Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་བཟང་སེངྒེ་དང་བཀའ་བློན་ཁྲི་བའི་སྐོར་ལ་ཚོད་ཚོད་ཀྱིས་སྐད་ཆ་རེ་བཤད་ན།

Posted on 2010-08-022010-08-02 By ཁ་བརྡ་ 8 Comments on བློ་བཟང་སེངྒེ་དང་བཀའ་བློན་ཁྲི་བའི་སྐོར་ལ་ཚོད་ཚོད་ཀྱིས་སྐད་ཆ་རེ་བཤད་ན།

གཡུ་དྲུག་དཀར། རྡ་ས།

དེང་སྐབས་མི་མང་པོ་ཞིག་གིས་བློ་བཟང་སེངྒེ་ལགས་བཀའ་བློན་ཁྲི་བར་འོས་ཚུལ་ས་བསྒྲགས་གནམ་བསྒྲགས་བྱེད་ཀྱིན་འདུག དེ་ཡང་རྒྱུ་མཚན་གཙོ་བོ་ཁོང་ཨ་རིའི་སྲིད་འཛིན་ཟུར་པ་རྗོར་ཇི་སྦུ་ཤི་དང་སྲིད་འཛིན་གཞོན་པ་ཨལ་རྒོལ། ལས་ཐོག་སྲིད་འཛིན་སྦི་རཀ་ཨོ་སྦ་མ་བཅས་སློབ་མཐར་སོན་པའི་ཧ་ལྦར་ཌི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཁྲིམས་ལུགས་སློབ་སྦྱོང་ཐོན་པ་དང་། བློ་བཟང་སེངྒེ་ལགས་ཀྱིས་རྒྱལ་སྤྱིའི་མཁས་པའི་དཀྱིལ་འཁོར་དང་ཚོགས་སྡེ་ཁག མི་སྒེར། སློབ་གྲྭ་ཆེན་མོ་བཅས་སུ་བོད་དོན་གཙོ་བྱས་པའི་བརྗོད་བྱ་ཅི་རིགས་ཐོག་བགྲོ་གླེང་གནང་པའི་ཉམས་མྱོང་བཅས་ལ་གཞི་འཇོག་པ་འདྲ་ཡང་། རྒྱལ་སྤྱི་རང་བཞིན་གྱི་ཤེས་བྱའི་སྒྲིག་གཞི་དང་ཉམས་མྱོང་ནི་བོད་ཀྱི་ད་ལྟའི་གནས་བབ་དང་གནད་དོན་མཐོང་བ། དབྱེ་ཞིབ་བྱེད་པ། ཐག་གཅོད་བྱེད་པའི་ལས་ཀ་ལ་མཚོན་ན་ཆ་ཤས་ཀྱི་ནུས་པ་ཙམ་མ་ཟད། གཙོ་ཤུགས་ཀྱང་མ་རེད།
བོད་ཀྱི་དོན་དག་ (བཀའ་ཁྲིའི་ལས་ཀ་)ཚང་མ་ཕྱི་འབྲེལ་ཁོ་ནས་ཐག་གཅོད་མི་ཐུབ་པར། བོད་ཀྱི་ལས་དོན་ནི་ཕྱི་ནང་གཉིས་ཀྱི་ནུས་པས་སྐྱོར་དགོས་པ་ཞིག་དང་། དེ་གཉིས་ལའང་གཙོ་ཕལ་གྱི་དབྱེ་བ་འབྱེད་པའི་དབང་དུ་བྱས་ན། སྲིད་པ་བོད་ཀྱི་ཁ་དཔེར་ནང་བཀྲ་མ་ཤིས་ན། ཕྱིའི་དོན་མི་འགྲུབ་ཟེར་བ་ལྟར། ནང་རྐྱེན་གཙོ་བོ་རེད། དེས་ན་བློ་བཟང་སེངྒེ་ལགས་ཀྱི་ཞན་ཆ་ནི་གཙོ་ཕྱོགས་ཀྱི་ཞན་ཆ་རེད། ཁོང་གི་ཞན་ཆ་འདི་དང་བཀའ་ཁྲི་དང་བཀའ་བློན་སྔོན་མ་དག་གི་ཕྱི་འབྲེལ་ཕྱོགས་ཀྱི་ཞན་ཆ་གཉིས་རྒྱ་མ་བཀྱགས་ན། ངས་བློ་བཟང་སེངྒེ་འདི་ཉེན་ཁ་ཆེ་བར་མཐོང་། རྒྱུ་མཚན་ནི་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བས་ནང་གི་ནུས་པ་གཅིག་བསྡུདང་སྲ་བརྟན་གྱི་ཕྱོགས་ནས་འཇོན་ཐང་ཆེ་ཤོས་ངོམས་དགོས་ཏེ། སླད་མར་བོད་ནང་ཁུལ་ལ་ལྷག་སྲིད་པའི་གནད་དོན་ནི། གཅིག་ནས་སྤྱི་ལོ་ཉིས་སྟོང་བརྒྱད་ནས་བོད་གཞིས་ཀྱི་ཆོལ་ཁ་གསུམ་ཆིག་སྒྲིལ་གྱི་གོང་བུ་སྲ་བརྟན་དང་ནུས་ཤུགས་ཆེར་བསྐྱེད་བྱས་ཡོད་པ་འདི་ལོའི་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆགས་སྐབས་སུ་མཐོང་ཐུབ་མོད། བོད་གཞིས་བྱེས་གཉིས་ཀྱི་བར་ཐག་ལ་དྲི་རྟགས་རེ་འགའ་བབས་དང་འབབ་ཀྱིན་པ་འདུག་སྟེ། དེ་ཡང་བོད་གཞིས་ཀྱི་བོད་མི་ཤེས་ལྡན་(བོད་བྱེས་ཀྱི་མི་ལ་རྒྱུས་ཡོད་མཁན་ལ་གོ་དགོས།)དག་གིས་རྒྱལ་བ་རིན་པོ་ཆེ་མ་གཏོགས་བྱེས་ཀྱི་མི་དེ་ཚོར་རེ་བ་མི་འདུག་དང་བྱེས་ཀྱི་མི་ཚོར་ས་ཆོད་མི་འདུག་སོགས་ཀྱིས་མཚོན་པའི་ཁ་བརྡ་མང་པོ་ཞིག་བྱས་པ་ལས་གོ་ཐུབ་ན། འདི་ནི་འབྱུང་འགྱུར་གྱི་བཀའ་ཁྲིས་ཐག་གིས་གཅོད་དགོས་པའི་གནད་དོན་འགང་ཆེན་གཅིག་དང་། དེང་སྐབས་བྱེས་ལ་མཚོན་ནའང་བོད་རང་བཙན་རྩོད་མཁན་གྱི་མི་གྲངས་དང་བགྲོ་གླེང་། ལས་འགུལ་བཅས་མང་དུ་འགྲོ་བཞིན་པ་ལས་ཉུང་དུ་འགྲོ་བཞིན་མི་འདུག་ན། འདི་ནི་འབྱུང་འགྱུར་གྱི་བཀའ་ཁྲིས་ཐག་གིས་གཅོད་དགོས་པའི་གནད་དོན་འགང་ཆེན་གཉིས་པ་དེ་རེད། འདི་ལྟ་བུའི་ནང་ཁུལ་གྱི་བྱ་བ་ལ་བསམ་ན་ངས་བློ་བཟང་སེང་གེ་ཉེན་ཁ་ཆེན་པོ་ཞིག་ཏུ་མཐོང་།
གཞན་མི་མང་པོ་ཞིག་གིས་བློ་བཟང་སེངྒེ་ལགས་ཀྱི་ཁྲིམས་ལུགས་སློབ་སྦྱོང་ལ་ཡིད་ཆེས་བྱེད་ཀྱིན་པ་འདྲ་ཡང་། ང་ལ་མཚོན་ན་ཁོང་གིས་ཁྲིམས་ལུགས་སྐོར་གྱི་ཤེས་བྱ་ཅུང་མི་ཉུང་བ་ཞིག་སྦྱངས་ཟིན་པར་ཡིད་ཆེས་ཡོད་མ་གཏོགས། བློ་བཟང་སེངྒེ་ལ་ཁྲིམས་ལུགས་ཀྱི་སྙིང་སྟོབས་ཡོད་མེད་ལ་ཐེ་ཚོམ་ཡོད། གལ་སྲིད་ཁོའི་རྒྱུད་ན་ཁྲིམས་ལུགས་ཀྱི་སྙིང་སྟོབས་ཤིག་མཆིས་ཚེ། ད་བར་བོད་མི་རིགས་དང་རྒྱལ་ཁབ་ཧྲིལ་བོའི་གོད་ཆག་འཛམ་གླིང་ཁྲིམས་ལུགས་ཀྱི་རྒྱ་མའི་སྟེང་འཇོག་མ་ཐུབ་ཀྱང་། བོད་མི་ས་ཡ་གཅིག་ལྷག་བསད་པའི་ཁྲོད་ཀྱི་བོད་མི་གཅིག་ཙམ་གྱི་ཚེ་སྲོག་འཛམ་གླིང་ཁྲིམས་ལུགས་ཀྱི་རྒྱ་མའི་སྟེང་འཇོག་ཐུབ་ན་འོས་ལ། བོད་ནང་རྒྱ་གཞུང་གིས་རྡུང་འཕྲོག་བསྲེག་གསུམ་གྱིས་མཚོན་པའི་ལས་འགུལ་ཅི་རིགས་སྤེལ་གྱིན་པ་ཡོངས་རྫོགས་ཁྲིམས་གཏུགས་བྱེད་མི་བཏུབ་ཀྱང་། རྒྱ་ནག་གི་མི་སེར་སྤེལ་ཡུལ་ལྟ་བུའི་ཛ་དྲག་གི་དོན་རྐྱེན་གཅིག་ཙམ་གྱིས་འཛམ་གླིང་ལ་ཁྲིམས་གཏུགས་རྒྱག་འོས་པ་ཞིག་རེད་མོད། ད་བར་གོ་རྒྱུ་གཅིག་ཀྱང་མ་བྱུང་ཞེས་ཞར་བྱུང་དུ་སྨྲས་སོ།།

རྩོམ་རིག

Post navigation

Previous Post: རྨི་ལམ་ཞིག་གི་གསང་བ་འཚོལ་བ།
Next Post: གོ་གྱ་ཕྱི་གྱ ཕྱིར་ནུར་ན་མྱི་བརྒྱ་ཤོང་།

Comments (8) on “བློ་བཟང་སེངྒེ་དང་བཀའ་བློན་ཁྲི་བའི་སྐོར་ལ་ཚོད་ཚོད་ཀྱིས་སྐད་ཆ་རེ་བཤད་ན།”

  1. སྨད་མཆོག་བུས། says:
    2010-08-02 at 1:37 pm

    བོད་ཀྱི་དུས་བབ་འདོན་ཐེངས་༤༩༢་ཐོག་མཁས་དབང་བློ་བཟང་སེང་གེ་མཆོག་ལ་བཅར་འདྲི་ཞུས་པ་ཞིག་བཀོད་འདུག་པས་གཟིགས་རོགས་ཞུ།

  2. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-08-02 at 10:58 pm

    གཡུ་དྲུག་དཀར་ལགས། བཀྲ་ཤིས་བདེ་ལེགས།
    ཁྱེད་ཀྱིས་ཁོང་ལ་ནང་རྐྱེན་ཚང་མི་འདུག་ཅེས་པ་འདི་ལ་གསལ་བཤད་སྤུས་དག་ཅིག་གནང་རོགས། ཁྱེད་ཀྱིས་ནང་རྐྱེན་ཚང་མི་འདུག་གསུངས་བ་མ་གཏོགས་ནང་རྐྱེན་ཚང་མི་འདུག་ཕྱོགས་ཀྱི་རྒྱུ་མཚན་བཀོད་མི་འདུག མཇལ་ཡོང།

  3. བཀྲ་ཤིས། says:
    2010-08-03 at 9:41 am

    ¹-z-¾GÅü PÅ-z¿eÅ-m-G»Þ-iâG-h;¼-ºzôh-q-ºhÛÅ-zÁh-q-¾-Gô-Mã-Vïm-qô-ºhÝG
    M¾-Dz-TÛG-hP-¤Û-¼ÛGÅ-ÁÛG-GÛ-º²Ûm-BôP-GÛ-ºGm-DÞ¼-Mã-hï-mÛ-¼-¾ÞG-º±ô-BôP-
    ‚ïh-q-¿e-zÞ-¤-¼ïhü hï¼-zdïmü z;º-„Àôm-FÛ-z-¿e-zÞºÛ-º²Ûm-BôP-q-ŸÛG-¾-¤±ôm-mü
    xÛºÛ-GmÅ-±ß¾-¾-V-MãÅ-»ôh-q-¾Å-ˆP-ü mP-¾-V-MãÅ-n¾-¤-ŸÛG-hGôÅ-PïÅ-¼ïhü
    xÛºÛ-GmÅ-±ß¾-fh-ÇÀôz-Çeôm-q-zŸG-m-ºIÛG-¤ôhü GP-¾-º²Ûm-BôP-‚ïh-Å-hï-Pô-¤-
    ÁïÅ-q¼-Gž-ºhïzÅ-hGôÅ-m-mÛ-È-TP-¤Û-ºôÅ-qºÛ-Ÿm-Bôm-¼ïh-ºhôhü
    ÇSôm-¤-mÅ-Ÿm-Bôm-ºhÛ-ºi-zÅ-uÛ-±ôGÅ-D-fô¼-º‚ãP-GŸÛ-¤P-hÝ-z¸ôÅ-¥ôP-z-¤Ûm-m¤ü
    hï-zÅ-P-±ô-¤Û-¼ÛGÅ-ºhÛºÛ-ºfz-¯ôh-ˆP-¼P-ZÛh-GŸÛ-¤¼-Hã¼-zºÛ-ºfz-¯ôh-TÛG-
    »Ûm-qÅü xÛ-AP-AP-ÁïÅ-qÅ-G-¾-ºIÛG ¤Û-ºIÛG-Gô-
    ºô-m-GP-¾-V-MãÅ-»ôh-hGôÅ-Áï-mü zôh-ˆÛ-¾ô-MãÅ-hP-ÁïÅ-¼ÛGü »Þ¾-Gô¤Å-GÁÛÅ-¾ÞGÅü
    f-m-¤hô-hzÞÅ-D¤Å-GÅÞ¤-HÛ-»Þ¾-¾ÞP-Åô-ÅôºÛ-Æô¾-¾ÞGÅ-‚ï-ƒG-q-¾ºP-±ô¼-ÁïÅ-»ôh-hGôÅ-
    q-È-TP-G¾-Vïm-¼ïh-¾ü hï-hG-mÛ-Vz-ÆÛh-zŤ-„ÀôºÛ-©P-GŸÛ-G¾-Vïm-hG-¼ïhü
    ¤-GŸÛ-È-¤-Gô-z¼-ºGm-DÞ¼-±ß¾-ŸÛG-GP-m-»ôh-h¤ü ¤Û-ÆÛh-qºôü
    Ç+Ý-ŸzÅ-„Àô-z¸P-ÅïP-Gï-¾GÅ-±ßh-qºÛ-z;º-FÛºÛ-ºôÅ-GŸÛ-ÅÞ-¾ºP-GÝÅ-qÅ-mP-Aïm-ºhÛ-
    ¤-¤fºÛ-V-Aïm-hÝ-ºhôm-HÛm-»ôhü

  4. ཁ་རུ་ཁ་ཐུག says:
    2010-08-03 at 11:09 am

    བློ་བཟང་སེང་གེ་བཀའ་ཁྲི་བྱས་ན་ཉེན་ཁ་ཆེན་པོ་ཡོད་རེད་ཟེར། མི་འདི་ཚོ་ངོ་མ་དགོད་ཤོར་བྱེད་འདྲ་ཞིག་རེད། ནང་རྐྱེན་ཚང་མི་འདུག་ཟེར། ནང་རྐྱེན་མི་ཚང་བའི་རྒྱུ་མཚན་རེ་རེ་བཞིན་བགྲང་དང་། ཉེན་ཁ་ཆེ་བའི་རྒྱུ་མཚན་རེ་རེ་བཞིན་བགྲང་དང་། མ་གཞི་རྒྱལ་ཁབ་ཀྱི་དོན་ཆེན་སྒྲུབ་དུས་ཉེན་ཁ་གང་ཡང་མེད་པ་ཞིག་ག་འདྲ་རེད། ཁྱོད་ཀྱིས་བསམ་བློ་ཞིབ་ཕྲ་ཐོངས་མ་གཏོགས། བློ་སེང་ལ་སྐྱོན་བརྗོད་ཅིག་བྱེད་རྒྱུ་རག་སོང་སྙམ་ནས་དགའ་བསྡད་ན་ཁྱོད་རང་ལ་ཁྱོད་རང་གིས་མགོ་སྐོར་བཏང་བ་རེད། ཧ་ཨེ་གོ་ཐལ།

  5. བཀྲ་ཤིས། says:
    2010-08-04 at 9:00 am

    འབྲོང་བུ་ཟླ་བ་ལགས། ངས་བལྟས་ན་གཡུ་དྲུག་དཀར་འབོད་པ་འདིས་བཤད་པའང་གོ་རྒྱུ་ཆེན་པོ་འདུག
    རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཛིན་སྐྱོང་གི་འགན་ཁུར་རྒྱུ་དེ་ནི་ར་ལུག་འཚོ་སྐྱོང་བྱེད་པ་ལྟ་བུ་མ་རེད།དེར་བརྟེན་བཀའ་བློན་ཁྲི་བ་འདྲ་བའི་འཛིན་སྐྱོང་པ་ཞིག་ལ་ཆ་མཚོན་ན། ཕྱི་ཡི་གནས་ཚུལ་ལ་ཆ་རྒྱུས་ཡོད་པ་ལས་ཀྱང།ནང་ལ་ཆ་རྒྱུས་རྣལ་མ་ཞིག་དགོས་ངེས་རེད།ཕྱི་ཡི་གནས་ཚུལ་ཐད་སློབ་སྟོན་པ་བཞག་ན་འགྲིག་མོད།གང་ལ་འཛིན་སྐྱོང་བྱེད་ལ་དེ་ངོ་མ་ཤེས་པར་གསལ་འདེབས་ཡང་ཡང་བྱེད་དགོས་བྱུང་ན་ནི་ཧ་ཅང་མི་འོས་པའི་ཞན་སྐྱོན་ངོ་མ་དེ་རེད།བོད་རིགས་ནང་ཁུལ་ཁ་ཐོར་འབྱུང་ཉེན་གྱི་ནད་འབུ་ཤེས་རྒྱ་འདི་མེད་པས་རེད་ལ།སྔོན་མ་ཡང་འདི་འདྲའི་སྐྱོན་ཆ་མང་དུ་ལྷག་མྱུང།
    དེ་བས་ང་ཚོ་མི་རིགས་འདིའི་འཐབ་རྩོད་ཀྱང་རང་ཉིད་གཞི་མར་གྱུར་བའི་འཐབ་རྩོད་ཅིག་ཡིན་པས།་་ཕྱི་རྐྱང་རྐྱང་ཤེས་པས་ག་ལ་འགྲིག མི་འགྲིག་གོ འོ་ན་ཆ་རྒྱུས་གང་ལ་ཡོད་དགོས་ཤེ་ན།
    བོད་ཀྱི་ལོ་རྒྱུས་དང་ཤེས་རིག་་་ཡུལ་གོམས་གཤིས་ལུགས།་་ཐ་ན་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་སོ་སོའི་སྲོལ་ལུགས་བྱེ་བྲག་པ་ལའང་ཤེས་པའི་བརྩེ་དུང་གི་ཚོར་ཤེས་ཅུང་ཡོད་དགོས།་་ཁ་ཙམ་བཤད་པས་ཅི་ལ་ཕན།་་དེ་དག་ནི་ད་གཟོད་ཆབ་སྲིད་བསམ་བློའི་རྨང་གཞི་གལ་ཆེན་དག་རེད།་་མ་གཞི་ཧ་མ་གོ་བར་འགན་ཁུར་ཚུལ་ཞིག་གང་ན་ཡོད་དམ།་་མི་སྲིད་པའོ།་་་་་སྐུ་ཞབས་བློ་བཟང་སེང་གེ་ཐེ་བའི་བཀའ་ཁྲི་དང་སྤྱི་འཐུས་འོས་
    གཞི་གང་ལ་ཡང་གུས་པས་ནང་རྐྱེན་འདི་ཚོ་མ་མཐའི་ཆ་རྐྱེན་དུ་འདོད་ཀྱིན་ཡོད།

    རྐཡང

  6. འདན་མ། says:
    2010-08-04 at 9:44 am

    ཐོག་མར་བསྐུར་འོས་སྤྱི་མཐུས་ལས་ཐོག་རྒྱ་རི་རྒྲོལ་མ་མཆོག་བཀྲ་ཤིས་བདེ་ལེགས་ཞུ།
    ༸གོང་ས་མཆོག་གི་བཀའ་དགོང་ལྟར་ཁྱེད་ཀྱིས་ལྷག་བསམ་དང་སྙིང་སྟོབ་རིག་ཞེན་བཅས་སྦ་གསང་མེད་པར་ད་རེས་པྱིར་ལ་ངོམ་པ་དེ་བོད་མི་རིགས་ཀྱི་གཟི་བརྗིད་དང་ཁྱད་ཆོས་ཞིག་ལ་ངོས་ལོས་འཛིན།
    ཁྱོད་མི་ལོ་ཉི་ཤུ་ཧྲིལ་པོ་རིང་ལ་བོད་གཞུང་མང་གཉིས་ལ་སྨན་པའི་ཞབས་འདེགས་ཁོ་ན་ལས་གཞན་ལ་གནོད་པའི་བསམ་ངན་ཁོག་བཅང་སོགས་མེད་པ་ལ་བསྟོད་པའི་གནས་སུ་གྱུར་ཡོད། ད་རེས་བཀའ་གཞི་ལ་དངོས་སུ་ཞུགས་པ་དེ་སྔར་བསམ་པའི་རེ་འདུན་ད་གཟོད་འགྲུབས་སོང་། ཐུགས་རྗེ་ཆེ་ལགས།།

  7. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-08-05 at 5:06 am

    བཀྲ་ཤིས་ལགས། བཀྲ་ཤིས་བདེ་ལེགས། ངས་ཁོང་གིས་བཤད་སྟངས་དེར་སྙིང་པོ་མི་འདུག་ཅེས་བཤད་བཞིན་མེད། འོན་ཀྱང་ངས་ཁོང་གིས་བློ་བཟང་སེང་གེ་ལ་ནང་རྐྱེན་ཚང་མི་འདུག་ཅེས་བརྗོད་ཡོད་པ་དེ་གསལ་ཁ་དོད་པོའི་སྒོ་ནས་གསུངས་དགོས་ཀྱི་འདུག་ཅེས་བཤད་བཞིན་ཡོད། ནང་རྐྱེན་གང་དང་གང་ཚང་མི་འདུག་གམ། རྒྱུ་མཚན་གང་ཞིག་ལ་བརྟེན་ནས་ནང་རྐྱེན་དེ་དག་ཚང་མི་འདུག་གམ། ང་ཚོས་ངེས་པར་དུ་དཔྱད་པ་མཐིལ་ཕྱིན་པ་ཞིག་གཏོང་དགོས་པ་ལས། གླེང་སློང་ཙམ་བྱས་ན་འགྲིག་གི་མི་འདུག
    ཁྱེད་ཀྱིས་ཀྱང་༼སྔོན་མ་ཡང་འདི་འདྲའི་སྐྱོན་ཆ་མང་དུ་ལྷག་མྱོང།༽ཅེས་བརྗོད་འདུག སྐྱོན་ཆ་ཅི་ཞིག་དུས་ནམ་ཞིག་ལ་རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་ལྷག་པ་རེད་དམ།
    ངས་དཔྱད་བརྗོད་པས་དཔྱད་པ་མཐར་ཕྱིན་པ་ཞིག་རྒྱག་དགོས་འདུག་ཟེར་བཞིན་ཡོད། ཐུགས་རྗེ་ཆེ།

  8. ཨ་ཕོ་མཐུ་ཆེན། says:
    2010-08-05 at 9:49 am

    གང་ལྟར་གང་བྱས་ཀྱང་བློ་བཟང་སེང་གེ་ལས་འོས་པ་ཞིག་མིན་འདུག ཟིན་བྲིས་པ་དེ་ཚོར་བྲིས་བཅུག་ན་གང་བསམ་འབྲི་་་་་་་གང་བྱུང་བྲིས་པ་དང་་་་་་་་་་་སོ་སོས་བྲིས་པ་དེ་ལས་ལྷག་པ་ཞིག་མེད་མདོག་མདོག་བྱེད་ཀྱི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme