Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་འཚབ་ཅིག་གིས་བློ་བཟང་སེང་གེ་ལ་འོས་འཕེན་རྒྱུ་ཡིན།

Posted on 2016-03-152016-03-15 By ཁ་བརྡ 26 Comments on བློ་འཚབ་ཅིག་གིས་བློ་བཟང་སེང་གེ་ལ་འོས་འཕེན་རྒྱུ་ཡིན།

ཚེ་འབར།

 
ཉེ་སྔོན་དྲ་ལམ་ཁག་ནས། ཁྱེད་ཀྱིས་འོས་ཤོག་སུ་ལ་བླུག་རྒྱུ་ཡིན། སྔོན་འགྲོའི་འོས་མི་གཉིས་སུ་བཟང་གི་རེད། ཁྱེད་ཀྱིས་འོས་སུ་ལ་བླུག་ན་ངས་དེ་ལ་བླུག་རྒྱུ་ཡིན་ཟེར་མཁན་ཚོ་ལ། སྤྱིར་ཡིན་ན་ངའི་ད་ལོའི་འོས་མི་ནི་རྒྱལ་གཅེས་དཔའ་བོ་ཨ་ཚོགས་ཀླུ་མཁར་བྱམས་ཡིན་པ་དེ་ཕྱི་གསལ་ནང་གསལ་ཆགས་པ་རེད། རང་ཉིད་ཀྱིས་བསམ་པ་ལ་ཁོང་གི་བཏོན་གནང་པའི་”འཆར་སྒོ་གཉིས་དང་ངོ་རྒོལ་གཉིས་”ཟེར་བ་དེ། ད་ལྟའི་ཆར། ང་ཚོའི་བཙན་བྱོལ་སྤྱི་ཚོགས་སུ་དུས་ཐོག་ཆར་བ་ལྟ་བུ་ཆགས་ཡོད་པ་ངོས་འཛིན་ཡོད་པའི་ཐོག་ནས་རེ་བ་བརྒྱབ་པ་ཡིན།
འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་བོད་ཕྱི་ནང་གཉིས་ཀྱི་བློ་མིག་ཡོད་ཚད་བཅོལ་ས་དབུས་འོས་བསྡུ་ལས་ཁུངས་ཀྱི་སྐུ་ངོ་རྣམ་པ་འདུག་ས་ཞིག་ནས་བསྡད་མ་ཐུབ་པས་འོས་བསྡུ་ལྷན་ཁང་གི་ཁྲིམས་དང་སྒྲིག་གཞི་དེ་ཚོར་རྩེད་ཆས་ལྟ་བུར་གྱུར་ནས། སྲིད་སྐྱོང་འོས་མི་རྒྱལ་གཅེས་དཔའ་བོ་ཨ་ཚོགས་ཀླུ་མཁར་བྱམས་དངོས་གཞིའི་འོས་མིའི་ནང་ལ་ཡོང་ས་མེད་པ་བཟོས་འདུག

དུས་དེ་ནས་བཟུང་ད་ལོའི་སྲིད་སྐྱོང་གི་དངོས་གཞིའི་འོས་ཤོག་དེ་བླུག་རྒྱུ་མིན་པའི་ཐག་བཅད་བྱས་ནས་སྙིང་ཉེ་བའི་འཐབ་གྲོགས་འགའ་ལ་འབྲེལ་བཤད་ཀྱང་བརྒྱབ་པ་ཡིན། དངོས་གཞིའི་འོས་མིའི་ནང་ལ་ཡོད་པའི་སྐུ་ངོ་རྣམ་གཉིས། སུ་ཡིན་ཡང་ད་ལྟ་ང་ཚོ་ལ་གང་ཡོད་པ་འདི་ལས་ལྷག་པའི་དམིགས་བསལ་གྱི་འགྱུར་བ་ཞིག་གཏོང་ཐུབ་པའི་ཡིད་ཆེས་ང་ལ་རྩ་བ་ནས་སྐྱེས་མ་སོང་། མ་ཟད་འོས་འགྲན་སྐབས་སུ་སྐུ་ངོ་རྣམ་པ་གཉིས་ལ་བསྙོན་འཛུགས་བྱས་པ་དེ་དག་བློ་ཁ་ཚིམ་པའི་འབྲེལ་བཤད་ཅིག་དེ་བས་ཀྱང་གོ་རྒྱུ་མི་འདུག
ཡིན་ཡང་ཁོང་རྣམ་པ་གཉིས་དངོས་གཞིའི་འོས་འགྲན་སྐབས་སུ་གཅིག་རྗེས་གཉིས་མཐུད་ཀྱིས་སྐོར་སྐྱོད་ལ་ཕེབས་ནས་གཏམ་བཤད་རབ་དང་རིམ་པ་གནང་སོང་ལ། དྲི་བ་དྲི་ལན་མང་དག་ཅིག་བཏང་སོང་། དེ་དག་དྲ་ལམ་ཁག་ལ་ཐོན་ཚད་ཚང་མ་གཅིག་ཀྱང་མ་ལུས་པར་ཉན་ཡོད་ཟེར་ན་ཐལ་ཆ་མེད་སྙམ། གཏམ་བཤད་དེ་དག་ཡང་དང་བསྐྱར་དུ་ཉན་རྗེས་བློ་འཚབ་ཅིག་བྱུང་།

དེ་ནི་སྐུ་ངོ་སྤེན་པ་ཚེ་རིང་མཆོག་གི་གསུང་བཤད་ལས་བྱུང་བ་ཞིག་ཡིན། སྤྱིར་སྐུ་ངོ་སྤེན་པ་ཚེ་རིང་མཆོག་གིས་གོ་རྟོགས་རང་བཞིན་གྱི་གཏམ་བཤད་འགའ་ཤས་གནང་བ་ལ་དགའ་ཚོར་ཆེན་པོས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ཉེ་སྔོན་སྐུ་ངོ་མཆོག་གི་ལོ་རྒྱུས་སྙོག་འཛིང་ཅན་དེ་གཙང་མ་ཡོང་རེ་བྱས་ནས་«སྤེན་པ་ཚེ་རིང་གི་སྙོག་འཛིང་ལས་འཕྲོས་བའི་གཏམ»ཟེར་བའི་རྩོམ་ཡིག་རིང་པོ་ཞིག་བྲིས་པ་ཡིན། འོན་ཀྱང་དུས་ད་ལྟ་བར་དུ་དེ་ལ་ལན་ཅིག་རག་མ་སོང་། ཡིན་ཡང་ད་སྐབས་དེའི་སྐོར་གླེང་གི་མིན།

ད་ཐེངས་བློ་འཚབ་བྱུང་དགོས་པའི་རྒྱུ་མཚན་གཙོ་བོ་ནི་སྐུ་ངོ་མཆོག་གིས་བྲིས་པའི་རིག་ལམ་བཞི་ལས་གཉིས་པ་”སྲིད་ཇུས་དང་ལངས་ཕྱོགས་གསལ་པོ་དང་བརྟན་པོ།”ཟེར་བ་དང་”རྒྱ་ནག་གཞུང་ལ་ཡིག་ཆ་གཉིས་པ་ཞིག་བྲི་དགོས་ན་བྲི་གི་ཡིན་”ཞེས་པ་དེ་རེད། བཙན་བྱོལ་གཞུང་གི་སྲིད་ཇུས་ལམ་དབུ་མ་ཡིན་པ་དང་ལངས་ཕྱོགས་བོད་རང་བཙན་རྩོད་གི་མེད་པ་དེ་ཡིག་ངག་གཉིས་ཐོག་ནས་འཛམ་གླིང་ཡོང་ལ་ཕྱི་གསལ་ནང་གསལ་བྱས་པ་རེད། དེ་ལས་ལྷག་ཅིག་བྱ་རྒྱུ་ཡོད་མདོག་བསྟན་པ་དེས་དམིགས་ས་ཅི་ཞིག་ཡིན་ནམ། ཁོ་བོ་བོད་རང་བཙན་འཐབ་རྩོད་པ་ཞིག་ཡིན་པས་བློ་འཚབ་ཆེན་པོ་བྱུང་།

སྐུ་ངོ་མཆོག་གིས་དེ་སྔོན་ནས་བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཚོ་ལ་བཟུང་བའི་སྲིད་ཇུས་དེ་འགྱུར་བ་མེད་པས་མདུན་སྐྱོད་བྱ་རྒྱུ་ཡིན་པ་མ་ཟད། སྐུ་ངོ་སྤེན་པ་ཚེ་རིང་མཆོག་ལ་འོས་ཤོག་གི་རྒྱལ་ཁ་ཐོབ་པའི་ཉིན་མོ་ནས་བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཚང་མ་ཕྱོགས་ཡོང་ནས་རྒོལ་བ་བྱ་རྒྱུའི་སྔོན་བརྡ་ཞིག་ཡིན་པ་གསལ་པོ་རེད་སྙམ། འདི་ནི་ང་ཚོ་བོད་རང་བཙན་བཤད་མཁན་འགའ་ཤས་ལ་དབུགས་ལྷེམ་ས་ཡོད་མེད་ཙམ་གྱི་གནད་དོན་ཞིག་རྩ་བ་ནས་མ་རེད། བསམ་ཚུལ་འདིས་བོད་མི་སྤྱི་ཡོངས་ཀྱི་གཅིག་སྒྲིལ་ལ་དོ་ཕོག་འགྲོ་བའི་ཉེན་ཁ་ཧ་ཅང་ཆེན་པོ་རེད། སྐབས་དེ་དུས་གྱོང་གུད་དེ་བོད་མི་ས་ཡ་དྲུག་ལ་རག་རྒྱུ་ལས་མི་འགའ་ཤས་ཀྱི་སྟེང་ནས་འདུག་གི་མ་རེད། འདི་ལ་ང་ཚོས་ངེས་པར་དུ་ཡིད་གཟབ་གནང་དགོས།

གཉིས་པ། རྒྱ་གཞུང་ལ་ཡིག་ཆ་གཉིས་པ་བྲི་རྒྱུ་ཟེར་བ་དེ་རེད། འདི་ལ་ང་ཚོས་བསམ་བློ་ནན་ཏན་གཏོང་དགོས་ས་ཞིག་ཆགས་ཡོད། རྒྱ་ནག་གཞུང་གི་མགོ་ཁྲིད་དང་༧གོང་ས་ཡིད་བཞིན་ནོར་བུ་མཆོག་ལྷན་དུ་མཇལ་འཕྲད་གནང་དགོས་ཟེར་བ་ཙམ་ལ་རྒྱ་གཞུང་ནས་ཡ་ལན་གང་ཡང་མེད་པ་དེ་སྡོམ་བརྒྱབ་ཐུབ་པ་ཞིག་རེད།

དེས་ན་སྐུ་ངོ་ཁོང་གིས་ཆ་རྐྱེན་གང་འདྲ་ཞིག་གི་འོག་ལ་བྲི་རྒྱུ་ཡིན་མིན་ད་དུང་དྲི་གཞིར་ལྷག་ཡོད། རྒྱ་གཞུང་ནས་དུས་ད་ལྟ་བར་དུ་བཤད་བཞིན་པ་ནི་བོད་ཆེན་པོ་ཟེར་བ་དེ་མ་འགྲིག་ཅེས་བཤད་པ་རེད། ད་ང་ཚོས་ཡིག་ཆ་གསར་པ་ཞིག་བྲི་ན་བོད་ཆོལ་ཁ་གསུམ་པོ་རང་སྐྱོང་གསུམ་ལ་བགོ་རྒྱུ་ལས་ལྷག་མེད། དེ་ལྟར་བྱས་ན་༧ རྒྱལ་བ་རིན་པོ་ཆེའི་རྩ་བའི་དམ་བཅའ་དང་འགལ་བ་མ་རེད་དམ། ༧གོང་ས་མཆོག་ནས་”ཆོལ་ཁ་གསུམ་པོའི་མགོ་དང་མཇིང་པ་འབྲལ་ཐབས་མེད་པས་གཅིག་སྒྲིལ་དགོས་རྒྱུ་ནི་ངའི་རྩ་བའི་དམ་བཅའ་ཡིན་”གསུངས་བ་དེ་དང་ཡོངས་སུ་འགལ་བ་མ་ཟད་བོད་རང་བཙན་ཕར་ཞོག་ལམ་དབུ་མ་ཡང་མེད་པར་འགྱུར་ཉེན་ཡོད་པས་ཧ་ཅང་གི་ཉེན་འཚབ་རང་བཞིན་ཅན་ཞིག་རེད།

རྒྱུ་མཚན་དེའི་ཕྱིར་ན། ལས་དོན་དམིགས་བསལ་མ་འགྲུབ་ཀྱང་དོ་ཕོག་ཆེན་པོ་ཞིག་མི་འབྱུང་བའི་ཆེད་དུ་སྐུ་ངོ་བློ་བཟང་སེང་གེ་ལ་འོས་བླུག་རྒྱུ་ཡིན། པར་སྐབས་བཙན་བྱོལ་སྤྱི་ཚོགས་ནང་ལ་ལྟ་བ་ལངས་ཕྱོགས་ཀྱི་ཐད་ནས་དབུ་ཁྲིད་འགའ་ཤས་བར་གནས་མ་ཐུབ་པའི་རྐྱེན་གྱིས་དཀའ་ངལ་ཡོད་བཞིན་པའི་སྒང་ལ། ད་ལོའི་འོས་སྡུ་ཆེན་མོའི་སྐབས་སུ་ཆོལ་ཁ་ཆོས་ལུགས་ཀྱི་སྐད་ཆ་མང་དག་ཅིག་བཤད་ནས། བོད་མི་ཀླད་མེད་མང་པོ་ཞིག་དགྲ་གང་ཡིན་དང་གཉེན་སུ་ཡིན་ངོ་མ་ཤེས་པའི་ཚད་ལ་བསྐྱལ་ཡོད། འདི་འདྲའི་ཛ་དྲག་གི་སྐབས་སུ་བར་གནས་ཀྱི་སྲིད་སྐྱོང་ཞིག་དགོས་པ་དེ་ཤིན་ཏུ་་ནས་གལ་འགངས་ཆེན་པོར་མཐོང་།

སྲིད་སྐྱོང་བློ་བཟང་སེང་གེའི་ཁྱད་ཆོས་གཙོ་བོ་མིའི་ཟེར་རྗེས་སུ་འབྲངས་ནས་སྤྱི་ཚོགས་ལ་བརྡབ་གསིག་གཏོང་མཁན་ཞིག་མ་རེད། རང་ཉིད་མི་དགའ་ས་དེ་སྤྱི་ཚོགས་ནས་རྒྱང་ཕུད་གཏོང་ཐབས་སུ་མི་མང་གི་སྡིངས་ཆ་བེད་སྤྱོད་ལོག་པར་གཏོང་མཁན་ཞིག་ཀྱང་མ་རེད། སྲིད་སྐྱོང་འོས་མི་རྣམ་པ་གཉིས་བསྡུར་ན་སྐུ་ངོ་བློ་བཟང་སེང་གེ་ལ་སྒམ་དཀྱེལ་གྱི་གཤིས་ཀ་ཡོད་པ་ཞིག་ཚོར་སོང་། རྒྱུ་མཚན་དེ་ལ་བརྟེན་ནས་ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་ལ་བསྐྱར་དུ་འོས་བླུག་རྒྱུའི་ཐག་ཆོད་བྱས་བ་ཡིན།

སྐུ་ངོ་བློ་བཟང་སེང་གེས་”ལྔ་དང་ལྔ་བཅུ་”གསུང་བ་ལས་ལྔ་དེ་འགྲུབ་པའི་ཡིད་ཆེས་མེད་ན་ཡང་། ལྔ་བཅུ་གནས་པའི་ཕན་ཐོག་ཡོད་པར་མཐོང་ནས་ཐག་བཅད་པ་ཞིག་ཡིན། ལྷག་པར་དུ་བོད་སྤྱི་བའི་ལས་དོན་ཐོག་འགྲིག་གི་མེད་ས་ཞིག་ཡོང་གི་ཡོད་ན་སོ་སོར་ཅིག་ལབ་ཡོང་བསམ་ནས་གཡོལ་ཐབས་བྱས་ན་རྩ་བ་ཉིད་ནས་འགྲིག་གི་མི་འདུག སྤྱི་ཚོགས་ཕྱོགས་ག་བར་ཕྱིན་ནའང་རང་བཞིན་གྱིས་མཇིང་པའི་སྒང་ལ་མིང་ཞིག་ཡོང་རྒྱུ་ཡིན་པ་དེ་གསལ་བོ་རེད། དེ་འཇིགས་སྣང་སྐྱེ་དགོས་པ་ཞིག་མཐོང་མ་སོང་།

༢༠༡༦/༣/༡༥

བསམ་ཚུལ།

Post navigation

Previous Post: སྲིད་སྐྱོང་བློ་བཟང་སེངྒེ་ལ་འོས་ཚིག་བཀྲ་ཤིས་རྟགས་བརྒྱད།
Next Post: དབྱེ་མཚམས་ཤིག

Comments (26) on “བློ་འཚབ་ཅིག་གིས་བློ་བཟང་སེང་གེ་ལ་འོས་འཕེན་རྒྱུ་ཡིན།”

  1. ནུབ་ཕྱོགས་གངས་ཕྲུག says:
    2016-03-15 at 1:21 am

    བློ་བཟང་སེངྒེ་ལ་ཐག་བཅད་ཐུབ་པའི་ནུས་པ་དང་། བློ་ཁོག གདེངས་ཚོད་མི་འདུག སྤེན་པ་ཚེ་རིང་དང་ཀླུ་མཁར་བྱམས་གཉིས་ལ་དེ་དག་ཚང་ཡོད། ཡིན་ནའང་ཀླུ་མཁར་བྱམས་ཐལ་ཆ་ཆེ་དྲག་འདུག

  2. གནམ says:
    2016-03-15 at 1:57 am

    ༼སྲིད་སྐྱོང་བློ་བཟང་སེང་གེའི་ཁྱད་ཆོས་གཙོ་བོ་མིའི་ཟེར་རྗེས་སུ་འབྲངས་ནས་སྤྱི་ཚོགས་ལ་བརྡབ་གསིག་གཏོང་མཁན་ཞིག་མ་རེད།
    རང་ཉིད་མི་དགའ་ས་དེ་སྤྱི་ཚོགས་ནས་རྒྱང་ཕུད་གཏོང་ཐབས་སུ་མི་མང་གི་སྡིངས་ཆ་བེད་སྤྱོད་ལོག་པར་གཏོང་མཁན་ཞིག་ཀྱང་མ་རེད།
    སྲིད་སྐྱོང་འོས་མི་རྣམ་པ་གཉིས་བསྡུར་ན་སྐུ་ངོ་བློ་བཟང་སེང་གེ་ལ་སྒམ་དཀྱེལ་གྱི་གཤིས་ཀ་ཡོད་པ་ཞིག་ཚོར་སོང་། ༽
    གོང་གི་རྒྱུ་མཚན་འདི་དག་གི་དོན་རང་ལ་བལྟས་ནས་་འོས་བླུག་གི་ཡིན་ཟེར་ན། ཁྱེད་རང་ལ་རྐུབ་ཅོག་སྲུང་ཐབས་ཙམ་ལ་མི་ཞིག་དགོས་བ་ལས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་འགུལ་སྐྱོད་གཅིག་ལ་ཡང་རེ་བ་མེད་ཙམ་བསྟན་པ་དེ་རེད། དེ་ནི་ནོར་བ་རེད།
    ཤ་ཟད་རུས་ལ་མ་ཐུག་གི་བར་དུ། ཅིག་བྱེད་དགོས་བའི་སྒང་ན་ཡོད་པ་ཤེས་དགོས།
    ནང་གི་འགག་རྐྱེན་ལ་གཙང་ཕྱག་དང་ཕྱི་ཡི་དགྲ་བོ་ལ་གདོང་ཐུག་མེད་ན། ལྔ་དང་ལྔ་བཅུ་ལས་ལྔ་དང་ལྔ་སྟོང་ལབ་ན་འོ་ཙིག་མིན་ནམ། ཆབ་སྲིད་ཟེར་བ་ཤེས་དགོས་ན། རང་ཕྱོགས་གཅིག་པོ་ཤེས་བས་ག་ལ་འགྲིག། རང་ཕྱོགས་གཅིག་པོ་བཤད་པས་ག་ལ་ཕན།
    སྲིད་སྐྱོང་སུ་ཞིག་ཐོན་ན་ཡང་། མི་དཔོན་ན་ཚ་ཅན་དགའ་ལ་དཀའ་ངལ་ཡོད་ཡོད་པ་རེད་མ་གཏོགས། བོད་ཆོལ་གསུམ་ཆོས་རྒྱུད་རྣམས། ནམ་ཡང་འཐོར་བའི་རེ་བ་མེད་པ་དང་། ཡོད་རུང་དེ་ལ་ལམ་ཁ་ཞིག་མེད་པ་མི་ཤེས་ན། ཁྱོད་རང་ལ་རི་བོང་གནམ་རྡིབ་གྱི་སྡུག་བསྔལ་བྱུང་བ་ལས་གཞན་ཅི་ཡང་མ་རེད།
    བོད་ཆོལ་གསུམ་ཆོས་རྒྱུད་ཚང་མ་ཆིག་སྒྲིལ་ལ་རྒྱལ་ལོ།

  3. རྡོ་རྗེ་སྐལ་བཟང says:
    2016-03-15 at 2:05 am

    ཁ་བརྡའི་དྲ་དཔོན་ལགས་།
    ད་ལྟའི་ཁ་བརྡའི་མཆན་བུ་ཡང་དགོས་དབང་གིས་སྤེལ་བཞིན་པའི་གནས་ཚུལ་ཁྱེད་ཀྱི་དེ་རིང་དྲང་མོར་གསུང་པ་ཐུགས་རྗེ་ཆེ་ཞུ།ང་རང་སྔོན་འགྲོའི་འོས་གཞིའི་སྟེང་ནས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་ཡིད་ཆེས་དང་བློ་ཁ་ཕྱོགས་ཡོད་པའི་་དབང་གི།སྤེན་ཚེའི་ཁ་གཏད་ན་ལང་ཡོད་པའི་འོས་མི་བློ་སེང་གི་ཉེས་སྐྱོན་དང་གསང་བ་ཕྱིར་བཀྲམ་དགོས་པ་ནི་ངའི་འོས་འགན་རེད་བསམ།ཁྱོད་ཁ་བརྡ་ཚང་ཡང་དེའི་རྐྱེན་ཡིན་ནམ།

  4. ཀརྨ་བློ་གསལ་ says:
    2016-03-15 at 2:06 am

    ད་ཀླུ་མཁར་བྱམས་དྲུད་མ་ཡོང་། གོང་ས་མཆོག་གིས་རྫུན་གསུང་གི་འདུག་ལབ་མཁན་སྤེན་ཚེ་རེད། གོང་ས་མཆོག་ལ་དད་པ་ཡོད་མཁན་ཞིག་གིས་སྤེན་ཚེ་རང་དགར་འཇོག་སྲོལ་མེད། འོས་ཤོག་རྩིས་མེད་དུ་གཏོང་མཁན་ག་ཚད་ཡོད་མེད་ལ་ལྟ་ཡ་རེད།

  5. ཅང་ཤེས་རྟ་མཆོག says:
    2016-03-15 at 2:12 am

    སྤྱིར་བཏང་དམངས་གཙོའི་ཡན་ལག་ཚང་བའི་རྒྱལ་ཁབ་དང་སྤྱི་ཚོགས་ཤིག་ཡིན་ན། བློ་བཟང་སེང་གེ་ལགས་ནས་༧རྒྱལ་བ་རིན་པོ་ཆེ་དང་རྒྱ་གར་གཞུང་གི་སྐུ་དྲིན་ཡང་མངོན་སུམ་འཛེམ་མེད་ཀྱིས་ཧམ་འཕྲོག་བྱས་ནས་མི་དམངས་མགོ་སྐོར་གཏོང་ཐབས་བྱེད་པ་འདི་ལྟ་བུ་ནི་ཁྲིམས་ལ་གཏུགས་དགོས་པ་ཞིག་ཡིན། དེ་ལྟར་མ་བྱུང་ན་ཡང་། གནས་སྐབས་ཁོང་སྲིད་སྐྱོང་གི་འོས་འགྲན་ལ་ཞུགས་པ་མཚམས་བཞག་ནས། ༧རྒྱལ་བ་རིན་པོ་ཆེ་དང་རྒྱ་གར་གཞུང་ལ་ཁོང་ཚོའི་སྐུ་དྲིན་ཧམ་འཕྲོག་བྱས་པ་དང་། མི་དམངས་ལ་ཁོང་ཚོ་མགོ་སྐོར་གཏོང་ཐབས་བྱས་པ་བཅས་ལ་ཐུགས་བདེན་དགོངས་དག་ཞུ་དགོས་པ་མ་ཟད། མ་འོངས་པར་དེ་ལྟར་མི་བྱེད་པའི་དམ་བཅའ་ཕུལ་ནས་ཡང་སྐྱར་འོས་འགྲན་ལ་ཞུགས་དགོས་པ་ཡིན། བློ་སེང་ལགས་ཀྱིས་དེ་ལྟར་བྱེད་པ་ཕར་ཞོགཁོང་གིས་ད་དུང་རྫུན་རྐུབ་རྙིང་པ་རྡོལ་གྱིན་རྡོལ་གྱིན་རྫུན་གསར་པ་སྒྲིག་གིན་སྒྲིག་གིན་འགྲོ་གི་ཡོད།བློ་སེང་གིས་རྫུན་སྒྲིག་བྱེད་པ་ནི་རྫུན་སྒྲིག་ཙམ་མིན། དེའི་ཕུགས་ན་མི་དམངས་ལ་མཐོང་ཆུང་ཡོད། མི་དམངས་ཀྱི་ཤེས་ཚད་ལ་མཐོང་འཇོག་ཧ་ཅང་དམའ་བའི་རྟགས་ཤིག་ཡོད། ཁོང་གིས་རང་གི་འདོད་མོས་ལྟར་མི་དམངས་ལ་མགོ་སྐོར་བཏང་ཆོག་ཡོད་བསམ་གྱི་ཡོད། དེ་མིན་ན་༧དགེ་བཤེས་མའི་ལམ་སྲོལ་དེ་ཁོང་རང་གི་སྟེང་ལ་ཇི་ལྟར་སྦྱོར་རམ། རྡ་རམ་ས་ལའི་གཞུང་ལམ་གྱི་རྫུན་སྒྲུང་དེ་ཇི་ལྟར་བསྒྲིགས་སམ།

  6. བླ་མ། says:
    2016-03-15 at 2:17 am

    ཚེ་འབར་ལགས། ཁྱེད་རང་བཙན་ཐབ་གཙོད་པ་གཅིག་ཡིན་པ་ཧ་གོ་གི་མེད། ཁྱེད་རང་གི་འོས་དེ་བློ་སེང་ལ་བསླུག་ནས་རེད། སྤེན་ཚེ་འཕངས་ནས་རེད། མང་གཙོ་རེད། ཚོགས་གཙོ་སྤེན་ཚེ་ལགས་ལ་ཞི་མེད་སྐྱོན་འཛུགས་རྣམས་འགྲོ་གླེང་སྐབས་གསལ་པོ་གསུངས་གསོང་། ཁྱེད་རང་བཙན་འདོད་ཀྱི་ཡོད་ཀྱང་རུང་མེད་ཀྱང་རུང་། སྤེན་ཚེ་ལགས་ཀྱི་དབུ་མའི་ལམ་༸གོང་ས་མཆོག་གི་དགོངས་གཞི་དང་། བཙན་བྱོལ་བོད་མི་1994 ལོར། རང་བཙན་དང་། རང་ཐག་རང་གཅོད། བདེན་པའི་དབུ་ཚུགས། དབུ་མའི་ལམ་སོགས་འོས་འཕངས་ནས་རྒྱ་ཆ་བརྒྱད་ཅུ་གྱ་གཉིས་ཀྱི་དབུ་མའི་ལམ་ལ་ཤར་བསྐྱོད་བྱ་རྒྱུའི་འདོད་པ་དེར་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་༸གོང་ས་མཆོག་ལ་གུས་བརྩི་དང་། མི་མང་ལ་གུས་བརྩི་ལྡན་པའི་ཐོག་ནས། ཤར་བསྐྱོད་བྱས་པ་དེ་ལ་རྒྱ་ཆ་རྒྱ་ཐམས་པ་རྒྱབ་བསྐྱོར་ཡོད། ངོས་ཀྱི་འོས་འདི་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ལ་འཕངས་ཀྱི་ཡིན། སྤེན་ཚེ་རྒྱལ་གྱུར་ཅིག། བདེན་པ་ཉིད་རྒྱལ་གྱུར་ཅིག། །

  7. ཀརྡོ་གཉེར་ཕྱག་པ་ says:
    2016-03-15 at 2:19 am

    ད་ལོ་བློ་སེང་མུ་མཐུད་ནས་བྱེད་དུ་བཅུག་དགོས། གང་ཡིན་ཟེར་ན། སྤེན་ཚེ་ལ་རྒྱབ་སྐྱོར་ཤེས་ཡོན་ཅན་མང་པོ་ཡོད་ན་ཡང་། དེ་ཚོ་ཚང་མ་བློ་སེང་ལགས་ལ། འགྲན་རྩོད་བྱེད་མཁན་དང་། ཕྲག་དོག་བྱེད་མཁན་རྐྱང་རྐྱང་རེད། དེའི་ནངནས་་བྱེད་གཏེ་གཙོ་བོ་གཅིག་ནི། མོ་ཧྲང་བདེ་སྐྱིད་ཆོས་དབྱངས་རེད། ཡིན་དང་མིན། ད་དུང་དཔྱད་པ་ཡག་ཞོིག་གྱིས་དང་། དེ་ནས། ག་ལེར་ཤེས་ཡོང་ངོ་།།

  8. ཀརྡོ་གཉེར་ཕྱག་པ་ says:
    2016-03-15 at 2:21 am

    བློ་སེང་ལ། ཕྲག་དོག་དང་། མ་དགའ་ནས་སྤེན་ཚེ་ལ། རྒྱབ་སྐྱོར་བྱེད་མཁན་ཤེས་ཡོན་ཅན་ཚང་མ། ཆབ་སྲིད་ཀྱི་གོ་རྟོགས་མེད་མཁན་རྐྱང་རྐྱང་རེད་འདུག་གདའ། འོས་བླུགས་མཁན་ཚོར།།

  9. བླ་མ། says:
    2016-03-15 at 2:24 am

    ཀརྨ་བློ་གསལ་དོལ་ཚོགས་སྒོ་རྒྱབ་པ་ཧ་གོ་མ་གསོང་པས། དོལ་ཚོགས་མེད་པར་གྱུར་ཅིག བཟློག་པར་གྱུར་ཅིག ཐལ་བའི་རྡུལ་དུ་བརླག་པར་གྱུར་ཅིག། ཞི་བར་གྱུར་ཅིག། ལྟ་ངན་ལོག་སྟོག་ཞི་བར་གྱུར་ཅིག། དབུ་མའི་ལམ་རྒྱལ་བར་གྱུར་ཅིག། རྒྱ་བོད་ཞི་མཐུན་ཡོང་བར་གྱུར་ཅིག བོད་མིའི་མངོན་འདོད་བསྒྲུབ་པར་གྱུར་ཅིག། སྤེན་ཚེ་རྒྱལ་བར་གྱུར་ཅིག། བདེན་པ་ཉིད་རྒྱལ་བར་གྱུར་ཅིག།

  10. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-03-15 at 3:25 am

    བློ་སེང་དང་སྤེན་ཚེ་གཉིས་བསྡུར་ན་གནམ་ས་ཐུག་ཡོད། བློ་སེང་དྲག་པར་བཤད་མི་དགོས། ཡིད་མ་ཆེས་ན་རྒྱན་འཛུགས་རེ་བྱ་ཆོག་་་་་་་སུ་ཕེབས་འོང་ན་མིང་དང་ཞལ་བྱང་པར་བཅས་ཁ་གསལ་གནང་དང་བལྟ་འོ།།

  11. ༄།།སྟར་བུ་དམར་བོ། says:
    2016-03-15 at 3:44 am

    ཚེ་འབར་ཁྱེད་ཀྱིས་ཉོན། མདོ་སྟོད་པ་འགའ་ཤས་ཀྱིས། ཀླུ་བྱམས་ལ་རྒྱབ་སྐྱོར་བྱས་པ་ནི། མདའ་འཕེན་ས་བྲེ་སེར་འབྲོང་ཡིན་རུང་ཁག་དཀྲི་ས་ཁ་དཀར་རྐྱང་གི་དཔེ་རེད། ཁྱེད་དང་ཁྱེད་ལྟ་བུའི་ཨ་མདོ་བ་ཁག་ཅིག་གིས། སྤེན་ཚེ་ལས་ཀླུ་བྱམས་ལ་རྒྱབ་སྐྱོར་ཡོད་མདོག་སྟོན་པ་ནི། བྱབ་ཆུང་གི་ངང་ཚུལ་ཡིན་པ་རང་གཞན་གཉིས་ཀས་རྟོགས་ལོས་ཡོད་དེ། ཁྱོད་ཚོ་ད་དུང་གཞན་གྱི་སྤྱོད་སྒོ་རུ་ཆགས་ནས་མགོ་འཐོམས་ཏེ་ཅིག་ཡིན་སྣང་ཤར་ཡོད། དེ་ལས་ཀྱང་། བྱབ་ཆུང་གི་རྣམ་པ་བསྟན་པ་ནི། ཞེ་དྲག་རང་མཐོང་ཆེ་མདོག་གིས། སྤེན་ཚེ་ལས་བློ་སེང་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པ་འདི་རེད། བློ་སེང་གི་དོགས་གཞི་ཅན་གྱི་གནད་དོན་དང་སྔངས་འཚབ་སྐྱེ་གཞི། འཐུས་ཤོར་དང་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་རྣམས་རྒྱ་བོད་གཉིས་ཀྱི་དྲ་ལམ་དང་གསལ་ཤོག་ཁག་ན་ཧ་ཅང་གསལ་བོ་རེད། རྒྱ་གཞུང་གིས། བློ་སེང་གིས་ཏཱ་ལའི་རྫུན་རྐུབ་བརྟོལ་སོང་བས་རྣམ་དཔྱོད་དང་དྲང་ཚུགས་ཅན་རེད་ཅེས་གསལ་ཤོག་གྲགས་ཅན་བཅུ་གྲངས་ཤིག་ཏུ་བསྒྲགས་ཡོད། དེ་དག་མཐོང་ཨེ་སོང་། རྒྱ་གཞུང་གིས་སྤེན་ཚེ་ལ་ག་འདྲའི་སྐྱོན་བརྗོད་བྱས་འདུག འདིས་ཀྱང་། དགྲ་བོར་འཁོ་བའི་ལག་ཆ་སུ་ཡིན་གསལ་བོར་ཆགས་ཡོད། ཁྱེད་ཀྱིས། བློ་སེང་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་ནི། རང་ཉིད་ཀྱི་དམིགས་ཡུལ་དང་ཁེ་ཕན་ག་གེ་མོ་ཞིག་གི་ཆེད་ཡིན་པ་ལས། བོད་སྤྱི་ལ་བསམ་བློ་བཏང་བ་མིན། འདི་གསལ་བོ་བྱས་རྗེས་ནས་བཤད་ཆོག གདོང་འབག་ག་འདྲ་གྱོན་ཡང་། གཞན་གྱིས་བེད་སྤྱོད་དུ་གྱུར་པ་ཁྱེད་དང་ཁྱེད་ལྟ་བུའི་སྤྲེལ་ལྷད་པ་ཚོའི་བྱ་བཏང་ལས་བཏང་ནི། རྟོགས་དཀའ་བའི་ལྐོག་གྱུར་ཞིག་མིན། རང་གཞན་གཉིས་ཀས་བྱབ་ཆུང་གི་ས་ལ་བཞག་ཡོད། ཧ་གོ་བ་བྱོས། སྣང་བ་འཁྲུལ་མ་འགྲོ། ཆབ་སྲིད་འཁྲབ་ན་འཁྲབ་ཤེས་དགོས་པ་རེད་དཱ། ད་དུང་གཞན་གྱི་ཀླད་པ་རང་གི་ཀླད་པའི་སྒང་ལ་བཞག་སྟེ་ལས་ཀ་གྱིས་ལོ།

  12. ཁྱུང་དཀར says:
    2016-03-15 at 3:59 am

    ཚེ་འབར་ལགས་ནས། སྤྱི་བར་ཕན་འདོགས་ཀྱིས་གླེན་ཕྲུག་ཀླུ་མཁར་མགྱོག་ཞོར་འུ་ཐག་ཐབས་ཟད་ཀྱིས་ལོ་ལྔར་འཐུས་ཤོར་གཏོང་མཁན་བློ་སེང་ལ་ད་དུང་ཡང་དུང་བཞིན་འདུག མ་གཞི་ནས་བསམ་བློའི་འཁོར་བསྐྱོད་ལ་འཁྱོག་ཐིག་བབས་ཚར་དུས་དྲང་ལམ་དུ་འགྲོ་དཀའ་ནི་རེད། དེ་ནི་བསམ་བཞིན་དུ་མགོ་བསྐོར་གྱི་སྐད་ཆ་ཞིག་ལས་བདེན་པའི་གསལ་བཤད་ཅིག་ལ་འགྲོ་ཐབས་མེད། ཡར་བསྟོད་ཀྱི་མིག་ཀོང་ཞར་མེད་པ་དང་མགོ་ཟུར་གྱི་ཉན་བྱེད་འོན་མེད་ན་ཨ་ཨེ་རླུང་འཕྲིན་གཉིས་ནས་ཐད་སྲིང་བགྲོ་གླེང་ལ་གཟིགས་ནའང་སུ་བདེན་སུ་རྫུན་ཧ་གོ་ཐུབ་པ། ད་རེས་སྤེན་ཚེ་ལགས་རྒྱལ་མ་ཐུབ་པ་ཡིན་ན་སྤྱི་བའི་རྩ་དོན་ཕར་བཞག་ནས་ཡོད་བཞིན་པའི་སྒྲིག་འཛུགས་ཀྱང་མེད་བརླག་ཏུ་བཟོ་ས་རེད། ད་བློ་སེང་གིས་ཡོང་ས་རེད།

  13. རྡོ་རྗེ་སྐལ་བཟང says:
    2016-03-15 at 5:11 am

    ཀརྡོ་གཉེར་ཕྱག་པ་།བོད་ཀྱི་ཤེས་ཡོན་ཅན་མང་པོའི་བློ་སེང་གི་ཁ་ཁོག་ཤེས་སོང་བའི་རྐྱེན་གྱིས་བློ་སེང་དོར་ནས་སྤེན་ཚེ་ལ་རྒྱབ་སྐྱོར་ཞེས་པ་ཡིན་།དེ་ལས་གཞན་བློ་སེང་འདྲ་བའི་མི་ལ་འགྲན་རྩོད་དང་ཕྲག་དོག་བྱེད་དགོས་པའི་ངོས་བ་ཡོད་པ་མ་རེད།

  14. བསྟན་འཛིན says:
    2016-03-15 at 5:28 am

    བློ་སེང་ལ་འོས་ཤོག་སྤྲད་ནའང་།མ་འགྲིག་པ་མི་འདུག་ཡིན་འང་།བློ་འཚབ་གཅིག་ཡོད་པ་ནི་རྒྱ་ནག་གིས་ཁོང་མཉམ་དུ་སྐད་ཆ་མི་བཤད་ཟེར་བ་དེ་རེད།བོད་ཀྱི་གཞོན་ནུའི་སྒྲིག་འཛུག་གི་ཁོངས་མི་རེད་ཟེར་དེས།ང་བློ་མི་བདེ་གི

  15. གངས་ཕྲུག། says:
    2016-03-15 at 5:53 am

    ཀླུ་བྱམས་ལགས་ཀྱི་ཆབ་སྲིད་ལྟ་གྲུབ་དབང་གིས་གོང་ས་མཆོག་གི་ལྟ་གྲུབ་དང་མི་མཐུན་པའི་ཟུར་ཟ་དང་སྐྱོན་བརྗོད་བྱས་པ་རེད། དེ་ནི་ཆབ་སྲིད་ཀྱི་རིག་པའི་གཞུང་ལུགས་དང་ཆོས་ལུགས་ཀྱི་གྲུབ་མཐའ་བཅད་དང་མཐུན་པའི་བྱ་སྤྱོད་ཞིག་རེད། སྤེན་ཚེས་དེ་ལས་ལྡོག་ནས་གོང་ས་མཆོག་གི་བཀའ་གསུངས་འགའ་མངོན་སུམ་འཛེམ་མེད་ཀྱི་ལོག་བཤད་དམ་རྫུན་ཚིག་ཏུ་སྒྱུར་བ་རེད། དེ་ཙམ་མ་ཟད་བཀའ་གསུངས་དེའི་བར་ནས་མདོ་སྟོད་མི་དམངས་ནང་ཁུལ་འགལ་ཟླ་བཟོ་བའམ་མདོ་སྟོད་མི་དམངས་དང་གོང་ས་མཆོག་གི་བར་འགལ་ཟླ་བཟོ་བའི་སྐད་ཆ་གླེང་ཡོང་གི་འདུག། དེ་ནི་ཤིན་ཏུ་རྫབ་ཅན་རེད། རྡ་ས་ཆུ་སྒང་དབུས་དང་སྒྲིག་འཛུགས་ཟེར་བ་དེ་ནི་མདོ་སྟོད་མི་དམངས་དང་བཙན་བྱོལ་སྒྲིག་འཛུགས་ཀྱིས་ངོས་ལེན་མེད་པར་གསལ་གསལ་དག་དག་ཡིན་ན་ཡང་། སྤེན་ཚེས་ཆེད་དུ་མདོ་སྟོད་མི་དམངས་དབར་འགལ་ཟླ་ཡོང་རྐྱེན་བཤད་ན་མདོ་སྟོད་མི་དམངས་ཀྱིས་ཁྱེད་ལ་རྒྱབ་སྐྱོར་དང་རྩིས་བཀུར་ཕར་ཟད་ཁྱེད་དང་མདོ་སྟོད་མི་དམངས་བར་གྱི་ལྟས་མོ་ག་ལེ་མཐོང་ཡོང་ངོ་།

  16. རོ་བདག says:
    2016-03-15 at 6:35 am

    ཚེ་འབར་ལགས་ཀྱི་གསུང་བ་བདེན་པ་རེད། གུས་པར་ཡང་སྲིད་སྐྱོང་ར་བཟི་ཞིག་དགོས་དོན་མེད་། ཚང་མའི་བསམ་གནོ་བཞེས་རོགས་ཁྱོད་ཚོས་བོད་ཀྱི་སྲིད་དབང་ར་བཟི་ཞིག་གི་ལག་པར་འཇོག་ཐུབ་བམ། ད་དུང་བོད་རང་བཙན་འཐབ་རྩོད་པ་ཚོར་གདང་ཟུག་ཡོད་མཁན་ཞིག།

  17. ༄།།སྟར་བུ་དམར་བོ། says:
    2016-03-15 at 6:51 am

    གངས་ཕྲུག་མིང་ཅན་ཡ། མདོ་སྟོད་ཅིག་ཅིག་ཉིག་ཉིག་ཅེས་ནམ་དང་ཞར་ལ་ཚོགས་སྡེ་དང་ཆོལ་ཁ་ཞིག ཁ་ལ་ཁུར་ཏེ་རྒྱབ་ལ་དྲུད་ཡོང་བ་ནི། རང་ཉིད་ལ་བློ་སྤོབས་དང་འཇོན་ནུས་གང་ཡང་མེད་པར་གཞན་ཞིག་རང་གི་འཚབ་ཏུ་གཏུག་འདོད་ཀྱི་ཀུན་སློང་གསལ་བ་ཙམ་ལས་ཅང་མ་རེད། ཁྱོད་ཕོ་ཁྱོགས་པ་ཡིན་ན། ཁྱེད་རང་དངོས་སུ་ཐོན་ཏེ་མངོན་སུམ་འཛེམ་མེད་ཀྱིས་སྤེན་ཚེར་བཟོ་འདོད་ཀྱི་ངན་ཇུས་གང་ཡིན་ལྷུར་ལོངས་དང་། ངས་ཁྱོད་ལ་དཔའ་རྒོད་ཟེར་ར། དེ་མིན་རྒན་མོ་ངན་པ་ཞིག་གི་བཤད་ཡམས་འདྲ་ཁྱེར་མ་ཡོང་། སྤྲུལ་རྫུན་ཨུར་སྟོབས་དང་གྲྭ་འཆལ་བེར་འཇིགས་བསྟན་ཡར་སོགས་ཀྱིས། ལྐོག་ལྐོག་སུད་སུད་ཀྱིས་ཁྱི་ཁ་གང་མང་མང་ཟུག་སོང་སྟེ། ཚོགས་གཙོ་དཔའ་སྤོབས་ཆེན་པོའི་ངང་བརྗིད་ཉམས་དང་གཟི་བརྗིད་ལྡན་པར་གཏམ་བཤད་ཁག་ལ་ཕེབས་ཡོང་དུས། ཨུར་སྟོབས་སོགས་ལ་རྒོལ་གཏམ་དབུགས་ཀྱི་རྒྱུ་བ་ཙམ་ཞིག་སྡེབ་རྒྱུ་མི་འདུག མི་མང་ཚོགས་པའི་དབུས་སུ་སྤེན་ཚེས་བློ་སེང་ལ་ཅི་བྱ་གཏོལ་མེད་ངོ་ཚ་ཁ་སྐྱེངས་བཟོས་ཏེ། འདུག་བཟོད་མེད་པ་ཞིག་བྱས་སོང་མོད། དེ་དུས་བློ་སེང་རྒྱབ་སྐྱོར་ཧ་ཅང་མང་ཡང་སྤེན་ཚེ་ལ་དྲི་བ་རྣོན་པོ་གཏོང་མཁན་ཞིག་ཐོན་མ་ཐུབ ད་རྗེས་ནས་ཅིག་ཅིག་ཉིག་ཉིག་བྱ་གི་རེད་ལབ་ན། སྡར་མའི་སྟོང་གཏམ་མ་རེད་དམ།

  18. གངས་ཕྲུག། says:
    2016-03-15 at 7:34 am

    དམར་པོ་མིང་ཅན། སྤེན་ཚེའི་ནག་ཉེས་སྐོར་དེབ་ཐེར་དང་སྤྱི་ཚོགས་རྒྱུད་ལམ་ཁག་གང་སར་དག་གསལ་བཀོད་ཡོད་ནི་རེད། ལྷག་པར་དུ་བཙན་བྱོལ་བོད་མིའི་གདེང་ཆ་མཐོར་ཤོས་གྲོས་ཚོགས་ར་བའི་བར་དུ་སྐྱེལ་ཚ་བ་རེད། དེ་ལས་ལྷག་གི་བཤད་ས་དང་གླེང་ས་ཞིག་མེད་པའི་ཚད་རེད། འོན་ཀྱང་སྤེན་ཚེར་ངོ་ཚ་མེད་པ་ཡིན་ནམ་ནག་ཉེས་དག་སེལ་བྱེད་རྒྱུ་མེད་པས་ཡིན་ནམ། གང་ལྟར་སྤེན་ཚེས་དག་སེལ་མ་བྱེད་བར་དུ་ཉེས་ཅན་པའི་མིང་གི་འོག་ཏུ་གནས་རྒྱུ་ལས་ཡོད་ནི་མ་རེད། མི་གཞན་གྱིས་སྤེན་ཆེ་ནི་ལོག་གཡེམ་པ་དང་། གཞན་རྒྱུ་སྒེར་སྒྱུར་ཅན། མི་བསོད་དོན་རྐྱེན་གྱི་ནག་ཉེས་ཅན་ཡིན་པ་སར་སྒྲགས་ནམ་སྒྲགས་བྱས་ཟིན་པ་རེད། དེར་དག་སེལ་མེད་ན་དེ་གར་རང་ལ་གནས་རྒྱུ་རེད། ད་དུང་སྲིད་སྐྱོང་གི་གླེང་གཞི་དང་འབྲེལ་བའི་རྫུན་སྐྱག་ཁག་ལ་དག་སེལ་བྱེད་དགོས་རྒྱུ་ངེས་ཏན་རེད།

  19. གངས་ཕྲུག། says:
    2016-03-15 at 7:43 am

    ཨོ། ཅིག་ལྷག་སོང་ཐལ། མི་ངོ་སྟོན་ནས་སྤེན་ཚེའི་ནག་ཉེས་ཁག་གྲོས་ཚོགས་ར་བའི་བར་དུ་སྐྱེལ་ཟིན་པ་རེད། དེ་རྣམས་ལ་དག་སེལ་མེད་པར་ང་མི་ངོ་སྟོན་ནས་བཤད་པར་དགོས་པ་མ་མཐོང་ངོ་། ངས་སྤེན་ཚེར་བདེན་སྤོང་མེད་ནས་གླེང་རྩོད་མ་བྱས་པ་རེད་བསམ་གྱིན།

  20. རིག་གྲོལ། says:
    2016-03-15 at 8:38 am

    ཚེ་འབར་ཟེར་བ་འདི་ལོ་ཤས་སྔོན་ཟླ་སར་ཡོད་སྐབས་ཆབ་སྲིད་འབྲེལ་ཆགས་ཤིག་དང་སེམས་ཤུགས་ཡོད་མཁན་ཞིག་རེད་བསམ་ནས་འབྲེལ་བ་བྱས་པ་ཡིན། ད་ཡིན་ན་ནོར་འདུག ཉེ་ཆར་ཀླུ་མཁར་བྱམས་ལ་ཉེ་ཉེ་ཞེ་བོ་བྱས་སོང་། ཁག་མེད་རྒྱུ་དང་བདག་པོ་འབྲེལ་བའི་རྐྱེན་གྱིས་རེད་བསམ་སོང་། དེ་རིང་ཡང་རྩོམ་ཡིག་འཁྱར་འཁྱོར་ཅིག་འབྲི་ཁུལ་བྱས་འདུག
    ཉི་མ་དེ་རིང་ནས་ཁྱོད་ཀྱི་རང་མདོག་ཚང་མ་ཤེས་སོང་

  21. ཀརྡོ་གཉེར་ཕྱག་པ་ says:
    2016-03-15 at 10:33 am

    #13 རྡོ་རྗེ་སྐལ་བཟང ་ལགས་ཀྱིས་སྤེལ་དོན།:
    March 15th, 2016 at 5:11 am
    ཀརྡོ་གཉེར་ཕྱག་པ་།བོད་ཀྱི་ཤེས་ཡོན་ཅན་མང་པོའི་བློ་སེང་གི་ཁ་ཁོག་ཤེས་སོང་བའི་རྐྱེན་གྱིས་བློ་སེང་དོར་ནས་སྤེན་ཚེ་ལ་རྒྱབ་སྐྱོར་ཞེས་པ་ཡིན་།དེ་ལས་གཞན་བློ་སེང་འདྲ་བའི་མི་ལ་འགྲན་རྩོད་དང་ཕྲག་དོག་བྱེད་དགོས་པའི་ངོས་བ་ཡོད་པ་མ་རེད།
    ལགས་རེད། ད་ལོ་བློ་སེང་རང་ལ་ལས་ཀ་མུ་མཐུད་ནས་བྱེད་དུ་ཆུགས། ལོ་བཅུའི་རྗེས་ལ་ཁོང་གིས་ཀྱང་། རང་གི་རང་མདོག་བསྟན་ནས་འགྲོ་བགྱི་རེད། ད་ལོ་སྤེན་ཚེ་སྲིད་་སྐྱོང་བསྐོས་པ་ནི། དངོས་ཡོད་གནས་ཚོད་དང་མི་མཐུན་པ་ཆགས་འགྲོ་བགྱི་རེད། དེས་ན། ད་ལོ་བློ་སེང་རང་ལ། བོད་མི་མངས་ཀྱི་ཞབས་ཕྱི་ཞུ་རུ་བཅུག་ན། ལེགས་སོ་སྙམ་མོ།།

  22. ཀུན་གསལ། says:
    2016-03-15 at 12:15 pm

    ཚེ་འབར་ཟེར་བ་འདིས་ཀླུ་མཁར་བྱམས་ཀྱི་ཆེད་དུ་སྤེན་པ་ཚེ་རིང་ལ་སྙིང་ནད་བཟུང་ཡོད། ཁོས་རང་བཙན་གྱི་ལྟ་བ་ངོས་ཟིན་པའི་ཐོག་ནས་ཀླུ་མཁར་བྱམས་ཀྱིས་བཤད་བཤད་ཐམས་ཅད་སངས་རྒྱས་གསོན་པོའི་བཀའ་རེད། སྐྱོན་མེད། ནོར་མེད་སྙམ་གི་ཡོད། ཀླུ་མཁར་བྱམས་ཀྱིས་༧གོང་ས་མཆོག་ལ་རྒྱལ་འཚོང་བ་ལབ་ནའང་ཁོས་དེ་བདེན་པར་ངོས་འཛིན་བྱས་ཡོད། དེར་བརྟེན་སྤེན་པ་ཚེ་རིང་མཐོང་དུས་ཁོ་ཁོང་ཁྲོའི་མེ་ལྕེ་དྲག་ཏུ་མཆེད་བཞིན། རྩ་ནས་བརླག་སེམས་ཀྱི་སྙིང་རླུང་འཚང་བཞིན། ད་གཟོད་བྱིས་པ་བསམ་མེད་ཀྱི་ཀི་ཅོ་འདོན་པ་ལྟ་བུའི་རྩོམ་འདིའི་རིགས་བྲིས་འདུག་པ་དཔྱད་ཤེས་ཤིག་ཡིན་ན་རྟོགས་ནུས་སོ། །

  23. བཙན་རྒོད། says:
    2016-03-15 at 12:19 pm

    བློ་སེང་གི་རྒྱབ་སྐྱོར་བ་ཚོས་བྱེད་སྟངས་ལ་དངོས་གནས་་སུན་སོང་།མ་ཟད་དེ་རིང་ཆོལ་ཁའི་ཞེན་ཁོག་ཞིག་གི་དབང་གིས་དུས་ནམ་ཡང་བརྩི་མཐོང་དང་ཡིད་ཆེས་ཡོད་པའི་བཀའ་བློན་ཞིག་གིས་ཀྱང་འགྲིག་ཁྲིམས་ལ་སྣང་མེད་དང་།ཆེ་ཆུང་གི་དབྱེ་བ་མི་འབྱེད་པར་གནད་འགག་གི་སྐབས་སུ་རང་མདོག་ཕྱི་ལ་མངོན་པ་ཐོས་བྱུང་།དངོས་གནས་བློ་ཕམ་དགོས་པ་ཞིག་རེད་ལ།སེམས་སྐྱོ་བ་ཞིག་ཀྱང་རེད་འདུག

  24. ༄།།སྟར་བུ་དམར་བོ། says:
    2016-03-15 at 3:21 pm

    གངས་ཕྲུག་མིང་ཅན། སྤེན་ཚེར་བློ་སེང་དང་བློ་སེང་ཤོག་ཁག་གིས་ཉེས་འཛུགས་བྱས་པ་ཚང་མ་གཅིག་ཏུ་བསྡུས་རུང་། བློ་སེང་གི་ནང་རུལ་བ་དང་རྒྱ་དམར་གྱི་ལྐོག་དངུལ་བླངས་པའི་ཉེས་འཛུགས་ཀྱི་ཚད་ལ་སླེབས་མེད། ད་དུང་། བློ་སེང་རྒྱ་མའི་སོ་ཉུལ་དང་ལྐོག་དངུལ་ལེན་མཁན་གྱི་དོགས་གཞི་ལས་གསལ་འདོན་བྱ་ཐུབ་མེད། ཉེས་འཛུགས་བྱེད་པའི་བུད་མེད་ད་ལྟ་དངོས་སུ་ཡོད་མོད། བློ་སེང་དང་དེའི་ཤོག་ཁག་གིས་མོའི་བ་སྤུ་ཙམ་ཞིག་སྒུལ་ཐུབ་མེད། མཐའ་ན། དགག་ལན་ཚ་ནན་འབྲི་ཐུབ་པ་ཞིག་ཀྱང་མི་འདུག་པ་ཅི་ཡིས་ལན་སོང་། བློ་སེང་ཁྲིམས་ལུགས་མཁས་པ་ཡིན་ན། ཁྲིམས་ཐོག་ནས་གསལ་བོ་བཟོས་དང་། ཁྲིམས་ཐོག་གསལ་བོ་བཟོ་མ་ཐུབ་པ་དང་གཅིག བློ་སེང་ལ་དེའི་ཕྱོགས་ནས་གསལ་འདོན་གྱི་དཔང་རྟགས་སྟོན་རྒྱུ་མེད་པ་དང་གཉིས། བློ་སེང་གི་རྒྱུ་སྤུས་གསུམ་ག་བསྡོམས་ཏེ་རྩིས་ཤིག་བརྒྱབ་ཚེ། དོགས་པ་ཆེ་རུ་འགྲོ་བ་ལས་ཆུང་དུ་འགྲོ་བ་མི་འདུག འདི་ངོ་མ་ཡིན། ཕོ་ཁྱོགས་པ་ཡིན་ན། དེའི་ཐོག་གསལ་བཤད་ཡིད་ཆེས་པ་ཞིག་གྱིས་དང་། དཔང་རྟགས་ཁུངས་འཕེར་བ་ཞིག་སྟོན་དང་། ཡང་སྐལ་རྡོས་བྱས་པའི་གསལ་བཤད་རང་མགོ་རྡུང་བྱེད་ཅིག་གནང་མ་ཡོང་རོགས།

  25. བོད་ཀྱི་བུ། says:
    2016-03-15 at 5:56 pm

    ཚེ་འབར་ཁྱོད་ནོར་མི་འདུག་མདོ་སྨད་ནང་དྲང་བདེན་གྱི་མི་བུ་མང་པོའི་ནང་གི་གཅིག་དེ་ཁྱེད་རང་རེད་འདུག །

  26. ཀུན་དགའ་ཚེ་རིང་། says:
    2016-03-15 at 11:40 pm

    དམར་བུ་མིང་ཅན་གྱི་གསལ་བཤད་རྣམས་ལ་ལྗིད་ཁོག་འདུག་་་་་་དེ་མིན་ཁ་ཤས་ཀྱི་ཉོག་གཏམ་ནི་མཛུབ་མོ་ན་རོགས་དང་མིག་ཚ་རོགས་རེད་ཤག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme