Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་འོངས་བོད་ཀྱི་སོན་རྩ་ལ་ཕུལ་བའི་ཀ་བཤད།

Posted on 2016-04-302016-04-30 By ཁ་བརྡ 21 Comments on མ་འོངས་བོད་ཀྱི་སོན་རྩ་ལ་ཕུལ་བའི་ཀ་བཤད།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།

 
ཀ་མད་སུམ་ཅུ་དབྱངས་བཞི་བོད་ཡིག་སྲོག །
ཁ་བདེ་ལྕེ་བདེ་མིན་པའི་དཔྱད་རྩོམ་སྤེལ།།
གངས་ཅན་བོད་ཀྱི་ཕ་མེས་སྐད་ཡིག་འདི།།
སྔོན་བྱོན་མཁས་པའི་བཀའ་དྲིན་བརྒྱུད་ནས་དར།།

གཅེས་འཛིན་བློ་ཡི་ཀ་བཤད་ཤོག་སྟེང་ཐལ།།
ཆ་རྐྱེན་འཛོམས་པའི་བོད་ཀྱི་སྐད་ཡིག་ལ།།
ཇུས་གཏོགས་འགན་ཁུར་བོད་མིའི་ཁྲིམས་མཐུན་འགན།།
ཉོན་མོངས་མེད་པའི་བོད་ཀྱི་སྐད་ཡིག་འདི།།

སྟོན་པའི་དམ་ཆོས་སྲུང་བའི་སྐད་ཡིག་ཙམ།།
ཐོན་མིའི་བཀའ་དྲིན་བོད་འབངས་བརྗེད་མི་ཉན།།
བརྡ་སྤྲོད་ཚིག་རྒྱན་རིག་པའི་གཞུང་ལུགས་ལ།།
ནོར་བ་མེད་པར་སྦྱང་བརྩོན་བོད་ཕྲུག་འགན།།

དཔག་བསམ་ཤིང་ལ་བརྟེན་ན་ནོར་གྱི་མཛོད།།
ཕ་བཟང་བུ་རབས་ཕ་མེས་སྐད་ཡིག་སྦྱོངས།།
བོད་ཀྱི་སྐད་ཡིག་བོད་མིའི་སྲོག་རྩ་ལ།།
མ་སྦྱང་ལྷོད་གཡེང་བོད་ཕྲུག་ངོ་ཚའི་འགན།།

རྩ་བའི་སྐད་ཡིག་ཡུལ་ལུང་ཀུན་ལ་དར།།
ཚིག་རྒྱན་བརྡ་སྤྲོད་སྙན་ངག་སྡེབ་སྦྱོར་སོགས།།
རྫུ་འཕྲུལ་ཆེ་བའི་བོད་ཀྱི་སྐད་ཡིག་འདི།།
ཝ་ཏུ་ལཎ་ཚའི་མ་དཔེའི་འོག་ཏུ་འཁྲུངས།།

ཞང་ཞུང་དམར་ཡིག་བོད་ཡིག་མཛེས་པའི་རྒྱན།།
ཟ་ཧོར་རྒྱ་གར་རྒྱ་ནག་ཁྱིམ་མཚེས་སོགས།།
འོ་ཅག་བོད་ཀྱི་སྐད་ཡིག་འགྲན་ལ་དཀའ།།
ཡར་རྒྱས་གཏོང་བའི་ནུས་པ་ན་གཞོན་འགན།།

རང་གི་སྐད་ཡིག་རང་གིས་མ་བསྲུང་ན།།
ལ་ལུང་ས་མཐར་འཁྱམས་པ་དོན་རེ་ཆུང་།།
ཤ་ཚ་ཡོད་ན་ཕ་མེས་སྐད་ཡིག་སྦྱོངས།།
ས་མཐར་གནས་ཀྱང་ནམ་ཡང་བརྗེད་མི་ཉན།།

ཧམ་བཤད་སྟོང་བཤད་མིན་པའི་ཀ་བཤད་འདི།།
ཨ་མས་བུ་རབས་མ་འོངས་སོན་རྩར་ཕུལ།།

སྙན་ངག

Post navigation

Previous Post: ལྷ་མིའི་སྤྱན།
Next Post: གསར་དུ་བདམས་ཐོན་བྱུང་བའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྣམ་པ་དང་སྲིད་སྐྱོང་བཅས་པར་བོད་མི་སྒེར་གྱི་རེ་འདུན།

Comments (21) on “མ་འོངས་བོད་ཀྱི་སོན་རྩ་ལ་ཕུལ་བའི་ཀ་བཤད།”

  1. ཀ་བ་ཚེ་རིང་ says:
    2016-04-30 at 11:54 am

    དང་པོ་སྐུ་ཉིད་ཀྱི་སྐྱབས་མགོན་སྲིད་སྐྱོང་(སློབ་བཟང་སངས་རྒྱས་སམ་བློ་བཟང་སངས་རྒྱས་་ཡང་ན་བློ་བཟང་སེང་གེ་)ལགས་ཀྱི་བོད་ཡིག་གི་གནས་ཚད་ལ་ལྟས་དང་མི་འདིས་བོད་མིའི་སྲོག་རྩ་འདྲ་བའི་བོད་ཡིག་ལ་བརྩི་བཀུར་བྱེད་མཁན་ཞིག་རེད་འདུག་གམ་
    ཁྱེད་ཀྱིས་ཀ་བཤད་དུ་མའི་ནང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཙོའི་རྒྱབ་སྐྱོར་བ་ཚོ་དངོས་སུ་མིང་བཏོན་མ་བྱས་པའི་ཐོག་ནས་ཟུར་བཟའ་བྱས་ དོན་དུ་སློབ་བཟང་སངས་རྒྱས་ལ་བླ་ན་མེད་པ་མཐོང་མཁན་ཞིག་གིས་བོད་ཡིག་དང་བོད་སྐད་སྲུང་སྐྱོབ་བྱ་རྒྱུ་རྩ་ཆེ་མཐོང་གི་ཡོད་ན་འོས་ཤོག་བསླུགས་ས་ནོར་མི་འདུག་གམ་། འགྱོད་ཤག་གི་ཀ་བཤད་ཅིག་བྲིས་ན་གང་འདྲ་འདུག་།

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-01 at 9:21 am

    ཀ་བ་ཚེ་རིང་ཁུང་མེད་མཆན་འདེབས་དེའི་།
    ཁ་བརྡར་བཀོད་པའི་ང་ཡིའི་ཀ་བཤད་ལ་།
    གང་ས་གང་ནས་དོ་སྣང་གསར་དུ་རྙེད་།
    ང་ཡིའི་ཁྱེད་ཀྱི་ཁྱབས་གྲགས་ཐུགས་རྗེ་ཆེ་།

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-01 at 9:28 am

    ཅ་ཅོ་མང་བའི་ཁ་བརྡ་དྲ་རྒྱའི་ནང་།
    ཆ་ཤས་ལེན་མཁན་ཚང་ཁ་ཤིག་ཤིག་རེད་།
    ཇུས་མེད་འགན་འཁུར་རང་མིང་རྒྱབ་ཏུ་བསྐུངས་།
    ཉོན་མོངས་གླེང་ནས་རང་སེམས་དཀྲུགས་མཁན་མང་།

  4. ཨ་ཁུ་འབྲོག་པ། says:
    2016-05-01 at 11:34 am

    གཞུང་པ་ལགས། མ་འོངས་བོད་ཀྱི་སོན་རྩ་ལ། ཀ་བཤད་མིན་པ་ལ་ཀ་བཤད་ཅེས་མིང་བཏགས་ཏེ། ཡི་གེ་མ་དག་རྒྱུན་འབྱམས་འགྲོ་གཞི་འདི་ལྟ་བུ་སླད་ནས་མི་འབྲི་བའི་རེ་བ་ཞུ། ཨ་ཕོ་རི་བོང་དང་། ལྕོག་རོང་བོང་བུ་གཉིས་རྣ་ཅོག་གཅིག་པའི་ལར་རྒྱ་ཟེར་བའི་དཔེ་ལྟར་འབྲོག་པ་གཅིག་པའི་འདུ་ཤེས་ཀྱིས་ཡིན་ནོ། །

  5. སྙེ་ལྷའི་ཐུགས་སྲས། says:
    2016-05-01 at 1:50 pm

    ཀ་བཤད་བྲིས་ལ་དགའ་བ་ཡག་པ་ལ།། ཁ་ནས་གང་ཐོན་བཤད་པ་སྐྱོ་བ་ལ།། ག་སར་རིགས་ཞེན་གླེང་བས་དགའ་བ་ལ།། ང་རྒྱལ་མགོ་བོ་འདེགས་སྟངས་སྐྱོ་བ་ལ།།

  6. ཀ་བ་ཚེ་རིང་ says:
    2016-05-01 at 2:44 pm

    གཞུང་པ་ཚེ་བསོད་ལགས་།
    ཁྱེད་ཀྱི་བྲིས་ཚད་དང་བཤད་ཚད་དཔལ་ཡོན་དང་གཞན་གྱི་བཤད་པ་
    “ཉོན་མོངས་་་རང་སེམས་དཀྲུགས་མཁན་” དེ་འདྲ་རང་ཨེ་ཡིན་།
    དམངས་གཙོའི་གཞིས་ཀའི་དྲི་མ་ཙམ་མེད་པར་མངོན་པས་སྐུ་ཉིད་དང་སློབ་བཟང་སངས་རྒྱས་གཉིས་ཕ་བུ་མ་རེད་དམ་།

  7. ཀ་བ་ཚེ་རིང་ says:
    2016-05-01 at 3:01 pm

    སྐལ་པ་སྟོང་དང་སྦྲེལ་བའི་བོད་སྐྱོང་ལྷ་སྲུང་རྣམས་།
    ཁ་ནས་སྤྱི་དོན་ཧུར་ལེན་བཟང་སྤྱོད་ཟེར་མཁན་བློ་སེང་གིས་།
    གང་སར་བསྐྱོད་དེ་མགོ་བསྐོར་གཏམ་བཤད་འོག་།
    ངོས་རང་སླར་ཡང་ཚུད་པར་བཟོད་གསོལ་ཞུ་།ཅེས་

    – གཞུང་པ་ཚེ་བསོད་ནས་བྲིས་ཞེས་ན་ག་འདྲ་འདུག་།

  8. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-03 at 6:07 am

    སྨྲ་བརྗོད་རང་དབང་རྒྱལ་སྤྱིའི་ཁྲིམས་ཀྱི་བསྟན་།
    ཚད་བཀག་བྱེད་པ་གུང་ཁྲན་དམར་པོའི་ལུགས་།
    རང་དབང་མང་གཙོའི་སྤྱི་ཚོགས་ཆེན་པོའི་ནང་།
    རང་རང་བསམ་ཚུལ་གླེང་སའི་བརྒྱུད་ལམ་མང་།

    ལྷག་བསམ་རྨ་མེད་ཡིན་ན་རང་མིང་བཀོད་།
    ལྷག་བསམ་འགན་འཁུར་ཡིན་ན་མདུན་དུ་འཐོན་།
    ལྷག་བསམ་རྫུས་ནས་གཞན་སྐྱོན་གླེང་བ་དེ་།
    ལྷག་བསམ་གོ་ལའི་མདུན་ལམ་བཀག་པ་འདྲ་།

  9. ཨ་ཁུ་འབྲོག་པ། says:
    2016-05-03 at 7:22 am

    སྨྲ་བརྗོད་རང་དབང་ཡིན་པ་ལེགས་ཤེས་ཏེ། ། མ་དག་ཡི་གེ་འབྲི་བ་ནོར་འདུག་ཅེས། །སྨྲ་བརྗོད་རང་དབང་སྤྱད་པར་ཁྱོད་ཁྲོ་ན། །ལྷག་བསམ་ཡིན་ཅེས་སྨྲ་ཡང་སུ་ཡིད་ཆེས། ། །

  10. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-04 at 6:04 am

    མ་དག་ཡིག་ནོར་ཡོད་ན་ནོར་བཅོས་དག་མཆན་ཟབ་།
    ནོར་བཅོས་དག་མཆན་མེད་པའི་ཡིག་ནོར་སྐྱོན་འཛུགས་དེ་།
    ལྷག་བསམ་རྣམ་དག་ཡིན་པའི་ངོས་འཛིན་སུ་ཡིའི་བྱེད་།
    ལྷག་བསམ་ཐུར་རྒྱུགས་མིན་པའི་སྨོན་ལམ་ཡོད་།

  11. གཡུ་ཐོག says:
    2016-05-04 at 6:48 am

    གཞུང་པ་མཆོག་དངོས་གནས་བོད་ཡིག་ཐོག་མཁས་དབང་ཡིན་མདོག་འདུག སྤྱི་ཚོགས་ནང་ཆོ་མེད་རྙོག་གླེང་དང་ཟིངས་ཆ་བཟོས་པ་ལས་ཟླ་གཅིག་ནང་ཉིན་གཅིག་གཉིས་ཁྱེད་རང་གི་གཅེས་ཕྲུག་མཁས་དབང་བློ་སེང་ལ་བོད་ཀྱི་སྐད་ཡིག་ཏོག་ཙམ་སློབ་འཁྲིད་ཐུབ་ན་བོད་མི་རིགས་ལ་དགེ་མཚན་ཆེ་བར་མཐོང་། དེ་མིན་ཁྱེད་རང་ཉི་མ་ལ་བརྒལ་གྱི་མི་རེད། མ་ནི་དང་སྐོར་བ་མང་ཙམ་གསོག་ཐུབ་ཚེ་མ་འོངས་པར་ཕན་ཐོགས། རྟག་ཏུ་བློ་སེང་གི་སྐད་ཆར་ཉན་བསྡད་པ་ལས་སྐབས་རེ་༸རྒྱལ་བའི་བཀའ་སློབ་རིགས་གསན་ཐུབ་ཚེ་དངོས་གནས་བསམ་བློར་ཕན་ཐོགས་སྲིད། བཀྲིས་བདེ་ལེགས།

  12. ཨ་ཁུ་འབྲོག་པ། says:
    2016-05-04 at 7:18 am

    གཞུང་པ་མཆོག་དངོས་གནས་བོད་ཡིག་ཐོག་མཁས་དབང་རེད། ཁོང་གིས། ང་ཡིའི་ཁྱེད་ཀྱི་ཁྱབས་གྲགས་ཐུགས་རྗེ་ཆེ་།ཞེས་དང་། ཡང་།
    སྨྲ་བརྗོད་རང་དབང་རྒྱལ་སྤྱིའི་ཁྲིམས་ཀྱི་བསྟན་། ཞེས་སོགས་འབྲི་མཁྱེན། ཨ་ཅང་ཀུ་རེ་ཞུས། གཞུང་པ་ལགས། ཀ་བཤད་འབྲི་བཞིན་བཞུགས་རོགས་གནང།

  13. ཨ་འབར་འཇིགས་དབང་། says:
    2016-05-06 at 12:18 am

    ༅༅། ཆོས་སྲིད་བསྟན་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ།།
    སྙིགས་དུས་སྐྱེ་འགྲོ་ཀུན་གྱི་ཞི་བདེ་ཡི་དེད་དཔོན།།
    བསླབ་གསུམ་ངུར་སྨྲིག་འཛིན་པའི་ཡང་རྕེ་སུ་སོན་པའི།།
    པད་འཆང་མགོན་ཁྱེད་ཕེབས་པའི་སྐལ་བཟང་དེ་ནམ་ཡིན།།

  14. ཨ་འབར་འཇིགས་དབང་། says:
    2016-05-06 at 12:29 am

    ༅༅། བསམ་པ་བྱམས་བརྩེ་རྣམ་དག། ལྟ་བ་སྟོང་ཉིད་རྟེན་འབྱུང།
    སྤྱོད་པ་གཞན་ཕན་གཙང་མ།། གངས་ཅན་བོད་པའི་ལྟ་སྤྱོད།།

  15. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-05-06 at 4:10 am

    ང་ཡིའི་ཁྱེད་ཀྱི་ཁྱབས་གྲགས་ཐུགས་རྗེ་ཆེ་།་ཞེས་པར་འབྲེལ་སྒྲ་ཡི་ལ་འབྲེལ་འི་བྲིས་པ་དོན་མེད་མ་ཡིན་ནམ།
    ད་ལྟ་ལས་ཆུ་ཚོད་ཁ་ཤས་གོང་དུ། འོག་གི་ཚིག་བརྗོད་འདི་བྲིས་སོ།
    ་
    བོད་ཀྱི་བརྡ་སྤྲོད་མ་སྦྱང་ན། འོག་གི་ཚིག་བརྗོད་དེ་འགྲིག་འདུག་གམ།

    “ངའི་དེ་དྲན་བྱུང་།” འདི་ལྟར་འབྲི་མཁན་ནུབ་ཕྱོགས་གངས་ཕྲུག ་རྐྱང་རྐྱང་མ་ཡིན་ན། རྗེས་འཇུག་ས་དང་འི་གཉིས་ཁ་སྐད་དུ་སྒྲ་གདངས་གཅིག་པར་འདོན་པ་ཡོངས་གྲགས་ཆགས་སོ།

  16. ནུབ་ཕྱོགས་གངས་ཕྲུག says:
    2016-05-06 at 2:20 pm

    མངའ་རིས་གཞུང་པ་ཚེ་དབང་བསོད་ནམ་ལགས། དང་པོ་སྐུ་ཉིད་བོད་ཡིག་གི་དག་ཆ་ལ་གཟབ་དགོས་འདུག ཀ་བཤད་སྐབས་སུ། ག་ཡི་སྐབས་སུ་གངས་ཅན་དང་། ང་ཡི་སྐབས་སུ་སྔོན་བྱོན་སོགས་བྲིས་ན་འདི་དག་ཀ་བཤད་མ་ཡིན་པར་སེམས།

  17. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-06 at 9:36 pm

    ལྷག་བསམ་བཟང་པོའི་ལམ་སྟོན་ལ་རྗེས་སུ་ཡིད་རངས་དང་ཐུགས་རྗེ་ཆེ་།

  18. ཀརྡོ་གཉེར་ཕྱག་པ་་ says:
    2016-05-07 at 6:39 am

    ངས་ཆུང་དུས་ཐོག་མར་གོ་བའི་ཀ་བཤད་ཤོ་ལོ་ཀ་ཅིག་ནི།
    ་
    ཀ་བ་ལ་ནས་སྤུ་ཅིག་བཏོག །
    ཁ་ཡི་ཟུར་དུ་བཙུགས་པ་ན། །
    ག་ནས་བལྟས་ཀྱང་འདྲེ་འདྲ་བ། །
    ང་ལ་གནོད་པ་མ་བྱེད་ཅིག །
    ་
    སུས་བྲིས་པ་ཡིན་མིན། མི་ཤེས། ལགས།

  19. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-05-08 at 3:04 am

    རང་རེ་བོད་ཀྱིས་སྐད་ཡིག་སྲུང་སྐྱོབས་དང་རྒྱུན་འཛིན་ཐུབ་པའི་ཆེད་མཁས་པ་ཚོའི་ལམ་སྟོན་མང་ཙམ་གནང་བའི་རེ་བ་ཡོད་ཐུགས་རྗེ་ཆེ་།

  20. ཀ་བ་ཚེ་རིང་ says:
    2016-05-08 at 8:24 am

    ངའི་སློབ་སྦྱོང་ཤུགས་ཆེ་བ་དབྱིན་ཡིག་ནང་ཡིན་པས་བོད་ཡིག་དེ་ཙམ་ཡག་པོ་མེད་། ཡིན་ནའི་ཨུ་བཙུགས་བྱེད་ནས་བྲིས་ཀྱི་ཡོད་། གཞུང་པ་ཚེ་བསོད་ཀྱང་ངོས་རང་འདྲ་པོ་འདུག་།

    གཞུང་པ་ཚེ་བསོད་ལགས་ཀྱིས་རྩོམ་ནང་༼བྱེད་སྒྲ་དང་འབྲེལ་སྒྲ་གཉིས་ཀྱི་ཁྱད་པར་རྟོགས་ཀྱི་མིན་འདུག་སྙམས་༽ དཔེར་ན་གཤམ་ལ་གཞུང་པས་།
    ༼རང་རེ་བོད་ཀྱིས་(ཀྱི) སྐད་ཡིག་སྲུང་སྐྱོབས་དང་རྒྱུན་འཛིན་
    ཐུབ་པའི་ཆེད་མཁས་པ་ཚོའི་( ཚོས) ལམ་སྟོན་མང་ཙམ་
    གནང་བའི་རེ་བ་ཡོད་ཐུགས་རྗེ་ཆེ་། ༽བྲིས་པ་ལས་མཐོང་ཚུལ་བྱུང་།

    ཡིན་ནའི་གུ་དོགས་པའི་གཞུང་པ་ཚེ་བསོད་དང་ཁོ་པའི་གཅེས་ཕྲུག་བློ་སེང་གཉིས་ཕྲན་བུ་བསམ་བློ་གུ་ཡངས་སུ་འགྲོ་ཡི་ཡོད་པར་ཡ་མཚན་ཆེ་།

  21. ཀ་བ་ཚེ་རིང་ says:
    2016-05-08 at 9:17 am

    བློ་སེང་གཟི་བརྫི་ཁོག་སྟོང་སྐྱབས་མགོན་དུ་བརྩིས་མཁན་ཀརྡོ་གཉེར་ཕྱག་ལགས་ཀྱིས་གཤམ་ལ་༼
    ངས་ཆུང་དུས་ཐོག་མར་གོ་བའི་ཀ་བཤད་ཤོ་ལོ་ཀ་ཅིག་ནི།
    ཀ་བ་ལ་ནས་སྤུ་ཅིག་བཏོག །
    ཁ་ཡི་ཟུར་དུ་བཙུགས་པ་ན། །
    ག་ནས་བལྟས་ཀྱང་འདྲེ་འདྲ་བ། །
    ང་ལ་གནོད་པ་མ་བྱེད་ཅིག །
    ་
    སུས་བྲིས་པ་ཡིན་མིན། མི་ཤེས། ལགས།༽ ཞེས་བྲིས་པར་

    གཉེར་ཕྱག་ལགས་ངའི་པ་ལགས་ཀྱིས་ང་ལ་ཀ་བཤད་དེའི་སྐོར་འགྲེལ་བརྗོད་དེ་ལྟར་གནང་མྱོངས་ཡོད་།
    ཀ་བཤད་དེ་སྐྱིད་ཟུར་ལགས་(མིང་གི་དག་ཆ་གང་ཡིན་མི་ཤེས་) ཟེར་བའི་རྣམ་སྤྱོད་ལྡན་པའི་སྐུ་དྲགས་(?)དེར་༧གོང་ས་སྐུ་འཕྲེན་༡༣ པ་ཆེན་པོས་ཀ་བཤད་གཅིག་རྩོམ་ཤོག་ཅེས་བཀའ་ཕེབས་པར་ སྐྱིད་ཟུར་ལགས་ཀྱིས་༧གོང་ས་མཆོག་གི་དབུ་ལ་དབུ་སྐྲ་མེད་པ་དེར་དཔེར་བཀོད་དེ་༼ཀ་པ་ལ་ནས་སྤུ་གཅིག་བཀོག་།༽ཅེས་དང་ཡང་༧གོང་ས་མཆོག་ལ་ཞལ་ར་ཡོད་པ་དེར་དཔེར་བཀོད་དེ་ཀ་པ་ལ་ནས་བཀོག་པའི་སྤུ་དེ་༼ཁ་ཡི་ཟུར་དུ་བཙུགས་པ་འདྲ༽ཅེས་དང་ ཡང་༧གོང་ས་མཆོག་མི་སྤྱང་གྲུང་དོད་པོ་ཞིག་ཡོད་པར་བསྟོད་བསྔགས་སུ་༼གང་ནས་བལྟས་ཀྱང་འདྲེ་འདྲ་བས་༽ཞེས་དང་ ཡང་རང་ཉིད་ལ་ཀ་བཤད་འདིས་རྐྱེན་པས་བཀའ་བཀྱོན་མ་ཕོག་པའི་ཆེད་༼ ང་ལ་གནོད་པ་མ་བསྐྱེལ་ཨ་༽ཅེས་༧གོང་ས་མཆོག་ལ་བསྟོད་པ་ཕུལ་ཡོད་པ་གསུངས་མྱོངས་ཡོད་། བདེན་དང་མི་བདེན་མ་ཤེས་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (63)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (50)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (26)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme