Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྷ་རོ་ཊ་ས་གནས་སུ་དགེ་འདུན་པ་11 དང་ས་གནས་གཞོན་ནུའི་ལས་འགུལ།

Posted on 2011-09-062011-09-06 By ཁ་བརྡ་ 1 Comment on བྷ་རོ་ཊ་ས་གནས་སུ་དགེ་འདུན་པ་11 དང་ས་གནས་གཞོན་ནུའི་ལས་འགུལ།

img_1342
གནས་ཚུལ་མཁོ་གཏོང་པ་ས་གཞོན་དྲིལ་བསྒྲགས་འགན་འཛིན་ཨ་ཚོགས་དབང་གྲགས་འབུམ།

སྤྱི་ཟླ་དགུ་པའི་ཚེས་ལྔ་ཉིན་དགའ་ལྡན་བྱང་རྩེའི་དགེ་འདུན་པ་བཅུ་གཅིག་གིས་རྒྱ་ནག་ལ་དགོས་དོན་དོན་ཚན་བཞི་ཅན་ཞིག་བཏོན་ནས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་མང་པོ་ཞིག་ལ་བསྐོར་སྐྱོད་ཀྱིས་ཟས་བཅད་ངོ་རྒོལ་བྱ་བའི་ལས་འགུལ་སྤེལ་ནས་འགྲོ་བཞིན་འདུག་ལ། ཟླ་དེའི་ཚེས་ལྔ་ཉིན་བྷ་རོ་ཊ་ལ་སླེབས་པ་དང་ས་གནས་བོད་རིགས་མཐོ་སློབ་ཀྱིས་གྲུབ་པའི་གཞོན་ནུ་ཚོགས་པས་མཐུན་སྦྱོར་དང་སློབ་ཕྲུག་ཡོངས་མཉམ་ཞུགས་བྱས་ཏེ་ཉིན་དེའི་མཛད་སྒོ་དབུ་འཛུགས་གནང་སྟེ། ཐོག་མར་རྒྱ་གར་རྒྱལ་གླུ་དང་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་རྗེས་ས་གནས་སློབ་ཕྲུག་ཡོངས་ཀྱི་འཐུས་ཚབ་ཀྱིས་དགེ་འདུན་པ་རྣམས་ལ་བསྔགས་བརྗོད་དང་འབྲེལ་འཚམས་འདྲིའི་མཇལ་དར་སྒྲོན་པ་དང་དེ་ནས་དགེ་འདུན་པའི་སྣེ་ཁྲིད་པ་སློབ་བཟང་སྦྱིན་པ་ཡིས་བོད་ནང་དཔའ་བོ་མང་པོ་ཞིག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་རང་སྲོག་མེ་ལ་སྒྲོན་དགོས་པའི་རྒྱུ་མཚན་སྐོར་ངོ་སྤྲོད་གནང་བ་དང་དེའི་རྗེས་ཆབ་སྲིད་བཙོན་ཟུར་ཚེ་རིང་འཇིགས་མེད་ལགས་ཀྱིས་བོད་ནང་ཁོང་གིས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་བརྒྱུད་རིམ་དང་བོད་ཀྱི་ཆབ་སྲིད་བཙོན་པའི་དཀའ་སྡུག་གི་གནས་སྟང་སྐོར་གཏམ་བཤད་གནང་རྗེས་ཉིན་དེའི་ཆར་བ་ཤུགས་ཆེན་པོ་འབབ་ཀྱི་ཡོད་མེད་ལ་མ་བལྟོས་པར་བྷ་རོ་ཊ་ས་གནས་གཞོན་ནུའི་སློབ་ཕྲུག་གྲངས་བརྒྱ་དང་ལྔ་བཅུ་ཙམ་དང་དགེ་འདུན་པ་ཡོངས་ཀྱིས་ཉིན་རྒྱབ་ཆུ་ཚོད་བཞི་དང་ཕྱེད་ཀ་བར་ཟས་བཅད་ངོ་རྒོལ་ལ་བཞུགས་པའི་རིང་གྲོང་ཁྱེར་ནང་གི་ཚགས་པར་དང་བརྙན་འཕྲིན་སོགས་ཀྱི་གསར་འགོད་པ་བཅུ་གྲངས་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་ཧ་ཅང་རྒྱས་པོ་བྱུང་སོང་།
img_1346
དགེ་འདུན་པ་རྣམས་ཀྱི་དགོས་འདུན་དོན་ཚན་གསུམ་ནི།
དང་པོ། ད་ལྟ་ཁམས་རྟ་བོ་དང་ཨ་མདོ་རྔ་བ་སོགས་ན་ཡོད་པའི་རྒྱ་ནག་གི་དྲག་སྤྱོད་དམག་མི་རྣམས་མྱུར་དུ་ཕྱིར་འཐེན་བྱེད་དགོས།
གཉིས་པ། པན་ཆེན་རིན་པོ་ཆེ་གཙོ་བྱས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བགྲོད་གཏོང་དགོས།
གསུམ་པ། བོད་ནང་གི་དངོས་ཡོད་ཛ་དྲག་དང་དཀའ་སྡུག་གི་གནས་སྟངས་དེ་རྒྱུས་ལོན་ཆེད་བོད་ནང་གསར་འགོད་པ་འགྲོ་བར་བཀག་འགོག་བྱེད་མི་ཆོག་བཅས་རེད།

་

གསར་འགྱུར།

Post navigation

Previous Post: གནས་བརྟན་ཆེན་པོ་འཁྲུལ་ཞིག་རིན་པོ་ཆེ་རྗེས་སུ་དྲན་པ་རྒྱུ་མཚན་དང་འབྲེལ་བའི་ཚིག་བཅད་ཉུང་ངུ་༎
Next Post: བཙན་བྱོལ་བའི་ལོ་ཟླ།

Comment (1) on “བྷ་རོ་ཊ་ས་གནས་སུ་དགེ་འདུན་པ་11 དང་ས་གནས་གཞོན་ནུའི་ལས་འགུལ།”

  1. བརྩོན་རྒྱམ། says:
    2011-09-07 at 1:45 am

    དགའ་ལྡན་བྱང་རྩེའི་དགེ་འདུན་པ་ཚོས་དཀའ་སྤྱད་གནང་ནས་འདི་འདྲའི་གོམ་བགྲོད་དང་ཟས་བཅད་ངོ་རྒོལ་གནང་པ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འདི་ནི་ཞི་བའི་ངོ་རྒོལ་གནང་སྟངས་ཞིག་ཡིན་པ་རེད།   གཞན་བོད་མི་ཚོའི་རང་ནུས་གང་ཡོད་ཀྱི་རྒྱབ་སྐྱོར་གནང་རོགས་ཞུ།   སླད་མར་དགོས་འདུད་གསུམ་པོ་དམར་གཞུང་གིས་ངོས་ལེན་བྱས་མིན་ལ་མ་གཏོས་པར་ལས་འགུར་འདི་འདྲ་གནང་བ་ཧ་ཀྱང་དགེ་མཚན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme