Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་བཟང་སེང་གེ སྐུ་མཁྱེན། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རོ་ཐོག་ནས་རྟ་མ་རྒྱུགས།

Posted on 2016-03-042016-03-04 By ཁ་བརྡ 21 Comments on བློ་བཟང་སེང་གེ སྐུ་མཁྱེན། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རོ་ཐོག་ནས་རྟ་མ་རྒྱུགས།

བསྟན་འཛིན་མཁྱེན་བརྩེ།

 

ང་རང་བློ་བཟང་སེང་གེ་ལ་སྲིད་སྐྱོང་འོས་ཤོག་ཐོབ་པར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པའི་ཆ་ནས། སྐྱོན་བརྗོད་བྱེད་པའི་འདོད་པ་རྩ་བ་ནས་མེད། འོས་པོ་ཞིག་ཡིན་མིན་ཡང་མི་ཤེས། ཡིན་ནའང་། བོད་བསྟན་པ་ཆབ་སྲིད་ཆེད་རང་ལུས་མེར་སྲེག་བཏང་ནས་གཤེགས་པའི་རྒྱལ་གཅེས་པ་སྐལ་བཟང་དབང་འདུས་ལགས་ལ་གུས་འདུད་མྱ་ངན་དང་། རྒྱལ་གཅེས་དཔའ་བོ་རྡོ་རྗེ་ཚེ་རིང་ལགས་ལ་གདུང་སེམས་མཉམ་སྐྱེད་བྱེད་པ་ཕར་བཞག རང་ཉིད་ལ་འོས་ཤོག་ཐོབ་ཐབས་ཁོ་ནའི་དབང་དུ་ཤོར་ནས་གཞས་བཏང་ཞབས་བྲོ་བརྒྱབ་པའི་བྱེད་སྟངས་འདི་ལ་བློ་ཕམ་པོ་བྱུང་།

སྤྱི་ལོ་ ༡༩༩༨ ཟླ ༠༤ ཚེས ༢༧ ཉིན་བཙན་བྱོལ་དུ་གནས་སྡོད་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་མེར་སྲེག་བཏང་བ་དང་། སྤྱི་ལོ ༢༠༠༩ ་ཟླ་ ༢ ཚེས་ ༢༧ ཉིན་གཞིས་སྡོད་བོད་མི་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ཡོད། ད་ལྟ་བར་དུ་བོད་ཕྱི་ནང་གཉིས་ནས་བོད་མི་བརྒྱ་དང་བཞི་བཅུ་ཞེ་ལྔས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད། རང་ལུས་མེར་སྲེག་གིས་ནག་གཞུང་གི་སྟངས་འཛིན་ལ་ངོ་རྒོལ་ལས་འགུལ་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་ལ་དེ་སྔར་བྱུང་མ་མྱོང་བའི་ལོ་རྒྱུས་ཤིག་ཆགས་ཡོད། ལོ་རྒྱུས་ཀྱི་གླེགས་བམ་ཁྲོད་དུ་གསེར་ཡིག་གིས་འབྲི་བཞེངས་བྱེད་དགོས་པ་ཞིག་ཆགས་ཡོད།

ཉིན་གསུམ་གྱི་གོང་སྟེ། ཕྱི་ལོ་ ༢༠༡༦ ཟླ་༢ ཚེས་ ༢༩ ཉིན་གཅིག་རིང་། གཞིས་སྡོད་ཁམས་ཉག་རོང་རྫོང་ཨརྱ་གླིང་དགོན་པའི་གྲྭ་སྐལ་བཟང་དབང་འདུས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་གཤེགས་སོང་བ་དང་། བྱེས་ཀྱི་བོད་མིའི་སྤྱི་ཚོགས་ནས་མ་སུ་རི་བོད་ཁྱིམ་གྱི་འཛིན་རིམ་བཅུ་པའི་སློབ་མ་རྡོ་རྗེ་ཚེ་རིང་ལགས་ནས་རང་ལུས་མེར་སྲེག་བཏང་སྟེ་གཟུགས་པོའི་ཆ་ཤས་་བརྒྱ་ཆ་དགུ་བཅུ་ལ་འཚིག་སྐྱོན་བྱུང་ཡོད་པར་སྨན་ཁང་ནས་མྱུར་སྐྱོབ་གང་ཡོང་བྱས་ཀྱང་མ་ཕན་པར་ཚེས་གསུམ་ཉིན་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐོན་ཡོད། གནས་ཚུལ་འདི་གཉིས་གསར་ལམ་ཁག་ལ་ཁྱབ་སྤེལ་སོང་དང་འགྲོ་བཞིན་ཡོད།
ཡིན་ནའང་། སྲིད་སྐྱོང་བློ་བཟང་སེང་གེས་གདུང་སེམས་མཉམ་སྐྱེད་ཀྱི་ཚབ་ལ། ལྷོ་ཕྱོགས་ཁུལ་དུ་འོས་ཤོག་སློང་བའི་ལས་རིམ་ལ་བྲེལ་ཞིང་། གཞས་བཏང་། ཞབས་བྲོ་འཁྲབ་ནས་འོས་ཤོག་ཐོབ་པ་ཁོ་ནར་འབད་བརྩོན་བྱེད་ཀྱིན་པ་འདི། རྐང་བཙུགས་ནས་དཔའ་བོ་འདི་གཉིས་ལ་དམའ་འབེབས་བྱས་པ་རེད་ཟེར་གྱི་མེད་དེ། བོད་པ་ཞིག་དང་། སྲིད་སྐྱོང་གི་མིང་ཡོད་པའི་ཆ་ནས་བྱེད་སྟངས་འདི་ཁྱད་མཚར་པོ་ཞིག་ཏུ་མཐོང་སོང་། མཐོང་མི་བདེ་བ་ཞིག་ཏུ་མཐོང་སོང་།

རྒྱལ་གཅེས་དཔའ་བོ་གྲྭ་སྐལ་བཟང་དབང་འདུས་ལགས་འདས་གྲོངས་ཕྱིན་ནས་ཉིན་གསུམ་པ་དང་། རྒྱལ་གཅེས་དཔའ་བོ་རྡོ་རྗེ་ཚེ་རིང་ལགས་ཤི་གསོན་ངེས་མེད་ངང་སྨན་ཁང་དུ་སྡོད་མུས་ཀྱི་སྐབས་ཏེ། ཟླ་ ༣ ཚེས་ ༢ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་རང་ཉིད་ལ་འོས་ཤོག་ཐོབ་ཆེད་མང་ཚོགས་ལ་འབོད་སྐུལ་ཞུ་བར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་སུ་འབྱོར་ཡོད་པར་སྐྱོན་ཆ་འདུག་ཟེར་གི་མེད། ཚད་གཞི་དམའ་ས་ནས་བཤད་ན། རྒྱལ་གཅེས་དཔའ་བོ་འདི་གཉིས་ཀྱིསས་རང་ལུས་མེར་སྲེག་བཏང་ནས་ཉིན་གཉིས་ལས་སོང་མེད་པའི་གནས་ཚུལ་འདི་དང་། དཔའ་བོ་ཁོང་གཉིས་དང་འབྲེལ་ཡོད་ནང་མི་དང་གཉེེན་ཉེ། བོད་རྒྱ་ཆེའི་མི་མང་བཅས་ལ་གདུང་སེམས་མཉམ་སྐྱེད་ཙམ་ནི་ངེས་པར་དུ་ཞུ་དགོས་པ་ལས། སྲིད་སྐྱོང་ཞིག་གི་ངོས་ནས་གནས་ཚུལ་འདི་ལ་སྣང་མེད་ཁྱད་གསོད་དང་། བསམ་ཡུལ་ན་མེད་པའི་རྣམ་པ་ལྟ་བུས་ཅི་མི་སྙམ་པར་མང་ཚོགས་ཁྲོད་ནས་རང་ཉིད་འཁྲབ་སྟོན་པ་གཙོ་བོའི་ཚུལ་གྱིས་༼གསུང་དང་ལ་མོ་གསུང་༽ཞེས་པའི་གཞས་བཏང་། ཞབས་བྲོ་འཁྲབ་ཀྱིན་པའི་རྣམ་པ་དེ་ནི། རང་ཉིད་ལ་འོས་ཤོག་ཐོབ་པར་ངེས་པར་དགོས་ངེས་ཀྱི་ཆ་རྐྱེན་གལ་ཆེན་ཞིག་ཡིན་རྒྱུ་རེད་དེ། རྒྱལ་གཅེས་དཔའ་བོ་རྣམ་གཉིས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཚབ་ལ་དགོས་ན་འདི་ཡིན་ཟེར་བ་འདྲ་ཞིག་བྱས་སོང་།

བློ་བཟང་སེང་གེ་སྒེར་ལ་མཚོན་ན། འོས་ཤོག་དེ་གལ་ཆེན་པོ་རེད་དེ། བོད་མི་མང་དང་ལྷག་པར་དུ་རྒྱལ་གཅེས་པ་ཚོས་རང་ལུས་མེར་སྲེག་བཏང་ནས་རྩ་དོན་འཐབ་རྩོད་བྱེད་བཞིན་པའི་སྐབས་སུ། གདུང་སེམས་མཉམ་སྐྱེད་བྱེད་མི་བསམ་ནའང་། གཞས་བཏང་ཞབས་བྲོ་འཁྲབ་ནས་སྣང་མེད་དུ་འཇོག་པ་འདི་འདྲ་སྲིད་སྐྱོང་ལས་ཐོག་ཅིག་དང་། སྲིད་སྐྱོང་འོས་མི་ཞིག་གི་ངོས་ནས་བཤད་ན། ཐལ་དྲགས་འདུག་ཟེར་གྱི་ཡོད། ཁྱེད་རང་གི་གནང་སྟངས་འདིས། ཁྱེད་རང་ལ་འོས་ཤོག་གི་རྒྱབ་སྐྱོར་བ་ང་ཚོ་ཡང་ངོ་ཚ་བོ་བཟོས་སོང་།

ཁྱེད་རང་གིས་ཉིན་གསུམ་གྱི་སྔོན་ལ། བོད་ནང་གི་བོད་མི་རྣམས་ཛ་དྲག་གི་གནས་སྟངས་འོག་ཡོད་པ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་གུས་བརྩི་ཡོད་ཟེར་བ་འདྲ་པོ་སྙིང་རྗེ་བོ་མང་པོ་བཤད་སོང་བ་སེམས་པའི་གཏིང་གི་སྐད་ཆ་ཡིན་མིན་ལ་ཐེ་ཚོམ་སྐྱེས་བཅུག་སོང་། ལྷག་བསམ་རྣམ་དག་དང་ཧུར་ཐག་འབད་ཐག་གིས་ལས་དོན་སྒྲུབ་ཡོད་ཟེར་བར་དོགས་པ་སྐྱེས་བཅུག་སོང་། གང་ལྟར། དེ་རིང་བར་ཡིད་ཆེས་དང་རྒྱབ་སྐྱོར་བྱས་པའི་ཁྱེད་རང་གིས་ཡིད་མི་ཆེས་པ་བཟོས་སོང་།

བློ་བཟང་སེང་གེ སྐུ་མཁྱེན། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རོ་ཐོག་ནས་རྟ་མ་རྒྱུགས། ཞེས་ཞུ་འདོད་སོང་། ངེད་ཅག་སྐོར་ཞིག་དེ་རིང་ནས་ཁྱོད་རང་ལ་རྒྱབ་སྐྱོར་བའི་གྲས་ནས་ཕྱིར་ཐོན་འགྲོ་དགོས་པ་ཆགས་སོང་། ཁྱོད་རང་གིས་༼གསུང་དང་ལ་མོ་གསུང་༽ཞེས་པའི་གཞས་བཏང་སྟེ། ཞབས་བློ་བརྒྱབ་ནས་བཞུགས་ཨ། བཞུགས་གདན་འཇགས་དགོ།

༼བློ་བཟང་སེང་གེའི་ཞབས་བྲོ་དང་། དེར་མང་ཚོགས་ཀྱི་བློ་ཕམ་བསམ་ཚུལ་དྲ་ཐག་གཤམ་གྱི་འདི་ལ་གཟིགས་རོགས།༽

https://www.facebook.com/geshe.choephel/posts/798146473622962

https://www.facebook.com/jigme.dhakpa.3/posts/199428210413618

བསམ་ཚུལ།

Post navigation

Previous Post: མེ་ལྕེ་རེ་རེ། ཚེ་སྲོག་རེ་རེ།
Next Post: རུས་ཀོག་ཐོག་གི་ཁྱི་འཛིངས།

Comments (21) on “བློ་བཟང་སེང་གེ སྐུ་མཁྱེན། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རོ་ཐོག་ནས་རྟ་མ་རྒྱུགས།”

  1. ཚེ་རྡོར་ says:
    2016-03-04 at 2:56 am

    དུས་བབ་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་མི་འགྱུར་རྡོ་རྗེ་མཆོག་ལ་དྲིས་པའི་ལན།

    དྲི་བ། བཀའ་ཤག་སྐབས་བཅུ་བཞི་པའི་འདས་པའི་ལོ་བཞི་ལྷག་རིང་གངས་ཅན་སྐྱིད་གཤོངས་ཟེར་ན་འདྲ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་འཛིན་སྟངས་དང་ལས་དོན་གནང་ཕྱོགས་ཐོག་འགྱུར་བ་ཆེ་ཤོས་གང་དག་ཕྱིན་སོང་།

    ལན། གངས་ཅན་སྐྱིད་གཤོངས་ལ་འགྱུར་བ་ག་རེ་འགྲོ་ཡི་འདུག བོད་མིའི་སྒྲིག་འཛུགས་ལ་འགྱུར་བ་ག་རེ་འགྲོ་ཡི་འདུག བོད་མིའི་འཐབ་རྩོད་ལ་འགྱུར་བ་ག་འདྲ་འགྲོ་ཡི་འདུག འཐབ་རྩོད་ཀྱི་ལས་དོན་བྱེད་ཕྱོགས་ལ་འགྱུར་བ་ག་འདྲ་འགྲོ་ཡི་འདུག དེ་ཚོ་བོད་སྤྱི་པའི་དོན་དག་ལ་ཤ་ཚ་ཞེན་ཁོག་ཡོད་མཁན་ཞིག་ཡིན་ན་གསལ་པོ་ཆགས་བསྡད་ཡོད་པ་རེད། ལྷག་པར་དུ་གངས་ཅན་སྐྱིད་གཤོང་གིས་མཚོན་པའི་ཕྱོགས་མཐའི་ལས་ཀྱི་སྣེ་མོར་གཏོགས་མཁན་ཚོས་མཁྱེན་གྱི་ཡོད་པ་རེད། ངས་གཅིག་གཅིག་གཉིས་གཉིས་བྱས་ནས་འགྲེལ་བཤད་དགོས་པ་མཐོང་མ་སོང་། ཡིན་ནའང་སྤྱི་ཡོངས་ཀྱི་ཐོག་ནས་ཉེན་ཁ་ཆེ་ཤོས་ཟེར་ན་འདྲ། ཛ་དྲག་ཤོས་འདྲ་བོ་དེ་ག་རེ་མཐོང་སོང་ཟེར་ན། སྔོན་མ་རིན་པོ་ཆེ་ཡིན་པའི་ཁ་ཐུག་ལ་འོག་གི་སྲི་ཞུ་ལས་བྱེད་དེ་ཚོས་སྒང་ལ་བརྩི་བཀུར་དང་སྒང་ནས་འོག་ལ་མཐོང་དང་ཆ་འཇོག་ཡག་པོ་ཡོད་པ་རེད། གངས་ཅན་སྐྱིད་གཤོངས་དེ་ཚ་སོབ་སོབ་འདྲ་བོ་ཞིག་ཡོད་པ་རེད། ད་ལྟ་དྲོད་དེ་ཧ་ལམ་ཡལ་བསྡད་པ་འདྲ་བོ་ཞིག་དང་ཚང་མ་ཉོབ་བསྡད་པ་འདྲ་བོ་ཞིག་ཆགས་ཀྱི་འདུག དེ་གཅིག་རེད། གཉིས་ནས་ངས་གོང་དུ་ཞུས་པ་ལྟར་བོད་པ་རང་གི་སྐད་ཡིག་ཐོག་ཞེ་དྲགས་དམ་དོན་མེད་པའི་རྣམ་པ་ཞིག་གང་ས་གང་ནས་འཐོན་ཡོང་གི་འདུག དེ་ཐབས་སྐྱོ་བོ་ཞེ་དྲགས་རེད། ས་གནས་མི་མང་གིས་གངས་ཅན་སྐྱིད་གཤོང་ལ་ལྟ་བསྡད་ཡོད་པ་རེད། གནད་དོན་གཞན་པ་གཅིག་ག་རེ་འདུག་ཟེར་ན། སྔོན་མ་གཞི་རིམ་གྱི་སྲིད་བྱུས་ཁག་བཀའ་ཤག་གིས་གཏན་འབེབས་གནང་རྗེས་ལག་བསྟར་གྱི་རིམ་པ་དེ་འབྲེལ་ཡོད་སོ་སོས་ཐག་བཅད་ནས་འགྲོ་བསྡད་ཡོད་པ་རེད། ད་ལྟ་དབང་ཆ་ཚང་མ་ཡར་བསྡུ་གསོག་བརྒྱབ་སྟེ་ཐ་ན་བཀའ་བློན་དང་དྲུང་ཆེ་དེ་ཚོར་ཡང་བྱེད་རྒྱུ་གང་ཡང་མེད་པའི་བཟོ་འདྲ་བོ་ཞིག་ཆགས་བསྡད་པའི་ཚོར་སྣང་ཡོང་གི་འདུག ས་མཚམས་ལས་བརྒལ་བའི་གནས་ཚུལ་དེ་མང་གཙོའི་གཞུང་ཞིག་ལ་མཚོན་ན་ཁྱོན་ནས་འགྲིག་གི་ཡོད་པ་མ་རེད་ལ། སྤྱི་བའི་ལས་དོན་ཐོག་ལའང་འཐུས་ཤོར་དང་གྱོང་ཆེན་པོ་རེག་པའི་གཞི་རྩ་ཞིག་ཆགས་ཀྱི་ཡོད་པ་རེད།

    དྲི་བ། སྲིད་སྐྱོང་གི་དངོས་གཞིའི་འོས་མིའི་ནང་བློ་བཟང་སེང་གེ་མཆོག་དང་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཆགས་བསྡད་ཡོད་པ་རེད། ཁྱེད་རང་གིས་ཁོང་གཉིས་ལས་སུ་ལ་རྒྱབ་སྐྱོར་གནང་གི་ཡོད་པ་དང་། དེ་ལ་རྒྱབ་སྐྱོར་གནང་དགོས་པའི་རྒྱུ་མཚན་གང་ཡིན་ནམ།

    ལན། ང་ད་བར་དུ་བོད་མིའི་སྒྲིག་འཛུགས་ནང་བསྡད་ཡོད་སྟབས་སུ་ལ་རྒྱབ་སྐྱོར་བྱེད་དགོས་ཀྱི་འདུག་དང་། སུ་ལ་རྒྱབ་སྐྱོར་བྱེད་དགོས་ཀྱི་མི་འདུག་ཅེས་པའི་སྐད་ཆ་དེ་འདྲ་སུ་གང་ལའང་ཞུས་མེད། ད་ལྟ་ང་སྒྲིག་འཛུགས་ལས་རྒན་ཡོལ་ཞུས་ཏེ་སྤྱི་འཐུས་ནང་ལང་མཁན་ཞིག་ཆགས་བསྡད་ཡོད་པ་རེད། ངས་ག་རེ་མཐོང་གི་འདུག་ཞུས་པ་ཡིན་ན། ཉེ་ཆར་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་ཁོ་རང་སྲིད་སྐྱོང་ལ་བཞེངས་པའི་བསྒྲགས་གཏམ་ཞིག་མཐོང་སོང་། དེ་ཧ་ལས་པ་ཡག་པོ་མཐོང་སོང་། ཆབ་སྲིད་དང་སྤྱི་ཚོགས་སོགས་ལས་དོན་ག་རེ་ཡིན་ནའང་སྲིད་ཇུས་དང་ལངས་ཕྱོགས་བརྟན་པོ་དང་ཁ་གསལ་པོ། དམིགས་ཚད་དངོས་ཡོད་གནས་ཚུལ་དང་མཐུན་པ། དྲང་པོ་དྲང་བཞག་དང་མངོན་ལྐོག་ཕྱོགས་ལྷུང་མེད་པའི་ཐོག་ནས་གནང་རྒྱུ་ཡིན་པ་དང་། ལས་ཀ་གང་འདྲ་ཞིག་ལག་བསྟར་གནང་བའི་རྗེས་ལ་ངེས་པར་དུ་གྲུབ་འབྲས་འཐོན་པ་ཞིག་གནང་རྒྱུ་ཡིན་གསུངས་པ་དེ་དག་ང་ཚོ་སྐྱབས་བཅོལ་བ་ཡིན་པ་ངོ་ཤེས་པ་དང་། དངོས་ཡོད་གནས་ཚུལ་གཞི་ལ་བཞག་པའི་ཐོག་ནས་གསུངས་བཞག་པ་རྐྱང་རྐྱང་རེད། སྲིད་སྐྱོང་སུ་ཕེབས་པ་ཡིན་ནའང་དངོས་ཡོད་གནས་ཚུལ་གཞིར་བཞག་གནང་དགོས་པ་དེ་དཔེ་གལ་ཆེན་པོ་རེད། གང་ཡིན་ཟེར་ན། ང་ཚོས་གལ་ཆེ་ཤོས་དེ་ག་རེ་ཤེས་དགོས་ཀྱི་འདུག་ཟེར་ན། ང་ཚོའི་སྒྲིག་འཛུགས་འདི་མིའི་ལུང་པའི་ནང་ཡོད་པའི་སྒྲིག་འཛུགས་ཤིག་ཡིན་སྟབས་སོ་སོ་གནས་སའི་རྒྱལ་ཁབ་ཀྱི་དགོངས་པར་བསྟུན་དགོས་པ་རེད་མ་གཏོགས་ཧམ་པ་ཞེ་དྲགས་བྱེད་རྒྱུ་ཡོད་པ་མ་རེད། དེ་མ་གཏོགས་འདྲ་ཆགས་པོ་དང་གཏམ་བཤད་རྫིག་པོ་རྐྱང་རྐྱང་བྱས་ཏེ་དོན་དག་ངོ་མའི་ཐོག་འབབ་མ་ཐུབ་པ་ཡིན་ན། ནམ་ཞིག་ང་ཚོའི་གནས་སྟངས་དེ་ཐབས་སྐྱོ་པོ་ཞིག་ཆགས་མི་སྲིད་པ་མ་རེད།

    དུས་དང་བསྟུན་པའི་གདོང་ལེན་གནང་དགོས་སར་འཛེམ་ཟོན་མེད་པའི་ཐོག་ནས་གདོང་ལེན་གནང་རྒྱུ་ཡིན་གསུངས་པ་དེ་གལ་ཆེན་པོ་ཞེ་དྲགས་རེད། བར་སྐབས་ཤིག་ནས་དོལ་རྒྱལ་གྱི་གནས་ཚུལ་བྱུང་ཡོད་པ་རེད། དེ་ཚོར་ད་ལྟ་དུས་དང་བསྟུན་པའི་གདོང་ལེན་གནང་ཐུབ་ཀྱི་འདུག་གམ་མི་འདུག དེ་༧རྒྱལ་བ་རིན་པོ་ཆེའི་དབུ་ལ་གཡུག་བཞག་ན་འགྲིག་གི་མ་རེད། དེ་དཔེ་འདྲ་པོ་ཞིག་རེད། དེ་བཞིན་བར་སྐབས་ཤིག་ལ་གཞོན་ནུའི་སྒྲིག་འཛུགས་ནང་དཀའ་ངལ་ཞིག་ཡོང་གི་ཡོད་པ་རེད། ངས་བསམ་ན་ང་ཚོ་ཚང་མར་སྒྲིག་འཛུགས་དེ་སྲུང་སྐྱོབ་བྱེད་དགོས་པའི་འགན་ཡོད་པ་རེད་བསམ་གྱི་འདུག སྤེན་པ་ཚེ་རིང་ལགས་ཀྱིས་ནུས་ཤུགས་ཚང་མ་མཉམ་སྤུང་གནང་གི་ཡིན་གསུངས་པ་དེའང་སེམས་ནང་འཇུག་པོ་བྱུང་སོང་། ང་རང་ཚོའི་གཏམ་དཔེའི་ནང་ལ་ཕོ་རབ་ཅིག་གི་བློ་རྩལ་ལས་ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ་ཟེར་བ་ལྟར། ང་ཚོ་ཚང་མ་མཉམ་རུབ་ཀྱི་ཐོག་ནས་གྲོས་ཚོགས་ཡིན་ན་འདྲ། འཛིན་སྐྱོང་ཡིན་ནའང་འདྲ། ཁྲིམས་ཞིབ་ཡིན་ནའང་འདྲ་དེ་ཚོ་ཚང་མ་ཐུན་མོང་གི་ཐོག་ནས་མཉམ་རུབ་བྱ་རྒྱུ་གལ་ཆེན་པོ་རེད། དབུ་ཁྲིད་ཟེར་བ་དེའི་ཁྱད་ཆོས་ཆེ་ཤོས་ངས་ག་རེ་རྩི་ཡི་ཡོད་ཟེར་ན། ཚང་མ་མཉམ་དུ་འཁྲིད་ཐུབ་མཁན་ཞིག་དགོས་པ་རེད་མ་གཏོགས་དབུ་ཁྲིད་གཏམ་བཤད་ཡག་པོ་བྱེད་ཐུབ་མཁན་ཞིག་དང་། མི་བབ་ཡག་པོ་ཡོད་པ་ཙམ་གྱིས་དབུ་ཁྲིད་ཡག་པོ་ཡོང་བའི་ཁྱབ་ཀྱི་མ་རེད།

  2. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-03-04 at 2:57 am

    ཧཧཧཧ་་་་་་ཁག་འཇོག་ས་ཡག་པོ་ཅིག་རག་འདུག་གདའ། མྱི་འདི་ཚོ་བྱ་ལེ་ནང་བཞིན་རེད་དོ།

  3. ལྷ་སྲས་དར་མ། says:
    2016-03-04 at 3:35 am

    མི་འདི་ཚོ་ངོ་མ་གདོན་ཆེན་ཞུགས་འདུག་ཡང་དཔའ་བོ་དཔའ་མོ་དེ་ཚོ་ཡང་འོ་བསྡུ་ནང་འདྲུད་ཡོང་གི་འདུག ད་ཡིན་ན་ག་རེ་ཡིན་ན་བྱེད་ཀྱི་འདུག་འཇིགས་སྣང་ཆེ། ངོ་མ་ཚོ་ལ་དམངས་གཙོ་རན་གི་མེད་པ་ཡིནམ

  4. ཁྲག says:
    2016-03-04 at 4:57 am

    ཁམས་དྲི་ཡོད་མདོག་སྟོན་མཁན་སྐོར་ཞིག་སྨྱོན་པ་ཆགས་གྲབས་འདུག
    སེང་གེ་རང་གཟུགས་ལྷང་ལ་བུད་སོང་། ཁམས་དྲི་ཟེར་མཁན་དག་ཀྱང་སྙིང་རྗེ་ཡ་རང་རེད།
    བོད་དོན་ཟེར་དུས་སྐལ་ཆད་འདུག་ག

  5. ཨ་ཁུ་འབྲོག་པ། says:
    2016-03-04 at 6:33 am

    བློ་བཟང་བསང་སྒྱེ་ལགས་རོ་ཐོག་རྟ་དབྱངས་མ་འཐེན། གསུངས་དང་ལེགས་མོ་གསུངས། ཧ་ཧ་ཧ་ཧ་ཧུ་ཧུ་ཧུ་ཧུ།

  6. ཀརྡོ་གཉེར་ཕྱག་པ་ says:
    2016-03-04 at 6:45 am

    ད་ལོ་བློ་སེང་རྒྱལ་འགྱུར་ཅིག །

  7. ཀརྡོ་གཉེར་ཕྱག་པ་ says:
    2016-03-04 at 6:46 am

    ད་ལོ་བློ་སེང་བློ་སེང་ཐོབ་ཡ་ཆེད་དུ་ངས་འཕྲིན་བཅོལ་ཡང་གཏོང་བཞིན་ཡོད་གདའ།།

  8. ཨ་ཁུ་འབྲོག་པ། says:
    2016-03-04 at 7:50 am

    ཁྱེད་རང་གིས་འཕྲིན་བཅོལ་གཏོང་བཞིན་པ་དེ། སྔོན་ཆད་མི་ཞིག་གིས་སྲུང་མར། དམ་ཉམས་དགྲ་བོ་བཏུལ་ལ་ཤོག སོགས་ཟེར་ནས་འཕྲིན་ལས་བསྐུལ་བས། སྲུང་མ་དེས། དམ་ཉམས་དགྲ་བོ་ཟེར་བ་དེ་ཁྱོད་རང་ཡིན་ནམ་གཞན་ཞིག་ཡིན་ཧ་གོ་ཡི་མུ་འདུག་ཅེས་བརྗོད་པའི་དཔེར་མ་སོང་བ་ཞིག་བྱུང་ན་ལེགས། ཨ་ཅང་ཀུ་རེ་ཞུས།

  9. ལུང་ཤོར། says:
    2016-03-04 at 8:31 am

    སྲིད་སྐྱོང་ནི་བོད་སྤྱི་པའི་སྲིད་སྐྱོང་ཡིན་པས་དེར་འདྲི་བ་བཟང་ངན་དང་འབོད་སྐུལ་གང་ཡང་བྱ་ཆོག་པ་ཞིག་ཡིན་སྟབས་ཟུར་དུ་ན་ཟུག་འཕོག་དགོས་དོན་མེད།

  10. ཀརྡོ་གཉེར་ཕྱག་པ་ says:
    2016-03-04 at 9:00 am

    ཨ་ཁུ་འབྲོག་པའི་ཀུ་རེ་བཟང་བྱུང་།

  11. ལུང་ཤོར། says:
    2016-03-04 at 9:39 am

    ཀརྡོ་གཉེར་ཕྱག་པས་འཕྲིན་བཅོལ་མུ་མཐུད་བཏང་ན། རྗེས་མ་བློ་སེང་གིས་རྟུག་དྲི་ཞིག་བཏང་ཡང་དེ་དྲི་ཞིམ་དུ་ཚོར་བའི་བྱིན་རླབས་འཇུག་ངེས། ཧཧཧ། ཀུ་རེ་ཡིན།

  12. རྒྱང་མིག says:
    2016-03-04 at 11:52 am

    སྤྱིར་བཏང་”མི་སྐྱོན་མེད་འཛམ་བུ་གླིང་ན་མེད་”ཟེར་བ་ཡིན་ན་ཡང་། མི་མང་གི་སྣེ་ཁྲིད་གཞུང་དཔོན་ཞིག་གིས་སྐབས་དུས་ཀྱི་གནས་བབ་དང་འོས་འགབ་ལ་གཟིགས་མ་ཤེས་པ་དེ་ཧ་ཅང་གི་ཁྱད་མཚར་རེད། ད་རེབ་ཀྱི་སྲིད་སྐྱོང་གི་གནང་སྟངས་དེ་ནི་གང་ལྟར་ཡང་འཁྲབ་གཞས་ཤིག་ཡིན་ཕྱིན། རོ་ཐོག་ལ་བྲོ་འཁྲབ་པ་ལྟ་བུར་དངོས་སུ་གྱུར་པས། ཆེས་ཡིད་སྐྱོ་གཞིའི་དུས་སྐབས་འདི་འདྲའི་ཁྲོད་དུ་དེ་ནི་འོས་བབ་ཡོད་པ་ཞིག་གཏན་ནས་མ་རེད།

  13. ཚེ་རིང་བསམ་གྲུབ། says:
    2016-03-04 at 11:54 am

    ང་ཁམས་ཕྲུག་ཞིག་ཡིན་ཀྱང་། བློ་སེང་ཁམས་པའི་ཞབས་འདྲེན་ཞུ་མཁན་ཆགས་མེད་དམ་བསམས་ནས་བསྡད་ཡོད།

  14. མཁའ་འགྲོ། says:
    2016-03-04 at 3:09 pm

    སྲིད་སྐྱོང་བློ་སེང་ལགས་ནས་འོས་ཤོག་ཁོ་ནར་བསམ་རྒྱུ་ལས་རང་ལུས་མེར་བསྲེག་གིས་བོད་རིགས་ན་གཞོན་གཉིས་ཀྱི་གནས་སྟངས་ལ་བསམ་ཞིབ་མ་གནང་བར་ཞབས་བྲོ་རྒྱབ་པ་དེ་ཆེས་ཞབས་འདྲེན་རེད། ད་ནི་ཁྱོད་ནས་རང་དོན་གྲུབ་ན་ཆ་ལུགས་ངན་ན་ངན་ཞེས་པ་ལྟར་རྒྱལ་གཅེས་དཔའ་བོར་དམའ་འབེབས་སོ།

  15. འཇིགས་མེད་ says:
    2016-03-04 at 6:34 pm

    ཚེ་རྡོརལགས་ནས་དཔེ་ཡག་པོ་གསུངས་འདུག་་ བྲི་བ་ལ་ལན་ཡག་ོ་རྐྱོན་དུག་ བདེན་པ་རེད་དུག་

  16. གངས་ཅན་པ།། says:
    2016-03-05 at 5:35 am

    ངོ་མ་སེམས་སྐྱོ་སོང་དཔའ་བོ་ལ་མྱང་ངན་བྱེད་རྒྱུ་ཕར་ཞོག་ཞབས་གཞས་ཁྲབ་པ་དཔེ་རེད་

  17. ༄།།སྟར་བུ་དམར་བོ། says:
    2016-03-05 at 6:35 am

    བློ་སེང་དང་བློ་སེང་ཤོག་ཁག་གིས་རྟག་ཏུ་མགོ་ལོག་དང་ནོར་འཁྲུལ་རྐྱང་རྐྱང་བཟོ་ཡི་འདུག སྤྱིར་ན། ད་རེས་ཀྱི་ཞབས་བྲོ་འདི་ཁོང་གི་ཤོག་ཁག་དང་རྒྱབ་སྐྱོར་བ་ཚོས་ནོར་འཁྲུལ་དང་བྱབ་ཆུང་གི་ལས་ཀ་བྱས་པ་རེད། ཞབས་བྲོ་འདི་ལྟར་འཁྲབ་དོན་ཡང་། རང་གི་ཁ་གཏད་དེ་སྤེན་ཚེ་ཤོག་ཁག་ལ་དགྲ་ངོམས་དང་ཀྱག་ཀྱག་ལྟ་བུ་བྱས་པ་རེད་མོད། དུས་ཚེས་ཀྱིས་སྟབས་མ་ལེགས་པར་ཉེས་སྐྱོན་ཆེན་པོར་ཐོགས་པ་རེད། སྤྱིར་ན། བློ་སེང་དང་ཁོང་གི་རྗེས་འབྲངས་དག་ལ། མེ་བསྲེག་སྐོར་ནས་སེམས་ཚོར་དང་འཕངས་སེམས་ཅི་འདྲ་ཡོད་མིན་ཆ་མ་འཚལ་ཡང་། སྐབས་དེར། ནང་ལ་དགྲ་ངོམས་ལྟ་བུའི་བྱབ་ཆུང་གི་རྣམ་པ་དེ་དག་ལས་ཚོར་སྣང་གང་ཡང་མེད་པའི་བཟོ་ལྟ་ཞིག་སྤྱི་ཚོགས་སུ་མངོན་ཡོད་པ་རེད། འོན་ཏེ།

  18. ལྷ།བྱ་འཕུར་མ། says:
    2016-03-05 at 10:43 am

    སྲིད་སྐྱོང་བློ་བཟང་མཆོག་ཁག་མི་འདུག རང་བསྲེགས་གནང་མཁན་གཉིས་ཀྱི་སྐོར་ལ་བཤད་ན་ཡང་སྲིད་སྐྱོང་མཆོག་གིས་འོས་ཐོབ་ཆེད་རང་བསྲེགས་བེད་སྤྱོད་གནང་གི་འདུག་ཟེར་ནས་སྐད་རྒྱག་གི་རེད། མ་བཤད་ན་ཡང་སྐྱོན་རྒྱག་གི་འདུག
    ད་ནི་སྲིད་སྐྱོང་ལ་ཁག་མི་འདུག

  19. ཡི་གེ་བ། says:
    2016-03-05 at 3:30 pm

    ནམ་རྒྱུན་ཁ་བརྡ་དྲ་བའི་མཆན་ཞབས་ན་ཡིག་ནོར་གྱིས་དགོས་མེད་ཕན་མེད་ཀྱི་ཚིག་གི་ལུད་རོ་སྤུང་མཁན། ཀརྡོར་ཕྱག་གཉེར་ཟེར་བའི་བླ་རྒན་ཆགས་སྡང་གིས་བཟི་འདུག་མཁན་དེ་དང་ཟུང་ཏོག་ཟེར་བའི་གླེན་པ་ལུག་འདྲ་བོ་དེ་ཚོ་ནི་དངོས་ནས་དྲ་ཞབས་ཀྱི་སྐྱག་འབུ་དང་གང་ལ་དཀྱེལ་ཡང་བའི་བགྲོ་གླེང་བྱ་མི་འཇུག་པ་དང། དགོས་མེད་ཕན་མེད་ཀྱི་སྐད་ཆའི་ལུད་རོ་མང་པོས་དྲ་བའི་བགྲོ་གླེང་མེད་པར་བཟོས་འགྲོ་བས། རྗེས་ཕྱོགས་ཁ་བརྡ་དྲ་བས་འདི་དག་གཙང་བཟོ་རེ་བྱས་ན་ཡག་གི ཡང་ཅིག་བཤད་ན་ཁོ་བ་དག་གི་ཚིག་ཉོག་ནང་ན་ལེན་རྒྱུ་སོགས་ནི་རི་བོང་གི་རྭ་རེད་མོད། ཆགས་སྡང་ཁོ་ན་ལས།

  20. ལིང་ནག says:
    2016-03-05 at 4:07 pm

    སྲིད་སྐྱོང་བློ་སེང་ཨ་ཁུ་སྟོན་པ་ལགས་དེང་སྐབས་ཅི་བྱེད་མེད་པར་ངོ་ཤོར་འཀུ་གདའ་ཧཧཧཧཧཧཧཧཧཧཧ

  21. ཇ་མ་ says:
    2016-03-05 at 7:28 pm

    སྲིད་སྐྱོང་ལགས་ཤུགས་རྒྱག་རན་རེད། ད་ནི་ཕལ་ཆེར་ཁག་པོའི་གནས་སུ་ཤོག་འདུག་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme