Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྷེ་ཧར་མངའ་སྡེ་ནང་ཞུ་གཏུགས་ལས་འགུལ་སྤེལ་བ།

Posted on 2013-01-162013-01-16 By ཁ་བརྡ་ 3 Comments on བྷེ་ཧར་མངའ་སྡེ་ནང་ཞུ་གཏུགས་ལས་འགུལ་སྤེལ་བ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀོད་ཁྱབ་གནང་བའི་རྒྱ་གར་བྱང་ཕྱོགས་ཞུ་གཏུགས་ལས་འགུལ་བ་རྣམས་བྷེ་ཧར་མངའ་སྡེ་རྒྱལ་ས་པ་ཏི་ན་རུ་འབྱོར་ཏེ་དཔོན་རིགས་ཐུག་འཕྲད་སོགས་ལས་འགུལ་འགོ་འཛུགས་གནང་ཡོད་པ་རེད། ཕྱི་ཚེས་༡༥ ཉིན་གྱི་ཞོགས་པར་མངའ་སྡེ་བློན་ཆེན་ཟུར་བ་དང་། ད་ལྟའི་མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མི་ལ་ལོ་པར་སི་དུ་ཡ་དུབ་མཆོག་དང་མཇལ་དེ་བོད་ནང་གི་གནས་བབ་ཞུ་གཏུགས་བྱས་ཡོད་པ་དང་། 
ལ་ལོ་པར་སི་མཆོག་གིས་ཁོང་ཉིད་ནས་བོད་དོན་ལ་རྒྱབ་སྐྱོར་ཆ་ཚང་ཡོད། རྗེས་ཕྱོགས་ཀྱང་ང་རང་གང་དུ་ཡོད་སར་ཁྱོད་ཚོ་ཕེབས་པར་ནམ་ཡང་སྒོ་ཕྱེས་ཡོད་ཅེས་སོགས་གསུང་ཏེ་ཞུ་གཏུགས་ལས་འགུལ་བ་རྣམས་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་པ་དང་། མངའ་སྡེ་བློན་ཆེན་ཟུར་བ་དང་ཁ་གཏད་ཚོགས་པའི་ཚོགས་གཙོ་ཁོང་གི་ལྕམ་རབ་རེ་བདེ་བས་མཆོག་ལ་ངོ་སྤྲོད་ཀྱིས་ཡིག་ངག་གཉིས་ཐོག་བོད་དོན་ཞུ་གཏུགས་བྱས་ཡོད་པ་རེད།
དེ་རྗེས་གུ་རུ་གྷོ་ཝལ་སིང་སིག་
དགོན་ཆེན་གྱི་འགན་འཛིན་གཞོན་པ་ཇེ་ཐུ་སོགས་གནད་ཡོད་ཁག་ཅིག་དང་། རྒྱ་གར་དབུས་གཞུང་གྲོས་ཚོགས་ཀྱི་འཐུས་མི་དང་། ཇེ་ཀྲི་ཡོ་ཚོགས་པའི་མངའ་སྡེ་ཚོགས་གཙོ་བེ་ཞེད་ཞུ་ན་རན་སིང་ཁུ་སོགས་གནད་ཡོད་ཁག་ཅིག མངའ་སྡེ་བྷེ་ཇེ་བྷེ་ཚོགས་པའི་ཚོགས་གཙོ་དང་། འཕྲོད་བསྟེན་བློན་ཆེན་ཟུར་བ་སྐུ་ཞབས་རྡེ་པ་ན་ཁེ་ཆོ་མཆོག་དང་། ཚོགས་གཙོ་གཞོན་པ་གཙོས་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་ཡོད།
 
ཕྱི་ཚེས་༡༦ ཉིན་གྱི་ཞོགས་པར་མངའ་སྡེ་ལམ་བཟོའི་བློན་ཆེན་སྡེ་བན་ཀེ་ཞོར་མཆོག་དང་། རིག་གཞུང་དང་གཞོན་སྐྱེས་བློན་ཆེན་ལྕམ་སུག་རྡ་པན་སྡེ་མཆོག 
རྒྱ་གར་རྒྱལ་ཡོངས་ཁ་ཆེ་ཨེམ་ར་ཊུ་ཁ་ཆེ་ཚོགས་པའི་ཚོགས་གཙོ་ཧ་ཧྤུ་སེ་ཨེམ་ཨོ་རྡེན་མཆོགམངའ་སྡེ་གྲོས་ཚོགས་འཐུས་མི་དང་། བྷེ་ཇེ་བྷེ་སྒྲིག་དོན་པ་ཨ་རོན་ཀོ་མར་སི་ན་མཆོག་གི་གཙོ་བོས་གནད་ཡོད་ཁག་ཅིག་ལ་མཇལ་འཕྲད་ཞུས་ཏེ་བོད་དོན་ཞུ་གཏུགས་གནང་ཡོད་པ་དང་མུ་མཐུད་ཞུ་གཏུགས་དང་། གསར་འགོད་ལྷན་ཚོགས་སྐོང་འཚོགས། མར་མེ་ཁྲོམ་སྐོར། བགྲོ་གླེང་ཚོགས་འདུར་མཉམ་ཞུགས་ཀྱིས་བོད་དོན་བརྒྱུད་བསྒྲགས་བྱེད་རྒྱུ་བཅས་ཀྱི་ལས་འཆར་ཡོད་འདུག  
གནས་ཚུལ་མཁོ་གཏོང་བ་རྨོག་རུ་བསྟན་པ།
གསར་འགྱུར།

Post navigation

Previous Post: དུས་བཞིའི་སྙན་ངག རྔ་བ་ཀུན་བཟང་སྒྲོལ་མ།
Next Post: རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེ་ནས་བོད་དོན་ཞུ་གཏུག་ལས་འགུལ།

Comments (3) on “བྷེ་ཧར་མངའ་སྡེ་ནང་ཞུ་གཏུགས་ལས་འགུལ་སྤེལ་བ།”

  1. རྒྱ་གར་རྨ་བྱ། says:
    2013-01-17 at 4:18 am

    རྒན་རྨོག་རུས་གནས་ཚུལ་སྤེལ་སྟངས་འདི་ལའང་འཐད་སོང་།

    སྤྱི་འཐུས་རྣམ་པ་འདི་ལྟར་འགུལ་བར་ཐུགས་རྗེ་ཆེ།

  2. རུ་ཤུལ་བུ་ says:
    2013-01-17 at 6:14 am

    ལ་ལོའུ་པ་སི་མཆོག་འུ་ཚང་གི་རྒྱབ་རྩ་ལངས་བཀའ་དྲིན་ཆེ།

  3. འབྲོང་བུ་སོག་ཚ། says:
    2013-01-17 at 7:59 am

    བོད་ཀྱི་ལ་ལུ་ཟླ་བ་ཚེ་རིང་དང་། རྒྱ་གར་གྱི་ལ་ལུ་གཉིས་ཆར་ལ་བཀྲ་ཤིས་བདེ་ལེགས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme