Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་བཟང་སྒྲོལ་མས་སྐད་ཡིག་ལ་བཅངས་པའི་སེམས་གཏམ།

Posted on 2017-09-162017-09-16 By ཁ་བརྡ་ 7 Comments on བློ་བཟང་སྒྲོལ་མས་སྐད་ཡིག་ལ་བཅངས་པའི་སེམས་གཏམ།

—ཡིག་ཕབ་པ། གླིང་ལོ་མ་སེར་པོ།

 
བཀྲ་ཤིས་བདེ་ལེགས། ལྷན་རྒྱས་སྐུ་ཁམས་བཟང་།

ཉིན་ཤས་རིང་ནས་ང་ལ་ཚོར་བ་ཤུགས་ཆེན་པོ་ཞིག་བྱུང་བས་དེ་རིང་ཧ་ཅང་ཤུགས་ཆེ་བའི་ཚོར་བ་དེ་ཁྱེད་རྣམས་ལ་བཤད་ན་བསམ་བྱུང་། སྔོན་ཆད་ང་རང་ཉིད་ལ་བོད་པ་ཡིན་བསམ་པའི་ང་རྒྱལ་དང་སྤོབས་སེམས་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ཡིན།

ཡིན་ནའང་། ད་ལྟ་བསམ་བློ་ཞིབ་ཕྲ་གཏོང་སྐབས་རང་ཉིད་ཀྱིས་བཤད་པའི་ཕ་སྐད་ནི་ར་མ་ལུག་ཅིག་ཡིན་པ་མ་ཟད། བོད་ཡིག་ཀྱང་ཡིག་རིགས་གཞན་པ་བཞིན་ཡག་པོ་དེ་ཙམ་མི་ཤེས་པས། སྔོན་ཆད་ང་བོད་པ་ཡིན་བསམ་པའི་ང་རྒྱལ་དང་སྤོབས་སེམས་དག་ལ་ལྗིད་ཚད་དེ་ཙམ་མི་འདུག སྔོན་ཆད་ང་རང་གིས་ངོ་དེབ་ནང་དུ་བརྙན་ཐུང་བཟོ་དུས་མི་མང་པོ་ཞིག་གིས་བོད་སྐད་ཡག་པོ་ཤོད། ཁྱེད་རང་བོད་པ་མ་ཡིན་ནམ་ཟེར་ནས་མི་སྙན་པའི་ཚིག་རྩུབ་སྣ་ཚོགས་བཀོལ་དུས། སེམས་ནང་ལ་ང་རང་ལ་མཐོང་ཆུང་བཟོ་བཞིན་འདུག་བསམ་པའི་ཚོར་བ་མི་བདེ་བ་ཞིག་རྟག་པར་སྐྱེ་ཡི་ཡོད། ད་སྐབས་བསམ་བློ་ཞིབ་ཕྲ་དང་ཡག་པོ་ཞིག་གཏོང་སྐབས་དེ་དག་ནི་ཁོང་ཚོས་ང་ལ་མཐོང་ཆུང་དང་ངན་སྨྲས་བྱས་པ་མ་ཡིན་པར་ཁོང་ཚོ་རང་གི་སྐད་དང་ཡི་གེ་ཤ་ཚ་དང་འགན་ཁུར་ཡོད་པས་རེད་འདུག ང་རང་གི་རང་ཉིད་ཀྱི་ཕ་མེས་ཀྱི་སྐད་ཡིག་གི་ཤེས་ཚད་ལ་བསམ་བློ་ཞིབ་ཕྲ་ཞིག་གཏོང་བ་ཡིན་ན་སྔོད་ཆད་ཀྱི་ང་རྒྱལ་དང་སྤོབས་སེམས་དག་ལ་ལྗིད་ཚད་དེ་ཙམ་མེད་པ་ཤེས་ཀྱིན་འདུག

ཁྱེད་ལ་དེ་འདྲའི་བསམ་བློ་ཅི་ལྟར་སྐྱེ་བ་རེད་དམ་ཞེ་ན། ཕ་མེས་ཀྱི་སྐད་ཡིག་ལ་ཤ་ཚ་དང་འགན་ཁུར་ཡོད་མཁན་རྣམས་ཀྱིས་སྐྱོན་དང་ནོར་བར་མཛུབ་མོ་བཙུགས་པར་བརྟེན་ནས་བྱུང་བ་རེད། གལ་སྲིད་སྐྱོན་དང་ནོར་བ་ལ་མཛུབ་མོ་དེ་འདྲ་འཛུགས་མཁན་མེད་པ་ཡིན་ན་ང་རང་ལ་ཡོད་པའི་སྐྱོན་དེ་དག་ལ་ངས་དོ་སྣང་ཙམ་ཡང་བྱུང་ཡོད་རྒྱུ་མ་རེད། རྒྱུ་མཚན་དེ་དག་བརྟེན་ནས་སྐྱོན་དང་ནོར་བ་ལ་མཛུབ་མོ་བཙུགས་ནས་གསུང་མཁན་དག་བཀའ་དྲིན་ཆེ་ཞུ། ཁྱེད་ཅག་གིས་སྐྱོན་དང་ནོར་བ་མཛུབ་མོ་བཙུགས་པས་ང་རང་ལ་བོད་སྐད་གཙང་མ་བཤད་རྒྱུ་དང་བོད་ཡིག་འབྲི་རྒྱུ་ལ་དོ་སྣང་སྔར་ལས་ཆེ་བ་བྱུང་སོང་། བོད་པ་ཡིན་པའི་ང་རྒྱལ་དང་སྤོབས་སེམས་ཡོད་པ་ཙམ་གྱིས་འགྲིག་གི་མེད་པའང་ཤེས་བྱུང་།

དེང་སང་ན་གཞོན་མང་པོ་ཞིག་ངོ་དེབ་དང་དྲ་བའི་བརྒྱུད་ལམ་དག་ནས་བརྙན་ཐུང་བཟོ་མཁན་མང་པོ་ཞིག་འདུག དེ་དག་ལའང་བོད་སྐད་གཙང་མ་ཤོད་ཟེར་ནས་སྐྱོན་བརྗོད་བྱེད་མཁན་མང་པོ་ཞིག་འདུག ན་གཞོན་ཁྱེད་ཅག་ཀྱང་སྔོན་ཆད་ང་ལ་བྱུང་མྱོང་ཡོད་པའི་ཚོར་སྣང་མི་བདེ་བ་བཞིན་ཁྱེད་ཅག་ལའང་དེ་འདྲ་འབྱུང་གིན་ཡོད་པ་ཏན་ཏན་རེད། ངས་ཀྱང་ཁྱེད་ཅག་ལ་བསམ་ཤེས་ཐུབ་ཀྱི་འདུག ཡིན་ནའང། སྐྱོན་བརྗོད་དེ་དག་ལ་བསམ་བློ་ཞིབ་ཕྲ་རེ་གནང་ནས་འུ་ཅག་གི་ཕ་མེས་ཀྱི་སྐད་ཡིག་ལ་དོ་སྣང་རེ་བྱོས་དང་། ཉིན་རེ་ལས་ཇེ་ཡག་ཏུ་འགྲོ་བའི་རེ་བ་ཡོད། ང་རང་ངོས་ནས་ཀྱང་བོད་སྐད་གཙང་མ་ཤོད་གསུང་མཁན་དག་ལ་སྙིང་དབུས་ནས་ཐུགས་རྗེ་ཞུ་གི་ཡིན།

2017/9/16

ངོ་སྤྲོད།

Post navigation

Previous Post: བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར།
Next Post: སྐད་ཡིག་རིག་གནས་ལ་བཅངས་པའི་དུངས་སེམས།

Comments (7) on “བློ་བཟང་སྒྲོལ་མས་སྐད་ཡིག་ལ་བཅངས་པའི་སེམས་གཏམ།”

  1. ཀརྡོ་རབ་འབྱམས་པ་ says:
    2017-09-16 at 9:45 am

    ང་ཚོ་བོད་པས། བོད་སྐད་རྒྱབ་མ་ཤེས་ན། ངོ་ཚ་ས་འདིའི་ནང་ལ་འདུག་གདའ། ལན་ཅིག་གསན་གཟིགས་གནོངས་དང་།
    https://www.facebook.com/tenzin.gyalpo.549/posts/717013201826742

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-09-16 at 6:59 pm

    བོད་པས་བོད་སྐད་མ་ཤེས་ཕྱི་སྐད་རྒྱབ་།
    བོད་པས་བོད་ཡིག་མ་ཤེས་ཕྱི་ཡིག་བྲིས་
    བོད་པས་བོད་ཆས་མ་གྱོན་ཕྱི་གོས་གྱོན་།
    བོད་པས་བོད་ཟས་མ་ཟས་ཕྱི་ཟས་ཟས་།

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-09-16 at 7:05 pm

    རིགས་དང་བྲལ་ན་མི་མཛེས་ཏེ་།
    ཀིམ་ཀུ་ཀ་ཡིའི་མེ་ཏོག་འདྲ་།
    ཆུ་དང་བྲལ་ན་ཉ་མོ་འཆི་།
    ཁྱུ་དང་བྲལ་ན་དུད་འགྲོ་རླགས་།
    ཟེར་ཡང་ཟེར་ལ་བདེན་ཡང་བདེན་།
    བདེན་གཏམ་ངོ་མ་བཤད་ཡོད་དོ་།
    ཉན་དང་མི་ཉན་རང་རང་སོ་སོ་རེད་།
    ཁ་ཆེ་ཕ་ལུའི་རྣམ་མཐར་བཤད་ཡོད་དོ་།

  4. ཨ་འབར་འཇིགས་དབང་། says:
    2017-09-16 at 8:53 pm

    ༄༅། རང་ཡུལ་ཤོར་ནས་རྒྱུས་མེད་མི་ཡུལ་བསླེབས།།
    རང་དབང་མེད་པར་ཕྱི་ཡི་སློབ་གྲར་ཕྱིན།།
    འདོད་པ་མེད་ཀྱང་ཕྱི་སྐད་སྦྱང་དགོས་བྱུང་།།
    འོན་ཏེ་རང་ཡུལ་ཕ་སྐད་བརྗེད་ནི་མེད།།
        
     མི་ཡུལ་འདི་ན་བོད་པའི་སློབ་གྲ་མེད།།
    བོད་ཡིག་སྦྱང་འདོད་ཡོད་ཀྱང་སློབ་མཁན་མེད།།
          གང་བྱུང་འཕྱ་སྨོད་མ་བྱེད་བོད་རིགས་ཚོ།།
    བོད་པ་ང་ཚོའི་གནས་སྟངས་ཤེས་པར་གྱིས།།

  5. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-09-16 at 9:58 pm

    རང་ཡུལ་ཤོར་ནས་མི་ཡུལ་ས་མཐའ་རུ་།
    གངས་ཅན་མགོན་པོའི་རླབས་ཆེན་མཛད་འཕྲིན་འོག་།
    བོད་མིའི་གཞིས་ཆགས་བོད་མིའི་སློབ་གྲ་དང་།
    བོད་མིའི་ཆོས་སྒར་བོད་མི་བཟོ་ལས་དང་།
    མང་གཙོའི་སྒྲིག་འཛུགས་གྲོས་ཚོགས་ལམ་ལུགས་དང་།
    ས་གནས་འཐུས་མི་མང་གཙོ་མཉམ་འབྲེལ་འོག་།
    རང་ཡུལ་ལས་ལྷག་རང་དབང་བདེ་སྐྱིད་སྦྱིན་།
    ཉལ་ས་ཀྱོང་སའི་རང་དབང་བོད་མིར་སྦྱིན་།
    མགོན་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་བརྟན་པ་ཤོག་།

  6. འབྲོང་བུ་སོག་ཚ། says:
    2017-09-18 at 10:17 am

    བློ་བཟང་སྒྲོལ་མ་འདི་རྣམ་པ་སྡུག་རྒྱུ་མི་འདུག་ལ། བསམ་བློ་ཡང་སྡུག་རྒྱུ་མི་འདུག ཡག་གི་ཡག་གི

  7. ཆབ་མདོ་ངག་ཕུན། says:
    2017-09-19 at 5:59 am

    ཡག་པོ་གསུང་འདུག་ཅིང་དགའ་པོ་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme