Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་འདྲིས་པའི་མཛའ་བཤེས།

Posted on 2012-12-27 By ཁ་བརྡ་ 4 Comments on མ་འདྲིས་པའི་མཛའ་བཤེས།

གནམ་བུ་ཡོན་ཏན།

བོད་དོན་བསམ་སྟེ་བོད་ནས་ཡོང་བས་ས་མཐའི་སྐྱོ་གར་འཁྲབ་དགོས་བྱུང་།།
བོད་པ་ཡིན་པས་རང་རིགས་བསམ་སྟེ་བོད་མོར་ཆང་ས་རྒྱག་དགོས་བྱུང་།།
བུ་ཕྲུག་སྐྱེས་པས་སློབ་སྦྱོང་མདུན་ལམ་རང་གི་ཕ་མས་ལྟ་དགོས་བྱུང་།།
གསར་འབྱོར་ཡིན་པས་འཚོ་བའི་དཀའ་ངལ་རང་བཞིན་ངང་གིས་ཁུར་དགོས་བྱུང་།།

ཉམས་ཆུང་མི་ང་སྐྱབས་འཇུག་ཞུ་རུ་རྡ་སའི་རི་ལ་ཡང་ཡང་བཅར།།
བོད་ཕྲུག་ཁྱིམ་སྡེའི་ཡིག་ཚང་ནང་ལ་གུས་གུས་གུག་གུག་ཐེངས་གཅིག་མིན།།
བརྗིད་ལྡན་སྐུ་ངོསརྐུབ་སྟེགས་སྟེང་ནས་ཟུར་ཉམས་ངོམ་པ་ལན་གཅིག་མིན།།
རྒྱབ་རྩ་མེད་ན་ཁ་ཡ་མི་བྱེད་སྐུ་ངོ་དེ་ཡི་ལམ་ལུགས་འདྲ།།

བཟའ་འཐོར་རྫུན་མའི་ཟློས་གར་འཁྲབ་ནས་སྐུ་ངོར་མགོ་སྐོར་བཏང་རབས་གོ།།
ཕ་མ་མེད་ཅེས་བདེན་དཔང་རྫུན་མས་ལས་བྱེད་རོགས་པ་བྲིན་རབས་ཐོས།།
བུ་ཕྲུག་ཚུད་པའི་ཆ་རྐྱེན་ཚང་རུང་ལེན་འདོད་མེད་པ་ཅི་ཡིས་ལན།།
གནས་ལུགས་མེད་པའི་ལམ་ལུགས་དེ་ཡིས་ང་ཡི་ལམ་ཁ་བཀག་ནས་འདུག།

ལས་ཀྱིས་བསྐོས་པའི་བཟའ་ཟླའི་ལུས་ཕུང་ཐང་པོ་མེད་པའི་རྒྱུ་མཚན་གྱིས།།
བོད་ཁྱིམ་གཉིས་པ་མཱ་སུ་རི་ལ་རྒྱུ་མཚན་ཞུས་པ་ཐེངས་གཅིག་མིན།།
སྐུ་ངོ་དྲུང་ཆེ་དབྱེ་བ་མེད་པར་ཁ་རྡུང་འདི་ལྟར་བཏང་ནས་བྱུང་།།
གསར་འབྱོར་དེ་ཚོ་ང་ཚོའི་ཁྲི་ག་༼ཁག་ཐེག༽མ་རེད་མར་ལ་རྒྱུགས་ཞེས་ཟེར།།

འདི་ལྟར་ང་ཡི་རེ་བ་ཞུ་སར་རིམ་བཞིན་རེ་ཐག་ཆད་པའི་དུས།།
སྨན་རིའི་གླིང་ན་ཉམས་ཆུང་འགྲོ་ལ་སྨན་པའི་ཐུགས་བརྩེའི་འོད་དཀར་ཅན།།
དགེ་བཤེས་ཉི་མ་གྲགས་པའི་མཚན་ཞེས་མ་འདྲིས་མཛའ་བཤེས་ཆེན་པོ་ཞིག།
མགོན་མེད་རྣམས་ཀྱི་མགོན་དུ་བཞུགས་པའི་ཕྲིན་བཟང་རྣ་བའི་དཔྱིད་དུ་འབྱོར།།

ཕ་ཡུལ་མི་གཅིག་སོ་སོ་ཡིན་ཀྱང་ཕ་ལས་ལྷག་པའི་བརྩེ་བ་སྟེར།།
ཆོས་ལུགས་མི་གཅིག་སོ་སོ་ཡིན་ཀྱང་ཆོས་ལུགས་བར་ལ་ཕྱོགས་རིས་མེད།།
རྒྱབ་རྩ་མི་དགོས་རྫུན་མ་མི་མཁོ་དྲང་པོའི་ལམ་གྱི་ཁོར་ཡུག་ན།།
བྱམས་དང་སྙིང་རྗེ་བྱེ་བས་ཕྱུག་འདིས་ཉམས་ཆུང་མ་ལུས་མགྲོན་དུ་བོས།།

གུས་པའི་ཞུ་ཚིག་ཤོག་ལྷེ་གཅིག་གིས་གནས་ཚུལ་དཀའ་ཁག་ཡོངས་མཁྱེན་ནས།།
བུ་ཆུང་ང་ཡི་བུ་མོ་གངས་དཀར་བུ་མོའི་ཁྱིམ་དུ་ཞལ་བཞེས་གནང་།།
ཞྭ་ནས་ལྷམ་བར་མཐུན་རྐྱེན་་གནང་ཞིང་འགོ་ནས་མཇུག་བར་བྱམས་སྐྱོངས་ཅན།།
གཞན་ན་མེད་པའི་སློབ་ཕྲུག་ཉལ་ཁང་ཉམས་ཆུང་རྣམས་ཀྱི་གསོས་སུ་སྨིན།།
༢༡/༡༡/༢༠༡༢་ལ།

སྙན་ངག

Post navigation

Previous Post: གློག་སྐུད་ཆད་པ།
Next Post: གཡུ་ཐོག་སྙིང་ཐིག་གི་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཀྱི་གསོལ་འདེབས་བཞུགས་སོ།

Comments (4) on “མ་འདྲིས་པའི་མཛའ་བཤེས།”

  1. སྦྲ་དཔལ་ལྡན། says:
    2012-12-28 at 9:53 am

    དུས་ལ་བབས་པའི་སྐད་ཆ་དེ་ཡིས་བདག་གི་སེམས་པ་ལྷོག་ལྷོག་འགུལ།།
    ཉམ་ཆུང་མི་ཚོ་སེམས་ལྡན་ཡིན་ཡང་སེམས་ཁུལ་མེད་པར་ཤུལ་ལུས་ཤེས།།
    ཨ་རི་སྒོ་ལོ་དེ་ལ་མོ་གཏོང་གང་དུ་གཏོང་རབས་ཨེ་ཤེས་ཐལ།།
    ཉམ་ཆུང་བྱིས་པའི་སློབ་ཡོན་ཡིན་ཤེས་རྐུབ་ཅོག་མཐོན་པོའི་ཐོག་ནས་གསུངས།།

  2. སོག་མདའ says:
    2012-12-28 at 2:48 pm

    སྐུ་ངོ་ཁ་ཆེན་དབང་ཆེན།
    གནས་ལུགས་བཤད་ས་མེད་ཁུ།།
    ཉམ་ཆུང་ཁ་ཆུང་དབང་ཆུང་།
    སྐྱབས་འཇུག་ཞུ་ས་མེད་ཁུ།།

  3. རྒྱུས་ཡོད་བཀྲ་ཤིས། says:
    2012-12-28 at 9:55 pm

    རྡ་སའི་གཞུང་འཛིན་རྒྱུད་ནས་ཁེ་སོང་ལེན་འདོད་ན།
    ཉམ་ཆུང་་མགོ་སྒུར་བྱས་ན་མགོ་བོ་རྡོག་པས་བརྫུ།
    སྟོབས་དང་ནུས་པའི་ཉམས་འགྱུར་སྣ་ཚོགས་དང།
    ཁ་བཤད་སྦོམ་པས་གཏམ་ལན་མ་བསྐྱལ་ན།
    གུག་གུག་གུས་གུས་མང་ན་འཇིང་པར་ཞོན།
    ཁྱེད་རང་ཁེ་ཕན་མི་རགས་གཏན་ཁེལ་རེད།
    རྒྱུས་ཡོད་ང་ཡིས་རྒྱུས་གཏམ་ཞུས་པ་ཡིན།
    ཉི་མ་གྲགས་པ་ཟེར་བའི་མི་དེ་ནི།
    ཕལ་ཆེར་བྱམས་དང་སྙིང་རྗེའི་ཡོད་་མི་ཞིག་དང་།
    ཕྱི་ནང་དབྱེ་བ་ཡོད་མཁན་ཡིན་ཤས་ཆེ།

  4. ཨུ༌རྒྱན༌རིག༌འཛིན། says:
    2012-12-30 at 12:43 am

    དེ་འདྲ་ཡིན་དུས་ཁྱེད་དགའ་དང་དགའ། ཁྱེད་གཅིག་པུ་མ་ཡིན་པ་གཞན་
    ལ་ཡང་དེ་འདྲ་གནང་གི་ཡོད་རེད་ཟེར་བ་ངས་གོ་ཐོས་བྱུང།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme