Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་འོངས་པར་བརྡ་འཕྲིན་གྱི་དམག་འཁྲུག་ཅིག་འབྱུང་གི་རེད་དམ།

Posted on 2019-08-232019-08-23 By ཁ་བརྡ 1 Comment on མ་འོངས་པར་བརྡ་འཕྲིན་གྱི་དམག་འཁྲུག་ཅིག་འབྱུང་གི་རེད་དམ།

ཁྲོ་གཏུམ། ༼ཨོ་གླིང་རྒྱལ་ཁབ།༽

 

བརྡ་འཕྲིན་གྱི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས།

བརྡ་འཕྲིན་དུས་རབས་ཀྱིས་གནམ་ས་མགོ་སྟེང་སློག་ལ་ཉེ་བའི་སོ་མཚམས་འདིར།ང་ཡར་འགྲེངས་ཏེ་རི་མཐོ་སར་བུད་མྱོང་ལ།མར་ཉལ་ཏེ་མགོ་རུམ་ལ་བཅུག་མྱོང་།ཡིན་ནའང་།བརྡ་འཕྲིན་གྱི་ཤྭ་འོད་རྒྱུགས་པའི་དུས་ཚོད་ཅིག་གིས་ངའི་རྡོག་སྣེ་རྡོ་ལ་འཁེལ།ངའི་མིག་ཟུང་ཁ་པར་གྱི་འཆར་ངོས་སུ་ཟུག་ཅིང་།ང་ནི་ངའི་ཁ་པར་གྱི་རྩིབ་རུས་མཉེན་མོ་ཞིག་ཏུ་གྱུར།དུས་དེ་ནས་བཟུང་“འགྲོ་རོགས་གྲིབ་མ་ནག་རིས།འདུག་རོགས་པུས་མོ་སྐྱ་རིས་”ཞེས་པ་ལྟར།ཁ་པར་གྱིས་ངའི་ལག་ཟུང་གློད་མ་མྱོང་ལ་བརྡ་འཕྲིན་གྱི་གནས་ཚུལ་ཡང་ཆད་མ་མྱོང་། སྐར་ཆ་རེ་རེ་ནི་རིན་ཐང་ཅན་ཞིག་ཡིན་ན། ང་ཚོའི་སེམས་ཀྱི་སྐར་ཆ་རེ་ནི་ཁ་པར་གྱི་འཆར་ཤེལ་ལ་འཐིམས་ཡོད་པས་རིན་ཐང་ག་ཚོད་ཅིག་ང་ཚོའི་ཕུགས་མདུན་དུ་མངོན་ཐུབ།ཡིན་ནའང་།སེམས་ཀྱི་འཕྲོད་བསྟེན་འཚབ་འཚུབ།སེམས་ཀྱི་འཕྲོད་བསྟེན་གློག་རྡུལ་གྱིས་འཐགལུས་ཀྱི་འཕྲོད་བསྟེན་ངལ་དུབ་མནར།མིག་དབང་གི་རྣོ་ཟད་པ་སོགས་ནི་བརྡ་འཕྲིན་གྱིས་ང་ཚོར་སྤྲད་པའི་ན་ཚ་ཞིགཡང་ན་ང་ཚོས་གཟབ་དགོས་པའི་བརྡ་འཕྲིན་གྱི་འཕྲོད་བསྟེན་ཡིན་ཨང་།སྔོན་ཆད་བརྡ་འཕྲིན་མེད་ན་རྗེས་ལུས་ཡིན་ཞིང་།ད་ལྟ་བརྡ་འཕྲིན་ཅི་ལྟར་སྤྱད་ན་དེ་ལྟར་རྗེས་ལུས་ཡིན་པའི་ལྟ་ཚུལ་ཞིག་ཀྱང་འབུས་བཞིན་པས།འཁོར་འདས་ཀྱི་སྣང་ཚུལ་ལ་སུ་ཞིག་བློ་གཏོད་ཨང་། 

བརྡ་འཕྲིན་དམག་འཁྲུག་འབྱུང་སྲིད་པ།

ཆུ་ཚོད་ག་ཚོད་ཅིག་བརྡ་འཕྲིན་བརྒྱུད་ལམ་ལ་གཏོང་གི་ཡོད་དམ་ཞེས་ང་ཚོས་རང་ཉིད་ལ་དྲི་བ་གཏོང་དགོས་ཀྱི་འདུགདྲི་བ་འདིས་ཁུར་ཡོང་བའི་བསམ་གཞིག་རེ་རེ་ནི་བརྡ་འཕྲིན་དུས་རབས་ཀྱི་དམག་འཁྲུག་ལ་ཞུགས་པའི་ཉམས་མྱོང་གི་བསླབ་བྱ་ཡིན་ལ།བསླབ་བྱ་དེར་འགན་མི་འཁུར་བའི་མི་དག་ནི་བརྡ་འཕྲིན་བརྒྱུད་ལམ་གྱི་བྲན་གཡོག་ཤ་སྟག་རེད་ཅེས་བཤད་ཆོགསྔོན་ཆད་དམག་འཁྲུག་བྱུང་ཞིང་།དམག་འཁྲུག་ཆེ་རུ་སོང་ནས་འཛམ་གླིང་དམག་ཆེན་རིམ་པ་གཉིས་བྱུང་།དེའི་རྗེས་སུ་རྡུལ་ཕྲན་མཚོན་ཆའི་འཇིག་སྐུལ་སླེབས་ཡོད།ཡིན་ནའང་།བརྡ་འཕྲིན་བརྒྱུད་ལམ་གྱིས་མི་བུ་རེ་རེ་བྱས་ཏེ་བཟུང་ཡོད་ལ།ཁྲིམས་མཐུན་ལྟར་ན།ལོ་༡༨ཡན་ཆད་ཀྱི་མི་རྣམས་བརྡ་འཕྲིན་ལ་ཞུགས་ཡོད།ང་ཚོས་ཞིབ་མདང་རྒྱབ་ན།མི་ཞིག་དབང་བསྒྱུར་བྱེད་དགོས་དུས་མི་དེའི་རྐང་ལག་ལྕགས་སྒྲོག་གིས་བཅིངས་ཏེ་བཙོན་འོག་ཏུ་བཅུག་པ་ཙམ་་ལ་མི་བྱ་བ་ཤེས་གསལ་ལྟར།མི་དེའི་བསམ་བློ་བསྒྱུར་དགོས་པ་རེད།དེ་བས་བརྡ་འཕྲིན་དུས་རབས་ནི་མིའི་བསམ་བློའི་ནང་དུ་འཛུལ་གྱིན་ཡོད་པ་མ་ཟད།བསམ་བློའི་དམག་འཁྲུག་འབྱུང་མགོ་འཛུགས་ལ་ཉེ།བརྡ་འཕྲིན་བརྒྱུད་ལམ་གྱི་མ་ལག་སྣ་ཚོགས་ཀྱིས་གཅིག་བཅོམ་གཅིག་ཕམ་གྱི་འགྲན་རྩོད་བྱེད་ཅིང་།བཀོད་སྤྱོད་མི་འབོར་གྱི་བང་ཁ་བསྡུར་བའི་སྐེད་མཚམས་འདིར།སྐད་འཕྲིན་དང་མགྱོགས་འཕྲིན་གཉིས་ཀྱིས་རྒྱལ་སྤྱིའི་རང་བཞིན་གྱི་བརྡ་འཕྲིན་ལ་སྙོབ་མེད་པ་མ་ཟད།རྒྱ་ནག་ལ་རང་འཁོར་དང་དེ་ལས་ཀྱང་ཡོལ་འོག་གི་རྒྱ་ནག་ཆེན་པོའི་གཟི་བརྗིད་ལ་ལྟ་ཉན་བྱེད་ས་དང་ཡོལ་འོག་གི་གཟི་ཤུགས་ཀྱིས་མི་རིགས་ཆུང་ཆུང་དག་གི་ཆོས་དང་རིག་གཞུང་གཙབ་རལ་དང་ཡལ་འདོར་གྱི་ལག་ཆ་ཙམ་དུ་ཟད་དེ།ཧྥ་རིན་སིར་ཡོད་པའི་བོད་ཀྱི་ཡིག་ཟམ་སྟེང་” འཛམ་གླིང་གི་བརྒྱུད་ལམ་ཆེ་ཁག་དང་ཉམས་ཞིབ་པ་རྣམས་ཀྱིས་ད་ལྟའི་ཆར་རྒྱ་ནག་ནི་ཐད་གཏོང་གི་དུས་རབས་ཤིག་ལ་སླེབས་ཡོད་པར་བཤད།དྲྭ་ཚིགས་ཀྱི་ཐད་གཏོང་དེ་ཐོག་མར་མི་སྒེར་ཏེ།དཔེར་ན།མི་སྒེར་གྱི་གཞས་དང་ཞབས་བྲོ།བཞད་གར་བ།གཏམ་བཤད་པ་སོགས་ཅི་འདྲ་ཞིག་ཡིན་ཀྱང་།སོ་སོ་རང་སྟེང་ན་ཡོད་པའི་ནུས་པ་དང་འཇོན་ཐང་།ཤེས་ཚད་ཁོ་ན་ལ་བརྟེན་ནས་མི་སེམས་ཚུར་འགུག་བྱེད་ཀྱི་ཡོད།དེ་མིན་ཐད་གཏོང་གི་བརྒྱུད་ལམ་ནས་ཟ་མ་བཟོ་སྟངས་དང་།ཟ་སྟངས།དེའི་རྒྱུ་ཆ།ཟས་ཀྱི་བྲོ་བ་བརྟག་པ།ཁ་ཤས་མཚོ་ཁར་སོང་ནས་མཚོ་ཟས་ཀྱི་རིགས་ཅི་འདྲ་ཡོད་པ་སོགས་ཐད་གཏོང་བྱེད།དྲྭ་ལམ་ཐད་གཏོང་ཉམས་ཞིབ་པས་སྤྱི་ལོ་༢༠༡༥–༢༠༡༦ནས་བཟུང་རྒྱ་ནག་གི་ཐད་གཏོང་གི་མདོག་འགྱུར་ཡོད་པ་དང་།མདོག་འགྱུར་བའི་མཚོན་བྱེད་ལ་མདོག་སེར་པོ་དང་ལྗང་ཁུ་ཞེས་དབྱེ་བ་གཉིས་ལ་བཀར་ནས།སེར་པོ་ཐད་གཏོང་(黄播)དང་ལྗང་ཁུ་ཐད་གཏོང་(绿播)ཞེས་འབོད་ཀྱིན་ཡོད་ཅིང་།ལྗང་ཁུ་ཐད་གཏོང་ནི་ཚུལ་མཐུན་གྱིས་གླུ་གཞས་སྣ་ཚོགས་དང་།ཞབས་བྲོ།གསར་འགྱུར་སོགས་རང་སྟེང་གི་རྩལ་སྣ་ཚོགས་ཐད་གཏོང་བྱེད་པ།དེའི་རྗེས་སུ་རྒྱ་ནག་ལ་ཟླ་དགུ་བའི་ཐད་གཏོང་九月直播དང་།ཟླ་འོད་ཐད་གཏོང་ཁང་།(月光宝盒) ཐའོ་ཧྭ་ཏོ།(桃花岛宝盒) མེཀ་ཟི་(MAX)སོགས་ཐད་གཏོང་དྲྭ་ཚིགས་ཁ་ཤས་གསར་དུ་དར་བ་དང་།དྲྭ་ཚིགས་འདི་དག་ནང་སེར་པོ་སྟེ་ཆགས་སྲེད་དང་འཁྲིག་སྤྱོད་རྐྱང་བ་ཐད་གཏོང་བྱེད་ཀྱི་ཡོད།“ཅེས་འཁོད་འདུགམཛད་སྤྱོད་པ་རེ་རེ་ནི་མ་ལག་གང་དེའི་གཡོགས་པོ་དང་ཆ་ཤས་སུ་གྱུར་བས་ན།ང་ཚོས་མ་ལག་གང་དེ་ནི་ཇི་ལྟར་རང་ཉིད་ལ་དབང་བའམ་རང་ཉིད་མ་ལག་ནང་དུ་མི་ལྷུང་བའི་བསམ་གཞིགས་དང་དྲན་ཤེས་བརྟན་པོ་བྱེད་དགོས་ཀྱི་འདུགའདི་ནི་མི་སྒེར་རེ་རེ་ནས་བརྡ་འཕྲིན་ལ་དམག་རྒྱག་སྟངས་ཤིག་ཡིན་ལ།དམག་འཁྲུག་ལས་རྣམ་པར་རྒྱལ་ཚུལ་ཞིག་ཀྱང་མིན།དེ་མིན་རྡུལ་ཕྲན་མཚོན་ཆའི་དུག་རླངས་མ་ཐོན་པའི་སྔོན་དུ་ཁྱེད་རང་བརྡ་འཕྲིན་གྱིས་ཐལ་བའི་རྡུལ་དུ་བརླག་སྲིད།

སྐད་འཕྲིན་དང་མགྱོགས་འཕྲིན་མ་ལག་གི་མཇུག་འབྲས།

བརྡ་འཕྲིན་དུས་རབས་ཀྱི་མ་ལག་མང་པོའི་ཁྲོད་དུ།དུས་ཚོད་ལ་ཕང་མེད་དང་དབང་མེད་དུ་བེད་སྤྱོད་གཏོང་འདོད་པ་ནི།སྐད་འཕྲིན་དང་མགྱོགས་འཕྲིན་ཡིན།སྐད་འཕྲིན་དར་བའི་ལོ་འདི་འགའི་རིང་ལ།ངའི་མཐོང་ཐོས་ཀྱི་མྱོང་བ་ལྟར་ན།སྐད་འཕྲིན་ཡིག་རྨོངས་པའི་ཁྲོད་ལ་ལྷུང་ཞིང་།ཕྱུགས་རྫི་དང་ཚོང་ཙག་ཙིག་གཉེར་བ་རྣམས་གཙོས་ཁ་ཁོམ་པའི་དབར་གྱི་སྐད་ཆ་གང་མང་ཞིག་ཆགས་སྤྱོད་ཅན་དང་སྐྱོན་འཛུགས།སྐད་ཆས་སྐད་ཆ་བཙོང་བ།བསམ་བློ་བཤད་ཁུལ་གྱིས་ཕྱོགས་ཁག་བསྒྲིགས་པ་སོགས་བཟང་ལས་སྐྱོན་མང་བའི་བརྡ་འཕྲིན་རིག་གནས་ཤིག་ཏུ་དར།སྐད་འཕྲིན་ལས་སྐད་ཆ་བཤད་དེ་འཕྲིན་བསྐྱལ་ཆོག་པས་ན།ཡིག་རྨོངས་པའི་ཁྲོད་དུ་དར་ཁྱབ་ཆེ་རུ་སོང་ཞིང་།ཤེས་ཡོན་པ་རྣམས་ཀྱང་ཡིག་རྨོངས་པའི་ནང་དུ་སིམ་འཛུལ་བྱས་ཏེ་མཐར་ཡིག་རྨོངས་པ་དང་གཅིག་མཚུངས་སུ་གྱུར།འདི་ནི་ཤེས་ཡོན་གྱི་སྒྲིག་འཛུགས་མ་ལག་ཅིག་སྤྱི་ཚོགས་ཀྱི་ཤེས་བྱའི་ཁྲོད་ལ་ལྷུང་བའི་ཕམ་ཉེས་ཆེ་ཤོས་དེ་ཡིན་སྲིད་ལ།ཤེས་ཡོན་པས་གནའ་ནས་ད་བར་དུ་བསྐྲུན་པའི་གཞུང་ལུགས་ཅན་གྱི་ཤེས་ཡོན་མ་ལག་དང་།སྤྱི་འགྲོས་ཀྱི་ཤེས་ཡོན་མ་ལག་དག་འཐོར་ཞིག་ཏུ་འགྲོ་བའི་སྔ་ལྟོས་དེའང་ཡིན་སྲིད།

བརྡ་འཕྲིན་གྱི་མ་ལག་གཉིས་པ་ནི་མགྱོགས་འཕྲིན་ཡིན།མགྱོགས་འཕྲིན་ནི་ཐད་གཏོང་དང་འབྲེལ་བའི་མ་ལག་ཅིག་སྟེ།དངུལ་གསོག་པའི་གོ་སྐབས་ཀྱང་རག་ཚོད་འདུགམགྱོགས་འཕྲིན་ནང་ནས་རྒྱུ་མགོར་བུད་པའི་གཏམ་རྒྱུད་དང་རོགས་སྐྱོར་གནང་བའི་གཏམ་བཟང་ཡོད་མོད།དེ་ནི་ཨ་གསར་ཁྲོད་ཀྱི་སྣང་བ་ཞིག་སྟེ་དུས་ཡུན་ཐུང་བའི་གོ་སྐབས་ཆུང་ཆུང་ཞིག་རེད།མགྱོགས་འཕྲིན་གྱི་ཐད་གཏོང་དུ་གླུ།གཞས།རི་གླུ།སྒྲུང་གཏམ།གེ་སར་སྒྲུང་།དངོས་སྒྲུང་།ལོ་རྒྱུས།ཁ་ཤགས།སྐད་བསྒྱུར།རི་མོ་བྲི་བ།ཚོང་རྒྱག་པ།མེད་མུག་འདོན་མཁན།ཡག་ངོམས་པ་སོགས་ཀྱིས་ཁེངས་ཡོད།ཐད་གཏོང་ཁྲོད་དུ་རྣ་ལམ་ནས་འཇགས་མི་སྲིད་པའི་སྐད་ཆ་དམིགས་གསལ་བ་ཞིག་ནི་དོ་ཁུར་ཞིག་བྱེད་རོགས།གྲལ་རིམ་དང་པོ།གཉིས་པ།གསུམ་པ་ལ་དོ་ཁུར་ཞིག་བྱེད་རོགས་ཞེས་པ་འདི་ཡིན་ཞིང་།སྐད་ཆ་འདི་ནི་ནམ་རྒྱུན་ཁྱོད་ཀྱི་རྣ་ལམ་དུ་སྦྲག་སྐད་དང་མཉམ་དུ་གྲགས་ངེས།སྐད་ཆ་འདི་ནི་ཁ་ལོབས་སུ་སོང་ཡོད་པས་གལ་སྲིད་ཐད་གཏོང་བ་ཞིག་ལ་ལྟ་མཁན་མི་གསུམ་མ་གཏོགས་མེད་ནའང་།གྲལ་རིམ་དང་པོ།གཉིས་པ།གསུམ་ལ་དོ་ཁུར་ཞིག་བྱེད་རོགས་ཞེས་ནམ་རྒྱུན་ལྟར་བཤད་ཡོང་།དེ་ལས་ཀྱང་ཧ་ལས་པ་ཞིག་ལ།འཛམ་གླིང་གི་བརྡ་འཕྲིན་ཡོད་ཚད་ལས་མི་འདྲ་བ་ཞིག་ནི།མགྱོགས་འཕྲིན་མ་ལག་གི་བདག་པོར་ཐད་གཏོང་སྐབས་ཐུགས་རྗེ་ཆེ་ཞེས་ཡང་ཡང་བཤད་དགོས།འདི་ནི་མ་ལག་དེའི་བདག་པོའི་སྐྱོན་ཡིན་ནམ།མ་ལག་དར་སའི་གཞུང་འཛིན་གྱི་སྐྱོན་ཡིན་པ་མི་ཤེས་ཏེ།ཐད་གཏོང་བས་དེ་ལྟར་མ་བཤད་ན་མ་ལག་གི་སྒོ་རྒྱག་པའི་ཉེན་ཁ་འདུག

བརྡ་འཕྲིན་གྱི་ཁ་ཕྱོགས་མི་རིགས་སུ་ཤོར་བ།

བརྡ་འཕྲིན་བརྒྱུད་ལམ་འདི་ནི་སྐད་རིགས་དབྱེ་འབྱེད་ཀྱི་མ་ལག་ཅིག་རེད་ཅེས་ཀྱང་བཤད་ཆོགརྒྱ་སྐད་མ་བཤད་ན་མ་ལག་སྒོ་རྒྱག་བཞིན་ཡོད།འདི་ནི་ཐད་གཏོང་བ་ཚོར་འཕྲད་པའི་དཀའ་ངལ་ཞིག་རེད།དེ་ལས་དཀའ་ངལ་ལྷག་མ་ཞིག་ནི་ཐད་གཏོང་བ་མང་དུ་སོང་སྟེ།ཐད་གཏོང་བའི་སྤུས་ཀ་ཇེ་ཞན་ལ་སོང་ཞིང་།ནམ་ཞིག་ཐད་གཏོང་བ་ཡག་སྡུག་གཉིས་མཉམ་དུ་ཤི་ངེས་པ་དེ་རེད།སྐད་འཕྲིན་དང་མགྱོགས་འཕྲིན་གཉིས་ཀྱིས་ང་ཚོའི་སྤྱི་ཚོགས་ནང་གི་ཡིག་རྨོངས་པར་གྲོགས་བསྒྲིགས་ཤིང་།ཡིག་རྨོངས་པས་གྲོགས་པོ་དེར་ཡིད་ཆེས་བྱས་ཏེ་རང་གི་ཡོད་ཚད་དྲ་ལམ་རིག་གནས་སུ་ཁྱབ་ཐུབ་པར་བསམ་ཡོད།ཧྥ་རིན་སིར་ཡོད་པའི་བོད་ཀྱི་ཡིག་ཟམ་ཚགས་པར་སྟེང་།“བོད་མི་ཐད་གཏོང་བའི་ནང་དུ་འདོད་སྲེད་ཚོང་ལས་པ་དང་རིག་འཚོ་མ་ཟིན་པ་མེད་ཚོད་ཀྱང་།ཐད་གཏོང་དར་བ་ལ་བརྟེན་ནས་དུས་ཚོད་ཆུད་ཟོས་སུ་གཏོང་མཁན་དང་སྐད་ཡིག་ལ་རྨ་བཟོ་མཁན།མི་ཆོས་ཀུན་སྤྱོད་འབོར་མཁན་གྱི་གྲངས་ཀ་ཉིན་ལྟར་འཕེལ་གྱིན་པས་བོད་ཀྱི་ཐད་གཏོང་བའི་སྣེ་མོའང་མུན་ནག་དང་འཇིགས་ཉེན་ལ་ཟུག་ཡོད་པ་རེད།” ཅེས་བོད་ཀྱི་ཐད་གཏོང་གི་སྣེ་མུན་ནག་ལ་ཟུག་པ་ཞེས་པའི་རྩོམ་ནང་འཁོད་འདུགད་དུང་ང་ཚོའི་སྤྱི་ཚོགས་སུ་ཕ་སྐད་སྲུང་སྐྱོབ་ཆེད་ཐ་སྙད་གསར་བའི་ལས་གཞི་སྡེ་བ་གང་སར་སྤེལ་གྱི་ཡོད་པ་དེ་དགད་ལྟའི་ཐད་གཏོང་ནང་དུ་གཏོར་བརླག་གཏོང་མགོ་ཚུགས་ཤིང་།སྦྲགས་སྐད་ཀྱི་དྲི་མས་ཁྱབ་པའི་ཐད་གཏོང་ལས་རྒྱ་ཡིག་རྒྱ་སྐད་མི་ཤེས་མཁན་དག་གིས་ཀྱང་ཨུ་ཚུགས་མཐར་སྐྱེལ་གྱིས་དེ་ལ་འབད་པར་བྱེད་པ་འདི་རང་རིགས་ཀྱི་སྐད་དང་ཡི་གེ་རྩ་མེད་དུ་གཏོང་བའི་དམག་འཁྲུག་ཡ་ང་བ་ཞིག་ཏུ་གྱུར་ཡོད།དེ་བས་སྐད་རིགས་ཉམས་ན་མི་རིགས་ཉམས་པའི་ལེགས་བཤད་དེ་ནི་ད་ལྟ་ང་ཚོའི་ཐོག་ཏུ་བབས་ཤིང་།མི་ཉམས་པའི་རྒྱུ་བསྐྱེད་པ་ལས་ཉམས་པའི་རྐྱེན་གང་མང་ཞིག་འུ་ཚོའི་མི་རབས་འདིས་ལག་བསྟར་བྱེད་བཞིན་པ་མ་ལག་འདི་ལས་དངོས་སུ་མཐོང་ཐུབ།

རྒྱལ་སྤྱིའི་བརྡ་འཕྲིན་མ་ལག་གི་བཀོད་སྤྱོད།

སྤྱི་ཚོགས་བརྒྱུད་ལམ་(social media)དུ།སྒྲིག་གཞི་ཡོད་པའི་གསར་ཁང་གིས་དྲ་རྒྱ་དང་དུས་དེབ།ཚགས་པར་གསུམ་མ་ལག་འདིའི་སྟེང་བརྒྱུད་འགོད་དང་ཁྱབ་བསྒྲགས་བྱེད་བཞིན་ཡོད།དེ་མཚུངས་མི་སྒེར་རེ་རེ་ནས་ཀྱང་སྤྱི་ཚོགས་བརྒྱུད་ལམ་དུ་གནས་ཚུལ་འདྲ་མིན་སྤེལ་གྱིན་ཡོད་ཀྱང་དེ་ལ་འགན་ཁུར་མཁན་མེད་ལ།བརྒྱུད་སྤེལ་བྱས་པའི་གནས་ཚུལ་ལ་ཞིབ་མཇུག་གི་རྣམ་པའང་མེད།དེ་ལྟའི་གནས་ཚུལ་ཕལ་ཆེ་ཡིག་འཁྱམ་ལ་བརྩིས་ཆོག་མོད།སྤྱི་ཚོགས་བརྒྱུད་ལམ་གྱི་མ་ལག་གང་མང་ཞིག་ཡིག་རྨོངས་པའི་ལག་ཏུ་ཤོར་བས་སྒྲིག་གཞི་ཅན་གྱི་གསར་ཁང་རྣམས་ཀྱིས་ཀྱང་ཁ་གཏད་གཅོག་མ་ཐུབ་པར་ལྷག་ཡོད།འདི་ལྟར་སྤྱི་ཚོགས་བརྒྱུད་ལམ་གྱི་མ་ལག་དུ་མ་ཞིག་གི་ནང་དུ་ཤེས་ཡོན་གྱི་སྒྲོམ་གཞི་འཆོལ་ལ་ཉེ།མི་གཤིས་ཀྱི་རྨང་གཞི་ནུབ་ལ་ཉེ།དུས་རབས་ཀྱི་མགོ་སྟེང་སློག་ལ་ཉེ།མཐར་བརྡ་འཕྲིན་གྱི་དམག་འཁྲུག་ནི་མི་རིགས་ཀྱི་གསར་བརྗེ་དམག་འཁྲུག་ཆེ་ཤོས་སུ་གྱུར་བའི་སྔོན་བརྡ་ཞིག་ཐོན་ཡོང་ངེས།

ང་ཚོས་དྲན་ཤེས་བརྟེན་དགོས་ཀྱི་འདུག

ང་ཚོའི་བསྟན་བཅོས་རྣམས་སུ་དྲན་ཤེས་བརྟེན་ཞེས་པའི་མིང་ཚིག་ཅིག་ཡོད་ལ།མིང་ཚིག་དེའི་ནང་དོན་ད་ལྟ་ང་ཚོས་ངེས་པར་དུ་ལག་བསྟར་བྱེད་དགོས་ཤིང་།བརྡ་འཕྲིན་དུས་རབས་ཀྱི་ཤུགས་རྐྱེན་ལས་མི་རིགས་ཀྱི་སྐད་དང་ཡི་གེ་རྩ་མེད་དུ་གཏོང་བ་མ་ཟད།མིའི་བཟང་སྤྱོད་ཡལ་ནས་གཞོན་སྐྱེས་རྣམས་ཀྱི་དྲན་པ་ཁོག་སྟོང་དུ་འགྱུར་ཉེན་འདུགལྷག་པར་བརྡ་འཕྲིན་དུས་རབས་ཀྱིས་གཞོན་ནུ་རྣམས་ཀྱི་སེམས་ཁམས་སུ་འཇབ་རྒོལ་བྱེད་ཀྱིན་ཡོད་ལ།གཞོན་སྐྱེས་ཁྲ་ཁྲ་རིག་རིག་ལ་དགའ་བའི་གོ་སྐབས་བཟུང་སྟེ་ཀུན་སྤྱོད་དང་དྲན་ཤེས་ཀྱི་ཤེས་རབ་ཡོད་ཚད་གཞོན་སྐྱེས་ཀྱི་ཡ་ཁོག་ལས་འབྲུ་གིན་ཡོད།མ་རིགས་ཀྱི་དྲན་པ་མེད་པ།ཀུན་སྤྱོད་ཀྱི་ཡིད་འཛིན་མེད་པའི་འགོས་ནད་ཅིག་སླེབས་ཚར་འདུག་པས།ཨེ་འགོག་རང་འདུན་པ་ལས་ཀྱང་ང་ཚོ་མི་རེ་རེ་ནས་དྲན་ཤེས་ཀྱི་རང་འདུན་པ་ཞིག་བྱེད་རྒྱུ་ཅི་འདྲའི་གལ་ཆེ་ཨང་།དུས་རབས་ཀྱི་ངོ་གདོང་ནས་དྲ་ལམ་གྱི་དགྲ་བོར་ངོས་འཛིན་དང་འགོག་རྒོལ་གྱི་གོ་ཆ་མེད་པའི་མི་བུ་དག་རྡུལ་ཕྲན་མཚོན་ཆ་མ་བཀད་ཀྱང་གློག་རྡུལ་གྱིས་རྡུལ་དུ་བརླག་ངེས་པར་སུ་ཞིག་ཐེ་ཚོམ་ཨང་།

ཕྱི་ལོ་༢༠༡༩ཟླ་༨ཚེས་༠༡ཉིན་ཧིན་རྡུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོས་མཐའ་སྐོར་བའི་ཨོ་གླིང་རྒྱལ་ཁབ་དུ་བྲིས།

བསམ་ཚུལ།

Post navigation

Previous Post: ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་ཐད་དཔལ་ལྡན་སྲིད་སྐྱོང་གི་གནང་བབ་ལོ་རྒྱུས་ཡིག་ཚང་དུ་བྲིས་པ།
Next Post: མཁས་དབང་མང་ལ་མཁས་པ་དཀོན།

Comments (1) on “མ་འོངས་པར་བརྡ་འཕྲིན་གྱི་དམག་འཁྲུག་ཅིག་འབྱུང་གི་རེད་དམ།”

  1. ཨ་ཤོ་ཀ says:
    2019-08-23 at 4:25 am

    ཁྱོད་ཨིན་ཇིའི་སྐད་རྒྱབ་སའི་ལུང་པ་རུ་ད་ངུང་རྒྱ་ཡིག་ཐ་ཆག་དེ་མ་གཏོགས་བྲུས་མ་ཤེས་པ་ཡ་མཚན་ཕལ་ཆེར་གྲྭ་ལོག་ཅིག་ཡིན་ས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme