Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྷོ་སོ་ཊོན་ལྷག་དཀར་བོད་དོན་དྲན་སྐུལ། Boston Tibetan Lhagkar Vigil

Posted on 2025-10-092025-10-09 By ཁ་བརྡ་ No Comments on བྷོ་སོ་ཊོན་ལྷག་དཀར་བོད་དོན་དྲན་སྐུལ། Boston Tibetan Lhagkar Vigil

སྤྱི་གླེང། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ནང་འཛམ་གླིང་དབྱར་ཁའི་ཨོ་ལེམ་པིཀ་ Olympic རྩེད་མོའི་འགྲན་བསྡུར་ཞུ་རྒྱུའི་ཆེད་གྷིརིསི་ Greece རྒྱལ་ཁབ་ཀྱི་ས་ཡུལ་ཨོལེམ་པི་ཡ Olympia ནས་ཨོ་ལེམ་པིཀ་སྒྲོན་མེ་ Olympic Torch དེ་རྒྱའི་རྒྱལ་ས་པེ་ཅིང་དུ་ཕྱོགས་འདྲེན་ཞུ་སྐབས། རྒྱ་ནག་ལ་ཐེངས་དང་པོའི་ཨོ་ལེམ་པིཀ་པེ་ཅིང་དུ་ཐོབ་ཐབས་ཀྱི་རེ་འགྲན་སྐབས་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་བོད་ཀྱི་གཞུང་འབྲེལ་མིནཔའི་ཚོགས་པ་ཁག་དང་།  དེ་མིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཚོགས་པ་མང་པོ་ཞིག་ནས་པེ་ཅིང་དུ་ཨོལེམ་པི་རྩེ་འགྲན་ཚོགས་རྒྱུའི་བཟང་པོའི་སྤྱོད་བཟང་ངམ་འཛམ་གླིང་སྤྱིའི་མོས་གུས་ཞུ་བའི་འགྲོ་པ་མིའི་ཐབ་ཐང་གི་གཞི་རིམ་ཙམ་ཡང་མེད་པའི་ཨོལིམ་པིག་ཚོགས་རྒྱུའི་གོ་སྐབས་སྤྲོད་མི་འོས་པའི་གཞི་བརྒོལ་རྒྱ་ཆེ་ཞུས་ནས་པེ་ཅིང་དེ་སྐབས་རེ་འགྲན་ཤོར་བའི་ངོ་ཚ་ཁ་རྐྱེང་གི་གནས་དེའི་དགྲ་ཤའི་ཚུལ།  རྒྱ་ནག་དཔལ་འབྱོར་ཡར་རྒྱས་ཆེན་པོ་ཕྱིན་ནས་མི་དམངས་ས་ཡ་མང་པོར་ཕན་ཐོག་ཆེན་པོ་བྱས། ཡུལ་མི་རྣམས་བདེ་སྐྱིད་ཀྱིས་འཚོ་མུས་སོགས་ཀྱི་བསྒྲགས་གཏམ་འཛམ་གླིང་ཀུན་དུ་སྤེལ་ནས་རྒྱ་དམར་པོའི་གཞུང་ལ་ཆེ་མཐོང་ཡོང་ཐབས་ཞུས།  བོད་ཀྱི་བདག་པོ་བོད་མིས་དཔལ་འབྱོར་གྱི་ཡར་རྒྱས་ཕར་བཞག་བོད་མི་སོ་སོར་འགྲོ་བསྡོད་སྤྱོད་གསུམ་གྱི་རང་དབང་ཡང་མེད་པའི་རྒྱ་དམར་པོས་བཀའ་བཀོད་བརྒྱུད་འཛིན་འོག་དམྱལ་པ་མི་ཡུལ་དུ་མྱོང་བཞིན་པར་ངོ་བརྒོལ་བོད་ཆོལ་ཁ་གསུམ་མམ་བོད་མི་གནས་ཡུལ་གང་སར་ཞུས། ཕྱི་རྒྱལ་རང་དབང་ལུང་པར་གནས་སྡོད་བོད་མི་དང་བོད་མིར་དགའ་ཞེན་པ་དང་། དེ་མིན་རྒྱ་ནག་ནང་འགྲོ་མའི་ཐོབ་ཐང་དུ་རྩོད་པོ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གལ་གནད་དུ་རྩོིད་པོ། བོད་མི་མིན་པའི་རྒྱའི་དབང་བསྒྱུར་དུ་སྡུག་མྱོང་བ་རྒྱལ་ཁབ་གཞན། དེ་མཚུངས་རྒྱ་མི་མང་པོ་སོགས་ནས་རྒྱའི་བཙན་གནོན་སྡུག་སྤྱོད་དང་དེ་ལས་སུ་དུས་རབས་དང་མཐུན་པའི་རྗེས་འགྱུར་དགོས་གནད། འགྲོ་བ་མིའི་བསམ་ཞིབ་ལ་དོ་ཁུར་དགོས་པའི་འཛམ་གླིང་རང་དབང་ཡུལ་མིས་འབོད་སྒྲ་ནན་པོ་དམིགས་བསལ་གནས་དུས་དང་བསྟུན་ཏེ་ཨོ་ལེམ་པིག་རྩེད་འགྲན་མ་ཚར་བར་རྒྱབ།  ལྷག་དོན་རང་རེའི་ཕ་ཡུལ་བོད་གངས་ཅན་ལྗོངས་སུ་བོད་རིག་སྤུན་ཟླ་ཚོས་རྒྱའི་དབང་བསྒྱུར་ལ་མི་དགའ་པའི་རྣམ་པ་གསལ་སྟོན་མཉམ་བོད་མིར་རང་དབང་དགོས་པའི་ངོ་བརྒོལ་སྐད་འབོད་དང་སྐབས་འགར་རྒྱ་དམར་སྲུང་སྐྱོབས་དྲག་ལས་དབར་རྒོལ་འཛིངས་ཀྱང་གནས་ཡུལ་འགར་བྱུང་ཡོད། དེར་བརྟེན་རྒྱ་ནག་དམར་པོའི་གཞུང་གིས་ཐོག་མའི་རེ་འདུན་རྒྱལ་སྤྱིའི་ཆེ་མཐོང་ཐོབ་རེའི་དམིགས་ཡུལ་མ་བསྒྲུབས་ཐོག་མཚན་བཞད་མི་ཉུང་བ་དང་མི་དཀོན་པ་ཞིག་གིས་མཚམས་སྦྱར།   དེ་རྗེས་རྒྱ་དམར་གཞུང་ནས་བོད་ཡུལ་གྱི་བོད་མིས་བོད་རྒྱལ་ཁབ་ལ་སྲོག་ལས་གཅེས་པའི་རྒྱལ་ཞེན། ༧ གོང་ས་མཆོག་ལ་འདི་ཕྱིའི་ཡིད་ཆེས་སྐྱབས་འཛིན་དང་། ༧ཁོང་གི་དབུ་འཁྲིད་པའི་སྐྱབས་བཅོལ་བོད་གཞུང་ལ་ངོས་རྩི་གཏད་གསུམ་གྱི་གཤིས་གོམས་སོགས་གཏོར་བཅོམ་ཆེད་བར་སྐབས་ཤིག་རིང་བོད་མིར་ཕྲན་བུའི་ལྷོད་གྲོལ་གྱི་སྲིད་བྱུས་འཛིན་པ་དག་དོར། ཕྱི་ལོ་དྲུག་བཅུའི་ནང་བོད་པར་བཙན་གནོན་དྲག་པོས་བོད་མིའི་རྒྱལ་ཞེན་བཅོམ་ཐབས་ཀྱི་དོན་སོན་མེད་པའི་སྲིད་བྱུས་དེ་སླར་ཡང་སྐྱར་འགེལ་བྱས་རུང་སྐྱབས་ལམ་རྐུབ་ལ་བཅོལ་ན་རྟུག་དྲི་ཁ་རྒྱུ་ལས་མེད།  འཛམ་གླིང་ནང་ཆེར་ཆེ་མཐོང་མོས་གུས་ཅན་གྱི་དབུ་འཁྲིད་༧གོང་ས་མཆོག་ནས་འཛམ་གླིང་ནང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་རྒྱ་ནག་ལ་ཨོ་ལེམ་པིག་རྩེད་འགྲན་ཐོབ་འོས་ཀྱི་དགོང་ཚུལ་མཆེད་བསྒྲགས་ལས་ཀྱང་རྒྱར་༢༠༠༨ རྩེ་འགྲན་ཐོབ་རྒྱུར་ཕན་ཐོག་ཆེན་པོ་བྱུང་བ་རྒྱ་དམངས་ནས་འཚོར་མེད་ལ་རྒྱ་གཞུང་ནས་ཤེས་ནའང་མ་ཤེས་མདོག་མདོག་གིས་གནས་སུ་བཞག།

བྷོ་སོ་ཊོན་ལྷག་དཀརབོད་དོན་དྲན་སྐུལ། Boston Tibetan Lhagkar Vigil  དེ་འདྲའི་གཞིས་ལུས་བོད་མིའི་སྙིང་སྟོབས་དཔའ་མཛངས་སུ་རྗེས་སུ་ཡིད་རང་དང་།  སྐྱབས་བཅོལ་བོད་མི་གང་ན་སུ་བཞུགས་རྣམས་བོད་གངས་ཅན་ལྗོངས་སུ་སྐྱིད་པའི་ཉི་མོ་འཆར་ཐབས་སུ་སྨོན་མཁན་གཅིག་མཚུངས་ལ་སོང་བྷོ་སོ་ཊོན་ས་ཁུལ་གནས་བཞུགས་རང་རེ་སྐྱབས་བཅོལ་བོད་མི་ཚོས་ཕྱི་ལོ་༢༠༠༨ ཟླ་ ༤ ཡས་མས་ཙམ་ནས་བྷོ་སོ་ཊོན་ལྷག་དཀར་བོད་དོན་དྲན་སྐུལ། Boston Tibetan Lhagkar Vigil  ཅེས་པའི་བོད་དོན་སླར་གསོའི་ལས་གཞི་ཞིག་བརྩམས། ས་གནས་བོད་མི་རྣམས་ནས་རང་རེའི་ཕ་ཡུལ་བོད་ནང་རྒྱ་དམར་པོས་བཙན་འཛུལ་དབང་འགྱུར་འོག་བོད་མི་ང་ཚོས་མིའི་བསམ་ཡུལ་ལས་འདས་པའི་མནར་གཅོད་དམྱལ་བ་མི་ཡུལ་དུ་མྱང་དང་མྱོང་བཞིན་པའི་ལུས་སེམས་ཀྱི་དཀའ་སྡུག  མི་ལོ་བཅུ་ཕྲག་མང་པའི་རིང་བོད་ཀྱི་བདག་པོ་བོད་མི་མང་པོ་ཞིག་རང་གི་ཕ་ཡུལ། ཕ་མ་སྤུན་མཆེད་དབུས་པའི་གཞིས་ལུས་སྤུན་ཟླ་ཚོ་དང་ཁ་བྲལ་ནས་མི་ཡུལ་དུ་མི་འདོད་བཞིན་དུ་གནས་དགོས་སོགས་ཀྱི་ཡིད་སྐྱོ་ཐབས་སྡུག་གི་གནས་དོན་ཁག་རང་རེའི་དྲན་ཡུལ་དུ་ལྷང་ངེར་བཀོད་ཐབས། རྒྱ་མི་རྩིས་པའི་འཛམ་གླིང་གི་རྣམ་དཔྱོད་ཅན་གྱི་མི་རྣམས་སུ་བོད་མི་དམངས་ཀྱི་བདེན་དོན་སྐོར་དྲན་ཤེས་སྤེལ་རྒྱུའི་མཉམ་བདེན་པ་ཉིད་རྣམ་པར་མ་རྒྱལ་བར་བོད་དང་བོད་མིར་བདེན་རྒྱབ་དཔུང་གཉེན་གནང་འོས་མཉམ་མུ་མཐུད་སྔར་ལས་ལྷག་པ་གནང་སྐྱོང་ཡོང་བའི་གདུང་སྐུལ་ཞུ་རྒྱུ་དེ་གཉིས་དམིགས་པ་དྲན་ཡུལ་དུ་བཅངས། དེ་ནས་ད་བར་མི་ལོ་བཅུ་ཕྲག་གཉིས་མིན་ཙམ་རིང་རེས་གཟའ་ལྷག་པ་རྟག་ཏུ་ཆར་དང་ཀླུང་འཚུབ་ཀྱིས་གདུང་མ་ཐུབ། ཉི་དྲོད་ཀྱི་སྲེག་མ་ཐུབ། གངས་འཁྱགས་ཀྱིས་ཕྱིད་མ་ཐུབ་ངང་རང་དོན་རང་གཅེས་སུ་འཁོར་བཞིན་ཡོད། དེ་བཞིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཞིང་གཤེགས་ཨ་རི་མ་ གྷེརས་(Grace) ལགས་དང་ཨིན་ཡུལ་རྒྱལ་ས་ལོཊན་སོགས་རྒྱལ་ཁབ་དང་ས་གནས་མང་པོའི་ནང་ལྷག་དཀར་ཉིན་རྒྱའི་དབང་བསྒྱུར་ལ་ངོ་བརྒོལ་ཞུས་དང་ཞུ་བཞིན་ངང་ཡོད། དེ་བཞིན་ཁེ་ཎ་ཌའི་རྒྱལ་ས་ཊོ་རན་ཊོ་རུའང་སངས་རྒྱས་སྐྱབས་ཞུ་ཁེ་རུང་མཉམ་རྗེསུ་མི་རེ་གཉིས་འདུག་པ་སོཌ་ཀྱི་ལས་འགུལ། གཞན་རྣམས་དེ་སྔ་བྱུང་མ་མྱོང་བའི་སྒོར་གཞས་ལམ་ལས་རང་བཙན་ཐབས་བརྩོད་ཀྱིས་བཙན་འཛུལ་པ་རྒྱ་མིར་རྒྱལ་ཁབ་ཚེ་ལས་གཏམ་ཚེ་རིང་བའི་ངོ་ཚ་ཁ་སྐྱེངས་ཀྱི་འགྱོད་ནད་ཤིག་ཏུ་རེ་གདའ། ཨ་རིའི་གྲོང་འཁྱེར་ནིའུ་ཡོག་ནིའུ་བྷྱར་སི། ཨ་རི་ཁེ་ལི་ཕོ་ནིཡའི་གྲོང་འཁྱེར་སན་ཕ་རནསིས་ཁོ་སོགས་ནང་བོད་རིག་སྤུན་ཟླ་སྒེར་དང་ཚེས་བཅུ་མ་ཎི་ཚོགས་པ་སོགས་ནས་༧སྐུའི་བླ་གཟའི་ཚེས་བཟང་ལ་རྒྱ་དམར་པོའི་གཞུང་ལ་འཚེ་མེད་ཞི་བའི་ལམ་ལས་བོད་ཀྱི་བདག་པོ་བོད་མིར་རང་ས་རང་སྐྱོང་གི་འགན་དབང་དགོས་པའི་ངོ་བརྒོལ་སྐད་འབོད་ཚོཌ་སྒེར་སོ་སོའི་དུས་འབྱོར་དང་བསྟུན་ཏེ་ཞུ་བཞིན་ཡོད་འདུག བོད་མི་དེ་ཚོས་རང་དོན་རང་གཅེས་དང་བོད་མིའི་སྤྱི་འགན་དྭང་འཁུར་ཆེད་ཞི་བརྒོལ་དུ་ཕེབས་པར་དགའ་བསུ་དང། ཕྱི་མི་བདེན་རྒྱབ་པ་ཚོས་རང་དོན་བོར་ནས་བོད་མིར་བརྩེ་ཞེན་གྱིས་རྒྱབ་སྐྱོར་གནང་པར་བཀའ་དྲིན་དཔག་མེད་དུ་ཆེ་ཆེ་་་་་་་་་་ཆེ་ཅེས་གནས་འདིར་ཞུ་ཁམས་བྱུང་བ་སྐབས་དུས་བཟང་ལགས།།

སླར་བྷོ་སོ་ཊོན་ལྷག་དཀརབོད་དོན་དྲན་སྐུལ། Boston Tibetan Lhagkar Vigil  སྐོར་ཕྲན་ཙམ་གླེང་ན། ལོ་ངོ་བཅུ་ཕྲག་གཉིས་སུ་ཁ་ཉེ་བའི་དུས་འབྱོར་ནང་བོད་དོན་དྲན་སྐུལ་དུ་ཕེབས་མཁན་དང་པོའི་ལས་སྐུལ་ནས་ད་བར་ཁྱད་པར་ཤིན་ཏུ་ཆེན་པོ་གྱུར་ཡོད། ལོ་ཤས་ནང་སྐབས་རེ་མི་གཉིས་སུ་གྱར་བ་ནས་གཅིག་དེ་བོད་མིའི་རྒྱབ་སྐྱོར་བ་ཕྱི་མི་ཤིག་ཡིན་ཡོད། བོད་དོན་དྲན་སྐུལ་གྱི་དམིགས་ཡུལ་དེར་འགྱུར་མེད་ཀྱི་ད་ལྟའང་བོད་རྒྱའི་དབང་འོག་ཏུ་ཡོད་པ་དང་བཙན་བྱོལ་བ་ང་ཚོ་ཁྱིམ་ནས་ཁྱིམ་མེད་པ་དལ་གནས་སུ་བཅོལ་མིན་པར་རྒྱ་དམར་པོའི་བཙན་འཛུལ་དང་སྡུག་གནོན་ལས་གྱར། གནས་དོན་དེ་དག་བརྗེད་མི་སྲིད་པ་ཞིག་བོད་དང་རྒྱ་གར་ནང་ནས་འཚར་ལོངས་བ་རྣམས་སུ་ཡོད་དགོས་ཀྱང་ཕྲན་ཉམས་པའམ་གནད་དོན་མ་རྟོགས་སྟབས་བོད་དོན་དྲན་སྐུལ་དུ་ཕེབས་མི་ཉུང་ཚད་གཉིས་ནས་ཕྱི་མི་བོད་དོན་དུ་རྩོད་མི་དེ་མེད་ན་མི་གཅིག་གི་དྲན་སྐུལ་བ་དེ་བོད་མི་རེད། སྤྱིར་བོད་མི་དང་ཡང་དགོས་སུ་བྷོ་སོ་ཊོན་པ་ཚོས་ཡིད་སྐྱོ་བའི་གནས་སུ་དགོངས་དང་། ལོ་སྔོན་མའི་ནང་བྷོ་སོ་ཊོན་ས་གནས་སུ་ལྷག་དཀར་སྒོར་གཞས་དར་ནས་བརྩད་ཞིབ་སྐབས་བོད་མི་བཅུ་ཕྲག་རེ་གཉིས་ཡོང་པ་ཤེས་དུས་མི་དེ་དག་ནས་མང་པོ་ཞིག་དེ་གོང་ནང་དུ་འཛུལ་བསྡད་ཡོད་པའི་ཧ་ལས་སོང་ལ་རྗེས་སུ་བོད་དོན་དྲན་སྐུལ་ཕེབས་མི་ཞིག་ནས་ཀྱང་གཞས་ཞབས་བྲོར་འགྲོ་ཐུབ་སར་ལྷག་དཀར་སྐད་འབོད་ལ་ཡོང་མ་ཐུབ་པ་ཧང་སངས་སོང་ཅེས་ངོས་གཉིས་བསམ་པ་མཐུན་སོང་།།

བྷོ་སོ་ཊོན་ལྷག་དཀརབོད་དོན་དྲན་སྐུལ། Boston Tibetan Lhagkar Vigil  དུ་མི་ཉུང་ཤས་ཕེབས་མཁན་ནང་ང་རང་གནས་འགོད་པ་ཡོད་པའི་ང་ཚོས་ཞེ་བོ་ཞིག་འཇོན་ཡོད་ཞུ་ཡི་མེད་ཀྱང་བོད་དོན་དུ་རྒྱ་མཚོ་ཆུ་འཐིག་གིས་འབྲེལ་བ་ཤིག་ཕུལ་ཡོད་པའི་དགེ་ལགས། བོད་ཀྱི་རྩ་དོན་དེ་མ་བརྗེད་པའི་དྲན་པ་དང་དེ་སེལ་ཐབས་སུ་སྐུལ་འདེབས་གཉིས་དེ་ལྷག་དཀར་སྐད་འབོད་ནམ་ཡོད་དུ་ཡོང་བཞིན་པའི་ངོ་མཚར་དེ་མཇལ་རྒྱུ་ཡོད། ལམ་ཟུར་དུ་ལག་པར་བོད་ཨ་གཉིས་ཀྱི་རྒྱལ་དར་ཕྱར། མགུལ་བྲང་དང་མཐའ་སྐོར་དུ་བོད་མིའི་རེ་འདུན་གྱི་ཡིག་བྱང་བཏགས་ཏེ་ལངས་བསྡད་དུས་མི་འགའ་རེས་ལག་གིས་ཐལ་མོ་སྦྱར། འགའ་རེས་ཡུལ་སྲོལ་ལྟར་མཐེ་མོ་གུང་ལ་ཕྱར་ནས་ཐུགས་རྗེ་ཆེ་ thank you  གུས་བརྩི་ appreciate ཡོད་ཅེས་ཕེབས། ཡང་འགའ་རེས་གོང་བཞུས་ལག་གིས་མཚོན་རྟགས་མཉམ་ཞལ་ནས་བོད་རང་བཙན་ནམ་བོད་བཅིངས་དཀྲོལ་གཏོང་ Free Tibet ཅེས་སྐད་འབོད་གནང་མཁན་ཡང་དུ་མ་ཡོད། དལ་འགྲོ་བ་བོད་སྐོར་རྒྱུས་མངའ་དེ་ཙམ་མེད་མཁན། ཡང་གནས་དོན་ལ་དོག་གཅོད་དགོས་པ་ཚོས་གནས་ལུགས་སུ་དྲི་བརྩད་དང་དོག་སེལ་གནང་འོས་སུ་གསལ་བཤད་ཞུ་སྐབས། དོ་བདག་གི་ཐུགས་འཁུར་ལ་ང་ཚོས་བཀའ་དྲིན་བསམ་ཤེས་དང་ཕྱི་བྱུང་གནང་ཕྱོགས་སུ་བསམ་ཚུལ་སྤེལ་ཐབས་མཉམ་བོད་གནས་དྲི་བསྒྲགས་ཀྱི་ཡིག་ཆ་འབུལ་རྒྱུའི་གོ་སྐབས་བརྙེད་དཀའ་ཐོབ། འཁོར་ལམ་དུ་འཁོར་བཞིན་པའི་དོན་གཉེར་བས་ཀྱང་བོད་རང་བཙན་ནམ་བོད་བཅིངས་དཀྲོལ་གཏོང་ Free Tibet ཅེས་སྐད་རྒྱབ་ནས་འབོད། ལག་མགོ་སྣུམ་འཁོར་སྒེའུ་ཁུང་ནས་འཕྱར། སྣུམ་འཁོར་གྱི་དུང་སྒྲ་བུས་མཁན་ཡང་འོང་ལགས།༼ དུས་རྒྱུན་དུང་སྒྲ་བུས་རྒྱུ་དེ་ཅང་མི་དགོས་པའི་གནད་བྱེད། ༽ རྒྱ་ནག་ནས་ཡིན་པའི་རྒྱ་རིག་འགའ་དང་དེ་མིན་ཡུལ་གཞན་གྱི་རྒྱ་རིག་གང་མང་མཉམ་བོད་དོན་དོག་དྲི་གསལ་བཤད་ཞུ་སྐལ་ཡང་ཐོབ་ཡོང་། རེས་ཤས་ནས་ཐེངས་འགའ་དོག་དྲིར་ཕེབས་ཡོང་།  ལམ་འཁོར་བ་དང་རྒྱ་རིག་མང་པོས་མཉམ་པར་ celfie ལེན་མཁན་དང་དམིགས་བསལ་ཧ་ཝཊ་གཙུག་ལག་གིས་སློབ་འཇུག་དུས་ཚོད་ནང་རྒྱ་རིག་མང་པོས་ཐག་རིང་ནས་ང་ཚོའི་ངོས་སུ་པར་རྒྱབ་ཡོང་། དེ་རྣམས་རྒྱ་ནག་ནས་ཡིན་པ་ཆེར་ངེས་མཉམ་ང་ཚོའི་ལག་ཏུ་ཡོད་པའི་བོད་ཀྱིེ་རྒྱལ་དར་དང་། མགུལ་བྲང་གི་བོད་མིའི་འབོད་སྒྲ བོད་རང་བཙན། བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག ༧གོང་ས་མཆོག་སྐུ་ཚེ་རིང་པོ་བརྟན་པ་ཤོག་སོགས་འབོད་སྒྲ་ལ་དམིགས་པ་གཙོ་བཟུངས་མཉམ་རྒྱལ་ཁབ་འདྲ་མིན་དང་ལོ་རྒན་གཞོན་ལས་རྒྱས་པའི་སྐད་འབོད་པར་ཡང་གཉེར་སྲིད།    དེང་སང་ངོ་ཚོའི་སྐད་འབོད་ཉིན་གྱི་ངོ་བརྒོལ་བ་ནས་ཕལ་ཆེར་ཕྱེད་ཙམ་བོད་དོན་རྒྱབ་སྐྱོར་བ་ཕྱི་མིའི་ནང་རྒྱ་ནག་རྒྱ་མི་གཞོན་སྐྱེས་ཡང་རེ་གཉིས་ཡོད་པ་གཟི་ལྗིད་མིན་ནམ། ཨ་རི་དང་དེ་མིན་ཕྱི་ཡུལ་བ་བོད་མིར་བརྩེ་ཞེན་པ་འགས་གཟའ་ལྷག་པའི་ཝི་ལྗལ་ vigil ལྷག་དཀར་བོད་དོན་དྲན་སྐུལ་དུས་ཚེས་དང་སྟབས་བསྟུན་ཏེ་བྷོ་སོ་ཊོན་དུ་ཕེབས་མཁན་ཡང་ཡོང་འདུག བོད་མིར་རྒྱའི་བཙན་གནོན་ལ་ཡིད་གདུང་ནས་མིག་ཆུ་གཏོང་མཁན་ཡང་བྱུང་སོང་། དེ་བཞིན་ས་ཡུལ་གཞན་ནས་ཕེབས་པའི་བོད་པ་སློབ་གཉེར་བ་དང་བོད་སྐོར་དོན་གཉེར་བ་དཀར་ནག་སེར་གསུམ་གྱི་མི་རིག་འཛོམས་ནས་བོད་ཀྱི་ཆོས་དང་རིག་གཞུང་། ལྷག་དོན་དེང་སང་བོད་ཀྱི་ཆབ་སྲིད་ཀྱི་རྦ་རླབས་གཡོ་ཚུལ་དུ་བསམ་ཞིབ་སྤུང་ཡུལ་ཞིག་དང་གདུང་སེམས་མཉམ་སྐྱེད་ཀྱི་སོ་སོའི་དུས་ཀྱི་ལོངས་སྤྱོད་ལྟར་རྒྱ་ལ་ངོ་བརྒོལ་ཞིག་ཀྱང་ཞུ་ཡུལ་ཡོང་འདུག དེར་སོང་ས་གནས་བོད་མི་ད་ཡོད་ལས་མང་ཙམ་ཕེབས་ཐབས་དགོས་གལ་གྱི་འགྲེལ་བཤད་འདི་འདྲ་ཞིག་ཞུ་དགོས་བསམས་པ་ད་རེས་འདིར་ཞུས་ན་མ་འཐུས་པའམ་གནད་མེད་པའི་ཞུས་ཡིན། ལར་ནས་བོད་མི་བོད་ནང་རྒྱའི་བཙན་འཛུལ་ལ་མི་དགའ་མཁན་གཅིག་མཚུངས་ལ་སོང་འདིར་ཞུས་ན་དགེ་ལས་སྐྱོན་མི་ཆེ། ས་གནས་གཞན་དུ་སྐྱོང་བཞིན་པའི་བོད་དོན་དྲན་སྐུལ་ལམ་འབོད་སྐུལ་གྱི་དམིགས་ཡུལ་ཡང་གཅིག་མཚུངས་ལ་སོང་གྲུབ་འབྲས་མྱོང་འཚོར་ཡང་མཐུན་མོང་བ་ཡོང་ཆེ་བའི་ཀྱང་གསལ་བཤད་དང་འབོད་སྐུལ་དྲན་ཡུལ་དུ་ཕུལ་བའི་ཚང་མས་དམ་དོན་ཡོང་བ་ཞུ་ཞུ་ཞུ་ཞུ་་་་་་་་་་་ཞུ།། །

བསམ་ཚུལ།

Post navigation

Previous Post: ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
Next Post: དབྱངས་གསལ་བར་གྱི་སྒྲུང་ཐུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme