Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་སེང་ལ་ངོ་རྒོལ་བྱེད་པ་ནི་དོན་དུ་བོད་མིའི་སྒྲིག་འཛུགས་སྲུང་སྐྱོབ་བྱེད་པ་ཡིན།

Posted on 2017-12-16 By ཁ་བརྡ 18 Comments on བློ་སེང་ལ་ངོ་རྒོལ་བྱེད་པ་ནི་དོན་དུ་བོད་མིའི་སྒྲིག་འཛུགས་སྲུང་སྐྱོབ་བྱེད་པ་ཡིན།

རྣོ།

བློ་སེང་གིས་མི་ལོ་དྲུག་གི་རིང་ལ་བོད་མི་སྤྱི་ལ་ཕན་པའི་ལས་ཀ་ག་རེ་བྱས་ཡོད་པ་རེད། ཁོས་ཟམ་གདོང་བླ་མས་ལས་ཀ་བྱས་བཞག་པ་དག་གིས་ཀྱང་མཇུག་སྐྱོང་ཐུབ་ཀྱི་མེད་པ་གསལ་བོ་མ་རེད་པས། དཔེར་གཅིག་བཀོད་ན། དང་པོ། ཟམ་གདོང་བླ་མའི་སྐབས་ནས་ཕྱིར་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་ཁོངས་སུ་ལེན་རྒྱུ་བྱས་ཡོད་པའི་བོད་མིའི་ཉིན་སློབ་དག་ད་དུང་ཡང་ཕྱིར་ལེན་ཚར་མེད་པར་ལྷག་བསྡད་ཡོད་པ། གཉིས། བོད་རྒྱ་འབྲེལ་མོལ་ཞིག་ཕར་ཞོག་ན་ཐ་ན་འབྲེལ་མོལ་བྱེད་མཁན་གྱི་སྐུ་ཚབ་ཙམ་ཡང་བསྐོ་བཞག་བྱེད་མི་ཐུབ་པའམ་ཡང་ན་བསམ་བཞིན་དུ་མ་བྱས་པ། གསུམ། བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ལས་གཞི་མང་བོ་ཞིག་མེད་པར་བྱས་པས། སྔར་གྱི་སྲོལ་རྒྱུན་ཚན་པའི་འགན་འཛིན་དྲུང་འཕར་བཀྲ་ཤིས་དོན་འགྲུབ་དང་བློ་སེང་གཉིས་ཚིག་རྩོད་ཀྱི་སྐད་ཅོར་ལས་ཁུངས་ཀྱི་ལས་བྱེད་ཡོངས་ཀྱིས་ཐོས་པ་ཡོངས་ཁྱབ་ཏུ་གྱུར་བ་དག་ཧ་ཅང་མང་པོ་ཡོད། སྤྱིར་བོད་མིའི་སྲོག་དང་བླ་ལ་ཐུག་པའི་སྐད་ཡིག་དང་སློབ་གསོ་སྣང་མེད་བཞག་པ་ནི་བློ་སེང་ཁོང་ལའང་ཁག་མི་འདུག་སྟེ། ཁོ་དང་ཁོའི་རྒྱབ་སྐྱོར་བ་དག་གི་བོད་སྐད་ཡིག་གི་གནས་ཚད་ནི་སྦྱོར་ཀློག་ཐུབ་ཙམ་རེད། དེ་ལ་རིན་ཐང་བླ་མེད་ཅིག་ཡོད་པ་ག་ལ་ཤེས་སྲིད། དེ་ནི་བློ་སེང་གཅིག་པུས་ནོར་འཁྲུལ་མ་རེད་ལ། ཁོས་ལས་ཀ་མ་བྱས་ཀྱང་། དེ་ལའང་ལས་ཁག་ཅང་འགེལ་མི་ཆོག དེ་ནི་བློ་སེང་ལ་ཤེས་འཇོན་མེད་པས་ཡིན་པ་ལས་མ་བྱས་པ་མིན་ཡང་སྲིད། གཞན་བློ་སེང་གིས་གཞན་གང་གིས་ཀྱང་བྱེད་མི་ཐུབ་པའམ་བྱས་མ་མྱོང་བའི་ལས་ཀ་མང་པོ་ཞིག་བྱས་ཡོད་དེ། བློ་སེང་གཞོན་དུས་སུ་ཁམས་པ་ཡིན་ཟེར་བའི་བོད་མིའི་ཚོགས་སྡེ་ཆུ་བཞི་སྒང་དྲུག་ནང་འཛུལ་ནས་ཆུ་སྒང་གསར་རྙིང་གཉིས་ཞེས་ཁ་བྲལ་བྱེད་པར་ནུས་པ་མི་དམན་པ་བཏོན་ཡོད་ལ། བཏོན་པ་ནང་བཞིན་འགྲུབ་ཀྱང་ཡོད་པ་རེད། བློ་སེང་དར་མིའི་དུས་སྐབས་འདིར་ཁོས་མི་ལོ་དྲུག་གི་རིང་ལ་བོད་མིའི་སྒྲིག་འཛུགས་འདི་ཁ་འཐོར་དགུ་འཐོར་གཏོང་བའི་བྱ་ལས་མང་པོ་ཞིག་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་འདི་ཡང་མངོན་འགྱུར་མི་ཡོང་བའི་ངེས་པ་མི་འདུག་ལ། འདི་ཡང་གཅིག་བྱས་ན་ལས་ཀ་ཡག་པོ་ཡིན་སྲིད་དེ། རྒྱུ་མཚན་དང་གནས་ལུགས་བརྡར་བར་སྤྲོ་བའི་མི་ཚོགས་ཤིག་དང་། དེ་ལྟར་ཡེ་ནས་མི་དགའ་བའི་མི་ཚོགས་གཉིས་གཞི་གཅིག་ཏུ་སྡོད་མི་ཐུབ་པ་གསལ་བོ་རེད། དེས་སྟབས་བོད་པའི་གཏམ་དཔེར་མི་མཐུན་བཟའ་ཚང་འཐོར་ན་དགའ་ཞེས་པའི་སྐད་ཆ་དེ་དང་ཡོངས་སུ་མཐུན་པོ་འདུག བློ་སེང་རྒན་པའི་དུས་དེར་ཁོས་ཅི་ཞིག་ཁ་འཐོར་བྱ་རྒྱུ་ཡིན་ནམ། དེ་ནི་སྐབས་ཐོག་དེར་བལྟ་དགོས་པས་རེ་ཞིག་བཞག་འཇོག མདོར་ན་བློ་སེང་ལ་སྲིད་སྐྱོང་སྟེ་བོད་མིའི་འགོ་ཁྲིད་བྱེད་པའི་འོས་བབ་འདུག་གམ། འགོ་ཁྲིད་ཅིག་ཡིན་ན་དམངས་རྣམས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་གྱིས་རུ་འདྲེན་བྱེད་དགོས་པ་ལས། ནང་ཁུལ་དཔུང་སྒྲིག་འཐེན་ཁྱེར་དང་། ཕྱོགས་ཞེན་རིས་གཅོད་ཀྱིས་དམངས་སེམས་འཁྲུགས་པར་བྱེད་པ་ནི་འགོ་ཁྲིད་ཅིག་གི་བྱ་ལས་ག་ལ་ཡིན་སྲིད་དེ། གཏན་ནས་ཡིན་མི་སྲིད། ད་ནི་བློ་སེང་། ག་ལེ་རྡ་ས་ནས་ཨ་རིར་ཕྱིར་ལོག་གིས་ཉིད་ཀྱི་ཁང་རིན་གཙང་བཟོ་བྱོས་ཤིག དེ་ཙམ་གྱི་འཇོན་ཐང་ཡོད་འགྲོ། ཁྲིམས་ལུགས་ཐད་ཀྱི་འབུམ་རམས་པ་མ་རེད་པས།

བསམ་ཚུལ།

Post navigation

Previous Post: སྐད་གྲགས་ཆེ་བའི་རྡ་སའི་དམངས་གླུ།
Next Post: ཟླ་བའི་འོག་གི་སྙན་ཚིག

Comments (18) on “བློ་སེང་ལ་ངོ་རྒོལ་བྱེད་པ་ནི་དོན་དུ་བོད་མིའི་སྒྲིག་འཛུགས་སྲུང་སྐྱོབ་བྱེད་པ་ཡིན།”

  1. རྟུལ་ཕོད། says:
    2017-12-16 at 3:11 pm

    རྩོམ་ཐུང་ཞིག་ལས་མེད་ཀྱང་དོན་གནད་མང་པོ་འདུག བཀའ་དྲིན་ཆེ། པས་ཡག་པོ་བྲིས་འདུག

  2. མྱི། says:
    2017-12-16 at 6:58 pm

    གཟུར་གནས་ཀྱི་དམངས་གླུ།

    སྤེན་ཚེའི་ཕྱོགས་གཏོགས་ཚང་མར།།
    ཕྲག་དོག་ནད་ཀྱིས་མནར་འདུག །
    ནད་དེ་མནར་བའི་མི་ལ།།
    བཟང་ངན་དབྱེ་འབྱེད་མི་ཤེས།།

    མི་གསོད་ལག་དམར་ཞིག་ལ།།
    བཟང་པོ་ཡིན་རབས་གླེང་སོང་།།
    ཉེས་ཅན་བཟང་དུ་རློམ་པ།།
    གླེན་པ་མིན་ན་གང་རེད།།

    སྤྲུལ་སྐུ་བསད་པའི་བདེན་དཔང་། །
    རྒྱ་གར་དམངས་ཁྲིམས་ནང་དུ།།
    ཁྱོ་ཤུག་འཕྲོག་རྐྱེན་གྲོངས་ན།།
    མི་བསད་ཉེས་པར་བགྲང་ཡོད།།

    བླ་མའི་ཐུགས་སེམས་དཀྲུགས་པས།།
    ལས་གནས་ཤོར་བ་ཡིན་པར།།
    རྒྱལ་ཁམས་ཀུན་གྲགས་ཡིན་ན།།
    ངན་ཁག་གཞན་ལ་མ་དཀྲི།།

    ཚིག་པ་ཐང་ལ་ཟ་ནས།།
    ལྕག་ཚན་རྟ་ལ་མ་གཞུ།།
    སྲིད་སྐྱོང་བློ་བཟང་སེང་གེར།།
    ཐུགས་ཁག་ལ་ནས་མེད་དོ།།

    ཆོལ་ཁའི་ཕྱོགས་རིས་ཅན་ལ།།
    ཞེན་པ་གཏིང་ནས་ལོག་སོང་།།
    མི་དེའི་ཁོག་པའི་ནང་དུ།།
    སྐྱག་པ་མ་གཏོགས་མི་འདུག།

    སྣ་ནས་དྲི་ངན་བྲོ་གིན།།
    ཁ་ནས་ངན་སྐྱུག་ལུད་གིན།།
    ཅོལ་ཆུང་ཅལ་འདྲོགས་ཅན་ཚོ།།
    ཁོང་ཚོའི་རྗེས་སུ་མ་འབྲངས།།

    ཨ་མདོར་དཔོན་ཞིག་དགོས་ན།།
    ཙོང་ཁའི་ལྷ་མོ་དོན་གྲུབ།།
    འཛམ་བུ་གླིང་གི་ནོར་བུ།།
    དཔོན་པོ་མིན་ན་གང་རེད།།

    མདོ་སྨད་རྗེ་བོ་དགོས་ན།།
    པཎ་ཆེན་བཅུ་པ་ཆེན་པོ།།
    འཛམ་གླིང་མི་ཡི་ཉི་མ།།
    རྗེ་བོ་མིན་ན་གང་རེད།།

    ད་དུང་གཞིས་བྱེས་གཉིས་སུ།།
    མཛངས་མི་མང་པོ་འདུག་པས།།
    སྤེན་ཚེ་ནག་རིལ་ཁོ་ལ།།
    བློ་ཡིད་འཕྲེང་དོན་མི་འདུག །

  3. མྱི། says:
    2017-12-16 at 7:23 pm

    མདོ་སྨད་དགུང་སྔོན་དབྱིངས་སུ།།
    རྒྱལ་པཎ་ཉི་ཟླ་ཟུང་ལ།།
    མཛངས་མི་སྐར་ཚོགས་ཁྲ་མོས།།
    དཀྱིལ་དང་མཐའ་ནས་བསྐོར་འདུག།

    དགུང་སྔོན་བོད་ཀྱི་མཛེས་རྒྱན།།
    ཤེས་རིག་འོད་སྣང་འཚེར་སོང་།།
    སྤེན་ཚེ་དུ་བ་མཇུག་རིང་།།
    ཤར་དང་མ་ཤར་མི་འདུག།

  4. ཨ་འབར་འཇིགས་དབང། says:
    2017-12-16 at 9:47 pm

    ༄༅། སྨད་ན་རྒྱ་ལ་སྨད་དང་ཕ་ས་ཕ་ཡུལ་འཕྲོག་སོང།།
    རྩོད་ན་རྒྱ་ལ་རྩོད་དང་རིག་གནས་རྩ་མེད་བཏང་སོང།།
    མི་དགའ་དགྲ་ལ་སྟོན་དང་གཏེར་བཏོན་སྟོང་པ་བཟོས་སོང།།
    མ་སྨད་མ་སྨད་གཞན་ལ་མ་སྨད་རིག་གནས་རང་ལ་ཡོད་ན།།
    བསྟོད་དང་བསྟོད་དང་གཞན་ལ་བསྟོད་དང་དམའ་ས་རང་གི་བཟུང།།
    འདི་ནི་བཟང་སྤྱོད་ལྡན་ཞིང་ནང་པའི་ཆོས་དང་མཐུན་པ་ཡིན་།།

  5. དགོན་པ་ཚང་ དར་རྒྱས་ says:
    2017-12-16 at 10:03 pm

    སྨྱི་ལགས་མིང་ནོར་འདུག་ཁྱེད་ཀྱི་མིང་ལ་སྨྱོ་རེད་འདུག
    ཁྲིམ་མེད་ལུང་མེད་གྱི་ལུང་པ་ག་པར་སྤེན་ཚེ་མི་བསད་་པ་རེད་
    སྤེན་ཚེ་གཙོན་ལ་མི་འགྲོ་བར་ཁྱེད་རང་དང
    བློ་སེང་བཙོན་ལ་འགྲོ་ཡོང་

  6. ཁ་ཕྱོགས་མེད། says:
    2017-12-16 at 11:07 pm

    ཧལ་བ་སློབ་གླིང་འཛམ་གླིང་ཡོངས་ལ་གྲགས། །
    དེར་ཞུགས་སློབ་མ་ཕལ་ཆེར་མཁས་དབང་ཉིད། །
    བློ་བཟང་སེང་གེ་དེ་དང་འདྲ་ནི་མིན། །
    མིན་པའི་རྒྱུ་མཚན་འདྲ་མ་འདི་འདྲ་ཡོད། །

    རྣམ་དཔྱོད་ལྡན་པའི་མི་རྣམས་ཡིག་རྒྱུགས་ཀྱི། །
    རྩེར་སོན་པ་རྣམས་སློབ་གླིང་དེ་ལ་ཞུགས། །
    བློ་བཟང་སེང་གེ་རྒྱལ་ཁོངས་མེད་པ་ཡི། །
    དམིགས་བསལ་ཞབས་སྟེགས་ཐོག་ནས་འཛུལ་བ་ཉིད། །

    སློབ་གླིང་ཕལ་ཆེར་ཐོག་མར་འཛུལ་བ་དཀའ། །
    ཞུགས་པའི་མཐའ་མ་ལག་འཁྱེར་མ་ཐོབ་པ། །
    རྐྱེན་ངན་བར་ཆད་འཕྲད་པ་མ་ཡིན་ན། །
    མེད་པ་འདྲ་བ་ཀུན་གྱིས་ཤེས་གསལ་རེད། །

    ཧལ་བ་སློབ་གྲྭའི་སློབ་མ་ཕལ་ཆེར་དང་། །
    བོད་ཀྱི་བློ་བཟང་སེང་གེ་འདྲ་ནི་མིན། །
    རང་རྐང་ཐོག་ཏུ་རང་ཉིད་བགྲོད་པ་དང་། །
    གཞན་གྱིས་ཁུར་ནས་སླེབས་པ་འདྲ་ནི་མིན། །

  7. བློ་བཟང་། says:
    2017-12-17 at 1:21 am

    སྲིད་སྐྱོང་བློ་སེངའཁོར་ཚོགས་རྣམས། །
    རྫུན་ཁྲམ་ཐོགས་པ་མི་མངའ་ཞིང་། །
    སྲིད་དབང་སྒེར་གཅོད་མཐུ་བཙན་པས། །
    རྒྱ་མིས་འཐབ་ཇུས་བཏིང་བ་བཞིན། །
    ཁམས་རིགས་དོལ་ཚོགས་དར་བ་དང་། །
    བོད་མིའི་སྒྲིག་འཛུགས་འཐོར་གྱུར་ཅིག །
    སྐྱབས་བཅོལ་བོད་མི་ཐམས་ཅད་ཀྱི། །
    ངོ་རྒོལ་ཁྲོམ་སྐོར་བཟློག་ཏུ་གསོལ། །
    བྱ་སྤུའི་སྒྲིག་འཛུགས་ངན་པ་ཟློག །
    ཁྲིམས་དང་སྒྲིག་གཞི་ངན་པ་ཟློག །
    སྒེར་རྩོད་བསམ་སྦྱོར་ངན་པ་ཟློག །
    ལྟས་ངན་གདན་ཐོབ་གྱ་གཅིག་ཟློག །
    ཨ་སྒོར་ས་ཡ་གཅིག་ཕྱེད་ཟློག །
    སྐྱག་རྫུན་སུམ་བརྒྱ་དྲུག་ཅུ་ཟློག །
    གཡོ་འཕྲུལ་བཞི་བརྒྱ་རྩ་བཞི་ཟློག །
    ཧམ་བཤད་སྟོང་ཕྲག་བརྒྱད་ཅུ་ཟློག །
    ཚུལ་མིན་རང་ཤེད་རྣམ་བརྒྱད་ཟློག །
    མཚན་གྱི་ཟ་རོགས་སྐལ་རྡོར་ཟློག །
    ཉིན་གྱི་ཉལ་རོགས་ཟླ་སྒྲོན་ཟློག །
    དངོས་ཚེ་གཤེད་དུ་བསྐོས་པ་ཟློག །
    དམངས་ལ་མགོ་སྐོར་གཏོང་བ་ཟློག །
    བླ་མར་དབུ་སྐོར་ཞུས་པ་ཟློག །
    གཡུ་ཐོག་སྲོག་རླུང་འཕར་བ་ཟློག །
    ཧེབ་དང་ཟ་རྔམ་ལངས་པ་བཟློག་ཏུ་གསོལ། །

    ཞེས་གཙུག་ཏོར་གདུགས་དཀར་ལ་བརྟེན་པའི་ཟློག་པ་འདི་གྲུབ་ཆེན་ལས་ཀྱི་ཐལ་སྙིགས་པས་སྦྱར་བའོ

  8. འབའ་ཀུན་དགའ། says:
    2017-12-17 at 8:20 am

    བཟློག་རིང་མ་དེ

  9. དགེ་འདུན་རྒྱ་མཚོ། says:
    2017-12-18 at 12:46 am

    སུ་ལ་ངོ་རྒོད་བྱས་ན་བྱས།
    ཡ་བྱས་ལོང་མེད་དོ།།

  10. ཀརྡོ་རབ་འབྱམས་པ་ says:
    2017-12-18 at 2:16 am

    བློ་སེང་གྲོགས་པོ་སྐལ་རྡོར་གྱིས། ༸གོང་ས་མཆོག་གི་སྐུ་པར་མར་ཕབ་ནས། བློ་སེང་སྲིད་སྐྱོང་གི་པར་ཡར་བཀལ་བ་རེད། ཟེར་བ་དེ། བདེན་པ་ཡིན་ན། སྐལ་རྡོར་གདོང་ལ་མགྲམ་ལྕག་ཚ་ཐག་གཅོད་ཅིག་ཞུ་དགོས་རེད་དོ།།

  11. གཅོད་པ་ཐར། says:
    2017-12-20 at 11:52 am

    ཁྱོད་ཚོས་ཚོགས་ས་ནོར་སོང་། ངོ་རྒོལ་བྱེད་ན་འདིར་འགྲོ་དགོས་རེད། རྒྱ་དམར་གཞུང་དང་རྒྱ་དམར་གྱི་དོལ་རྒྱལ་ལ་ངོ་རྒོལ་བྱེད་དགོས།ང་ཚོའི་རྒྱལ་ཁབ་རྒྱ་དམར་གྱིས་བཙན་བཟུང་བྱས་པའི་དུས་སྐབས་འདིར། ཁྱེད་ཚོས་འདི་འདྲས་བྱས་ན་ཁྱོན་ནས་ཡག་པོ་མི་འདུག།གལ་སྲིད་ང་ཚོ་བོད་མི་ཚོར་རྒྱལ་ཁབ་ཡོད་པ་དང་གནས་ལུགས་ཡོད་ན་ངོ་རྒོལ་བྱེད་པ་མ་ཚད་མེ་མདའ་འཁུར་ཆོག་པ་རེད།ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོ་དང་ཨ་རིའི་སྲིད་གཞུང་གི་ལས་ཁུངས་རིམ་པའི་ནང་ལས་བྱེད་མཐོན་པོ་མང་པོ་འཕོ་འགྱུར་གཏོང་གི་ཡོད། དེ་ལ་ཨ་རིའི་ཆབ་སྲིད་ཚོགས་པ་དང་མི་དམངས་ལྷན་ཚོགས་ངོས་ནས་ངོ་རྒོལ་དང་རྔམ་སྟོན་ཁྲོམ་སྐོར་བྱས་མ་སོང་།བོད་པ་ཚོས་དོགས་གནད་ཡོད་ན་བོད་ཀྱི་གྲོས་ཚོགས་དང་བོད་གཞུང་ལ་འབྲེལ་བ་བྱེད་དགོས་པ་དང་། མཐའ་མ་ཁྲིམས་ཁང་ནང་ལ་འགྲོ་དགོས། ངོ་རྒོལ་དང་རྔམ་སྟོན་ཁྲོམ་སྐོར་མ་བྱེད་རོགས།

  12. གྲགས་པ། says:
    2017-12-20 at 6:56 pm

    བློ་སངས་དམངས་གཞས། རྣ་བའི་བདུད་རྩི།

    གངས་ཅན་སྐྱིད་པའི་གཤོངས་དེར།།
    ཐལ་བ་འཚུབ་སེ་བཏང་ནས།།
    སྲིད་སྐྱོང་ཛེ་མ་ར་མགོ།།
    ཡར་མར་ཀུན་ལ་རྒྱུག་གི།

    སེ་རའི་སེར་དམག་བསྡུས་ནས།།
    འཐབ་པའི་གྲབས་ལ་འདུག་པ།།
    འདས་པའི་ལོ་རྒྱུས་ནང་ལ།།
    སེ་རའི་སེར་དམག་བཙན་ནོ།།

    ཆག་འཇིག་འབྱུང་བའི་སྔ་ལྟས།།
    སེ་རའི་སེར་དམག་བཙན་པོ།།
    ལྷ་སའི་གླིང་ལ་རྒྱུག་ནས།།
    སྡེ་བ་གཞུང་དང་འཐབ་པོ།།

    ཏན་ཏན་ཆོས་ལྡན་ཞིང་གི།
    ལྷ་དང་སྲུང་མ་འཁྲུག་ཏེ།།
    རྒྱ་དམག་འགོག་པའི་བྱིན་མཐུ།།
    རེ་ཞིག་ཉམས་དོན་དེ་ཡིན།།

    དེང་ཡང་བོད་མིའི་བསོད་ནམས།།
    ཟད་པའི་དུས་ལ་སླེབས་བཞག།
    ཁྱི་ལ་རྣ་ཙོར་གསོལ་ནས།།
    གསེར་ཁྲིའི་སྟེང་ལ་སླེབས་པ།།

    མི་མང་ཞེ་ཐག་ཆད་སོང་།།
    གཞུང་ཞབས་ཁོ་ཐག་ཆད་སོང་།།
    གཞུང་མང་གཉིས་ཀར་འགལ་དུས།།
    སེ་རའི་སེར་དམག་བསྡུས་བྱུང་།།

    ད་ཡང་ལྟས་དང་མཚན་མ།།
    ཅི་ཞིག་འབྱུང་རྒྱུ་ཡིན་ནམ།།
    དོལ་འདྲེ་འགོང་བོའི་ལག་སྦྲེལ།།
    སྲིད་སྐྱོང་ཁོ་རེས་བྱས་སོང་།།

    ཡག་པོ་དྲག་མོ་འགུ་ལེ།།
    ཟེར་བཞིན་ཁམས་པས་སྐྱོར་ཁུལ།།
    དོན་དུ་དགྲ་བོའི་ལས་དོན།།
    བཙན་བྱོལ་ནང་ལ་སྒྲུབ་བྱུང་།།

    ཆོས་ལྡན་རྒྱལ་ཁམས་འདི་ལ།།
    ནང་དགྲའི་འཇིག་པ་སེལ་བའི།།
    དཀར་ཕྱོགས་སྐྱོང་བའི་ལྷ་ཚོགས།།
    ཡོད་ན་ཕེབས་རན་འདུག་གོ།

    སེ་ར་ཐག་ཆེན་གླིང་དུ།།
    མཁས་མང་བརྗིད་ཀྱིས་བཞུགས་ཡོད།།
    ཞབས་འདྲེན་ཞེན་ཁོག་ཅན་ཚོས།།
    གཟན་ཤམ་སྐེད་པར་དཀྲིས་སོང་།།

    དཔེ་ནག་གླིང་ལ་འཇོག་པའི།།
    སྐྱ་སེར་ལན་གཅིག་འཐབ་པར།།
    སྲིད་སྐྱོང་དམག་སྣ་འདྲེན་མཁན།།
    ཆོས་ལྡན་བོད་ལ་བྱུང་བཞག།

    རྭ་སྒྲེང་དགོན་པའི་སེར་དམག།
    ལངས་པས་རྭ་སྟག་དོན་རྐྱེན།།
    སེ་རའི་སེར་དམག་ལངས་པས།།
    རྒྱལ་ཁབ་ཤོར་བའི་གོད་ཆག།

    འདས་པའི་ལོ་རྒྱུས་ཁྲོད་ན།།
    བཀྲ་ཤིས་སྣ་ནག་རེ་རེ།།
    དེང་གི་བདུད་བློན་འདི་ཡང་།།
    མ་འོངས་ལོ་རྒྱུས་སྐྱུར་མོ།།

    ཨ་རི་ཡོ་རོབ་བསྐོར་ནས།།
    རྒྱབ་དཔུང་བཙལ་ཐབས་བྱས་ཀྱང་།།
    རྙེད་པའི་རེ་བ་བྲལ་ནས།།
    སེ་རའི་གླིང་ལ་སླེབས་ཡོད།།

    ཡིག་རྨོངས་ཁམས་པ་རེ་འགས།།
    བསྟོད་པའི་སྙན་ཚིག་བྲིས་ནས།།
    སེ་རའི་ལྡེབས་ལ་སྦྱར་བས།།
    བློ་ལྡན་གད་མོ་འཆོར་སོང་།།

    སྲིད་སྐྱོང་སྤྲེའུ་འདྲ་བོ།།
    སྒྱུ་མའི་གར་ལ་བྲེལ་དུས།།
    ཡིག་རྨོངས་སྤྲེའུ་ཕྲུག་དག་གིས།།
    རྐུབ་དམར་མང་ལ་བསྟན་སོང་།།

    ཁྱི་རྒན་རྣ་ཙོར་དེ་ཡིས།།
    གཡུ་རལ་གསིག་འདོད་མ་གནང་།།
    ཁྱི་དང་སེང་གེའི་དབྱེ་ཐག།
    ཆོད་པའི་དུས་ལ་བབ་བཞག།

    དེང་གི་མང་གཞས་ནི་སྣ་ལ་སྙན་པ་ཙམ་དུ་མ་ཟད། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པས། སྤྱི་ཚོགས་ཁྲོད་དུ་དར་ཁྱབ་ཤིན་ཏུ་ཆེ། དེའི་ཕྱིར་མ་འོངས་པའི་ལོ་རྒྱུས་ལ་དཔྱད་གཞིའི་ལེགས་སྐྱེས་དབུལ་ཕྱིར། དམངས་གཞས་འདི་ཉིད། སུའི་ལག་པར་བྱུང་ཚེ་ཁ་སྣོན་བྱ་རྒྱུ་ཙམ་དུ་མ་ཟད། སྡེབ་སྦྱོར་དང་དག་ཆར་གང་གཟབ་གནང་གལ།

  13. ཁ་ཕྱོགས་མེད། says:
    2017-12-20 at 11:11 pm

    སྲིད་སྐྱོང་ཁོག་པའི་ནང་ན། །
    འགུལ་བའི་སེམས་ཤིག་ཡོད་ན། །
    མི་ལོ་དྲུག་ཅུར་འབད་པའི། །
    ལས་དེ་ཐལ་བར་མ་གཏོང་། །

    དད་པ་ཁོག་ན་མེད་རུང་། །
    བཀའ་དྲིན་སེམས་ལ་ངེས་ནས། །
    ༧གོང་ས་མཆོག་གི་མདུན་ནས། །
    གཡོ་སྒྱུ་ཁྲམ་གསུམ་མ་བྱེད། །

  14. ཀརྨ་རྡོ་རྗེ། says:
    2017-12-20 at 11:53 pm

    བློ་སེང་སྲིད་སྐྱོང་གིས།
    ་
    བློ་སེང་སྤེན་ཚེར་གནོད་པར། །
    རྒྱ་གཞུང་དགའ་བའི་རྒྱུ་རེད། །
    ་
    སྤེན་ཚེ་ལས་མེད་བཟོས་པར། །
    དགྲ་དགའ་གཉེན་སྡུག་རེད་དོ། །
    ་
    ཚོགས་ཟུར་ཨ་མདོར་སྡང་།

  15. རྒྱ་མཚང says:
    2017-12-20 at 11:56 pm

    གཅོད་པ་ཐར་ལགས་
    ཉེ་བའི་འཆར་མང་ཚོགས་ཀྱི་ངོ་རྒོལ་དེ་རང་མི་རིགས་ཀྱི་བཟང་སྤྱོད་དང་དབུས་བོད་མི་སྒྲིགས་འཛུགས་ཀྱི་ཆེད་ཐོང་ལྷག་པར་དུ་རིང་ནས་ཕུགས་སེམས་ཀྱི་གནར་བའི་གསེར་ཞུ་བ་རྒན་འཕྲད་ཚོའི་གོམ་གང་མདུན་འཕོད་གྱི་ཀྱང་པའི་བླ་ན་མེད་སྒྲིག་འཛུགས་འདི་སེམས་ཐོར་ནུས་ཐོར་དུ་གཏོང་བར་མི་བཟོད་པར་བརྟན་མང་ཚོགས་ཀྱི་ངོ་རྒོལ་བྱས་པ་དེ་ནི་འོས་ཞིང་མཚམ་པ་ཞིགས་རེད། དེ་ན་དཔོན་ངན་གང་དུ་ཡོད་པ་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ་ནི་སེམས་པ་ཕྱོགས་རེར་བ་ཅན་མ་ཡིན་པའི་རྣམ་དཔྱོད་ཅན་གྱི་མི་ཚོས་ཁྱན་གསལ་རེད་ལར་ནས་ང་ཚོའི་སྒྲིགས་འཛུགས་ཁ་ཐོར་གཏོང་མཁན་གང་ཟག་རྒྱ་བོད་སུ་ཡིན་ཡང་ང་ཚོས་ངོ་རྒོལ་བྱེད་རྒྱུ་ཡིན་།

  16. མཁར་སྟོད། says:
    2017-12-21 at 11:01 pm

    བློ་སེང་གིས་བོད་རྒྱལ་ཁབ་ཆེན་མོའི་ལོ་རྒྱུས་ནག་བསུབ་བཏང་བ་ཐེངས་གཅིག་ཙམ་མིན། དེའི་ཆ་ནས་ཀྱང་བློ་སེང་བཟང་སྤྱོད་ཐོག་ནས་སྲིད་སྐྱོང་ནས་དགོངས་ཞུ་བྱེད་དགོས།

  17. ཀརྨ་རྡོ་རྗེ། says:
    2017-12-23 at 12:14 am

    ད་ང་ལ་དྲ་བདག་ཚོས་དགའ་པོ་རང་བྱེད་བགྱིད་མེད་པ་འདྲ། རྒད་པོ་མཆན་རྒན་ནས་ཕྱིར་ནུར་བྱས་ན་བཟང་བ་འདྲ། ཧ་ཧ།། །།

  18. དྲན་དཀར་དཔལ་ཡོན་ says:
    2017-12-25 at 4:36 am

    ཁ་བྱང་ལྟར་ན། ཞིན་ཆིན་ཕིང་ལ་ངོ་རྒོལ་མེད་པར་སྲིད་སྐྱོང་ངོ་རྒོལ་བྱེད་པ་ནི་རྒྱ་ནག་གཞུང་སྲུང་སྐྱོབ་མི་བྱེད་བསམས་ཡིན་ནམ། དག་ཡིག་ཚོགས་པ་ནི་ཕལ་ཆེར་རྒྱ་མི་འདྲ་མོ་རེད། ཕ་མ་ལ་ངོ་རྒོལ་བྱས་ན་ཁྱིམ་སྲུང་སྐྱོབ་ཡིན་འགྲོ དག་ཡིག་ལ་མཁས་པའི་རྣོ་ནི་དམར་སྲུང་དམག་མི་འདྲ་མོ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme