Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་སེང་གི་སྐོར་ལ་ཟམ་གདོང་རིན་པོ་ཆེའི་གསལ་བཤད་།

Posted on 2011-02-272011-02-27 By ཁ་བརྡ་ 15 Comments on བློ་སེང་གི་སྐོར་ལ་ཟམ་གདོང་རིན་པོ་ཆེའི་གསལ་བཤད་།

གསར་འགྱུར།

Post navigation

Previous Post: ཤིས་ཚིག་བཀྲ་ཤིས་འཁོར་ལོ་མ།
Next Post: བོད་སེམས་ཀྱི་ང་རོ།

Comments (15) on “བློ་སེང་གི་སྐོར་ལ་ཟམ་གདོང་རིན་པོ་ཆེའི་གསལ་བཤད་།”

  1. ཟླ་བ་ཆོས་འཛོམས། says:
    2011-02-27 at 5:30 pm

    བློ་སེང་སྐོར་ལ་བཀའ་ཁྲི་ཟམ་གདོང་གིས་གསར་བཤད་གནང་བ་འདི་དང་།བཀྲས་མཐོང་ལ་རྒྱབ་སྐྱོར་གནང་མཁན་ཚོས་བཀྲས་མཐོང་བཀའ་བློན་གནང་སྐབས་དངུལ་གྱི་རྩོད་རྙོག་སྐོར་ལ་བཀའ་ཤག་ལ་ཡིག་འབྲེལ་ཐེངས་གཉིས་བྱས་ཀྱང་ཡིག་ལན་ཞིག་མཐའ་མར་གནང་བའི་ནང་དུ་དེའི་སྐོར་༼བོད་མིའི་རང་དབང་གསར་ཤོག་༽གི་པར་ལོག་ཅིག་བསྐུར་ནས་དེ་ལ་ལྟོས་ཞེས་བཤད་འདུག།གཞན་ཡང་དེ་སྔོན་བཀའ་ཁྲི་ཟམ་གདོང་རྒྱ་གར་ལྷོ་ཕྱོགས་ལ་ཕེབས་སྐབས་མི་མང་ནས་དེའི་སྐོར་ལ་འདྲི་བ་དྲིས་པར་འོས་བསྡུའི་འགན་འཛིན་ལ་དྲིས་ཞེས་བཤད་འདུག
    འདི་ནས་བསམ་བློར་འཁོར་ཡོང་བ་ཞིག་ནི་བཀའ་ཁྲི་ཟམ་གདོང་གིས་༼བློ་སེང་ནག་པོ་འགྲོ་ཡ་ལ་གཉན་ཁ་ཞིག་ཡོད་བསྡད་པ་རེད༽ཟེར་ནས་གསར་བཤད་རིང་ཐག་གཅོད་ཅིག་གནང་འདི་དང་།བཀྲས་མཐོང་ལ་ཁ་ཡར་མར་ལ་གཡར་ཏེ་གསར་བཤད་མ་གནང་བ་གཉིས་བསྡུར་ན།བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་བྱེད་སྟངས་དེ་ཡང་ཆ་སྙོམས་པོ་ཞིག་མཐོང་མ་སོང་།གནད་འགག་བློ་སེང་ལ་སེམས་ཁྲལ་ཡོད་པ་དང་བཀྲས་མཐོང་ལ་སེམས་ཁྲལ་མེད་པ་འདི་གཉིས་ལ་བསམ་བློ་གཏོང་དགོས་པ་ཞིག་རེད་འདུག

  2. ཤེས་རབ་རིག་གྲོལ says:
    2011-02-27 at 6:10 pm

    ངས་སྐྱབས་འཇུག་ཞུས་པའི་སྐད་ཆ་དེ་ལ་ད་དུང་ཡང་བོད་གཞུང་གི་འབྲེལ་ཡོད་ལས་ཁུང་ཁག་ནས་ལན་གནང་མ་བྱུང་། དེ་རིང་ཡང་བསྐྱར་སྙན་ཞུ་དེ་ཕུལ་བ་ཡིན།
    __________________________________________________

    བློ་བཟང་སེང་གེའི་རྫབ་ཆེན་པོའི་སྐད་ཆ་དང་བོད་གཞུང་གི་འོས་འགན།
    ཤེས་རབ་རིག་གྲོལ།

    བཀའ་བློན་ཁྲི་པའི་འོས་མི་བློ་བཟང་སེང་གེ་མཆོག་གིས་༢༠༠༥ལོར་༼ཕྱིར་སྡོད་རྒྱ་མི།༽ཡིན་པ་ངོས་འཛིན་བྱས་ནས་རྒྱ་ནག་ནང་ཕྱིན་པ་དེ་བཞིན་ཟླ་གཉིས་པའི་ཚེས་༡༤ཉིན་དང་ཚེས་༡༥ཉིན་རྡ་རམ་ས་ལར་བློ་སེང་མཆོག་ནས་ཁ་གསལ་གྱིས་ཁས་ལེན་བྱས་ཡོད།¹
    ༢༠༡༡ ཟླ་༡ཚེས་༨ ཉིན་ཨ་མེ་རི་ཁའི་མེ་ནི་སོ་ཌར་གནས་ཚུལ་དེའི་ཐོག་དྲི་བ་དྲིས་པའི་ལན་དུ་ཁོང་གིས་གསུངས་པར་ཁོང་རྒྱ་ནག་དུ་འགྲོ་བའི་ལག་འཁྱེར་དེ་སྐུ་ཚབ་གཞན་ཚོ་ཕེབས་སྐབས་ཀྱི་ལག་འཁྱེར་དང་གཅིག་པ་རེད་གསུངས་ཡོད། གནས་ཚུལ་དེ་ནི་བརྙན་པར་ནང་ཁོང་རང་གི་དྲྭ་རྒྱའི་ནང་མཐོང་རྒྱུ་འདུག²

    ༢༠༡༡ཟླ་༢ ཚེས་༡༥ ཉིན་སླར་ཡང་ཟླ་བ་བློ་སྐྱིད་ཀྱི་དྲི་ལན་ལ་བློ་བཟང་སེང་གིས་སྐུ་ཚབ་ཚོ་དང་དེ་བཞིན་འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང་སོགས་ལག་འཁྱེར་ཤོག་བུ་དཀར་པོ་དེ་འཁྱེར་ཏེ་ཕྱིན་ཚུལ་བཤད་ཡོད།

    གནད་དོན་དེ་ནི་རྫབ་ཆེན་པོ་ཞིག་ཡིན་པ་དང་སྐུ་ཚབ་ཚོས་༼ཕྱིར་སྡོད་རྒྱ་མི་བྱས་ནས་༽ཕེབས་ཡོད་ན་ད་བར་བོད་དོན་བདེན་མཐའ་གསེལ་ཐབས་ལ་ཆ་རྐྱེན་ཡོད་པ་རྣམས་རྩེས་མེད་ཕྱིན་ཡོད།

    དེར་བརྟེན་བོད་གཞུང་ངོས་ནས་སྐུ་ཚབ་སུ་༼ཕྱིར་སྡོད་རྒྱ་མི་བྱས་ནས་༽ཕྱིན་པ་དང་། ག་དུས་ཕྱིན་ཡོད་མེད། ཡང་ན་སྐུ་ཚབ་སུ་ཡང་༼ཕྱིར་སྡོད་རྒྱ་མི་བྱས་ནས་༽ཕྱིན་མེད་ལུགས་སོགས་གནས་ཚུལ་ཁ་གསལ་ཞིག་གཞུང་འབྲེལ་གྱིས་ཕྱིར་བསྒྲག་གནང་དགོས་པར་མཐོང་གི་འདུག

    རྒྱུ་མཚན་ནི།

    ༡༽བློ་སེང་མཆོག་རྒྱ་སྤྱིའི་ཁྲིམས་ལུགས་ལ་མཁས་པ་ཡིན་པ་དང་། ཁོང་གིས་འབུམ་རམས་པའི་རྩོམ་དེ་ ༡༩༥༩ ནས ༢༠༠༤ བར་གྱི་བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་དང་དམངས་གཙོ་འཕེལ་རིམ་ཐོག་བྲིས་པ་རེད། དེར་བརྟེན་གནས་ཚུལ་ཁ་གསལ་ཤེས་ཀྱི་ཡོད་རེད།

    ༢༽ གནད་དོན་དེ་རྫབ་ཆེན་པོ་དང་། གནད་འགག་ཡོད་པ་བློ་སེང་གིས་ཧ་གོ་བ་དང་ཁྲིམས་ཐོག་ནས་ནག་ཉེས་ཡོད་མེད་གསལ་པོ་ཤེས་ཀྱི་ཡོད་རེད།

    ༣༽ འབུམ་རམས་པ་བློ་བཟང་སེང་གེས་གསུངས་པའི་སྐད་ཆ་དེ། ད་ཆ་བོད་མིའི་བཀའ་བློན་ཁྲི་པའི་འོས་མིའི་ནང་ཡོད་པའི་མི་ཞིག་གིས་བཤད་པའི་སྐད་ཆ་རེད། དེར་བརྟེན་སྐད་ཆ་དེ་ནི་སྣང་ཆུང་དུ་བཞག་མི་འོས་པར་མཐོང་གི་འདུག

    ༤༽ཁོང་དང་འོས་མི་གཞན་ཚོས་བཤད་པའི་སྐད་ཆ་དང་ལས་མྱོང་བའི་བྱ་རྣམས་བོད་མི་ཚོས་ཕྱི་གསལ་ནང་གསལ་ཤེས་དགོས་ཀྱི་ཡོད་པ་ན། དེ་ནི་དམངས་གཙོ་ལོངས་སུ་སྤྱོད་པའི་བརྒྱུད་རིམ་ནང་མེད་དུ་མི་རུང་བའི་ཆ་རྐྱེན་ཡིན་པར་འདོད།

    གཅིག་ནས། བོད་གཞུང་གིས་ད་ཆ་བོད་མི་ཚོར་གནད་དོན་དེའི་ཐོག་ཁ་གསལ་བཟོ་དགོས་པའི་དུས་ལ་སླེབ་འདུག

    གཉིག་ནས། ད་ལམ་བོད་གཞུང་གིས་བློ་བཟང་སེང་གེ་ལགས་ཀྱིས་བཤད་པའི་སྐད་ཆ་དེ་སྣང་མེད་དུ་བཞག་པ་དང་། གནད་དོན་ཁ་གསལ་བཟོ་མ་ཐུབ་པ་ཡིན་ན་ཉེས་པ་དེ་ཡང་བོད་གཞུང་དང་། བཀའ་ཤག དེ་བཞིན་འོས་བསྡུ་ལྷན་ཁང་ལའང་མི་ཡོང་བ་མི་སྲིད།

    གསུམ་ནས། ད་ཆ་བོད་གཞུང་འོས་བསྡུ་ལས་ཁུངས་ཀྱིས་འོས་མིའི་ནང་འོས་མི་ལངས་ཕྱོགས་ཐད་ཀྱི་ཆ་རྐྱེན་ཁག་ལ་བསྐྱར་ཞིབ་གནང་དགོས་པ་དང་། ༼ཕྱིར་སྡོད་རྒྱ་མི་༽བྱས་ཡོད་པའི་ལག་འཁྱེར་བླངས་མྱོང་བ་དང་རྒྱ་ནག་གིས་གཞུང་ཚབ་ཁང་གནང་ཕྱིར་སྡོད་རྒྱ་མི་ཡིན་པའི་ངོས་ལེན་བྱས་ཡོད་པའི་གང་ཟག་ཞིག་གིས་བཀའ་བློན་ཁྲི་པའི་འོས་མིར་ལངས་ཆོག་མིན་དེ་ལ་ཞིབ་བཤེར་གནང་དགོས་འདུག

    ______________________________________

    དཔྱད་གཞིའི་རྒྱུ་ཆ།

    ¹ བོད་ཀྱི་སྲིད་དོན་བསྐྱར་ཞིབ་དྲྭ་རྒྱ། (http://tibetanpoliticalreview.com/ )

    ཁ་བརྡ་དྲྭ་རྒྱ། (http://www.khabdha.org/?p=16641 )

    ²བློ་བཟང་སེང་གེའི་དྲྭ་རྒྱ་༼མི་ནེ་སོ་ཌར་དྲི་བ་དྲི་ལན་བྱས་པ།༽ (http://www.kalontripafortibet.org/videos13.aspx

  3. རིག་པའི་རྡོ་རྗེ། says:
    2011-02-27 at 6:50 pm

    རིན་པོ་ཆེ་གསུང་བཤད་ཀྱིས་བློ་སེང་ཕྱོགས་ནས་གསལ་བོ་ཆགས་སོང་།

  4. གངས་འདབས། says:
    2011-02-27 at 7:27 pm

    རིན་པོ་ཆེས་ཀྱིས་གསུངས་བར་བྱས་ན་བློ་སེང་རྒྱ་ནག་ལ་ཤེས་ལྡན་མི་སྣ་ཐུགས་པར་འགྲོ་རྒྱུ་དེ་ཡི་སྐོར་བཀའ་ཤག་ལ་ལབ་བཞག་གསུངས་འདུག
    རིན་པོ་ཆེས་ཀྱིས་བློ་སེང་གིས་༼ཕྱིར་སྡོད་རྒྱ་མི་བྱས༽ནས་ཕྱིན་སྐོར་གསུངས་མི་འདུག་ལ་ཆོག་མཆན་གྱི་སྐོར་གང་ཡང་གསུངས་མི་འདུག་དེར་བརྟེན་རིན་པོ་ཆེ་ཡི་གསལ་བསྒྲགས་དེ་མི་སུ་ཡིསབེད་སྤྱད་ནའང་དགེ་མཚན་ཆེ་བར་མི་མཐོང་།

  5. ཇ་མ་ says:
    2011-02-27 at 8:08 pm

    བློ་སེང་ལ་ཁ་ངན་བརྗོད་མཁན་ཚོའི་ཁ་ནང་ལ་བཀའ་བློན་ཁྲི་བའི་རྡོ་རྗེ་འདི་་་་་་་་་་་་་་་་་་་ok

  6. ཀརྡོ་རབ་འབྱམས་པ་ says:
    2011-02-27 at 8:40 pm

    ངས་བློ་སེང་ལགས་ལ་ཨ་རིའི་སློབ་སྦྱོང་ཚར་ནས་དུས་ཐོག་ལ་གཞུང་ཞབས་ཞབས་ཞུར་མ་ལོག་པའི་སྐོར་ངས་ཀྱང་སྐྱོན་བརྗོད་མཆན་བུ་བྲིས་མྱོང་བས། འདི་རིང་འདིར་སྒོ་སྐབས་བཟུང་ནས་དགོངས་དག་ཞུ་བགྱིན་ཡོད།
    ཡང་ཁོ་རྒྱ་ནག་ཕེབས་སྟངས་ཕེབས་ལུགས་ཕེབས་དགོས་གསུམ་ལ་རྒྱབ་སྐྱོར་གཙང་མ་བྱས་ཟིན་ལགས།
    འོན་ཀྱང་དུས་ཚོད་མ་རན་གོང་ལ་རང་བཙན་ལ་ངར་ཡོང་བསམས་ནས་ངས་མུ་མཐུད་ནས་བཀྲ་ཤིས་དབང་འདུས་ལགས་ཀྱིས་གཞན་གཉིས་དབང་འདུས་ཐུབ་པའི་རེ་བརྒྱག་བཞིན་ཡོད། དགེའོ། །

  7. ཀརྡོ་རབ་འབྱམས་པ་ says:
    2011-02-27 at 8:42 pm

    བརྒྱག་བཞིན་དེ། རྒྱག་བཞིན་བྲིས་ཞེས་དགོས་པ་འདྲ། ནོར་བཅོས་ཞུ།

  8. ཀརྡོ་རབ་འབྱམས་པ་ says:
    2011-02-27 at 9:00 pm

    བཀའ་ལན་གནང་དུས། བོད་ཕྲུག་ཚོའི་སྐད་ཐོས་རྒྱུ་ཡོད་པ་འདི་ནི་ང་ཚོས་རྒྱ་མིར་ངོ་ཚ་དགོས་པའི་བྱ་སྤྱོད་རེད། ངའི་མཆན་བུ་དང་མ་འདྲ་བར། གློ་བརྙན་ནང་ལ་ཡིག་ཆེན་ཐོག་ལ། སེམས་ཤུགས་ལ། སེམས་ཤོགས་ཞེས་བྲིས་ཐལ་ཤོར་བ་ཡང་ང་ཚོ་ངོ་ཚ་དགོས་པའི་གནས་སྟངས་ཅིག་མིན་ནམ། ལས་བྱེད་པ་ཚོས་ཅིག་སོམས་དང་།

  9. བསྟན་འཛིན་ཆེ་བཀྲ། says:
    2011-02-28 at 8:07 am

    རིན་པོ་ཆེ་ཡི་གསལ་བཤད་ཀྱིས་གསལ་བོ་ཆགས་སོང་བས། ཁ་བརྡ་དྲ་ཚིགས་ཚང་ལ་ཐུགས་རྗེ་ཆེ་གནང་།

  10. དིང་རྡོར་ says:
    2011-02-28 at 9:10 am

    ཟམ་གདོང་འདི་རྒྱ་མའི་ཉུག་མ་རེད་ཟེར་བ་ཡང་བདེན་པ་མིན་ནམ་སྙམ། དེ་ཡང་༢༠༠༨ལོར་བོད་ནང་རྒྱ་གཞུང་གིས་དྲག་སྤྱོད་ཚད་ལས་འདས་པ་བྱུང་བཞིན་ཡང་ཁོས་སྐད་འབོད་མི་ཆོག་པའི་བཀའ་གནང་། དེའི་འབྲས་བུར་ག་རེ་བྱུང་སོང་། ཐ་ན་སྐུ་ཚབ་འབྲེལ་བའང་གང་འཚམ་ཆད་སོང་ང་། ཡང་དེ་ནས་བདེ་སྲུང་བཀའ་བློན་བརྒྱུད་བོད་པ་ཚོས་བོད་ཀྱི་རྒྱ་དར་བསྒྲེངས་འཛུགས་མི་ཆོག་ཞེས་བཀའ་བཏང་། བོད་ནང་དམར་པོའི་རྒྱ་དར་གང་སར་ལྷབ་ལྷུབ་ཏུ་གཡོ་ཞིང་འདུག དེའི་མ་ཚད་ཁོས་མང་ཚོགས་དབུལ་པོ་དང་ལས་མེད་རྣམས་ཀྱི་དཀའ་ངལ་རྩ་བ་ནས་ཤེས་ཀྱི་མ་རེད། བཙན་བྱོལ་བོད་གཞུང་གིས་བཟོ་གྲྭ་དང་ཟ་ཁང་སོགས་ཚང་མར་མཉམ་ལས་སུ་བསྒྱུར་བས་ད་ཆ་བོད་ཀྱི་གསོལ་མགྲོན་སོགས་ཚང་མར་ནད་པ་ལིང་དང་རྒྱ་གར་བའི་ལས་བྱེད་ཀྱང་ཀྱང་མ་གཏོགས་བོད་པ་ཚུད་ཀྱི་མེད་པ་རེད། ༒ལྟོས་དང་ད་སྔོན་མ་བྱུང་མ་མྱོང་རྐུ་འཕྲོག་གི་གྱོད་གཞི་ཉིན་རེ་བཞིན་མང་དུ་འགྲོ་གིན་ཡོ་རེད། དེ་ཚོ་ཟམ་གདོང་བཀའ་ཁྲི་བྱས་རྗེས་མཛད་པ་ཆེ་ཤོས་རེད། ངོ་མ་མི་དེའི་སེམས་ནང་བོད་མི་མང་ཟེར་བ་ཞིག་གཏན་ཐག་ཆོད་རེད།

  11. མངའ་རིས་ཕོ་ཉ་ says:
    2011-02-28 at 9:10 am

    ཟམ་གདོང་རིན་པོ་ཆེའི་གསལ་བཤད་གནང་བ་དེར་དྲ་གྲོགས་མང་པོ་ཞིག་བློ་སེང་རྒྱ་ནག་ཏུ་ཕྱིན་པ་སྐོར་ལ་དོགས་པ་དང་བསམ་ཚུལ་མང་དག་ཅིག་དེ་ནས་ཤེས་ཐུབ་ཡོད།
    ད་དུང་ཕྱི་རྒྱལ་དོན་གཅོད་ཁག་ཏུ་ས་མིག་སྟོང་པ་ཡོད་པ་ཁག་ཅིག་ལ་རྒྱ་ཡིག་ཤེས་མཁན་བསྐོ་བཞག་གནང་སྟེ་རྒྱ་བོད་འབྲེལ་མཐུད་བཙུགས་སྐོར་ཅུང་ཙམ་གླེང་སོང་།
    དཔེར་ན་། ད་ལྟ་ཨ་རི་དུ་ཡོད་པ་རྒྱ་བོད་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལྟ་བུར་་་་་་་་་་་་་་་་་་་་་་

  12. སྐལ་བཟང་རྒྱ་མཚོ། says:
    2011-02-28 at 11:22 am

    དེང་རྡོར་ཞེས་པ་འདི་གཙོས་པའི་དྲ་གྲོགས་ཚོར་བསམ་པའི་སྐད་ཆ་ཞིག་བཤད་འདོད་སྐྱེས་སོང་།
    ང་ཚོ་ཚང་མས་སོ་སོའི་ལྟ་བ་དེ་ནོར་མེད་ལ་རྩིས་ནས་གཞན་གྱི་མི་གཞི་ལ་དམའ་འབེབས་བྱེད་སྟངས་འདི་
    ཡག་པོ་མ་རེད་ཞུ་རྒྱུ་ཡིན།
    ཏོག་ཙམ་སྣང་བ་མ་སོང་ན་ལམ་སེང་རྒྱ་མིའི་སོ་བ་རེད་ལབ་ན་ངོ་མ་ཡིད་སྐྱོ་ལེ་ལས་མ་འདས།
    ཟམ་གདོང་རིན་པོ་ཆེ་ཡང་རྒྱ་མིས་སོ་བ་རེད་ཟེར་གི
    དེ་འདྲ་སྐད་ཆ་འདི་བཤད་མཁན་ཁྱོད་གང་འདྲ་ཡིན་ན
    ཟམ་གདོང་རིན་པོ་ཆེ་བཟང་རུང་ངན་ངན་རུང་བོད་ཀྱི་ལོ་རྒྱུས་ནང་དུ་བོད་མི་མང་གིས་ཐད་ཀར་འོས་འདེམས་བྱེད་པའི་བཀའ་བློན་ཁྲི་པ་རེད། བཟང་རུང་ངན་རུང་ལོ་བཅུའི་བོད་མིའི་དབུ་ཁྲིད་བྱེད་པ་རེད། རྒྱལ་བ་རིན་པོ་ཆེ་གཙོས་པའི་བོད་བཙན་བྱོལ་གཞུང་གི་ཡིད་ཆེས་བློ་འགེལ་གྱིས་རང་གཞུང་གི་སྒྲིག་འཛུགས་ཕྱག་ལ་སྤྲད་གནང་བ་རེད། རྒྱ་ནག་གཞུང་གིས་ང་ཚོ་གཞུང་ཞིག་མ་རེད་ཟེར་ནས་མཐོང་ཆུང་བྱེད་ཀྱང་ང་ཚོས་ད་ལྟ་བར་དུ་ང་ཚོ་ལ་གཞུང་ཞིག་ཡོད་ཟེར་ནས་སྤོབས་པ་དང་བློ་ཡིད་བཅོལ་ས་བཟོས་པ་རེད། ང་ཚོས་རང་གི་དབུ་ཁྲིད་ལ་སྐྱོན་སྟོན་ན་འགྲིག་གི་རེད་དེ། ལམ་སེང་ཏོག་ཙམ་སྣང་བ་མ་སོང་ན་རྒྲ་མིའི་སོ་བ་རེད་ཟེར་ནས་ངན་སྨྲས་བྱེད་བྱད་བྱེད་ན་དེ་ངོ་མ་ཐབས་སྐྱོ་བོ་རེད། ཚང་མས་བསམ་བློ་རེ་གཏོང་རོགས། སྐུ་མཁྱེན

  13. གཞོན་ནུ་ཟླ་མེད། says:
    2011-02-28 at 11:49 am

    རེད་རེད། ད་ང་ཚོ་དོགས་པ་ཆེ་དྲག་འདུག ཟམ་གདོང་རིན་པོ་ཆེ་རྒྱ་མིའི་སོ་བ་རེད་ཟེར། ཡང་ཀརྨ་པ་རྒྱ་མིའི་སོ་བ་རེད་ཟེར། ཡང་བློ་བཟང་སེངྒེ་རྒྱ་ནག་ཏུ་ག་འདྲས་སོང་པ་རེད་ཟེར་བའི་བཟོ་འདྲ་བོ། ཁོང་གི་འགྲོ་སོང་དེ་ག་བ་ནས་ཡོང་གི་ཡོད་པའི་བཟོ་འདྲ་བོ། ཚང་མ་ང་ཚོ་དོགས་པ་ཆེ་དྲག་པའི་སྐྱོན་ཞིག་མཐོང་གི་འདུག གོང་དུ་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེས་གསལ་བཤད་གནང་པ་ལྟར། བློ་བཟང་སེང་གེ་གནས་སྟངས་ག་འདྲ་ཞིག་གི་འོག་ནས་རྒྱ་ནག་ལ་ཕྱིན་པ་དང་། དེ་བཞིན་དུ་སློབ་མཐར་ཕྱིན་རྗེས་མུ་མཐུད་ཨ་རིར་བསྡད་པ་སོགས་གནས་སྟངས་གང་འདྲ་ཞིག་གི་འོག་ནས་བསྡད་མིན་སོགས་གསལ་བོ་ཆགས་སོང་། བློ་བཟང་སེང་གེ་ལགས་ལ་མུ་མཐུད་ཤུགས་རྒྱག་རོགས་ཞུ་ཡ་ཡིན།

  14. དིང་རྡོར། says:
    2011-03-01 at 2:36 am

    སྐལ་བཟང་རྒྱ་མཚོ་ལགས་སུ། ངས་སེམས་བཟས་ནས་ཟམ་གདོང་ལ་སྨྱོན་འཛུགས་བྱེད་ཀྱི་མེད། ཟམ་གདོང་གིས་གནང་ལུགས་གནང་སྟངས་དེ་མི་མང་བསམ་བློ་བཏང་གི་མིན་འདུག ད་ལྟ་ཟམ་གདོང་གི་རྐུབ་སྟེགས་དེ་ཕལ་པ་ཞིག་ཁྱོན་ནས་མ་རེད། དེའི་ཕྱིར་གསལ་བཤད་གནང་རྒྱུ་ཡོད་ན་འོས་བསྡུའི་སྒྲིག་གཞི་བཞིན་འོས་བསྡུ་ལྷན་ཁང་བརྒྱུད་གསལ་བཤད་གནང་དགོས་ཀྱི་རེད། དེ་མིན་ཁོང་གསང་བར་གྱི་རྒྱུག་ཁྱི་བཞིན་སྐད་ཆ་འདྲ་བཤད་བསྡད་ཏོག་ཙམ་འགྲིག་གི་མིན་འདུག མ་ཟད་ངའི་དྭོགས་པ་ཆེ་དྲགས་པ་མ་རེད། དེ་སྔོན་ཐེ་ཝེན་གྱི་དམག་དཔོན་ཆེན་མོ་ཡང་དཔེ་མཚོན་རེད། 

  15. ཀརྡོ་རབ་འབྱམས་པ་ says:
    2011-03-02 at 7:06 am

    བཀའ་ཁྲི་གཟབ་གདོང་སྐུ་ཚེ་ཡུན་བརྟན་ཤོག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (64)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (53)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (27)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme