོས་ཨ་མའི་གདོང་ལ་བལྟས་ནས་འཛུམ་ཙམ་བྱས། སྒེའུ་ཁུང་ལས་འཕྲོས་པའི་ཉི་ཟེར་གྱིས་མོའི་ཕྲག་པར་སླེབས་པའི་སྐྲ་ལོར་གསེར་བརྩི་བྱུག་པ་ལྟར་འདུག་ལ། དབྱིབས་ཕྲ་ཞིང་ལྡེམ་པའི་གཟུགས་སྐྱེས་ཡིད་གར་འོང་བ་དེ་ཕི་ཊྀ་ཕྱེད་དང་ལྔ་ཙམ་ལོངས་འདུག མོ་ནི་ངོ་མ་ཁྱིམ་འདི་གཞི་གཅིག་དུ་སྦྲེལ་བའི་སྦྱར་རྩི་ལྟ་བུ་ཡིན།
མོས་ནམ་རྒྱུན་རས་སྐུད་ཁེར་རྐྱ་ཅན་གྱི་བཟོ་འཁོར་དེར་ནང་མི་ཚང་མར་གྱོན་ཆས་བཟོ་བ་དང༌། གྲོ་ཞིབ་བརྫིས་ནས་ཟས་སྣ་གཡོ་སྦྱོར་བྱེད་པ། ལྡུམ་རྭའི་ནང་དུ་ཚལ་སྣ་འདེབས་པ། འདམ་རྫབ་འགོས་པའི་གྱོན་ཆས་རྣམས་ཁྲུས་ཤིང“Washboard”སྟེང་ཕུར་བདར་བྱེད་པ་སོགས་མོའི་ནང་ལས་ཙག་ཙིག་དེར་རྫོགས་རྒྱུ་མེདཀྱང༌། མོ་རང་ནམ་ཡང་སྤྲོ་སྣང་གིས་འཚོ། ཁྱིམ་འདི་དང་འདིའི་ནང་མི་རྣམས་ཀྱི་བདེ་ཐབས་ལ་མོ་ནི་ཆཻས་གལ་ཆེ་བ་ཞིག་ཡིན།

རེའུ་བྷེན་གྱིས་ཉིན་ལྟར་སློབ་གྲྭ་གྲོལ་མཚམས་དང་ནང་ལས་རྫོགས་མཚམས་སུ་གྲོང་བརྡལ་ནང་ལྕག་གཟེར་སྣོད་ཆས་རྩྭ་རས་འཚོལ་སྒྲུག་བྱེད་པར་མྱུལ་ཞིབ་བྱས། ཁང་མིག་གཉིས་ལས་མེད་པའི་སློབ་གྲྭ་དེར་དབྱར་ཁའི་གུང་གསེང་བཏང་བའི་ཉིན་དེར་རེའུ་བྷེན་ལ་གཞན་ལ་མེད་པའི་སྤྲོ་སྣང་ཞིག་སྐྱེས། དེ་ནི་ཁོ་ལ་རང་ཉིད་ཀྱི་འདུན་མ་མངོན་འགྱུར་བྱེད་པར་དུས་ཚོད་མང་ཙམ་རེག་པས་ཡིན། དབྱར་དུས་རིང་པོ་དེར་ཁོ་ལ་ལྡུམ་རྭའི་ནང་གི་རྩྭ་ཡན་ཡུར་བ་དང་ཆུ་འདྲེན་རྒྱུ། མེ་ཤིང་གཅོད་རྒྱུ་དང་འཐུང་ཆུ་ལེན་རྒྱུ་སོགས་ཁྱིམ་ལས་འཐོལ་པ་མང་པོ་ཡོད་ཀྱང༌། རང་ཉིད་ཀྱི་ལས་དོན་དེ་གསང་བའི་ཐོག་ནས་འབད་སྒྲུབ་བྱས། ཡུན་རིང་མ་འགོར་བར་ལྡུམ་རྭའི་ནང་གི་སྔོ་ཚལ་ཡོད་ཚད་བསྡུ་ལེན་གྱིས་ཉར་ཚགས་བྱས་པ་དང༌། སློབ་གྲྭ་ཡང་སླར་ཡང་འཚོགས་འགོ་ཚུགས་བྱུང༌། འོན་ཀྱང་ཁོས་རྩོལ་བ་ཆེན་པོས་ཁྲོམ་ལམ་མྱུལ་ནས་རྩྭ་རས་འཚོལ་སྒྲུབ་བྱས།
ཁོ་རང་རྟག་དུ་ལྟོགས་སྐོམ་དང་གྲང་རེག་གིས་མནར་ཡང༌། བསམ་བློའི་ནང་ཡོད་པའི་ཚོང་ཁང་ནང་གི་ཅ་དངོས་དེས་ཁོའི་བློ་སྟོབས་ལ་རམ་འདེགས་བྱས། “རེའུ་བྷེན། ཁྱེད་རང་ག་བར་ཕྱིན་ཡིན། ང་ཚོས་དགུང་ཟས་ཀྱང་མ་བཟས་པར་ཁྱེད་རང་སྒུག་བསྡད་པ་ཡིན་”ཨ་མས་སྐབས་རེར་དེ་ལྟར་འདྲི་ངེས་པ་དང༌། ཁོས་“ཨ་མ་ང་རྩེད་མོ་རྩེ་བསྡད་པ་ཡིན། དགོངས་དག་”ཞེས་ལན་སྟབས་བདེ་རེ་བཏབ་པ་ཡིན། “བུ་འདི་ཚོ་”སྐབས་དེར་ཨ་མ་ཌོ་རས་ཁོའི་གདོང་ལ་བལྟས་ནས་མགོ་བོ་གཡུགས་ཙམ་རེ་བྱེད་བྱས།

མཇུག་མཐར་དཔྱིད་ཀྱི་དཔལ་ཡོན་ལྗང་མདོག་དང་ལྷན་དུ་འཕྱུར་ཞིང་རེའུ་བྷེན་གྱི་སྙིང་སྟོབས་ཀྱང་དེ་དང་ལྷན་དུ་དྲག་དུ་འཕྱུར། དུས་ཚོད་དེ་སླེབས་སོང༌། ཁོ་རང་ཕྱུགས་རྭའི་སྟེང་ཁང་དུ་འཛེགས་ནས་རྩྭ་ཕུང་འོག་ནས་ལྕགས་ཀྲིན་བཏོན་ནས་ཁ་ཕྱེས་རྗེས་སྐར་མ་རྣམས་ལག་མཐིལ་དུ་བླུགས་ནས་གྲངས་ཀ་བརྩིས། བསྐྱར་བརྩིས་ཤིག་བྱས་དུས་ཁོ་ལ་ད་དུང་སྐར་མ་ཉི་ཤུ་དགོས་ཀྱི་འདུག ད་གྲོང་བརྡལ་འདིའི་ཕྱི་ནང་བར་གསུམ་དུ་ལྕགས་གཟེར་རྩ་རས་རེ་ཡོད་དམ། ཁོས་ད་དུང་རྩྭ་རས་ལྔ་རྙེད་ནས་དུས་ཚོད་ལྷག་མ་འདིའི་ནང་བཙོང་ཐུབ་དགོས་པས། ཁོས་ལྕགས་ཀྲིན་སླར་ཡང་སྦས་རྗེས་གྲོང་བརྡལ་ནང་རྩྭ་རས་འཚོལ་སྒྲུག་བྱེད་དུ་རྒྱུགས། གྲིབ་ནག་རིང་དུ་གྱུར་དུས་ཁོ་རང་གཞི་ནས་བཟོ་གྲྭར་འབྱོར།
སྐབས་དེར་རྩྭ་རས་ཉོ་མཁན་གྱིས་བཟོ་གྲའི་སྒོ་ཏག་ཏག་རྒྱག་གིན་འདུག “སྐུ་ཞབས་ལཊ ཐུགས་རྗེས་གཟིགས་ཅུང་ཙམ་རིང་སྒོ་མ་རྒྱག་རོགས་”མི་དེས་ཁ་ཕྱིར་འཁོར་བ་ནས་ངོ་གདོང་རྔུལ་ཆུ་དང་ནག་དྲེག་གིས་ཁེངས་པའི་རེའུ་བྷེན་མཐོང་བ་དང་“སང་ཉིན་ཤོག་”ཟེར། “ཐུཊ་རྗེ་གཟིཊ་སྐུ་ཞབས། ངས་རྩྭ་རས་འདི་ད་ལྟ་རང་འཚོང་དགོས་འདུག”མི་དེས་རེའུ་བྷེན་གྱི་འདར་སིག་སིག་གི་སྐད་གདངས་ཁྲོད་ནས་མིག་ཆུ་ལྷུང་གྲབས་ཡོད་པ་ཚོར་ནས་“ཅིའི་ཕྱིར་དངུལ་འདི་ཁྱོད་ལ་དགོས་གལ་ཆེན་པོར་གྱུར་སོང་”ཟེར། “དོན་དག་འདི་ད་དུང་གསང་བ་ཡིན་” མི་དེས་རྩྭ་རས་རྣམས་བླངས་རྗེས་ལག་པ་དོར་མའི་ཁུག་མ་ནང་བཅུག་ནས་སྐར་མ་ཉི་ཤུ་ཐམ་པ་བླངས་ནས་རེའུ་བྷེན་གྱི་ལག་ཏུ་གཏད་བྱུང་བས་ཁོས་ཁ་མུར་མུར་གྱིས་ཐུགས་རྗེ་ཆེ་ཞུས་ནས་ཁྱིམ་གྱི་ཕྱོགས་སུ་རྒྱུགས།

ཡུད་ཙམ་གྱི་རྗེས་སུ་ཁོས་སླར་ཡང་ལྕགས་ཀྲིན་དེ་ལག་ནང་དམ་པོར་བཟུང་ནས་དེ་སྔོན་གྱི་ཚོང་ཁང་དེའི་ཕྱོགས་སུ་རྒྱུགས། “ང་ལ་སྒོར་མོ་རེག་བྱུང༌”ཁོས་ཚོང་བདག་ལ་སྒམ་བརླིང་ཆེན་པོས་དེ་ལྟར་བཤད་རྗེས་སྐར་སྒོར་རྣམས་ཀྱི་གྲངས་ཀ་བརྩིས། ཚོང་བདག་དེ་མ་ཐག་སྒེའུ་ཁུང་ཁར་སོང་ནས་རེའུ་བྷེན་གྱི་རྩ་ཆེའི་ཅ་དངོས་དེ་ཚུར་བླངས་ནས་སྟེང་གི་ས་རྡུལ་བྱི་དོར་ལེགས་པར་བྱས་རྗེས། རྒྱ་སྨུག་མདོག་གི་ཤོག་ལྷེ་ཆེན་པོ་ཞིག་གིས་ལེཌ་པར་བཏུམས་ནས་རེའུ་བྷེན་གྱི་ལག་ཏུ་གཏད། ཁོ་རང་སྤྲོ་སྣང་ཆེན་པོས་རྒྱུགས་ནས་ཁྱིམ་གྱི་སྒོ་མདུན་དུ་སླེབས་དུས། ཨ་མ་ལགས་ཐབ་ཚང་ནང་ཕྱི་བདར་བྱེད་ཀྱིན་མཆིས། “ཨ་མ་ལགས། འདི་ན་ འདི་”རེའུ་བྷེན་ཨ་མའི་གམ་དུ་རྒྱུག་ཞོར་དུ་དེ་ལྟར་ཤོད་ཀྱིན་སྒམ་ཆུང་སྙིང་རྗེ་པོ་དེ་སེར་གས་ཟོས་པའི་ཨ་མའི་ལག་ཏུ་གཏད། ཁོ་མོས་ཤོག་ལྷེ་དེ་མ་རལ་བ་བྱས་ནས་ག་ལེར་སྒམ་ཆུང་གི་ཁ་ཕྱེ་དུས་གོས་ཆེན་སྤུ་མ་ཅན་གྱི་སྐེ་རྒྱན་སྒམ་ཆུང་ཞིག་མིག་ལམ་དུ་མངོན་འོང༌། ཨ་མ་ཌོ་ར“Dora”ཡིས་སྒམ་ཆུང་གི་ཁ་གཅོད་ག་ལེར་ཁ་ཕྱེ་དུས་ཤམ་ཤམ་དུ་བཞུར་བའི་མིག་ཆུས་མཐོང་ལམ་གྱི་ཡོད་ཚད་རབ་རིབ་ཏུ་བཏང༌། དེའི་ནང་དུ་ཡིག་འབྲུ་ཞིག་ཀྱང་མངོན་པ་ནི་གཟེར་རྒྱན་གྱིས་བཀོད་པའི་ཁམ་འབྲས་དབྱིབས་ཅན་གྱི་གསེར་མདོག་གི་ཡི་གེ་“ཨ་མ་”ཞེས་པའི་ཤོག་བྱང་ཆུང་ཆུང་ཞིག་རེད།

ཨོ། ཉིན་དེ་ནི་ཕྱི་ལོ༡༩༤༦ ལོའི་ཨ་མའི་ཉིན་མོ་རེད། ཨ་མ་ཌོ་ར་ལ་ད་ལྟའི་བར་དུ་འདི་འདྲའི་ལེགས་སྐྱེས་གོང་ཆེན་གཅིག་ཀྱང་འབྱོར་མ་མྱོང་བ་མ་ཟད། མོ་ལ་ཆང་སའི་སྐབས་ཀྱི་མཛུབ་དཀྲིས་དེ་ལས་གཞན་པའི་མཛེས་རྒྱན་གཅིག་ཀྱང་མེད། མོས་སྨྲ་བ་ཅི་ཡང་མེད་པར་ངོ་གདོང་ལས་འཛུམ་མདངས་འཕྱུར་བཞིན་ལག་གཉིས་ཀྱིས་བུ་ཆུང་ལ་དམ་པོར་འཐམས། ༡༩༤༧ལོར་མརྐ་ཨེར་ལེ“Mark Earle” “Toronto”ལ་གནས་སྤོ་བྱས་པ་དང༌། ཨ་མ་ཌོ་ར་དང་བྱིས་པ་རྣམས་མརྐ་ཨེར་ལེས་སྒོར་མོ་བསྐུར་ཐུབ་དུས་བར་དུ་རོ་བྷེརསེའBay Roberts”མཚོ་ཁུག་ཏུ་བསྡད། ལོ་ངོ་གཉིས་ཀྱི་རྗེས་སུ་ཁོང་ཚོ་ནང་མི་ཚང་མ་ཊོ་རོན་ཊོ་ལ་སླར་ཡང་སྤྲོ་སྣང་ལྡན་པའི་ངང་དུ་འཛོམས།
ཨ་མ་ཌོ་ར༡༩༨༣ ལོར་རང་ལོ༧༥ སྟེང་ཊོ་རོན་ཊô“Toronto”རུ་འཇིག་རྟེན་གྱི་འཚོ་བ་དང་ཁ་གྱེས། མོའི་ཁ་ཆེམས་ནང་དུ་མོ་རང་གི་རྒྱུ་ནོར་རིན་ཐང་ཆེ་ཤོས་དེ་བུ་རེའུ་བྷེན་ལ་བཞག་ཡོད་པ་དང༌། རེའུ་བྷེན་ད་ལྟ་རང་ལོ་དྲུག་ཅུར་སོན་ཞིང་བུ་གཉིས་དང་ཚ་བོ་ཚ་མོ་ལྔ་ཙམ་ཡོད། ཁོ་རང་ཨོན་ཊོ་རིའོ“Ontorio”ནང་བསྡད་ཡོད་པ་དང་ཏག་ཏག་ལོ་གཉིས་ཀྱི་སྔོན་ནས་གཞིས་གཉེར་གྱི་ལས་གནས་ལས་རྒན་གཡོལ་བྱས་པ་རེད། ལོ་ན་བཞི་བཅུ་ཞེ་བདུན་ལ་སོན་པའི་ཁོའི་སྐྱེ་དམན་ལིའལ་ལེན“Lillian”གྱིས། “རེའུ་བྷེན་གྱིས་རང་གི་ཨ་མར་ཕྲ་རྒྱན་དེ་ཕུལ་བ་ནས་བཟུང་ཨ་མ་ལ་དུང་བའི་བརྩེ་སེམས་དེ་ནམ་ཡང་བོར་མ་མྱོང་”ཟེར། རེའུ་བྷེན་གྱིས་ཀྱང་རང་གི་ཨ་མ་དྲན་གསོ་རེ་བྱེད་དུས་སུ་ད་དུང་ཡང་མིག་ཟུང་མཆི་མས་ཁེངས་བཞིན་“མོ་ནི་འཇིག་རྟེན་འདིའི་སྟེང་གི་ཆེས་མཛེས་སྡུག་ལྡན་པའི་མི་དེ་ཡིན་”ཟེར། རྫོགས་སོ།

བརྩམས་སྒྲུང་།

Post navigation

Previous Post: སྐྱེས་མའི་དུས་ཆེན།
Next Post: བྱམས་བརྩེ་ཡི་ཐོག་མ།

Comments (12) on “མ་ཡི་དུས་ཆེན་ལ་གུས་བརྩི་ཞུ།”

  1. རིག་ལོ། says:
    2014-05-11 at 11:19 am

    འདི་སྒྱུར་མཁན་སུ་རེད། ཡོང་ཁུངས་གང་རེད། ངས་གྲོགས་པོ་ཞིག་གིས་ལོ་བདུན་བརྒྱད་སྔོན་འདི་བསྒྱུར་ནས་དུས་དེབ་བབ་ཚགས་ཤོག་ཅིག་གི་སྒང་ལ་བཀོད་པ་བཀླགས་མྱོང་། ཡིན་ཡང་། ཨེ་མ་ཧོ་མཆོག་གིས་སྒྱུར་མཁན་གྱི་མིང་བྲིས་མི་འདུག མ་བྲིས་པའི་རྒྱུ མཚན་ཅི་ཡིན།???

  2. རིག་ལོ། says:
    2014-05-11 at 11:26 am

    འོས་སྦྱོར་བ་ཞེས་རང་གི་མིང་ཆེ་ཐག་ཆོད་ཅིག་བྲིས་ཏེ་སྒྱུར་མཁན་གྱི་མིང་མ་བྲིས་བ་ནི་་་་་་་་་་་་་་་་་འདི་ནི་རྩོམ་སྒྲིག་པ་དག་གི་ནོར་འཁྲུལ་མ་རེད། ཡིན་ཡང་འདི་ཚོའི་རིགས་ལ་དོ་དམ་རེ་གནང་རོགས། རེ་སྐུལ་ཡིན།

  3. པདྨ says:
    2014-05-11 at 11:50 am

    དེ་རིག་ལོ་ཁྱོད་ཤེས་ན་ཅོ་འདྲི་དགོས་དོན་འདུག་གམ། བཀོད་དང་ཆོག་ནི་རེད་ཀོ། སྦྲག་སྐད་ཅིག་མ་གཏོགས་ཁེ་ན་ད་དང་ཨ་རི་ལ་སྤྲང་པོ་ཉ་བ་ཡོད་པར་དཀོན་པོ་རེད། རྟོག་སྒྲུང་ཞིག་ཡིན་པ་འདྲ་བསམ་སོང་།

  4. མི་གསོན་པོ says:
    2014-05-12 at 9:48 pm

    གོང་དུ་འདྲེ་རིག་ལྡན་གྱིས་བསྒྱུར་ཟེར་བ་དེ་མ་མཐོང་ངམ།

  5. གསེར་ས་ལེ་སྦྲམ། says:
    2014-05-12 at 11:03 pm

    རྩོམ་ཡིག་འདི་དངོས་གནས་ཡག་པོ་ཞིག་ཏུ་མཐོང་སོང་། ཞིབ་ཀློག་ཐེངས་གཅིག་བྱས་ཚར། ད་དུང་ཡང་ཐེངས་འགར་ཀློག་རྩིས་ཡོད། བསྒྱུར་མཁན་འདྲེ་རིག་དང་འོས་སྦྱོར་བ་ཨེ་མ་ཧོ་གཉིས་ལ་ཐུགས་རྗེ་ཆེ།

  6. ཀརྡོ་གཉེར་ཕྱག་པ་ says:
    2014-05-12 at 11:06 pm

    མ་ཡི་ཉིན་མོ་ཙམ་ལས། མ་ཡི་དུས་ཆེན་ཡིན་མདོག་མེད།

  7. རིག་ལོ། says:
    2014-05-13 at 7:08 pm

    མི་གསོན་པོ་ལགས། ཐོག་མར་བཀོད་དུས་འདྲེ་རིག་ལྡན་གྱི་མིང་བཀོད་མི་འདུག དེར་བརྟེན། སྡུག་སྐད་ཤོར་བ་རེད།

  8. གསེར་ས་ལེ་སྦྲམ། says:
    2014-05-13 at 11:57 pm

    རྒྱལ་སྤྱིའི་ ༼ཨ་མའི་ཉིན་མོ༽དང་། ཡང་ན༼ཨ་མའི་དུས་ཆེན༽འདི་གཉིས་ལས་གང་བྲིས་ཀྱང་ཁྱད་པར་ཅི་ཡང་མི་འདུག

  9. ཀརྡོ་གཉེར་ཕྱག་པ་ says:
    2014-05-14 at 12:55 am

    ཨ་མའི་ཉིན་མོ། ཕྲུ་གུའི་ཉིན་མོ། བུ་མེད་ཀྱི་ཉིན་མོ། གེ་རྒན་ཉིན་མོ། ལས་མིའི་ཉིན་མོ། བརྩེ་དུང་གི་ཉིན་མོ། ཨ་རིར་ཕའི་ཉིན་མོ་ཡང་ཡོད་པར་གྲགས།

  10. གསེར་ས་ལེ་སྦྲམ། says:
    2014-05-14 at 2:16 am

    ལོ་འཁོར་གཅིག་ལ་ཉི་མ་སུམ་བརྒྱ་དྲུག་བཅུ་ཡོད་པའང་རེ་རེ་ནས་འདི་ལྟར། ཅིག་ཅིག་གི་ཉིན་མོ། ཉུག་ཉུག་གི་ཉིན་མོ་ཞེས་དུས་ཆེན་ལ་གཏན་འཁེལ་བྱས་ནས་རྫོགས་གྲབས་འདུག་ལ། ཡང་ན། ཅིག་ཅིག་གི་གུང་གསེང་ཉིན་མོ། ཉུག་ཉུག་གི་གུང་གསེང་ཉིན་མོ་ཞེས་ལོ་གཅིག་ཡོངས་རྫོགས་གུང་གསེང་མི་ཆགས་པའི་ངེས་པའང་མི་འདུག ཧཧཧ…. དེ་འདྲ་ཞིག་མ་རེད་དམ་་་

  11. བོད་པ་ལྷ་སྲས། says:
    2014-05-15 at 6:44 am

    རྩོམ་ཡིག་འདིའི་ཁ་བྱང་པར་རིས་ལ་བསམ་འཆར་ཞུ་འདོད་བྱུང་། དབྱིན་ཇིའི་མ་བུ་ཞིག་གི་པར་འཇོག་དགོས་དོན་མི་འདུག བོད་མིའི་མ་བུ་ཞིག་གི་པར་རིས་ཤིག་བཞག་ཡོད་ན་མགོ་ལུས་མཚུངས་པ་ཞིག་ཡོང་ངེས། གང་ཡིན་ན་ཟེར་ན། དྲྭ་ཚིགས་འདི་ནི། བོད་ཡིག་ཀློག་མཁན་གྱི་ཆེད་དུ་བཟོས་པའི་བོད་ཡིག་དྲྭ་ཚིགས་ཤིག་རེད། རྒྱུ་མཚན་དེའི་ཕྱིར་ན་མགོ་ལུས་མཚུངས་པ་དང་། བོད་ཀྱི་ཁྱད་ཆོས་ཐོན་པ་ཞིག་ཡོང་ཕྱིར་པར་རིས་རྣམས་ཀྱང་བོད་དང་འབྲེལ་བ་ཞིག་ཡོད་ན། ཡག་ཐོག་ཡག་བརྩེགས་ཡོང་རྒྱུར་གདོན་མི་ཟ་སྙམ།

  12. གསེར་ས་ལེ་སྦྲམ། says:
    2014-05-15 at 11:14 am

    འདིར་མགོ་སེར་མ་བུ་གཉིས་ཀྱི་འདྲ་རིས་བཀོད་པ་ནི་རྩོམ་གྱི་བརྗོད་བྱ་དང་ཧ་ཅང་འཚམས་པོ་འདུག ལྷག་པར་དུ་པར་རིས་འདི་དང་། རྩོམ་ཡིག་ལས་༼ སྒེའུ་ཁུང་ལས་འཕྲོས་པའི་ཉི་ཟེར་གྱིས་མོའི་ཕྲག་པར་སླེབས་པའི་སྐྲ་ལོར་གསེར་བརྩི་བྱུག་པ་ལྟར་འདུག་ལ། ༽ཞེས་མི་སྣ་ཞིབ་འབྲི་བྱེད་སྐབས་ཀྱི་སྣང་བརྙན་གཉིས་ཨ་འགྲིག་ཆ་འགྲིག་ཏུ་གྱུར་ཡོད། གལ་སྲིད་བོད་པ་མགོ་ནག་མ་བུ་གཉིས་ཀྱི་འདྲ་རིས་བཞག་ཡོད་པའི་དབང་བཏང་ན་རྩོམ་འདི་དང་པར་རིས་དེ་གཉིས་འབྲེལ་མེད་དོན་གཞན་དུ་འགྱུར་ངེས། དེའི་ཕྱིར། རྗེས་ཕྱོགས་འདྲ་པར་དང་རྩོམ་ཡིག་མཉམ་བཀོད་བྱེད་དུས་རྩོམ་ཡིག་གི་བརྗོད་བྱའི་སྣང་བརྙན་དང་མཐུན་པའི་འདྲ་རིས་འགོད་རྒྱུ་འདི་ཡང་ཉམས་འཇོག་བྱེད་དགོས་ས་གཅིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme