Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་འོངས་པའི་སྔོན་བརྡ་དང་འཇིགས་སྣང་གིས་ཁེངས་པའི་རྨི་ལམ།

Posted on 2011-04-03 By དབང་ཕྱུག་ 4 Comments on མ་འོངས་པའི་སྔོན་བརྡ་དང་འཇིགས་སྣང་གིས་ཁེངས་པའི་རྨི་ལམ།

གཙང་བུས

རྒྱ་གཞུང་གི་ཆབ་སྲིད་དང་འདྲ་བའི་རྡ་སའི་གནམ་གཤིས་ནི་ཡག་རྒྱུ་ཞིག་མེད་པས་མདང་དགོང་ཆུ་ཚོད་དགུ་དང་ཕྱེད་ཙམ་ནས་ཉལ་བའི་ལྟ་གོན་ལ་ཞུགས་ཀྱང་།
སྒོ་དང་སྒེའུ་ཁུང་བཙན་དྲགས་པས་གཉིད་ཀྱི་བུ་མོ་མ་ཐར་བས་སམ་གང་ལྟ་ཉལ་ནས་ཆུ་ཚོད་འགའ་ཟིན་ཀྱང་། གཉིད་མ་ཡོང་ནས་ཕར་ཚུར་འགྲེ་ལྡོག་བཅོ་བརྒྱད་བརྒྱགས།
དེ་ནས་བརྙན་འཕྲིན་གྱི་སྒོ་ཕྱེས་ནས་མཚོ་སྔོན་གསར་འགྱུར་ལ་ལྟ་དུས་༼གངས་ཆབ་ཟེགས་མའི་འགྱུར་ཁུགས་ནང་། ལ་རྒྱ་ཅན་གྱི་གཞས་པ་ཁོ་བསྟན་གྱིས། ངའི་སྐད་ཡིག་ཁྱོད་ཀྱི་རྩོད་སྤྱོད་མིན།
། ཟེར་བའི་གཞས་དེ་གཏོང་བཞིན་འདུག ཁོ་བསྟན་འདིས་༢༠༠༩ ལོ་སར་སྐབས་སུའང་ཇོ་མོ་གླང་མའི་གཟི་འོད་ནང་གཏོང་བའི་གཞས་དང་། ཁོས་བྲིས་པའི་གཞས་ཚིག ད་དུང་གདོང་གི་རྣམ་འགྱུར།
ལུས་ཀྱི་བཟོ་དབྱིགས་སོགས་དྲན་བཞིན་ངས་སྤྲོ་ཚོགས་ཞེས་བརྗོད་ཀྱང་དོན་དངོས་ལ་རྒྱའི་སྤོབས་པ་ངོམ་པ་དང་། སྐྱོ་བའི་སྡུག་གླུ་ལེན་པ་རང་རེད་ཅེས་ཤོར། དེ་མཚམས་བོད་ལྗོངས་བརྙན་འཕྲིན་གྱི་སྒོ་ཕྱེས།
ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་གྱིས་ལུས་སེམས་བདེ་བས་འཚོ་ཚུལ་དང་། ཚེ་བརྟན་སྒྲོལ་མས་མོའུ་ལ་བསྟོད་པའི་གཞས་དེ་གཏོང་འགོ་བཙུགས་སོང་། ང་ཉོབ་ཐག་དགུ་ལ་ཆད་ནས་འགྲེ་ལོག་ཅིག་རྒྱག
མཚམས་དེར་ང་ལྷ་སའི་བར་བསྐོར་ནང་དུ་སླེབས། བར་བསྐོར་གཡས་གཡོན་གྱི་ཁང་བ་ཐམས་ཅད་ཞིག་རོ་དང་། མེ་ཡིས་ཚིགས་རོ་ལས་མེད་པར་མ་ཟད། མི་རོའི་བམ་ཐང་དང་།
མི་ཁྲག་གི་ཆུར་ཆུ་བབ་བཞིན་འདུག་པ་ནི་དངོས་གནས་གློག་བརྙན་ནང་གི་འཕོ་འགྱུར་ལྟ་བུ་ཞིག་ལས་བསམ་ཡུལ་ལས་འདས་པ་རང་རེད། ང་ཧ་ཅང་འཇིགས་སྣང་གིས་ཁེངས་ནས་ཡར་ལྟ་མར་ལྟ་བྱེད་དུས་ཕར་ཕྱོགས་༼མདོ་སྨད་གྱི་ལིང་རྟ་ཡི་ཆོལ་ཁ་༽ཞེས་པའི་འཕྲེད་དར་ཆེན་པོ་ཞིག་མེ་རོའི་ནང་འགྱེལ་འདུག
ང་གནས་དེ་ལ་འགྲོ་དུས་ཨ་མདོའི་ཕོ་གཞོན་དར་མ་བཅུ་ལྷག་ཅིག་རིལ་འདུག དེའི་ནང་ནས་ཕོ་གཞོན་ཞིག་ད་དུང་ཤི་མི་འདུག ངས་ཁོང་ཡར་སྐྱོར་དུས་ཁྲག་གིས་ཚོས་པོའི་གདོང་གི་མིག་གཉིས་ཕྱེ་མ་ཕྱེད་ཀྱིས་ང་ལ་ལྟོས་བྱུང་། ངས་ཁོང་ལ་ཅི་ཞིག་བྱུང་བའི་ལོ་རྒྱུས་འདྲི་དུས། ཁོས་བོད་ས་འདིར་ཉི་མ་ནག་པོ་ཤར་ནས་ཟླ་བ་གསུམ་འགྲོ་སོང་། ཉི་མ་ནག་པོ་ཤར་བའི་ཉིན་གཉིས་པ་དེར་རྒྱ་དམར་གྱིས་པན་ཆེན་རིན་པོ་ཆེ་རེད་ཟེར་བའི་རྒྱ་ཕྲུག་འདྲ་བ་ཞིག་ཁྲིད་བྱུང་།
ང་ཚོ་བོད་མི་ཚོས་པན་ཆེན་དངོས་གནས་ཕེབས་བྱུང་ལབ་བཞིན་མཇལ་ཁ་དང་གསོལ་འདེབས་ཞུས། སྐབས་དེར་ཁོས་བོད་སྐད་ཤེས་ཀྱི་མི་འདུག་ལ། ཆ་ལུགས་དང་རྣམ་འགྱུར་སྟོན་སྟངས་ཐམས་ཅད་རྒྱ་ཕྲུག་རང་རེད། སྐད་སྒྱུར་ཐོག་ནས་བཀའ་སློབ་བསྡུས་པ་ཞིག་གནང་ནས་ཕེབས་སོང་། དེ་ནས་ཟླ་བ་གཅིག་དང་ཕྱེད་ཀྱི་རྗེས་སུ་སླར་རྒྱ་ཕྲུག་དེ་སླེབས་བྱུང་། བོད་ས་ཕྱོགས་སྟོད་སྨད་གང་ས་ནས་པན་ཆེན་མཇལ་མཁན་ཡིན་ཟེར་ནས་མི་ཚོགས་འབུམ་ཕྲག་གཉིས་བརྒལ་བ་འཛོམས་སོང་ལ།
ཁོང་གིས་ཉིན་མ་བཅོ་ལྔའི་རིང་བཀའ་སློབ་དང་གསུང་ཆོས་གནང་། གསུང་ཆོས་དང་བཀའ་སློབ་ཀྱི་བརྗོད་གཞི་གཙོ་བོ་ནི་བོད་ནི་སྔར་མོ་ནས་རྒྱ་ནག་གི་དབང་འོག་ཏུ་ཡོད་ཚུལ་དང་།
མེས་རྒྱལ་གོང་བུར་གཅིག་གྱུར། མི་རིགས་ཁ་བྲལ་བ་ལ་ངོ་རྒོལ། ཏང་གི་རྩ་ཁྲིམས་བཞིན་སེར་མོ་བ་ཆུང་དུ་འགྲོ་ཐབས་སོགས་རྐྱང་བར་གསུངས་སོང་། ཉིན་བཅུ་དྲུག་གི་ཞོགས་པ་གསུང་ཆོས་གྲུབ་ནས་བརྟན་ཞུགས་སྐབས་པན་ཆེན་རྒྱལ་མཚན་ནོར་ བུ་ལགས་ཕེབས་ནས་མི་རིགས་དང་སྐད་ཡིག་རྒྱུན་སྐྱོང་དགོས་ཚུལ་དང་།
སྐད་ཡིག་མེད་ན་མི་རིགས་ཡོད་ཀྱང་མི་རིགས་དེ་མཚོན་བྱེད་ཀྱི་དཔང་རྟགས་མེད་པར་འགྱུར་ཚུལ་བཀའ་སློབ་ཟབ་རྒྱས་གནང་སོང་། དེ་ནས་ཉིན་གཉིས་ཀྱི་རྗེས་སུ་རྒྱ་དམར་རང་གིས་པན་ཆེན་རྒྱལ་མཚན་ནོར་བུ་ལགས་པན་ཆེན་རྫུན་མ་རེད་ཅེས་ལབ་ནས་ཁྲི་ལས་ཕབས་པ་མ་ཟད་། རྒྱ་ནག་དང་ལྷ་སར་བཞུགས་མི་ཆོག་པའི་བཀའ་དང་བཅས་ཡབ་གཞིས་སུ་བཏང་འདུག དེ་ནས་ཟླ་ཕྱེད་རྗེས་ཁམས་པ་དང་ཨ་མདོ་བ་ཚོས་རྒྱལ་མཚན་ནོར་བུ་ལ་རྒྱབ་སྐྱོར་གྱིས་ ཁོང་པན་ཆེན་དངོས་ཡིན་མིན་གང་ལྟ་ཡང་བོད་མི་རིགས་དང་རིག་གཞུང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་གཏོང་ཕོད་པའི་སྐྱེས་བུ་སྙིང་སྟོབས་ཅན་ཞིག་རེད་ཅེས་ དྲིལ་བསྒྲགས་ཤུགས་ཆེན་གནང་ཐོག་༼མདོ་སྟོད་མི་ཡི་ཆོལ་ཁ༽ཞེས་པའི་འཕྲེད་དར་དང་། མདོ་སྨད་པ་ཚོས་༼མདོ་སྨད་གྱི་ལིང་རྟ་ཡི་ཆོལ་ཁ་༽ཞེས་པའི་འཕྲེད་དར་གཉིས་ཀྱི་སྟེང་དུ་༼བོད་རང་བཙན་ཡིན།
རྒྱལ་མཚན་ནོར་བུ་རྒྱལ་གྱུར་ཅིག༽ ཞེས་བྲིས་པ་གཉིས་འཕྱར་ནས་དབུས་སུ་ཡོང་། སྐབས་དེར་དབུས་པ་ཚོས་པན་ཆེན་དངོས་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཡིན་ཚུལ་བཤད་ཅིང་།
དེ་ལ་རྒྱ་ནག་གིས་རྒྱབ་སྐྱོར་བྱེད་དེ་བོད་མདོ་དབུས་ཁམས་གསུམ་ནང་འཁྲུགས་བྱུང་ནས་མི་ཆིག་འབུམ་ལྷག་ཤི་རྨས་བྱུང་ཟེར། ཁོས་ཕར་ཕྱོགས་ལ་མཛུམ་མོ་བཙུགས་ཏེ་ཕོ་རྒོད་འདི་ཐམས་ཅད་ཁམས་པ་རེད་ཟེར། དེར་ཕོ་རྒོད་བཅུ་ཕྲག་ལྷག་ཅིག་གིས་༼མདོ་སྟོད་མི་ཡི་ཆོལ་ཁ༽ཞེས་པའི་འཕྲེད་དར་ལ་འཇུས་ནས་ཤི་འདུག
ཕོ་གཞོན་ཁག་ཅིག་གི་མགོ་ལ་མེ་སྒྱོགས་ཕོག་ནས་མགོ་མཐོང་རྒྱུར་མི་འདུག མདོར་ན་ལྷ་སའི་བར་བསྐོར་ནང་མི་རོའི་བམ་ཐང་དངོས་གནས་བརྩིགས་འདུག ངས་ནི་ཅི་ཞིག་བྱེད་དགོས་མ་ཤེས་པར་དངོས་གནས་དང་རྫུན་མ། རྫུན་མ་དང་དངོས་གནས་བརྗོད་བཞིན་གཉིད་ལས་སད་སོང་། ཨ་མ་ང་རྡ་སར་ང་རང་གི་ཤག་ཏུ་བསྡད་འདུག དངོས་གནས་རྡ་སར་འདུག མདང་དགོང་གི་རྨིན་ལམ་དེས་ངའི་ལུས་སེམས་ཀྱི་བདེ་བ་ཐམས་ཅད་དཀྲུགས་པས་དེ་རིང་ལས་ཀར་དགོངས་ཞུ་ཞིག་གིས་འཐུས་པར་བྱས་ནས་མེའ་ལོར་སོང་ནས་དཀར་མཛེས་བ་ཚོང་མོ་ཞིག་ གི་རྩ་ནས་ཨ་ལ་ཕོར་བ་དོ་ཟས། ལས་ཤག་ཏུ་ཡོང་ནས་འཇིགས་སྣང་གི་ཁེབས་པའི་རྩོམ་ཡིག་འདི་དྲ་སྟེང་བཀོད་པ་ཡིན།

སྣ་ཚོགས།

Post navigation

Previous Post: བོད་པའི་སྨན་པ་རྣམས་ལ་ཉེ་བར་མཁོ་བའི་གསུང་རྩོམ་གཉིས་མཚམས་སྦྱོར།
Next Post: ཝང་ལི་ཞུང་ལ་ཕུལ་པའི་སྙན་ཞུ།

Comments (4) on “མ་འོངས་པའི་སྔོན་བརྡ་དང་འཇིགས་སྣང་གིས་ཁེངས་པའི་རྨི་ལམ།”

  1. མིག says:
    2011-04-04 at 4:00 am

    ང་མིག་གིས་མཐོང་ཉེས་མིན་ན། འདི་འདྲའི་འཇིགས་སྣང་ཅན་གྱི་རྩོམ་ཡིག་ཅིག
    གཙང་བུ་འདི་རྒྱ་བོད་སུ་ཡིན་མི་ཤེས་ཀི

    པཎ་ཆེན་དངོས་དང་རྫུན་མ་གཉིས་ཀྱི་ལས་དབང་འདི་ཅི་འདྲའི་འཇིགས་སྣང་ཅན་ཞིག་རེད་ཨང་།

  2. མིག says:
    2011-04-04 at 4:05 am

    བོད་ས་འདིར་ཉི་མ་ནག་པོ་ ཤར་ནས་ཟླ་བ་གསུམ་འགྲོ་སོང་། ཉི་མ་ནག་པོ་ཤར་བའི་ཉིན་གཉིས་པ་དེར་རྒྱ་དམར་གྱིས་པན་ཆེན་རིན་པོ་ཆེ་རེད་ཟེར་ བའི་རྒྱ་ཕྲུག་འདྲ་བ་ཞིག་ཁྲིད་བྱུང་།
    ང་ཚོ་བོད་མི་ཚོས་པན་ཆེན་ དངོས་གནས་ཕེབས་བྱུང་ལབ་བཞིན་མཇལ་ཁ་དང་གསོལ་འདེབས་ཞུས། སྐབས་དེར་ཁོས་བོད་སྐད་ཤེས་ཀྱི་མི་འདུག་ལ། ཆ་ལུགས་དང་རྣམ་འགྱུར་སྟོན་སྟངས་ཐམས་ཅད་རྒྱ་ཕྲུག་རང་རེད། སྐད་སྒྱུར་ཐོག་ནས་བཀའ་སློབ་བསྡུས་པ་ཞིག་གནང་ནས་ཕེབས་སོང་། དེ་ནས་ཟླ་བ་གཅིག་དང་ཕྱེད་ཀྱི་རྗེས་སུ་སླར་རྒྱ་ཕྲུག་དེ་སླེབས་བྱུང་། བོད་ས་ཕྱོགས་སྟོད་སྨད་གང་ས་ནས་པན་ཆེན་མཇལ་མཁན་ཡིན་ཟེར་ནས་མི་ཚོགས་འབུམ་ཕྲག་ གཉིས་བརྒལ་བ་འཛོམས་སོང་ལ།
    ཁོང་གིས་ཉིན་མ་བཅོ་ལྔའི་ རིང་བཀའ་སློབ་དང་གསུང་ཆོས་གནང་། གསུང་ཆོས་དང་བཀའ་སློབ་ཀྱི་བརྗོད་གཞི་གཙོ་བོ་ནི་བོད་ནི་སྔར་མོ་ནས་རྒྱ་ནག་གི་ དབང་འོག་ཏུ་ཡོད་ཚུལ་དང་།
    མེས་རྒྱལ་གོང་བུར་གཅིག་ གྱུར། མི་རིགས་ཁ་བྲལ་བ་ལ་ངོ་རྒོལ། ཏང་གི་རྩ་ཁྲིམས་བཞིན་སེར་མོ་བ་ཆུང་དུ་འགྲོ་ཐབས་སོགས་རྐྱང་བར་གསུངས་སོང་།

  3. མིག says:
    2011-04-04 at 4:07 am

    ཉིན་བཅུ་དྲུག་གི་ཞོགས་པ་གསུང་ཆོས་གྲུབ་ནས་བརྟན་ཞུགས་སྐབས་པན་ཆེན་རྒྱལ་མཚན་ ནོར་ བུ་ལགས་ཕེབས་ནས་མི་རིགས་དང་སྐད་ཡིག་རྒྱུན་སྐྱོང་དགོས་ཚུལ་དང་།
    སྐད་ཡིག་མེད་ན་མི་རིགས་ ཡོད་ཀྱང་མི་རིགས་དེ་མཚོན་བྱེད་ཀྱི་དཔང་རྟགས་མེད་པར་འགྱུར་ཚུལ་བཀའ་སློབ་ཟབ་ རྒྱས་གནང་སོང་། དེ་ནས་ཉིན་གཉིས་ཀྱི་རྗེས་སུ་རྒྱ་དམར་རང་གིས་པན་ཆེན་རྒྱལ་མཚན་ནོར་བུ་ལགས་པན་ ཆེན་རྫུན་མ་རེད་ཅེས་ལབ་ནས་ཁྲི་ལས་ཕབས་པ་མ་ཟད་། རྒྱ་ནག་དང་ལྷ་སར་བཞུགས་མི་ཆོག་པའི་བཀའ་དང་བཅས་ཡབ་གཞིས་སུ་བཏང་འདུག

  4. མིག says:
    2011-04-04 at 4:08 am

    དེ་ནས་ཟླ་ཕྱེད་རྗེས་ཁམས་པ་དང་ཨ་མདོ་བ་ཚོས་རྒྱལ་མཚན་ནོར་བུ་ལ་རྒྱབ་སྐྱོར་ གྱིས་ ཁོང་པན་ཆེན་དངོས་ཡིན་མིན་གང་ལྟ་ཡང་བོད་མི་རིགས་དང་རིག་གཞུང་གི་དོན་དུ་ལུས་ སྲོག་ལོངས་སྤྱོད་དང་བཅས་གཏོང་ཕོད་པའི་སྐྱེས་བུ་སྙིང་སྟོབས་ཅན་ཞིག་རེད་ཅེས་ དྲིལ་བསྒྲགས་ཤུགས་ཆེན་གནང་ཐོག་༼མདོ་སྟོད་མི་ཡི་ཆོལ་ཁ༽ཞེས་པའི་འཕྲེད་དར་དང་། མདོ་སྨད་པ་ཚོས་༼མདོ་སྨད་གྱི་ལིང་རྟ་ཡི་ཆོལ་ཁ་༽ཞེས་པའི་འཕྲེད་དར་གཉིས་ཀྱི་ སྟེང་དུ་༼བོད་རང་བཙན་ཡིན།
    རྒྱལ་མཚན་ནོར་བུ་རྒྱལ་ གྱུར་ཅིག༽ ཞེས་བྲིས་པ་གཉིས་འཕྱར་ནས་དབུས་སུ་ཡོང་། སྐབས་དེར་དབུས་པ་ཚོས་པན་ཆེན་དངོས་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཡིན་ ཚུལ་བཤད་ཅིང་།
    དེ་ལ་རྒྱ་ནག་གིས་རྒྱབ་ སྐྱོར་བྱེད་དེ་བོད་མདོ་དབུས་ཁམས་གསུམ་ནང་འཁྲུགས་བྱུང་ནས་མི་ཆིག་འབུམ་ལྷག་ ཤི་རྨས་བྱུང་ཟེར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme