Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་ཡུལ་ལས་འདས་པའི་མཇལ་ཁ་ཞིག་དང་བློ་ཕམ་ཞིག

Posted on 2013-11-272013-11-27 By ཁ་བརྡ་ 12 Comments on བློ་ཡུལ་ལས་འདས་པའི་མཇལ་ཁ་ཞིག་དང་བློ་ཕམ་ཞིག

འབྲོང་མགོ་སྐམ་པོ། ཧྥ་རན་སི།

ང་རང་ལ་མཚོན་ན་ཕྱི་རྒྱལ་དུ་ཡོང་བ་ཐེངས་དང་པོ་ཡིན་པའི་མི་ཞིག་གི་ངོས་ནས་ནེའུ་ཡོག་ཏུ་༧གོང་ས་རིན་པོ་ཆེར་མཇལ་ཁ་ཐོབ་པ་འདི་ནི་རྨི་ལམ་ཞིག་ཨེ་ཡིན་ནམ་སྙམ་པའི་ཡ་མཚན་སྐྱེས་པ་བཞིན་ད་དུང་ཡང་སེམས་ནང་དགའ་ལྷང་ངེར་ཡོད་པའི་ཚོར་བ་དེ་ཡལ་མེད་པའི་དུས་ཤིག་ཡིན་མོད། འོན་ཀྱང་། ཧ་ལས་པའི་བློ་ཕམ་ཞིག་སྐྱེས་པ་ནི་འཛམ་གླིང་སྟེང་གི་མི་སྣ་གྲགས་ཅན་༧གོང་ས་རིན་པོ་ཆེར་མཇལ་སྐབས་ལུས་གཤེར་མི་གཏོང་བར་མཇལ་ཁར་བཏང་བ་དེ་རེད། དེ་ཡང་ཁོང་གི་མཐའ་འཁོར་དུ་ཡོད་པའི་བདེ་སྲུང་མི་སྣ་དང་། དྲུང་ཆེ་དག་གིས་བྲེལ་བྲེལ་འཚུབ་འཚུབ་འདྲ་ཞིག་བྱེད་ཀྱིན་འདུག་ན་ཡང་། དོན་ངོ་མ་གང་ཞིག་ལ་བྲེལ་བྲེལ་འཚུབ་འཚུབ་བྱེད་ཀྱིན་ཡོད་མེད་ལ་བརྟག་དཔྱད་བཏང་དུས་ཁོང་ཚོར་སེམས་ཁུར་གང་ཡང་མེད་པར་སྐྱབས་མགོན་རིན་པོ་ཆེའི་སྔ་རྗེས་སུ་འདུར་རྒྱུགས་གིས་ཡིན་མདོག་སྟོན་པ་ཙམ་རེད།

ནམ་མ་གསལ་བའི་ཞོགས་པ་དེར་མཇལ་ཁར་སྒུག་མཁན་གྱི་བོད་པ་དང་རྒྱ་རིགས། དེ་བཞིན་ཕྱི་གླིང་བ་སོགས་གཅིག་འཕྲོར་གཅིག་མཐུད་ཀྱིས་ཡོང་གིས་འདུག་ན་ཡང་ལུས་གཤེར་བྱེད་མཁན་ནི་མི་འདུག ཅིའི་ཕྱིར་ལུས་གཤེར་མི་བྱེད་པ་ཡིན་ནམ། གོང་ས་རིན་པོ་ཆེས་སྲིད་དབང་རྩིས་སྤྲོད་བྱས་པ་ནས་རྒྱ་ནག་སྲིད་གཞུང་གིས་ཀྱང་ཁོང་ལ་ངན་སེམས་བཅངས་རྒྱུ་མཚམས་བཞག་པ་ཡིན་ནམ། དེ་ནི་རྩ་བ་ནས་ཡིན་མི་སྲིད། དེས་ན་བཙལ་བྱོལ་བོད་པ་ཚོས་ཀྱང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཅེས་པ་གསར་འགྱུར་སོགས་ན་འདོར་མ་ཐུབ་པར་ལུས་ཡོད་ན་ཡང་། ཁོང་ལ་སྔོན་མ་ལྟ་བུའི་ཆེ་མཐོང་མེད་པ་ཡིན་ནམ། མདོར་བསྡུས་ན་བོད་དོན་ཆེད་མི་ཚེ་ས་མཐའ་ནས་བསྐྱལ་བའི་རྒྱལ་བ་རིན་པོ་ཆེའི་མཐའ་འཁོར་གྱི་མི་དེ་དག་ནི་ཁོང་ཉིད་བཙོང་ནས་ཁ་གསོ་མཁན་ཞིག་ལས་འཁྱོང་གིན་མི་འདུག་སྟེ། དཔེར་ན་རྒྱ་ནག་སྲིད་གཞུང་ལ་རྒྱབ་གཏད་པའི་ཁུལ་བྱས་ཀྱང་བོད་པའི་སྲིད་དོན་ལ་ལག་མི་བསྲིང་བར་གོང་ས་ཆེན་པོའི་སྒོར་ཁུག་ཏུ་ལག་བསྲིང་སྟེ་ཨ་སྒོར་ས་ཡ་མང་པོ་བཀོལ་སྤྱོད་བྱེད་མཁན་ཀྱི་བླ་མ་ཡོད་པ་ནས། ཁོང་ཉིད་བཙོང་སྟེ་རང་དོན་སྒྲུབ་ཀྱིན་པའི་བོད་པ་མགོ་བདེ་འགའ་རེ་ཡང་ནུབ་གླིང་བའི་སྤྱི་ཚོགས་ཁྲོད་དུ་ཕྱུག་ཉམས་ཀྱིས་བཞུགས་ཡོད་པ་དང་། བླ་མ་གང་ཉིད་མིག་དྲེད་དུ་སོང་ནས་ཆེ་མཐོང་དམིགས་བསལ་མི་འཇོག་པའི་སྐུ་སྲུང་བ་དང་དྲུང་ཆེ་དེ་དག་གིས་བོད་དོན་ཉག་ཕྲ་བའི་སྐབས་འདིར་གོང་ས་རིན་པོ་ཆེར་ཡང་ཆེ་མཐོང་འཇོག་གིན་མི་འདུག་པ་ནི་ཆེས་ཡ་ང་བ་ཞིག་རེད་ཨང་།

དོན་ངོ་མ་བཤད་ན་ད་ཐེངས་ཡོ་རོབ་དང་ཨ་རིའི་ཕྱོགས་ལ་འཁྱམས་ཉུལ་བྱེད་པའི་གོ་སྐབས་འདིའི་ཁྲོད་ནས་དེ་སྔ་བདག་གི་སེམས་ཁོང་ན་ཡོད་པའི་བཙལ་བྱོལ་བ་ཚོ་ཆུང་ངུར་གྱུར་སོང་ལ་ཡིད་ཐང་ཀྱང་ཆད་པ་འདྲ་ཞིག་བྱུང་སོང་། ལྷག་པར་དུ་ཡུག་ཁྲོབ་སོགས་ནས་བོད་པའི་ལས་ཀྱི་སྣེ་མོ་བ་མང་པོ་ཞིག་གི་སྐད་ཆར་ཉན་ཡོང་དུས། ཁྱོད་ཅག་གི་བོད་དོན་ཇི་ལྟར་ཐག་གིས་གཅོད་དམ། ཁྱོད་ཅག་གིས་དོན་ངོ་མ་བོད་དོན་ཟེར་ཅི་ཡིན་མིན་དང་བོད་ཁམས་ཞེས་པ་གང་འདྲ་ཞིག་ཡིན་མིན་ཡང་གཏན་ནས་ཤེས་ཀྱིན་མི་འདུག་ཨང་སྙམ་ན་སེམས་གཏིང་ནས་སྐྱོ་སོང་།
ལྷག་པར་དུ་བཀའ་ཁྲིའི་གཏམ་བཤད་ཅིག་ལས་༧གོང་ས་མཆོག་སྲིད་དོན་ལས་རྒན་ཡོལ་བྱས་རྗེས་བོད་མི་སྐྱབས་བཅོལ་བ་གནས་ཡུལ་ཚང་མ་ལྷིང་འཇགས་ཀྱིས་གནས་པ་བཀའ་ཤག་གི་བྱས་རྗེས་ཡིན་ཟེར། ངོ་མ་བཤད་ན་འདི་ནི་རྒྱ་ནག་གིས་ནམ་རྒྱུན་བཤད་བཞིན་པའི་བརྟན་བརླིང་དང་འཆམ་མཐུན་ཨང་དང་པོར་འདོད་པའི་སྲིད་ཇུས་ལ་ལད་ཟློས་བྱེད་བཞིན་པ་ལྟ་བུར་མཐོང་སོང་བས་ང་ཤིན་ཏུ་སྐྱོ་སོང་། ང་སྐྱོ་སོང་ཡང་མི་གཅིག་ཡིན་མོད། ང་ལྟར་སྐྱོ་མཁན་མང་པོ་བྱུང་ན་ཉེན་ཁ་ཤིན་ཏུ་ཆེའོ།།

སྣ་ཚོགས།

Post navigation

Previous Post: ཨེ་མཐོང་ལགས།
Next Post: ཀླུ་སྨྱོན་རྒས་འདུག ཁོང་གི་སྨྱུག་གུ་ཡང་རྒས་ཀྱིན་འདུག

Comments (12) on “བློ་ཡུལ་ལས་འདས་པའི་མཇལ་ཁ་ཞིག་དང་བློ་ཕམ་ཞིག”

  1. ལོག་སྨྲ་ཚར་གཅོད། says:
    2013-11-27 at 11:06 am

    འབྲོང་མགོ་སྐམ་པོ་ལགས། ཤིན་ཏུ་ནས་བདེན། སྲིད་སྐྱོང་ཁོང་གིས་བོད་ཀྱི་མགོ་འཁྲིད་ནས་ལོ་གཉིས་འཁོར་བའི་མཛད་སྒོའི་གསུང་བཤད་ནང་བཙན་བྱོལ་བོད་མི་རྣམས་ལོ་གཉིས་པོ་དེའི་རིང་ལྷིང་འཇགས་སུ་གནས་པ་དེ་གྲུབ་འབྲས་གཙོ་བོ་ཡིན་ཟེར། དེ་ནི་ཆོབ་ཚ་བའི་གཏམ་བཤད་ཅིག་སྟེ་རྒྱ་གུང་ཁྲན་ལ་བལྟས་ན་ད་ལྟའི་ཆར་འོག་སྡེ་ལྷིང་འཇགས་ཤིག་གནས་ཐུབ་པ་བྱུང་ན་གྲུབ་འབྲས་ཤིག་བརྩི་ཆོག་ཀྱང་། ད་ལྟའི་ཆར་བོད་པར་དགོས་པའི་གྲུབ་འབྲས་ནི་བོད་མི་རྣམས་ཡར་ལངས་ཀྱི་འབོད་སྒྲ་དང་ངོ་རྒོལ་ཡི་ལས་འགུལ་རྒྱ་ཆེར་སྤེལ་ཐུབ་པ་ཞིག་དང་། དེས་རྐྱེན་པས་རྒྱ་གཞུང་ལ་ཤུགས་རྐྱེན་སྤྲོད་ཐུབ་པ་ཞིག་བྱུང་ན་གྲུབ་འབྲས་བརྩི་དགོས་པ་ལས་གང་ཡང་མ་འཇོན་ཅི་ཡང་མ་བྱས་ནས་འཇམ་ཐིང་ངེར་ལྷིང་འཇགས་སུ་གནས་པ་ནི་ད་ལྟའི་ཆར་བོད་པར་དགོས་པའི་གྲུབ་འབྲས་ཤིག་ག་ལ་ཡིན། སྲིད་སྐྱོང་འདི་ནི་དབྱིན་སྐད་ཙམ་ལས་རིག་གནས་ཆུད་ཚད་དང་ཀླད་ཁོག་ཏུ་ཟབ་གནད་ཅིག་ཡོད་མཁན་ཞིག་རྩ་ནས་མིན་པ་ནི་ཁོང་གི་གཏམ་བཤད་ཁག་དང་བྱ་སྤྱོད་རྣམས་ལ་བལྟས་ན་གསལ་པོ་རེད།

  2. ལུང་རྟོགས། says:
    2013-11-27 at 11:30 am

    འབྲོང་མགོ་སྐམ་པོ་ཡིན་ན་འདི་ལ་ཡག་རྟགས་གཏན་ནས་མི་འདུག འདིས་གོང་ས་མཆོག་ལ་བསྟོད་ཁུལ་དང་། བོད་ཀྱི་དབུ་ཁྲིད་གཞན་ཚང་མར་སྨད་ཁུལ་བྱེད་སྟང་འདི་ལ་ལྟས་ན་ཆབ་སྲིད་མགོ་བདེ་ཞིག་ལོས་ཡིན་སྙམ་པ་ཞིག་རེད། མི་འདི་རིགས་རྒྱ་གཞུང་གི་སྒོར་མོ་ཁུར་ནས་

  3. ལུང་རྟོགས། says:
    2013-11-27 at 11:30 am

    ཕྱི་རྒྱལ་ལ་ཡུལ་བསྐོར་ཡོང་མཁན་མིན་ན་ཏག་ཏག་རེད།

  4. གཞོན་སྐྱེས། says:
    2013-11-27 at 11:38 am

    མ་མཐོང་བ་ནི་མེད་པ་མིན། དེ་ཕྱིར་ཁྱེད་ཀྱི་གསུང་ཡང་དེ་བཞིན་ནོ།

  5. ཁྲ་ཚང་གཡུ་སྣ says:
    2013-11-27 at 1:05 pm

    འབྲོང་མགོ་སྐམ་པོ་ལགས། ཁྱེད་ཀྱེས་དོན་ཆེན་འདི་འདྲར་དོ་འཁུར་གནང་བར་བཀའ་དྲིན་ཆེ། ཡིན་ནའང་ཞུ་ས་འདིར་དང་ད་ལྟ་མ་རེད། དེའི་ཚེ་དེའི་དུས་བདེ་སྲུང་བློན་ཆེན་ལ་ཞུ་དགོས་པ་ནི་ཁྱེད་བོད་མི་ཞིག་ཡིན་ན་འོས་འགན་ཡོད། སླད་མར་དོན་འདི་ཡིད་ལ་འཇགས་རོགས།

  6. ཁྲ་ཚང་གཡུ་སྣ says:
    2013-11-27 at 1:08 pm

    ཁྱེད་ཀྱིས། ལ་བཅོས།

  7. ཨ་ཕྱི་ཆོས་སྒྲོན says:
    2013-11-27 at 1:23 pm

    བླ་མའི་གདུལ་བྱ་སྒོར་མོའི་ཕྱོགས་སུ་རྒྱུགས། །
    དཔོན་པོའི་ལྟག་སྒོ་སྒོར་མོའི་ཤུགས་ཀྱིས་ཕྱེས། །
    མཛེས་མའི་བརྩེ་དུང་སྒོར་མོས་དབང་མེད་ཉོ། །
    མདོར་ན་མི་ཡི་རིན་ཐང་སྒོར་མོས་བརླགས། །

  8. སྤེན་པ་ཚེ་རིང་ says:
    2013-11-28 at 12:13 am

    དངོས་གནས་ཁྱེད་རང་ལྷག་བསམ་ཐོག་ནས་ཞུ་གི་ཡོད་ན་སྐབས་དེར་སྐུ་བཅར་འབྲེལ་ཡོད་དང་བདེ་སྲུང་ལས་ཁུངས་ལ་ཞུ་དགོས་པ་ལས་དྲ་རྒྱའི་ཐོག་མ་རེད།

  9. བཀྲིས་བསམ་གྲུབ། says:
    2013-11-28 at 1:15 am

    འབྲོང་མགོ་སྐམ་པོ། ཁྱོད་ཀྱིས་༸གོང་ས་མཆོག་གི་སྐུ་ཕྱཱར་སེམས་འཚབ་ཡོད་ཁུལ་བྱས་ཏེ་དོན་དུ་སྲིད་སྐྱོང་ལ་ཟུར་ཟ་བྱ་རྒྱུའི་ཆེད་རེད་འདུག ༸གོང་ས་མཆོག་གི་སྐུ་ཕྱར་དངོས་གནས་སེམས་ཚབས་ཡོད་མཁན་ཞིག་ཡིན་ན་འཐུས་ཤོར་གང་དང་གང་བཏང་བ་ཁ་གསལ་པོ་བཀོད་ན་དངོས་གནས་ཤ་ཞེན་རེད། དེ་མིན་སྲིད་སྐྱོང་ལ་སྐྱོན་བརྗོད་བྱ་རྒྱུའི་ཆེད་༸གོང་ས་མཆོག་གི་སྐུ་ཕྱ་ཁ་ལ་འཁྱེར་ནས་འུར་རྡོ་བཞུད་ན་དེ་ནི་བཀོད་ཕོད་པའམ་ཡ་མཚན་རེད། གང་ལྟར་ཁྱོད་ལྟ༌བུའི་ག་དུས་ཡིན་ནའང་སྨྱུག་རྩེ་དགྲ་ལ་མི་བཙུགས་པར་ནང་དུ་བཙུགས་རྐྱང་བྱེད་པ་ནི་བླུན་པོ་ཕའི་མགོ་བརྡུང་པའི་དཔེ་བཞིན་མ་རེད་པས། མ་གཞི་དེང་སང་བོད་ཡིག་རོབ་ཙམ་ཤེས་ཏེ་དྲ༌རྒྱར་ལྟ༌ཐུབ་མཁན་ཞིག་ཡིན་ན་གཙོ་བོའི་ལེགས་ཉེས་དབྱེ་འབྱེད་དང་ཕྱི་ནང་གི་དབྱེ་འབྱེད་བྱེད་པའི་རྣམ་དཔྱོད་དང་ཤེས་ཡོན་མེད་སྟབས་མིག་ལ་ཐལ་བ་ཁོ་ན་བཤོས་སྡོད་པ་ནི་ཁྱོད་ལྟ༌བུ་བོད་ཡིག་རྩོམ་འབྲི་ཁུལ་བྱ་མཁན་ཚོའི་གོམས་གཤིས་ཆགས་ཟིན་པས་ཅོལ་ཆུང་ཁྱོད་ལྟ༌བུ་བཤད་པ་དེ་ཚོ་ནི་ང་ཚོའི་མི་རིགས་ལ་ཕན་ཐོགས་གང་ཡང་མེད་པའི་གད་སྙིགས་དེ་ཚོ་རེད།

  10. གནམ says:
    2013-11-28 at 8:31 am

    བཤད་མ་ཤེས་ཚིག་སྣེ་གྱོད་ལ་ལོག། འགྲོ་མ་ཤེས་རྐང་སྣེ་རྡོ་ལ་ཐོགས། འབྲོང་མགོ་རློན་པ་སྐམ་པོར་ཆགས་ན་བྱུང་རྒྱུ་འདི་ལས་གང་ཡོད། ཧ་ཧ་ཧ།

  11. དགྲ་ལྷ་ནག་པོ། says:
    2013-11-28 at 9:17 am

    འབྲོང་མགོ་སྐམ་པོ་ལགས་ཀྱིས་དོ་ཁུར་དང་སེམས་གཏམ་བཤད་པ་ཤིན་ཏུ་བཀའ་དྲིན་ཆེ། བོད་མི་རྣལ་མ་ཞིག་ཡིན་ན་དེ་ལྟར་ཡིན་དང་ཡིན། འོན་ཀྱང་ཉིད་ཀྱིས་རྔ་རྡུང་ནས་སྡེ་བ་འུར་ལ་བསྐུར་གཏོ་ཕང་ནས་ཁྱི་མོ་གཟན་ལ་འགུག་དོན་ཅི་ཡིན།
    ཉིད་ཀྱིས་སྐབས་ཐོག་དེར་བོད་མི་གཞིས་བསྡོད་པ་ཞིག་གི་འགན་ཁུར་ནས་དྲུང་ཆེ་དང་བདེ་སྲུང་མི་སྣར་གཟབ་བཤད་ཅིག་མི་བྱེད་དོན་ཅི་གཤེ་གཤེ་ཞིག་མི་གཏོང་དོན་ཅི། དེ་ལྟ་མིན་ནའང་བོད་གཞུང་གི་ལྷན་ཁང་ཞིག་ལ་ཡིག་ཆུང་འདི་མ་བསྐུར་བར་རྒྱ་ལམ་དུ་ཐར་གཅོད་དོན་ཅི་ཡིན།

  12. ཇུས་མེད་ཇུས་གཏོགས། says:
    2013-11-29 at 2:14 am

    དོན་དངོས་ནི་དོན་དངོས་རང་རེད་འབྲོང་མགོ་ལགས་ཀྱི་་དོ་ཁུར་དང་སེམས་གཏམ་ཡག་པོ་ཞིག་བཤད་འདུག་བཀའ་དྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (23)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (12)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme