Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་མཐུན་པ་གང་དུ་ཡོད་ན་དེ་མཐུན་པ་བྱོས་གསུངས་སོང་།

Posted on 2019-03-17 By ཁ་བརྡ 7 Comments on མ་མཐུན་པ་གང་དུ་ཡོད་ན་དེ་མཐུན་པ་བྱོས་གསུངས་སོང་།

Victor Felix ཡིས་བྲིས།
གསལ་ལེ་རྒྱལ་གྱིས་བསྒྱུར།

2019 ལོའི་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན། བོད་དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ 36 འཁོར་བའི་དུས་དྲན་གྱི་མཛད་སྒོའི་སྟེང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་་མ་མཐུན་པ་གང་དུ་ཡོད་ན་དེ་མཐུན་པ་བྱོས། བོད་མི་ཡོངས་ལ་དགོས་དོན་མེད་པ་དེ་ཚོ་ཆོལ་ཁའི་སྒྲིག་འཛུགས་ཀྱིས་སྣེ་འཁྲིད་དེ་མེད་པར་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་་ཅེས་གསུངས་སོང་།

བོད་མི་ཡོངས་ལ་དགོས་དོན་མེད་པ་དེ་ཚོ་ཆོལ་ཁའི་མིང་ཐོག་ནས་བཟོས་པའི་ཚོགད་པ་སྒྲིག་འཛུགས་དེ་དག་རེད། མི་ཚང་མས་བོད་མི་ཡོངས་ལ་དགོས་དོན་མེད་པའི་མ་མཐུན་པ་དེ་གང་ནས་ཡོང་གིན་པ་ཤེས་ཀྱིན་ཡོད་མོད། ཤེས་བཞིན་དུ་ཇེ་ཉུང་དུ་གཏོང་བ་ལས་ད་དུང་ཇེ་མང་དུ་གཏོང་གིན་འདུག

ཆོལ་ཁ་ཁག་མ་མཐུན་པའི་འབྱུང་ཁུང་གཙོ་བོ་དེ་གྲོས་ཚོགས་ར་བའི་ནང་དུ་ཆོལ་ཁའི་མིང་ཐོག་ནས་ཕྱོགས་ཁག་གསུམ་མངོན་གསལ་དོད་པོས་བཟོས་པ་དེ་དང་། ཆོལ་ཁའི་མིང་ཐོག་ནས་བཟོས་པའི་ཚོགས་པ་དང་སྒྲིག་འཛུགས་དེ་དག་རེད། ཆོལ་ཁའི་མིང་ཐོག་ནས་བཟོས་པའི་ཚོགས་པ་སྒྲིག་འཛུགས་འདི་དག་མེད་པར་གཏོང་མ་ཐུཔ་ཚེ་བོད་པ་ཚོར་བོད་མིའི་སྤྱི་སེམས་བསྐྲུན་པའི་ལམ་ཁ་ནམ་ཡང་མི་འདུག

བོད་མིའི་ཆིག་སྒྲིལ་གྱི་འགལ་རྐྱེན་གང་ནས་བྱུང་ན་དེ་རུ་ཆོལ་ཁའི་མིང་ཐོག་ནས་བཟོས་པའི་ཚོགས་པ་སྒྲིག་འཛུགས་ཤིག་གི་སྣེ་ཁྲིད་ཡོད་ཡོད་པ་རེད། དེ་བས་གྲོས་ཚོགས་ར་བ་ནས་མགོ་བརྩམས་ཏེ་ཆོལ་ཁའི་མིང་ཐོག་གི་ཚོགས་པ་སྒྲིག་འཛུགས་དེ་དག་ཚང་མ་མེད་པར་བཟོ་བའི་དུས་ལ་བསླེབས་མ་ཟད་འཕྱི་དྲགས་འདུག

དཔེར་མཚོན་ཙམ་ཞུས་ན། 2000 ལོའི་གཡས་གཡོན་དུ་ས་གནས་འདིར་བོད་མི་ལྔ་བརྒྱ་ཙམ་ལས་མེད་ལ། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་མ་གཏོགས་ཆོལ་ཁའི་མིང་ཐོག་ནས་བཟོས་པའི་ཚོགས་པ་སྒྲིག་འཛུག་གཅིག་ཀྱང་མེད། དེ་དུས་བོད་པ་ཚོ་ཚང་མ་མཉམ་འགྲོ་མཉམ་འདུག་དང་ཁྱོད་བཟང་ང་བཟང་ཡིན་ལ། བོད་པའི་སྤྱི་དོན་ལའང་འཐུས་ཤོར་བཟོས་བ་གཅིག་ཀྱང་མེད། ཕྱིས་སུ་བོད་པ་ཇེ་མང་དུ་སོང་བ་དང་ཆོལ་ཁའི་མིང་ཐོག་ནས་མདོ་སྟོད་ས་གནས་ཚོགས་པ་དང་མདོ་སྨད་ས་གནས་ཚོགས་པ། དབུས་ཚང་ས་གནས་ཚོགས་པ་སོགས་རིམ་བཞིན་བཙུགས་ནས་བོད་རིགས་སྤྱི་མཐུན་ཚོགས་པའི་ནུས་བ་སུམ་བགོས་བྱས་པ་མ་ཟད་བོད་མིའི་ཆིག་སྒྲིལ་ལ་བསམ་བཞིན་དུ་མིན་པའི་བར་གྱང་བརྩིགས་ཏེ་བོད་པ་ཚོ་རང་ཤུགས་ཀྱིས་སོ་སོར་གྱེས་སུ་བཅུག

ས་གནས་འདིར་ཆོལ་ཁ་རེ་རེ་ནས་ཆོལ་ཁའི་ས་གནས་ཚོགས་པ་རེ་རེ་འཛུགས་སྐབས་ཆོལ་ཁ་དེའི་མི་རེ་འགས་རྒྱུ་མཚན་འདི་དག་མཐོང་སྟེ་ཆོལ་ཁའི་མིང་ཐོག་ནས་ཚོགས་པ་འཛུག་རྒྱུར་དགག་བྱ་བྱས་པ་མ་ཟད་ད་ལྟ་ཁོ་ཚོ་ཆོལ་ཁའི་ས་གནས་ཚོགས་པའི་གྲས་སུའང་མི་འདུག དམིགས་རྒྱང་ལ་རིང་ཐུང་ཤོར་བ་དང་ཆིག་སྒྲིལ་དང་དེའི་འགལ་རྐྱེན་གྱི་གཞི་རྩ་རྙེད་དང་མ་རྙེད་པའི་དབང་གིས་བོད་པ་ཚོ་མི་མངོན་པའི་ཚུལ་དུ་ཕྱོགས་ཁག་མང་བོར་གྱེས་ནས་ཆིག་སྒྲིལ་གྱི་ནུས་པ་འཐོར་བཞིན་འདུག ཆེད་པོའི་ཆེད་དུ་ཆུང་ཆུང་དང་མང་པོའི་ཆེད་དུ་ཉུང་ཉུང་བློས་གཏོང་བྱེད་ཐུབ་ཅིང་དམིགས་རྒྱང་རིང་བའི་ཤེས་ཡོན་པ་དེ་དག་མངོན་པར་བསྟོད་འོས་མོད། མང་ཁ་ཉུང་གིས་མ་རྟེན་པའི་དཀའ་གལ་མང་བོ་ཞིག་་ད་དུང་ལྷག་འདུག དེ་བས་བོད་པ་ཚང་མས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ལས་གཞན་ཆོལ་ཁའི་མིང་ཐོག་ནས་བཟོས་པའི་ཚོགས་པ་སྒྲིག་འཛུག་ཚང་མ་མེད་པར་བཏང་སྟེ་འགལ་རྐྱེན་གྱི་འབྱུང་ཁུངས་རྩ་གཏོར་བྱེད་དགོས།

༡༧/༠༣/༢༠༡༩ ལ་ཕ་རེ་སི་ནས།

འགྱུར་རྩོམ།

Post navigation

Previous Post: ང་དང་འབྲི་མོ་དུང་ཆུང་།
Next Post: གྲོགས་པོ་གཉིས་དང་ལྷན་དུ་ཉི་མར་ལྡེས་པ།

Comments (7) on “མ་མཐུན་པ་གང་དུ་ཡོད་ན་དེ་མཐུན་པ་བྱོས་གསུངས་སོང་།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-03-17 at 7:05 pm

    ཆོལ་ཁ་ཟེར་བའི་ཐ་སྙད་དེ་སོག་པོའི་བོད་དུམ་བུར་
    བཏང་བའི་སོག་སྐད་ལ་བོད་མིའི་འགན་འཁུར་བ་
    ཞིག་མ་རེད་དམ།

  2. དགེ་འདུན says:
    2019-03-18 at 12:41 am

    ཚོགས་གཙོ་གཏམ་བཤད་ལ་རྒྱབ་སྐྱོར་ཡོད། 
    བཙན་བྱོལ་ནང་རྙོག་ཟིང་ཆེན་པོ་དང་འཁྲུག་ཆ་དོད་པོ། མཐུན་ལམ་མེད་པ་དང་ཁ་ཐོར། ཕན་ཚུན་ལ་ཡིད་ཆེ་མེད་པ་དང་དོག་གཟོན་བྱེད་དགོས་པ་སོགས་གང་ལྟར་སྟབས་མི་བདེ་བའི་བཟོ་མཐོང་བ་མངོན་གྱུར་བ་ཇེ་མང་དུ་ཐོན་ཡོང་གི་ཡོད། ང་ལ་ཡང་དེ་འདྲའི་ཚོར་སྣང་ཞིག་བྱུང་། ཡིན་ན་དེ་ཆོལ་ཁའི་ཚོགས་པ་བཙུགས་པའམ་ཚོགས་པའི་ནོར་འཁྲུལ་ཁོ་ནར་ངོས་བཟུང་ན་མི་འགྲིག་སྙམ།
    བཙན་བྱོལ་ནང་གི་མཐུན་ལམ་དང་རྡོག་རྩ་གཅིག་སྒྲིལ་ལ་གནོད་པའི་ལམ་ཁ་མང་བོ་ཟིག་ཡོད་པའི་ཁྲོད་ཆོལ་ཁའི་ཚོགས་པ་དང་འབྲེལ་བ་ཡོད་པར་དོག་བ་བྱས་ཆོག་པ་རེད། ད་དུང་འོས་བསྡུད་ཀྱི་ཡོ་ལང་དང་འོས་མིའི་འགྲན་རྩོད་དང་། ཆོལ་ཁ་དང་ཆོས་བརྒྱུད་ལུང་ཚན་བྱེ་བྲག་པ་དང་། རྒྱ་ནག་གི་རྒྱུ་དངོས་ཀྱི་བསླུ་བྲིད་སོགས་ཀྱང་ཡོད་ཡོད་པ་རེད། 
    མི་མང་ལ་སྐྱོན་ཡོད་པ་མཐོ་རིམ་མི་སྣ་ཚོས་མཐོང་གི་ཡོད་པ་བདེན་པ་དངོས་ཡོད་ཡིན་པ་བཞིན་དུ་མཐོ་རིམ་མི་སྣའི་བྱེད་སྟངས་ཀྱང་མི་མང་ནང་ལབ་ལབ་གླེང་སློང་མང་བོ་ཡོང་གི་ཡོད་པ་ཤེས་དགོས་ངེས་རེད། 
    དཔེར་ན་གྲོས་ཚོགས་ནང་འཐུས་མི་ཚོས་མིག་ལ་མི་མཛེས་བའི་བྱ་སྤྱོད་ཚང་མས་མཐོང་གསལ་རེད།་ཡིན་ན་ཡང་འཐུས་མི་ཚོས་རང་གིས་སྐྱོན་ཅི་ཞིག་བཟོས་ཡོད་པ་རང་གིས་མཐོང་གི་ཡོད་མ་རེད། 
    འཐུས་མི་ཚོ་མི་མང་གིས་མགོ་ནས་ཡར་འདེམས་པ་ཡིན་ནམ། ཡང་ན་རྐུབ་ནས་མར་འདེམས་པ་ཡིན་ནམ། དངོས་གནས་ཧ་གོ་ཡ་མི་འདུག འདི་ཡང་མི་མང་གི་ནོར་འཁྲུལ་རེད། སྤྱི་འཐུས་འདེམས་ཤེས་ཀྱི་ཡོད་མ་རེད། 

  3. kongpo Bhu says:
    2019-03-18 at 2:39 am

    བདེན་པ་རེད།

  4. ཀརྡོ་རབ་འབྱམས་པ་ says:
    2019-03-19 at 1:55 am

    ་་་་་་་་་་་་ དེ་བས་བོད་པ་ཚང་མས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ལས་གཞན་ཆོལ་ཁའི་མིང་ཐོག་ནས་བཟོས་པའི་ཚོགས་པ་སྒྲིག་འཛུག་ཚང་མ་མེད་པར་བཏང་སྟེ་འགལ་རྐྱེན་གྱི་འབྱུང་ཁུངས་རྩ་གཏོར་བྱེད་དགོས། ་་་་་་་་་་་་་
    Victor Felix ཡིས་བྲིས།
    གསལ་ལེ་རྒྱལ་གྱིས་བསྒྱུར།

  5. རྒྱ་མ་ཚང་ says:
    2019-03-19 at 12:17 pm

    རང་ཉེད་ཐོགས་མར་རྒྱ་གར་དུ་༡༩༩༠ལོར་འབྱོར་དུས་ཆོས་ཁ་གསུམ་ཞེས་པའི་གོ་དོན་དང་
    དོན་སྙིང་མཐོང་ཐོས་མ་ཤེས་པས་དབང་གི་བོད་མི་ཆ་གསེ་བྱས་པ་འདྲ་བོ་མཐོང་གནང་བྱུང་འོན་ཀྱང་ཕྱི་སོ་སྐབས་དེའི་གཞུང་ཞབས་གནས་ཡོད་མི་དཔོན་ཞིག་ནས་༧:རྒྱ་བ་འི་དགོང་དོན་ཟུར་བཤད་ཕྲན་བུ་ཞུ་བའི་གོ་སྐབས་བྱུང་བའི་ཉེར་ལེན་ནས་ང་ཡིས་རྨོང་འཆར་དེ་ནོར་བ་ཞིག་ཡིན་པ་ངེས་འཇག་བྱུང།
    ད་གཏམ་ཉོག་ཀྱུར་ནས་ཞུ་རྒྱུར་ མངར་བོད་ས་མ་ཤོར་གོང་ནས་རྒྱུན་་གོམ་ནས་ཡོང་བའི་དུས་ད་ལྟ་བར་དུ་ཆོས་ཞེས་བའི་ཐ་སྙད་འདིས་བོད་མིའི་འདུ་སྡོད་ལ་དབང་གྱུར་ཐུབ་པའི་ཅིག་སྒྲིལ་དེ་ནུས་སྟོབས་ལྡན་པ་ཞིག་་རེད་འོན་ཀྱང་་ཀྱང་ཆབ་སྲིད་ཀྱང་པས་བོད་མིའི་འདུ་སྡོད་ལ་བདག་དབང་ཙམ་ལས་བོད་མིའི་སེམས་ཁམ་བག་ཆགས་དང་བཅས་པས་རང་གི་རྒྱལ་་ཁབ་དང་རང་གི་མི་རིགས་ལ་མྱོང་བ་འམ་འཚོར་བའི་གཞན་ཆག་ཁྱབ་ཚད་ཞན་ཆ་ཡོད་པ་མཐོང་གསལ་རེད་དཔེར་ན་མདོ་སྟོད་སྨད་ནས་དབུས་ཕྱོགས་ལ་འགྲོ་སྐབས་བོད་ལ་འགྲོ་ཞེས་པའི་ཐ་སྙད་ཙམ་མ་ཟད་ནང་སེམས་རྒྱུད་ལ་ཡང་འཆར་གནང་དེ་རང་ཡོད་འོ་ན་དེ་མདོ་སྟོད་སྨད་བོད་མིས་ལན་པ་ཞིག་རེད་དམ་མཉམ་ན་ག་ནས་ཡིན་མདོ་སྟོད་སྨད་བོད་མི་རྣམས་ཀྱི་དུས་ལྟ་བར་རང་མི་རིགས་ཀྱི་རིགས་ཞུང་གོམ་ཤེས་བོད་ཀྱི་མཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་ཐ་ཡིས་ས་གསུང་ལྟ་བུར་གཅེས་ཉར་གནང་དང་གནང་མུས་རེད་དབུས་ནས་་རང་གི་ད་མཚམ་ལ་དམག་གི་དུས་ཟིང་ཡོད་ཀྱང་མགོ་རུལ་སྣ་བས་་མ་འཚོར་བ་་ཏེ་ཆབ་སྲིད་གྱི་ཁྱབ་ཚད་གཞན་པའི་དབང་གི་ཕྱི་དགྲ་ནང་དུ་མཛུལ་བར་འབད་མེད་བྱུང་
    བ་ནི་འདས་པའི་གཞན་ཆ་ཆེ་ཤོས་དེ་ཡིན་པར་བརྟན་མངའ་མོའི་བདེ་བ་གཞུང་གི་བཀའ་རྫིག་པོ་གནམ་འོག་ལ་བཀའ་མདོ་བ་ཟེར་ཙམ་མ་ཡིན་པར་དོན་དུ་གནམ་འོག་ལ་ག་ནས་རང་གི་ས་མཚམས་ལ་གནས་ཚུལ་དང་དཀོད་རྒྱ་དཀའ་བས་ཆབ་སྲིད་ཁྱབ་ཁྱད་གང་ཟགས་ནས་ས་ཕྱོགས་ཀྱི་བདག་དབངདང་གཞུང་དམང་བར་གྱི་ཟམ་ཆེན་གཞི་ཡི་ངོ་ཚབ་མཚོན་པ་རྒྱ་ནག་གི་ཆབ་སྲིད་ཀྱི་དགོས་ཁོར་བཤད་པའི་རུ་ཚོགས་ཞེས་པར་དོན་དངོས་ཀྱི་གསལ་དོན་ཆེད་ཆོས་ཁ་ཞེས་པའི་ཐ་སྙད་འདི་དང་ཆོས་གསུམ་ནི་ང་ཚོའི་ཆབ་སྲིད་ཀྱི་དགོས་ཁོ་གལ་ཆེར་མཐོང་
    འོན་ཀྱང་འདི་ལྟ་བུའི་ཆབ་སྲིད་ནི་མཚོན་ཆ་ངར་མ་ཞིག་དང་འདྲ་བས་མཚོན་ཆ་ངར་མ་རིགས་ཚོ་མ་ཟིན་པའི་ལགས་ཏུ་ཐེབ་ན་ཉན་ཚབ་ཆེ་བར་སོང་ཆབ་སྲིད་དེ་ཡང་བོད་མིའི་ཙ་དོན་རང་ལ་དམིག་ནས་བགྲུབ་པ་ཞིག་ཡིན་ལྟབ་སྤྱི་དགེར་སུ་རུང་ནས་དཔྱོད་ལོགས་ཏུ་མི་འགྲོའི་རེ་བ་དང་བཅས་

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-03-19 at 4:57 pm

    མ་མཐུན་པ་གང་དུ་ཡོད་པ་དེ་མཐུན་པ་བཟོ་རྒྱུའི་འགན་དབང་
    ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ལ་ཡོད་པའི་ངོས་འཛིན་ཞུ་གི་
    ཡོད།

  7. འཚུབ་མ་རྒོད་པོ། says:
    2019-03-21 at 2:12 am

    དཔལ་ལྡན་ཚོགས་གཙོ་མཆོག་གི་བཀའ་སློབ་འདི་ཉན་ཤེས་ན་ནད་བརྒྱ་སེལ་བའི་སྨན་གཅིག་རེད། ང་ཚོས་སྨན་འཐུང་རྒྱུ་འཕྱི་དྲགས་མེད་ན་སྔ་དྲགས་མེད། ཆོལ་ཞེན་རིང་ལུགས་པ་ཚོ་སྤྱི་བའི་ལས་གནས་གང་དུ་ཡང་གནས་ཐབས་མེད་པ་ཞིག་མ་བཟོས་ན་བོད་ཀྱི་ཆིག་སྒྲིལ་སེང་གེ་འབུ་ཡིས་ཟོས་པ་བཞིན་འགྱུར་བར་ཐེ་ཚོམ་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme