Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་སེང་གི་བྱ་སྤུ་གནོན་མི་ཤེས་ན་འདི་རེད།

Posted on 2017-12-302017-12-30 By ཁ་བརྡ 14 Comments on བློ་སེང་གི་བྱ་སྤུ་གནོན་མི་ཤེས་ན་འདི་རེད།

སྒྲོལ་མཚོ།

 

༡༽

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས
ལྐོག་ཟ་རུལ་སུངས་ལ་ཁ་གཡར་ནས
རང་གི་ཁ་གཏད་རྣམས་ཁྲིམས་ལ་སྦྱོར་བཞིན་པ་དེ་ནི
མི་ཤེས་ན བློ་སེང་གི་བྱ་སྤུ་གནོན་རེད

༢༽

བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཅོང་གིས
མང་གཙོའི་ཁ་གཡང་སྒྲོག་མཁན་གྱི་རང་གི་ཤ་ཉེ་རྣམས་
རེ་རེ་བྱས་ནས་དམར་གསོད་བཏང་བ་དེ་ཡང
མི་ཤེས་ན བློ་སེང་གི་བྱ་སྤུ་གནོན་རེད

༣༽

ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ཡིས
རང་ཉིད་ལ་ངོ་རྒོལ་བྱེད་མཁན་བྱུང་ཚེ
དེ་མ་ཐག་ལས་གནས་ནས་གནས་དབྱུང་བཏང་བ་དེ་ཡང
མི་ཤེས་ན བློ་སེང་གི་བྱ་སྤུ་གནོན་རེད

༤༽

སྲིད་སྐྱོང་བློ་བཟང་སེང་གེར
ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་དྲི་བ་ཞིག་བཏང་བས
སྤེན་པ་ཚེ་རིང་ལ་ལས་མཚམས་འཇོག་གི་བཞག་པ་དེ་ཡང
བློ་སེང་གིས་བསྒྲགས་པའི་བྱ་སྤུ་གནོན་རེད

༥༽

བློ་སེང་གི་བྱ་སྤུ་གནོན་ནི
སྒེར་གཅོད་པ་ཚོའི་ལག་ཆ་ངོ་མ་ཞིག་རེད
དབང་སྒྱུར་བ་ཚོའི་གདུག་རྩུབ་ཀྱི་ངོ་གདོང་ཞིག་རེད
གཉའ་གནོན་ལ་དགའ་བ་ཚོའི་ཁྲེལ་མེད་ཀྱི་སྤྱོད་པ་ཞིག་རེད

༦༽

མདོར་ན་བྱ་སྤུ་གནོན་དང
བློ་སེང་གི་བླ་སྤུ་གནོན་གཉིས་ལ་ཁྱད་པར་ཆེན་པོ་ཡོད་དོ

བསམ་ཚུལ།

Post navigation

Previous Post: ཧི་མ་ལ་ཡའི་གནའ་བོའི་ཆོས་རིག་དང་དོལ་པོ།
Next Post: ཉི་འོད་འཕྲོ་བའི་ཆུ་ཁ།

Comments (14) on “བློ་སེང་གི་བྱ་སྤུ་གནོན་མི་ཤེས་ན་འདི་རེད།”

  1. བསེ་རུ་ཟང་ཐལ། says:
    2017-12-30 at 11:29 am

    སྒྲོལ་མཚོས་གཞི་ནས་ད་ཐེངས་བློ་སངས་བཀའ་ཤག་གི་བྱ་སྤུ་གནོན་ཟེར་བའི་གོ་དོན་གནད་དུ་སྨིན་པ་ཞིག་བརྒྱབ་བྱུང་ང་། ཐུགས་རྗེ་ཆེ། ད་ཆ་ཕལ་ཆེར་མི་མང་གིས་སྲིད་སྐྱོང་་བློ་སངས་ལ་ཡིད་ཆེས་གང་འཚམས་བརླགས་ཚར་འདུག ཐུགས་སྣང་བྱུང་ཡོད་ཤག་རེད། ཉེ་དུས་སེ་རར་༧གོང་ས་མཆོག་གིས་རྟ་མགྲིན་བཀའ་དབང་བརྩལ་དུས་སུ་དཀྱིལ་འཁོར་ལ་མེ་ཏོག་ཕུལ་སྐབས་སེར་མོ་བའི་སྐུ་ཚབ་ཏུ་དགའ་ལྡན་༧ཁྲི་རིན་པོ་ཆེ་ཕེབས་ཤོག་གསུངས། མི་སྐྱ་ཚོའི་སྐུ་ཚབ་ལ་བཞུགས་ཁྲིའི་འགྲམ་ད་གར་སྲིད་སྐྱོང་ཡོད་པས་ཁོ་རང་ལ་གོ་སྐབས་མ་གནང་བར། ཡཱ་འོ་ན། མཁན་རིན་པོ་ཆེ་ཕེབས་ཤོག་གསུངས་ནས་བློ་སངས་ཁ་སྐྱེངས་པོར་ལུས་སོང་བས་དེ་ཚོ་མཚོན་རྟགས་གསལ་པོ་ཤིག་རེད། བླ་མ་དང་དམ་ཚིག་གཙང་མ་མེད་པར་མཚོན་ཐུབ། ད་དུང་དབང་བྲལ་དུ་བསྡད་འདུག་གཱ། ལར་ནས་རྡ་སར་སྤེན་ཚེས་གསལ་བཤད་རྒྱས་པ་བྱས་ཚར་ནས་ཨ་རིའི་རླུང་འཕྲིན་སོགས་ནས་སྲིད་སྐྱོང་བློ་སངས་ལ་གསལ་བཤད་དང་བཅར་འདྲིའི་གོ་སྐབས་ཞུས་པར་བཅར་འདྲི་དྭང་ལེན་ཙམ་ཡང་མ་བྱས་པ་ནི། རང་གནོང་ངོས་ལེན་དང་སྦང་མ་ཆུ་ལེན་རང་བྱས་པ་མ་རེད་དམ། ད་ཕོ་ཁྱོ་ག་ཞིག་ཡིན་ན། བཟང་སྤྱོད་ཀྱི་ཐོག་ནས་མི་དམངས་ལ་དགོངས་དག་ཞུ་དགོས། དེ་མིན་ན། སྲིད་སྐྱོང་གི་ལས་འཁུར་མཚམས་འཇོག་གིས་བཀའ་ཤག་ནས་དགོངས་པ་ཞུ་དགོས་ཁོ་ཐག་རེད། ངས་སྤེན་ཚེ་ལ་རྒྱབ་སྐྱོར་གྱིས་ཤོད་ཀྱི་མེད། བདེན་པ་དང་དྲང་བདེན་གྱི་རྒྱབ་ཏུ་ནམ་ཡང་ལངས་ཡོད།།

  2. བློ་བཟང་༡༩༩ says:
    2017-12-30 at 12:06 pm

    ཁོང་གིས་ནི་རྟན་མགྲིན་གྱི་བཀའ་དབང་ཞུ་ནས་་བར་ཆད་ཚང་མ་དཔེད་དེ་ཟློག་སོང་ལབ་ཀྱི་འདུག སེ་རུས་བཤད་པའི་སྐད་ཆ་དེའི་ཚོར་སྣང་ང་ལ་ཡང་བྱང།

  3. དགོན་པ་ཚང་ དར་རྒྱས་ says:
    2017-12-30 at 2:17 pm

    སྤེན་ཚེ་བློ་སེངགཉིས་ལ་ཕྱོགས་དགོས་པ་རྩ་བ་ནས་མེད་ཁོང་གཉིས་དང་ཆུ་ཕོར་པ་གང་གི་འབྲེལ་བ་མེད་ཡིནའི་ང་བོད་པ་ཡིན་དུས་བོད་པའི་བདེ་སྡུག་ལ་བསམ་བློ་འཁོར་གྱི་འདུག་བོད་པའི་བདེ་སྡུག་གི་གནད་དོན་ཅི་རིགས་བདེན་པའི་ལམ་ནས་འགྲོ་དགོས་དུས་ང་བདེན་པ་ལ་དགའ་བའི་ཐོག་ནས་བློ་སེང་སྲིད་སྐྱོང་བྱེད་རིང་ལ་་བློ་སེང་ལ་ངོ་རྒོལ་ཡོད་

  4. ཨ་འབར་འཇིགས་དབང། says:
    2017-12-30 at 2:48 pm

    ༄༅། ད་་ཁ་སྐམ་པོ་དང། ཁ་དམག་། དྲ་རྒྱའི་ནང་བྱ་སྤུ་གནོན་མེད་པ་
    གང་བྱུང་མང་བྱུང་བཤད་པ་། ར་ལངས་ཆ་ལངས་་་མགོ་འཇུག་མེད་པའི་སྐད་ཆ་བཤད་པ་
    ནི་ཡ་རབས་བཟང་སྤྱོད་དང་མ་མཐུན་པ་མ་ཚད་རིག་གནས་ཡོད་པའི་གང་ཟག་ཞིག་མ་
    རེད། ག་དུས་ཡིན་ཡང་རང་རྒྱལ། གཞན་ཕམ། ཁྲག་རྡོག་འགྲེན་སེམས་ རང་གཅེས་འཛིན་
    ཤ་སྟག་བཤད་དེ་བསྡད་ན་རང་གཞན་གཉིས་ཕུང་མ་གཏོགས། སྤྱི་སྒེར་ལ་ནམ་ཡང་མི་ཕན་པ་
    ཤེས་པར་བྱའོ།
    ༄༅། མངོན་ཤེས་ཕྲ་མོས་རང་གི་སྔ་ཕྱིའི་རྒྱུས།
    ཅུང་ཟད་ཤེས་པས་རང་ལ་ཡི་ཆད་ཅིང།
    འགྱོད་པ་མཚོན་གྱིས་རང་སྲོག་བཅད་བཞིན་བརྒྱལ།
    འདི་འདྲའི་འཇིགས་ལས་སྐྱོགས་ཤིག་དཀོན་མཆོག་གསུམ།

  5. དགོན་པ་ཚང་ དར་རྒྱས་ says:
    2017-12-30 at 6:53 pm

    ཨ་འབར་འཇིག་མེད་ལགས་ ད་ལྟའི་སྐད་ཆ་འདི་ཚོ་ཁ
    དམགས་མ་རེད་རང་གཞུང་ས་གཏན་དུ་གནད་རྒྱུར་མི་དམངས་ནས་འགན་གཉམ་ལེན་བྱེད་ཀྱི་ཡོད་པ་རེད་དེ་འདྲའི་ཁྱེད་རང་གི་ལྐུག་ཏག་མ་གནང་། བོད་སྐད་བོད་ཡིག་ང་ལྟ་བུ་ལས་སྐྱོ་བའིའབུམ་རམ་པའི་མིང་འཁྱེར་བློ་སེང་གི་བྱེད་ཏང་སྐྱོ་པོ་དེ་ཚོ་ལས་ད་ལྟའི་དྲ་ལམ་ནང་དུ་གདེན་པའི་སྐད་ཆ་བཤད་མཁན་དེ་ཚོ་ཞེ་དྲག་གི་ཡག་པ་ཡོད་པ་རེད་ཁོང་ཚོས་དམའ་འཐའ་སར་བཟང་ངན་མགོ་ཚོད་ནས་དྲང་གདེན་ལ་རྒྱབ་བསྐྱོར་བྱེད་པ་ལས་དེ་ཁམ་པར་ངོ་རྒོལ་མ་རེད་དེ་བློ་སེང་མི་རྒེར་ལ་ངོ་རྒོལ་རེད་དེ་ང་ཚོའི་གཞུང་ལ་ངོ་རྒོལ་མ་རེད་དེ་བློ་སེང་རྒེར་ལ་ངོ་རྒོལ་རེད་དེར་བསྟན་ད་ཨ་འབར་ལགས་དཨུ་འཚོད་ཙམ་གནང་དང་།

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-12-30 at 11:21 pm

    ཁྲིམས་ཡིག་གི་ལམ་སྟོན་འོག་གཞུང་སྲིད་སྐྱོང་བའི་མང་གཙོའི་
    རྒྱལ་ཁབ་ག་འདྲ་ཞིག་ཡིན་ཀྱང་མི་མང་གི་འགན་དབང་ཆེ་ཤོས་དེ་གཞུང་སྲུང་རྒྱུ་དེ་ཡིན་པ་མང་གཙོའི་རིག་པའི་གཞུང་ལུགས་ཀྱི་ལྟ་གྲུབ་ནང་འདི་ལྟར་ (watch dog) དང་གལ་སྲིད་མི་མང་ནས་
    གཞུང་སྲུང་མ་ཐུབ་ན་དེ་འདྲའི་མང་གཙོ་དེ་གཉིད་ཤོར་བའི་མང་གཙོ་ལ་ངོས་འཛིན་ཆོག་པ་ (sleeping democracy ) ཆགས་ནས་གཞུང་འཛིན་མི་སྣས་གང་བསམ་གང་དྲན་འོག་མི་མང་འཚོ་དགོས་པའི་གྲལ་རིམ་དམངས་གཙོ་གཅིག་བསྡུད་རྒྱ་ནག་ནང་ལག་ལེན་ལྟར་བཞིན་པ་ནས་ཤེས་ཐུབ་ (proletarian democracy)

  7. བློ་བཟང་། says:
    2017-12-31 at 7:00 am

    བློ་སངས་འདི་དང་པོ་སེང་གེ་ཡིན་མདོག་མདོག་བྱས་ཡང་ད་ནི་མི་འདི་ཁྱི་ནག་ཞིག་གི་ཡང་མན་རེད་འདུག

  8. བསྟན་འཛིན་ says:
    2017-12-31 at 8:31 am

    ལ་བསོ་ ཨ་རི་དོན་བཟུར་སྐལ་རྡོར་ཅན་ཕྱི་ལོ་གསར་ཚེས་ཟླ་སྐྱིལ་ནང་ རྒྱ་ས་གྲི་སི་DC
    རུ་ཁོང་་གསུམ་པོའི་མ་འོང་མདུན་ལམ་ཐེབས་ཙ་(Tibetan community development fund inc)བཙོད་རྙོག་ཅན་བྲིས་བཙད་ཆེད་ཨ་རི་གཞུང་འབྲེལ་མི་ནས་་་་་་

  9. ལ་དྭགས་འཇམ་དཔལ།། says:
    2017-12-31 at 11:26 am

    རྒྱ་ས། རྒྱལ་ས། མ་འོང་། མ་འོངས། དམངས་གཙོ། མངས་གཙོ། མན་རེད། མ་རེད། དྲང་གདེན། དྲང་བདེན། མི་དམངས། མི་མངས། སྐྱོགས་ཤིག སྐྱོབས་ཤིག ཁྲག་རྡོག ཕྲག་དོག མིང་ཚོག་འདི་དག་གི་སྔ་མ་དང་ཕྱི་མ་གཉིས་ལས་གང་དེ་དག་པ་ཡིན་ནམ། གསུང་ཐུབ་མཁན་རེ་ཡོད་ན། བོད་སྐད་སྲུང་བའི་རྣམ་སྨིན་གྱི་བྱ་དགའ་ཐོབ་པར་ངེས་སོ།

  10. བཀྲ་ཤིས། says:
    2017-12-31 at 8:59 pm

    མངས་བས་རྒྱུ་མཚན་གྱིས་གཙོ་བོ་ཡིན་དགོས་ན་ཁ་ཆེ་དང་རྒྱ་ནག་གཉིས་ལས་མང་བ་ཞིག་མིན་འདུག་པས། ནང་པ་དང་བོད་རིགས་གཉིས་ལ་བདེན་པའི་རྒྱལ་ཁ་ཞིག་ཐོབ་རྒྱུ་མེད་པ་ཡིན་ནམ། དེ་ཡིན་དུས་དམངས་གཙོ་དང་མངས་གཙོ་གཉིས་ལས་དམངས་གཙོ་རང་འཐད་པ་འདུག་སྙམ།

  11. ལ་དྭགས་འཇམ་དཔལ།། says:
    2017-12-31 at 10:29 pm

    གསུང་ཐུབ་མཁན་ལོས་ཡོད། མ་དག་པའི་མིང་ཚིག་དག་ལ་བལྟོས་མེད་བྱེད་ན། ༧རྒྱལ་དབང་བརྒྱད་པའི། ཡོངས་འཛིན། དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གི་གསུང་། སོག་པོ། བོད་སྐད་ཡང་རྩེར་སོན་པ། བསྟན་དར་ལྷ་རམས་པས། གང་ཉིད་ཀྱི་གསུང་འབུམ་དེབ་གཟུགས་མ་ཤོག་གྲངས་༥༧༥་ན་བཀོད་དོ།
    ་
    མྱུར་བ་ཉིད་དུ། སྔར་གྱི་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས་བསྒྱུར་པའི་བཀའ་འགྱུར་དང་། བསྟན་འགྱུར། སྒམ་པོ་པ། དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན། ཆོས་རྗེ་ས་པཎ། དོལ་པོ་པ་ཤེས་རབ་རྒྱལ་མཚན། ཀློང་ཆེན་རབ་འབྱམས་པ། རྗེ་རྒྱལ་བ་ཡབ་སྲས་གསུམ། འབྲུག་པདྨ་དཀར་པོ་སོགས་ཀྱིས་མཛད་པའི། གསུང་འབུམ་སོགས། མ་འོངས་བོད་ཀྱི་ཚིག་རྣམས་འཆལ་འཆོལ་དུ་འགྲོ་བས། གོང་གསལ་གསུང་རྣམས་ཀྱི་དོན་ལྟ་ཅི། མིང་ཚིག་རྣམས་ཀྱང་རྟོགས་མི་ཐུབ་པ་འོང་བར་ཐག་ཆོད་དོ།

  12. མཐོད་རྒལ། says:
    2018-01-01 at 1:06 am

    རྒན་ལ་དྭགས་ལགས་སུ་མངོན་པར་བསྟོད་དོ། ཁྱེད་ཀྱིས་ངོ་མ་བོད་ཀྱི་སྐད་ཡིག་ལ་བདག་གཅེས་གནང་གི་འདུག

  13. ཀརྡོ་རབ་འབྱམས་པ་ says:
    2018-01-02 at 1:15 am

    རྒྱ་ས། རྒྱལ་ས། མ་འོང་། མ་འོངས། དམངས་གཙོ། མངས་གཙོ། མན་རེད། མ་རེད། དྲང་གདེན། དྲང་བདེན། མི་དམངས། མི་མངས། སྐྱོགས་ཤིག སྐྱོབས་ཤིག ཁྲག་རྡོག ཕྲག་དོག མིང་ཚོག་འདི་དག་གི་སྔ་མ་དང་ཕྱི་མ་གཉིས་ལས་གང་དེ་དག་པ་ཡིན་ནམ། གསུང་ཐུབ་མཁན་རེ་ཡོད་ན། བོད་སྐད་སྲུང་བའི་རྣམ་སྨིན་གྱི་བྱ་དགའ་ཐོབ་པར་ངེས་སོ།
    ་
    ལན་དུ།
    རྒྱ་སའི་རྒྱའི་ས་ཡི་བསྡུས་ཚིག རྒྱལ་ས་ནི། ཡུལ་བསྟི་གནས་ཆེ་ཤོས་རྒྱལ་ས་ལྷ་ས་ལྟ་བུ། མ་འོང་ནི་མའོངས་པའི་མ་དག་པའི་འབྲི་སྟངས། མ་འོངས། དམངས་གཙོ་ནི། རྒྱ་གར་མནའ་བོའི་རིགས་དམན་དམངས་རིགས་དང་། མའོའི་བོད་དྲུང་གི་མངས་གཙོའི་ནོར་ཚིག་རེད། མངས་གཙོ། མན་རེད་ཅེས་པ་འདི་མ་རེད་ཀྱི་མ་དག་པ་་རེད། མ་རེད། དྲང་གདེན་ཡང་བདེན་དང་ནོར་བ་རེད། དྲང་བདེན། མི་དམངས།་ཀྱང་མི་མངས་ཀྱི་ནོར་སྐྱོན་ཤོར་བའི་མ་དག་རྒྱན་འབྱམས། དཔེར་ན་མི་མངས་ལངས་གླུ་ལྷ་བུར་དམངས་གཙོ་དང་མང་གཙོང་གཉིས་ཀྱང་མངས་གཙོར་བྲིས་ཁུངས་དག་ཡོད་རེད། སྐྱོགས་ཤིག་ཀྱང་། སྐྱོབས་ཤིག་དང་ནོར་ཉེན་ཆེ། ཁྲག་རྡོག་རྡོག་ཅེས་པ་ཞིག་ཡོད་ཀྱང་། ཁྲག་རྡོག་ནི་སྐྱོགས་ཤིག་ལྟར་གོ་དོན་མེད། ཕྲག་དོག་ནི། ཚིག་གི་ཐད་ཀར་གོ་དོན་ནི། ཁྲག་པ་དོག་པོ་སྟེ། གཞན་གྱི་ཡོན་ཏན་ལ་མིག་ཚ་བའམ། གཞན་ལ་ཁྲག་དོག་བྱས་པའི་དོན་གོ་དགོས་རེད་སྙམ་མོ།།
    ་
    ཀརྡོས་རྒན་ལ་དྭགས་འཇམ་དཔལ་ལགས་སུ་ཕུལ་བའོ།།

  14. Abhar Jigwang says:
    2018-01-07 at 3:53 pm

    ༄༅། ལ་དཱགས་བྱམས་དཔལ་ལགས་ནས་ག་དུས་ཡིན་ཡང་བོད་ཡིག་ལ་དག་
    བཅོས་གནང་གི་འདུག་པ་ཐུགས་རྗེ་ཆེ། ཁྱེད་ལ་དཱགས་ཀྱི་དགེ་བཤེས་གཅིག་མིན་ནམ་
    བསམ་གྱི་ཡོད། སྐུ་ཉིད་དགེ་བཤེས་ཡིན་ནམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme