Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་བཟང་སེང་གེ་མིན་ན་སུ་ཞིག་ཡིན།

Posted on 2015-09-062015-09-06 By ཁ་བརྡ 9 Comments on བློ་བཟང་སེང་གེ་མིན་ན་སུ་ཞིག་ཡིན།

unnamed——-གཙང་པ་བཀྲ་སྟོབས།

 
༼གཅིག༽
བཙན་བྱོལ་གྱི་སྤྱི་ཚོགས་དོག་པོ་འདིའི་ནང་དུ་སྐྱུག་དྲི་བྲོ་བའི་ལུང་ཚན་གྱི་འཐེན་ཁྱེར་རྒོད་པོ་འདིའི་གཡུལ་ས་ནས་ཐར་ཆེད་ཆིག་སྒྲིལ་གྱི་འབོད་བརྡ་གཏོང་མཁན་གྱི་དུས་ཀྱི་ཅང་བརྡ་དེ་བློ་བཟང་སེང་གེའི་ཀི་སྒྲ་མིན་ན་སུ་ཡི་ཡིན། དེ་ནི་ཁོང་གིས་ཡུལ་གྱུར་བའི་སྤྱི་ཚོགས་འདིའི་དོན་དངོས་ཀྱི་གནས་སྟངས་རྣམས་རྟོགས་ནས་འདི་ཚབས་ཆེན་ཞིག་ཏུ་མཐོང་ཏེ་གསུངས་བ་མིན་ན་གང་།

 
༼གཉིས༽
ཡང་ཆོས་ལུགས་ཆེན་པོས་ཆུང་ངུ་དག་ལ་བརྙས་བཅོས་དང་ཁ་བཀག་ཁོག་འབྲུ་ཟུར་ཕུད་གཏོང་པའི་ལུགས་ངན་གྱི་བསམ་སྦྱོར་དེ་ཡོངས་སུ་བཅོས་སྒྱུར་དགོས་པའི་བློ་རྒྱ་བསྐྱེད་ཅིང་རིས་མེད་ཀྱི་ལྟ་བའི་པད་ཚུལ་འཛུགས་རྒྱུ་དེ་ནོམ་ཆེན་ཡིན་པ་བསྒྲུབ་མཁན་དེ་བློ་བཟང་སེང་གེ་མིན་ན་སུ་ཞིག་ཡིན།

 
༼གསུམ༽
བུད་མེད་ནི་ཐབ་ལས་དང་གཡོག་ཏུ་བསྐོ་རྒྱུ་དེ་གཉུག་གཤིས་སུ་བལྟམས་པའི་བོད་ཀྱི་རིགས་འབྱེད་ཀྱི་ཁྲིམས་དམར་སྐྱོང་སའི་དུར་ས་འདི་དུས་རབས་དང་མིའི་རིགས་ཀྱི་དཔལ་ཡོན་ལ་མི་མཛའ་པས་འདྲ་མཉམ་གྱི་དར་ཆ་བསྒྲེང་དགོས་ཅེས་ལམ་སྟོན་གནང་མཁན་འདི་བློ་བཟང་སེང་གེ་མིན་ན་སུ་ཞིག་ཡིན།

 
༼བཞི༽
ཐམས་ཅད་གཞན་ལ་རེ་ནས་ཡོད་ཚད་གནམ་ལ་གདངས་ཏེ་ལེ་ལོ་དང་བག་གཡེང་ངང་འཚོ་བཞིན་སང་ཉིན་ཙམ་ཡང་སེམས་ལ་འཆར་མི་ཐུབ་པའི་དུད་འགྲོའི
ཁྱུ་འདི་ལ་རང་ཁ་རང་གསོའི་ལམ་ལ་འདྲེན་པའི་ལྕགས་ཚན་བཞུར་མཁན་གྱི་རྟ་བ་དེ་བློ་བཟང་སེང་མིན་ན་སུ་ཞིག་ཡིན།

 
༼ལྔ༽བོད་ས་དམར་པོས་བཟུང་སོང་། དགོན་སྡེ་དྲུག་སྟོང་གཏོར་སོང་། བླ་གྲྭ་ཁྲི་འགའ་གསད་སོང་། བོད་མི
ས་ཡ་གཅིག་བཀྲོངས་སོང་བཅས་ལས་ཇུས་ངན་དང་གཡོ་སྒྱུ་སོགས་ཀྱི་བོད་རྩ་མེད་གཏོང་པའི་གོ་རིམ་ལྡན་པའི་བྱ་ཐབས་དག་ལ་རྨོངས་ཤིང་འཐོམས་ནས་ལུས་བཞིན་པའི་སྐབས་ཤིག་ལ། འཛམ་གླིང་གི་ཡངས་རྩེ་རུ་གནས་པའི་ཉི་ཟླའི་གཙུག་བརྒྱན་དུ་གྱུར་བའི་མཐོ་སྒང་གི་སྣོད་བཅུད་གཉིས་ཏེ་ཁོར་ཡུག་གཏོར་བརླག་རིགས་གཞུང་རྩ་མེད་མི་རིགས་དབྱེ་འབྱེད་དཔལ་འབྱོར་ཟུར་ཕུད་བཅས་ཀྱི་མི་མངོན་པའི་མཚང་རྣམས་གཏོར་མཁན་དེ་བློ་བཟང་སེང་གེ་མིན་ན་སུ་ཞིག་ཡིན།

 
༼དྲུག་པ༽
གཤིས་སྤྱོད་གཙུབ་ཅིང་སེམས་ཚོར་གྱིས་སྨྱོས་འགྲོ་བའི་གདོང་དམར་རུ་གྲགས་པའི་རུས་རྐང་གས་པའི་བརྒྱུད་པ་འདིར་ས་ཆ་གང་དུ་གནས་རུང་ཡུལ་ཕྱོགས་གང་དུ་འཚོ་ཡང་ཆེ་མཐོང་དང་ཞི་བ་ཁྲིམས་མཐུན་ལྡན་པའི་སྒོ་ནས་བྱ་འགུལ་བརྩམ་དགོས་པའི་སྣེ་ཁྲིད་ཟབ་མོ་མཛད་མཁན་དེ་བློ་བཟང་སེང་གེ་མིན་ན་སུ་ཡིན།

 
༼བདུན་པ༽
རང་ཁྱིམ་དགྲ་བོའི་ལག་ཏུ་ཤོར་བ་དང་རང་གི་དབང་པོ་ལྔ་པོ་བཅིངས་ཡོང་དུས། བཟོད་སྲན་མ་ནུས་ནས་རང་སྲེག་གི་འཆི་གསོན་མཐུན་མང་ལ། དཀའ་སྡུག་དང་སྐྱོ་བ་ཇི་ཙམ་ཆེ་རུང་བྱ་འགུལ་འདི་རིགས་མི་སྤེལ་པའི་འབོད་སྐུལ་ཞུ་བ་དང་རྐྱེན་ངན་དེའི་རིགས་བྱུང་དུས་སྡུག་སེམས་མཉམ་བསྐྱེད་དང་སྔོ་སྨོན་མཆོག་འབུལ་གྱི་སྐྱེལ་མ་བྱ་མཁན་དེ་བློ་བཟང་སེང་གེ་མིན་ན་སུ་ཞིག་ཡིན།

 
༼བརྒྱད་པ༽
ཡང་འདི་ལྟར་ལྟོ་གོས་དམིགས་ཡུལ་དུ་འཛིན་ཞིང་སྤྱི་དོན་ཁ་རླངས་སུ་གནས་པའི་ཁ་འཐོར་དགུ་འཐོར་དུ་གནས་པའི་ཡུལ་གྱར་གྱི་མྱི་ཚོའི་བར་དུ་མཛའ་མཐུན་གྱི་དཔུང་སྒྲིག་བསྒྲིགས་ཤིང་ཅི་ཕན་དང་ཅི་གྲོགས་གལ་ཟེར་བའི་རྨི་ལམ་འདི་རྨིས་མཁན་དེ་བློ་བཟང་སེང་གེ་མིན་ན་སུ་ཞིག་ཡིན།

དཔོན་པོ་བཟང་པོ་ཁྲི་ལ་ཕེབས་པ་ནས། །
མཛད་པ་ཁྲི་འབུམ་དུའི་ཞབས་རྗེས་ཡོད། །
ཡོད་ཅེས་བཤད་པའི་དགོས་པ་ཆེ་མེད་ཀྱང་། །
དྲིན་ཤེས་ཟེར་བ་ཙམ་གྱིས་ཅུང་ཟད་ཞུས། །

༢༠༡༥/༠༩/༠༦ཉིན་གནམ་སའི་བར་ནས་སྦྱར།

བསམ་ཚུལ།

Post navigation

Previous Post: དགྲ་ཤར་ན་ཡོད་པ་མི་མཐོང་བར། མདའ་ནུབ་ལ་འཕེན་མཁན་ཚོར།
Next Post: བཙན་བྱོལ་བ་ཞིག་ཏུ་མི་སྐྱེ་བར་སྨོན།

Comments (9) on “བློ་བཟང་སེང་གེ་མིན་ན་སུ་ཞིག་ཡིན།”

  1. སེང་གེ་རྒྱལ་པོ། says:
    2015-09-07 at 12:25 am

    སྲིད་སྐྱོང་ལ་བསྟོད་པ་གངས་སྐྱིད་རྒན་པོའི་འབེལ་གཏམ།

    བ་ཕྱུགས་གཅིག་དང་གཉིས་སོགས་རིམ་བཙོང་སྟེ།།
    རྡོར་གླིང་སློབ་གྲྭ་ཐོན་པའི་ན་གཞོན་ཞིག།།
    ཧ་ཝཊ་སློབ་ཆེན་མཐར་ཕྱིན་འབུམ་རམས་པར།།
    ཡོངས་སུ་གྲགས་པ་དེ་ལ་བདག་བསྟོད་དོ།།

    རྒྱ་མོ་སྐྲ་རིང་རྒྱ་ཕོ་མགོ་རིལ་གྱི།།
    གྲོགས་ལ་བརྟེན་ནས་རྒྱ་ཡུལ་སྤྲོ་སྐྱིད་རོལ།།
    ཨ་རིར་ཕྱིར་ཕེབས་བོད་དོན་སྲིད་ཚོགས་ལ།།
    ཞུགས་འདོད་སྤོབས་པ་རྙེད་ལ་བདག་བསྟོད་དོ།།

    བཀའ་ཁྲིའི་འོས་འདེམས་གོ་སྐབས་དམ་འཛིན་གྱིས།།
    རྡ་ས་གཙོ་གྱུར་གཞིས་ཆགས་ཁག་འགྲིམས་ཏེ།།
    དམ་བཅའ་མང་པོའི་དྲིལ་བསྒྲགས་མངས་བྱས་པས།།
    འདོད་དོན་ལེགས་གྲུབ་བྱུང་ལ་བདག་བསྟོད་དོ།།
    བཀའ་ཁྲིར་ཕེབས་དང་༸རྒྱལ་བས་ཆབ་སྲིད་ཀྱི།།
    སྐུ་དབང་རྩིས་སྤྲོད་མ་འགྲིགས་ལྷུན་འགྲུབ་བྱུང།།
    ཐུགས་རེ་ཆེན་པོས་དགུང་ནས་དགུང་དུ་བཏེགས།།
    ས་དབང་སྲིད་སྐྱོང་མཛད་ལ་བདག་བསྟོད་དོ།།

    སྲིད་སྐྱོང་ཁྲི་དང་ཤེས་རིག་བཀའ་བློན་གྱི།།
    རྐུབ་སྟེགས་སྦྲེལ་བཟུང་བྱེད་རྒྱུ་ཡོད་མདོག་བསྟན།།
    དྲུང་ཆེ་ལྐོག་འཐེན་རྩིས་པ་རྒྱང་ཕུད་ཀྱིས།།
    ཤེས་སྲིད་བྱས་རྗེས་དང་པོར་བདག་བསྟོད་དོ།།

    གཞི་རིམ་གོང་བར་སློབ་ཚན་ཤེས་སྲིད་དང་།།
    མི་མཐུན་ནང་འགལ་རྙོག་བཟོ་བྱ་རྩིས་ཀྱིས།།
    བོད་ཡིག་གཙོ་དང་ཨིན་ཡིག་གཙོ་བཟུང་ཞེས།།
    བཀའ་རྒྱ་ཐ་དད་སྒྲོག་ལ་བདག་བསྟོད་དོ།།

    ལྷག་བསམ་ཚོང་པས་གསོག་དངུལ་གཞུང་ལ་ཕུལ།།
    རང་གི་ཁུག་མར་བཅུག་བརྩིས་གཡོ་བྱུས་དེ།།
    འབྲེལ་ཡོད་འགའ་ཡིས་ཤེས་ཚོར་བྱུང་མ་ཐག།།
    ཁ་མཁས་གསལ་བཤད་མཛད་ལ་བདག་བསྟོད་དོ།།

    མི་འགྱུར་རྒྱང་ཕུད་སྐལ་རྡོར་དོན་བསྐོས་སོགས།།
    བསྐོ་འཐེན་གང་འདོད་མང་དག་བྱས་པའི་འབྲས།།
    འཆལ་པོ་འཆལ་མོས་མཐའ་ནས་བསྐོར་བ་དང་།།
    བྱས་ཅན་རིང་དུ་བསྐྲད་ལ་བདག་བསྟོད་དོ།།

    ལྡི་ལི་གསར་པར་བསྐུ་མཉེ་ཆགས་སྲེད་རོལ།།
    གནམ་ཐང་ངལ་གསོས་སྦི་རག་ལྕགས་ཀྲིན་རེར།།
    ཧིན་སྒོར་ཆིག་སྟོང་ལྷག་ཅན་འགའ་བཏུང་སྟེ།།
    གཞུང་འབྲེལ་ཕྱོགས་ཐོན་མཛད་ལ་བདག་བསྟོད་དོ།།

    ཤེས་ཡོན་སྲིད་བྱུས་མིང་གི་ལྷག་མར་བཏང་།།
    སློབ་གྲྭ་རྩིས་ལེན་ཉི་མ་བསྐྱལ་ནས་བསྡད།།
    ཤེས་ཡོན་འཐུས་ཤོར་སྐྱོན་བརྗོད་མང་དྲགས་པས།།
    ཤེས་བཀའ་དགོངས་པ་ཞུས་ལ་བདག་བསྟོད་དོ།།

    བཀའ་ཤག་ལྷན་རྒྱས་ཚུགས་དུས་རང་ཤེད་བྱས།།
    དཔལ་བདེ་ནང་སྲིད་གསུམ་གྱིས་བཅུན་ན་ཡང་།།
    དཔལ་འབྱོར་ཐག་གཅོད་དཔལ་བཀའ་མེད་དུས་བྱས།།
    གཞུང་མཛོད་གང་ཐུབ་བཅོམ་ལ་བདག་བསྟོད་དོ།།

    དོལ་འབྲེལ་ཡིག་ཆ་གཞུང་གི་དྲྭ་བ་རུ།།
    འཇོགས་དགོས་བཀའ་ཤག་ལྷན་རྒྱས་ཐག་གཅོད་གནང་།།
    སང་ཉིན་སྲིད་སྐྱོང་སྐལ་རྡོར་བདེ་ཆོས་ཀྱིས།།
    དེ་དག་ཡོངས་རྫོགས་ཕྱིར་འཐེན་ནག་བསུབས་བཏང་།།

    ཆོས་རིག་རྒད་པོས་གཏིང་ནས་བྱུས་བཀོད་དང་།།
    ཕྱི་འཕྲོད་བཀའ་བློན་གཉིས་ཀྱིས་ཁ་བྱས་ཏེ།།
    མི་བཞིའི་ཤོག་ཁག་དཔུང་པ་མཉམ་སྦྲེལ་གྱིས།།
    ཆབ་སྲིད་རླུང་བསྐུར་མཛད་ལ་བདག་བསྟོད་དོ།།

    ཕྱི་ལ་བོད་ཡིག་བོད་པ་བོད་ཆས་གསུངས།།
    མི་མང་ཁྲོད་དུ་ལག་པས་ཕྲེང་བ་བགྲངས།།
    ནང་དུ་གཞུང་ཡིག་བོད་ནས་ཨིན་ཇིར་བསྒྱུར།།
    རིག་གཞུང་ཁྱད་གསོད་ཅན་ལ་བདག་བསྟོད་དོ།།

    ༸རྒྱལ་བའི་གམ་དུ་དབུ་མ་དབུ་མ་ཟེར།།
    གཞོན་ནུའི་རྒྱུན་ལས་ཐུག་དུས་རང་བཙན་ཟེར།།
    གཉིས་ཀ་ཐུག་དུས་མི་སྨྲའི་རྟུལ་ཞུགས་བཟུང་།།
    སྲིད་སྐྱོང་ཌ་མ་རུ་ལ་བདག་བསྟོད་དོ།།

    དབུ་རང་བར་ལ་འགལ་ཟླའི་འཐབ་རྩོད་བསླངས།།
    ཁ་ཡ་མ་བྱས་རྒྱང་ལྟ་བྱས་ནས་བསྡད།།
    ༸རྒྱལ་བས་བློ་བཟང་སེང་གེའི་དབུ་མ་དེ།།
    འོས་ཤོག་ཆེད་དུ་ཡིན་པའི་བཀའ་ཡང་ཕེབས།།

    སྐུ་ཚབ་གཉིས་ལ་ཕྲག་དོག་འགྲན་སེམས་བཅངས།།
    མི་འཇོན་ལས་ཀ་རང་གིས་འཇོན་མདོག་བྱས།།
    བོད་རྒྱ་འབྲེལ་མོལ་ནམ་མཁའ་སྟོང་པ་ལ།།
    དྲིལ་བསྒྲགས་རྫུན་མའི་རི་མོ་མཁན་ལ་བསྟོད།།

    ཀུན་དགའ་བཀྲ་ཤིས་བརྙས་འདོགས་ལས་བསྒྱུར་བྱས།།
    རྒྱ་ཡིག་འབྲེལ་མཐུད་མེད་པ་བཟོ་འཆར་བསྒྲིགས།།
    ༸རྒྱལ་བས་དེ་ལ་བཀའ་རྩད་ཕེབས་ལན་དུ།།
    རྫུན་གྱི་འཁོར་ལོ་བསྐོར་ལ་བདག་བསྟོད་དོ།།

    མི་དམངས་དབུས་སུ་ཟམ་གདོང་རིན་པོ་ཆེར།།
    བློ་འདྲི་གྲོས་ཞུ་བྱས་མདོག་སྐད་ཆ་བཤད།།
    ནང་དུ་རིན་པོ་ཆེ་ལའང་ཕྲག་དོག་བྱས།།
    མི་དབང་རྨ་བྱ་ཅན་ལ་བདག་བསྟོད་དོ།།

    རང་གི་རྐུབ་གཡོག་ཨབ་ཕྲུག་འགའ་བརྒྱུད་ནས།།
    བོད་ཡུལ་སྨད་ནས་རང་གི་ཐང་ག་དང་།།
    བསྟོད་གཞས་བཟོས་ཏེ་རང་ལ་འབྱོར་ཁུལ་གྱིས།།
    རང་བསྟོད་དྲིལ་སྒྲོག་མཁན་ལ་བདག་བསྟོད་དོ།།

    གཞུང་ཞབས་བུ་མོ་མཛེས་མ་དྲུང་དུ་ཉར།།
    ཁ་ལ་ཉན་པ་འགྲམ་ལ་ཉར་རྒྱུ་དང་།།
    ཁ་ལ་མི་ཉན་ཐང་རིང་གནས་སྤོས་བཏང་།།
    སྲིད་སྐྱོང་གཏིང་བརྣག་ཅན་ལ་བདག་བསྟོད་དོ།།

    ལས་བྱེད་བུ་མོ་ལྷན་དུ་འཛོམས་པའི་སྐབས།།
    ང་ལ་འདི་འདྲ་ཟེར་གྱིས་ང་ལ་ཡང་།།
    འདི་འདྲ་གསུངས་ཞེས་ཤབ་ཤུབ་ཤོད་རེས་བྱེད།།
    ཨ་ཁུ་སྟོན་པ་གཉིས་པར་བདག་བསྟོད་དོ།།

    སྤེན་པ་ཉི་མར་ཆང་འཐུང་གྲོགས་པོ་དང་།།
    བུད་མེད་འགའ་ཤས་ལྷན་དུ་མཉམ་ཚོགས་ཀྱིས།།
    རྒྱན་འཛུགས་ཏག་སེ་རྩེད་དེ་དུས་ཐུང་ནང་།།
    ཁྲི་འབུམ་འཐོབ་ཤོར་མཁན་ལ་བདག་བསྟོད་དོ།།

    དུས་འཁོར་དབང་ཆེན་ཆབ་སྲིད་ལག་ཆར་སྤྱད།།
    སློབ་ཕྲུག་སུད་ཚོང་གངས་སྐྱིད་ལས་བྱེད་སོགས།།
    སོ་སོའི་མདུན་དུ་ཁྱེད་ཚོའི་ཆེད་དུ་ཟེར།།
    གང་དྲན་མགོ་བོ་བསྐོར་ལ་བདག་བསྟོད་དོ།།

    གློ་བུར་དུས་དབང་ཕྱིར་འགྱངས་ཡིན་ཞེས་བརྗོད།།
    དེ་ཡང་༸རྒྱལ་བའི་ཆེད་དུ་ཡིན་རབས་བཤད།།
    ཞུས་དང་ཕྱིར་འཐེན་གཉིས་ཀ་ཆབ་སྲིད་དང་།།
    ༸གོང་ས་ལག་ཆར་སྤྱད་ལ་བདག་བསྟོད་དོ།།

    དེང་སང་འོས་བསྡུའི་ཆེད་དུ་རྒྱུགས་ལ་བྲེལ།།
    ཚོགས་པ་ཁག་ལ་རོགས་དངུལ་ཕོན་ཆེ་སྤྲད།།
    བལ་ཡུལ་ས་འགུལ་ཕྱི་ཕྱོགས་རོགས་དངུལ་རྣམས།།
    དམངས་ལ་མ་སྤྲད་གསང་ཉར་མཁན་ལ་བསྟོད།།

    གཞུང་འབྲེལ་ཕྱོགས་བསྐྱོད་བྱས་དང་ལྷན་ཅིག་ཏུ།།
    རང་གི་འོས་ཤོག་དྲིལ་བསྒྲགས་བྱས་པ་རྣམས།།
    གཞུང་གི་དྲྭ་བར་བཀོད་ན་མི་ཆོག་ཅེས།།
    གསར་འགྱུར་བཅད་གཏུབ་མཛད་ལ་བདག་བསྟོད་དོ།།

    ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་དང་།།
    ནང་སྲིད་དྲུང་ཆེ་བསོད་ནམས་སྟོབས་རྒྱལ་གཉིས།།
    ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གསུམ།།
    མ་འོངས་བཀའ་བློན་རེ་བས་བྲེལ་འཚུབ་ལངས།།

    ཤེས་རིག་བཀའ་བློན་སེང་གེའི་འོས་ཤོག་ཆེད།།
    ཤར་རྒྱུགས་ནུབ་རྒྱུགས་ལྕེ་ཡི་འཁོར་ལོ་བསྐོར།།
    ནང་དྲུང་བསོད་སྟོབས་སྦིར་སྒྲ་མ་གྲགས་ཀྱང། །
    རྒྱབ་ཀྱི་བྱུས་འགོད་ཐག་འཐེན་གཏེ་དཔོན་ཡིན། །

    དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ནི།།
    སྲིད་སྐྱོང་གཞུང་འབྲེལ་ཕྱོགས་བསྐྱོད་བྱས་དང་ལྷན།།
    འོས་ཤོག་དྲིལ་བསྒྲགས་མཉམ་བསྲེས་བྱས་རིགས་རྣམས།།
    སོ་སོར་མ་འདྲེས་དབྱེ་བ་འབྱེད་ལ་བྲེལ།།

    དེང་སང་གཞུང་འབྲེལ་དྲྭ་བའི་བརྒྱུད་ལམ་རྣམས།།
    བཏང་འཛིན་དོ་ནན་གནང་སྟེ་གཞུང་འབྲེལ་དང་།།
    འོས་ཤོག་དྲིལ་བསྒྲགས་གསར་འགྱུར་བཅད་གཏུབས་ཀྱི།།
    སྐྱུག་བྲོའི་ལས་བྲེལ་རྣམས་ལ་བདག་བསྟོད་དོ།།

    ཅེས་ས་དབང་ཆེན་མོ་བློ་བཟང་སེང་གེ་ལ་བསྟོད་པ་འདི་དག་ནི་གངས་ཅན་སྐྱིད་གཤོངས་ཀྱི་སྐད་ཆ་ཁག་དང་།སྤྱི་ཚོགས་དྲ་བ་ཁག་ལ་བཀོད་པའི་སྲིད་སྐྱོང་སྐོར་གྱི་རྩོམ་ཡིག་ཁག་ཞིབ་ཏུ་བཀླགས་ཏེ་ཤར་མར་བྲིས་པ་འདིས་ཀྱང་གཞུང་སྲིད་འཕྲང་ལ་གཏད་ཅིང་རང་ཁེ་དོན་དུ་གཉེར་མཁན་རྣམས་ཀྱི་བགེགས་སུ་གྱུར་ཅིག་གུ།།

  2. བཀྲ་ཤིས། says:
    2015-09-07 at 12:33 am

    སེང་གེ་ལགས། རྩོམ་ཡིག་རིང་པོ་འདི་འདྲ་མཆན་གྱི་ཚུལ་དུ་བཀོད་པ་ག་རེ་ཡིན།

  3. གཙང་པ་བཀྲ་སྟོབས། says:
    2015-09-07 at 2:28 am

    འདིའི་ནང་དུ་ཡིག་ནོར་དང་བཏགས་ནོར་འགའ་ཐེབས་འདུག་པས་
    དགོངས་སེལ་ཞུ།

  4. བདེན་པའི་ཕོ་ཉ་ says:
    2015-09-07 at 9:38 am

    སེང་ལྤགས་གྱོན་པའི་རྒྱལ་པོས་མཆན་ཉོག་མང་པོ་ཞིག་བྲིས་འདུག་པས་ཀློག་རྒྱུའི་དུ་ཚོད་མི་འདུག་བློ་སེང་གི་མཁས་ལེན་དམ་བཅའ་གཅིག་ཀྱང་བསྒྲུབ་ཐུབ་མ་སོང་བས་ད་དུང་སྐད་ཅོར་གང་རྒྱབ་གི་ཡོད་དམ་ཨ་།

  5. ལྷ།བྱ་འཕུར་མ། says:
    2015-09-07 at 12:51 pm

    ༡༽གཞོན་ནུ་ནང་ཁུལ་ཐུག་པ་དཀྲུགས་དཀྲུགས་བྱས་སྟབས་ད་ལོར་ནེའུ་ཡོག་གསུམ་བཅུ་དུས་དྲན་སྐབས་སེང་གེའི་ཨ་ཕྲུག་ཚོས་བཟོས་པ་ཆིག་སྒྲིག་ཡིན་ནམ།

    ༢༽ཧ་ཧ་ཧ། ཆོས་ལུགས་ཆེན་པོ་དང་ཆོས་ལུགས་ཆུང་ཆུང་ཟེར་བ་དེ་རིང་མ་གཏོགས་མ་ཐོས་པར་དགོད་གཏམ་རང་རེད། ༸གོང་ས་སྐྱབས་མགོན་མཆོག་གིས་ཆོས་ལུགས་རིས་མེད་གནང་ཐོག་གཡང་དྲུང་བོན་བཅས་པའི་བོད་ཀྱི་ཆོས་རྒྱུད་ཆེན་པོ་བར་ཁྱེད་རང་གིས་བཤད་པ་ནང་བཞིན་ཛ་དྲག་དེ་འདྲ་ཆགས་མེད་དོ།

    ༣༽ རྒྱ་གར་དང་དཀྱིལ་ཤར་ཡེ་ཤ་ཡའི་རྒྱལ་ཁབ་དག་གི་བུད་མེད་ཀྱི་ཐོབ་ཐང་དང་གུས་མཐོང་དང་བསྡུར་ན་བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་དང་གུས་མཐོང་ཡག་པོ་ཡོད་དང་ད་རུང་ཡིན་ནའང་སེང་གེ་མེད་ཀྱང་བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་སོགས་སྔར་ལས་མཐོར་འདེགས་དང་ཡར་རྒྱས་འགྲོ་ངེས་རེད།

    ༤༽སེང་གེ་ལགས་ཀྱིས་རང་ཁ་རང་གསོ་བྱས་ཡོད་ན། ཨ་རི་ནས་ཨ་སྒོ་ས་ཡ་གཅིག་དང་ཁེ་ཎ་ཌ་ནས་ཁེ་སྒོར་ས་ཡ་གསུམ་སོགས་ཀྱི་རོགས་སྐྱོར་ལེན་དགོས་དོན་མེད། དེའི་སྐོར་ཤེས་ཀྱི་མེད་ན་ཉ་ཉོག་འབྲི་བ་ལས་རྒྱལ་སྤྱིའི་ཚོང་ལས་འབྲེལ་ལམ་དང་ལྷག་དོན་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་ཇི་ལྟར་བྱེད་ཀྱི་ཡོད་པའི་སྐོར་གྱི་ཉམས་ཞིབ་རྩོམ་ཡིག་ཡག་པོ་དེ་འདྲ་ཀློག་ན་ཡག་གི་རེད།

    ༥༽ཧ་ཧ་ཧ། སེང་གེས་འཛམ་གླིང་ལ་བོད་ཀྱི་གནས་སྟངས་སྐོར་གྱི་མཚང་བརྟོལ་བ་རེད། དེ་ན་༸གོང་ས་མཆོག་གཙོས་བོད་གཞུང་གིས་ལོ་ངོ་ལྔ་བཅུ་ལྷག་གིས་བོད་ཀྱི་གནད་དོན་འཛམ་གླིང་ལ་ཁྱབ་བསྒྲགས་བྱས་ཡོད་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་དམ། ཁྱེད་རང་གིས་རྙོག་གཏམ་བཤད་མ་ཡོང་།དེང་སང་གི་བོད་མི་ཚང་མའི་ཀླད་པ་སྔོན་མ་བཞིན་ལྗང་ཁུ་མ་རེད།

    ༦༽ དང་༧༽གཉིས་ལ་ཧ་ཧ་ཧ་ཟེར་རྒྱུ་ལས་གང་ཡང་མེད།

    ཁྱེད་ཀྱིས་སྲིད་སྐྱོང་མཆོག་ལ་བསྟོད་པ་ལས་མ་བསྟོད་ན་ཡག་ས་རེད།

  6. ལྷ།བྱ་འཕུར་མ། says:
    2015-09-07 at 12:58 pm

    ༡༽གཞོན་ནུ་ནང་ཁུལ་ཐུག་པ་དཀྲུགས་དཀྲུགས་བྱས་སྟབས་ད་ལོར་ནེའུ་ཡོག་གསུམ་བཅུ་དུས་དྲན་སྐབས་སེང་གེའི་ཨ་ཕྲུག་ཚོས་བཟོས་པ་ཆིག་སྒྲིག་ཡིན་ནམ།

    ༢༽བོད་ནང་དུ་ཆོས་ལུགས་ཆེན་པོ་དང་ཆོས་ལུགས་ཆུང་ཆུང་ཟེར་བ་དེ་རིང་མ་གཏོགས་མ་ཐོས་པར་དགོད་གཏམ་རང་རེད། ༸གོང་ས་སྐྱབས་མགོན་མཆོག་གིས་ཆོས་ལུགས་རིས་མེད་གནང་ཐོག་གཡང་དྲུང་བོན་བཅས་པའི་བོད་ཀྱི་ཆོས་རྒྱུད་ཆེན་པོ་བར་ཁྱེད་རང་གིས་བཤད་པ་ནང་བཞིན་ཛ་དྲག་དེ་འདྲ་ཆགས་མེད་དོ།

    ༣༽ རྒྱ་གར་དང་དཀྱིལ་ཤར་ཡེ་ཤ་ཡའི་རྒྱལ་ཁབ་དག་གི་བུད་མེད་ཀྱི་ཐོབ་ཐང་དང་གུས་མཐོང་དང་བསྡུར་ན་བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་དང་གུས་མཐོང་ཡག་པོ་ཡོད་དང་ད་རུང་ཡིན་ནའང་སེང་གེ་མེད་ཀྱང་བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་སོགས་སྔར་ལས་མཐོར་འདེགས་དང་ཡར་རྒྱས་འགྲོ་ངེས་རེད།

    ༤༽སེང་གེ་ལགས་ཀྱིས་རང་ཁ་རང་གསོ་བྱས་ཡོད་ན།ཨ་རི་ནས་ཨ་སྒོ་ས་ཡ་གཅིག་དང་ཁེ་ཎ་ཌ་ནས་ཁེ་སྒོར་ས་ཡ་གསུམ་སོགས་ཀྱི་རོགས་སྐྱོར་ལེན་དགོས་དོན་མེད།དེའི་སྐོར་ཤེས་ཀྱི་མེད་ན་ཉ་ཉོག་འབྲི་བ་ལས་རྒྱལ་སྤྱིའི་ཚོང་ལས་འབྲེལ་ལམ་དང་ལྷག་དོན་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་ཇི་ལྟར་བྱེད་ཀྱི་ཡོད་པའི་སྐོར་གྱི་ཉམས་ཞིབ་རྩོམ་ཡིག་ཡག་པོ་དེ་འདྲ་ཀློག་ན་ཡག་གི་རེད།

    ༥༽ཧ་ཧ་ཧ།སེང་གེས་འཛམ་གླིང་ལ་བོད་ཀྱི་གནས་སྟངས་སྐོར་གྱི་མཚང་བརྟོལ་བ་རེད།དེ་ན་༸གོང་ས་མཆོག་གཙོས་བོད་གཞུང་གིས་ལོ་ངོ་ལྔ་བཅུ་ལྷག་གིས་བོད་ཀྱི་གནད་དོན་འཛམ་གླིང་ལ་ཁྱབ་བསྒྲགས་བྱས་ཡོད་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་དམ།ཁྱེད་རང་གིས་རྙོག་གཏམ་བཤད་མ་ཡོང་།དེང་སང་གི་བོད་མི་ཚང་མའི་ཀླད་པ་སྔོན་མ་བཞིན་ལྗང་ཁུ་མ་རེད།  

    ༦༽་དང་༧༽གཉིས་ལ་ཧ་ཧ་ཧ་ཟེར་རྒྱུ་ལས་གང་ཡང་མེད།

     

  7. གཙང་པ་བཀྲ་སྟོབས། says:
    2015-09-07 at 5:48 pm

    ༼ཨ་མིང་ཅན་ལ་ལན་དུ༽
    གཞོན་ནུའི་ནང་དཀྲུག་དཀྲུག་གཏོང་མཁན་དང་དབུ་མ་རང་བཙན་བར་འགལ་ཟླ་བཟོ་མཁན་དེ་དབུ་ལམ་ཁ་རུ་ཁྱེར་ནས་རྒྱལ་དར་དམར་པོའི་མདུན་དུ་མགོ་བོ་སྒུལ་ཞིང་པུས་མོ་བཙུགས་མཁན་གྱི་ཁྱི་ཕྲུག་འགའ་ཞིག་ཡོད་བ་་་དེ་ཚོ་རེད། སྐུ་ཉིད་ཀྱི་སྤྱན་མིག་གི་དབང་པོ་ཉམས་ཟིན་མེད་ཚེ་ཁྲི་གདུགས་ཀླད་ཤར་དང་རྒྱ་སྡེ་ཀུན་གསལ་རེད། ཤི་ཏུ་ཕམ་དགོས་པ་ཞིག་ལ་མཁས་བློ་བཟང་སེང་གེའི་འདྲི་འདྲའི་མཛུབ་སྟོན་སྣེ་ཁྲིད་ཟབ་མོ་ཡོད་ཀྱང་ད་རུང་ཕག་ཚང་ནང་གི་ཕག་ཕྲུག་བཞིན་མྱི་ངན་འགའ་ཉིན་ལྟར་རྒྱག་ན་ཡང་ངུ་ཟུག་ལྟོགས་ན་ཡང་ངུ་ཟུག་ཡིན་པས་དེའི་རིགས་ནི་དབང་རང་རང་དབང་བཙན་ཅན་གྱི་རྒྱལ་ཁབ་ཚོའི་ནང་གི་ཉེས་ཅན་བཙོན་པ་དག་དང་མཚུངས་པས། ཉིན་ལྟར་སྐོར་སྲུང་བ་དང་ལྟ་རྟོགས་སོགས་ཀྱིས་རྗེས་འདེགས་དང་དོ་དམ་བྱས་ཀྱང་ཁོང་ཚོས་ཁྲིམས་འགལ་གྱི་བྱ་བ་མཚམས་མི་འཇོག་པ་ལྟར་རོ། རང་ཁ་རང་གསོའི་བྱ་གཞག་དག་རིམ་བཞིན་འགོ་བརྩམས་ཟིན་པ་དང་ཁེ་ལས་ཚོང་པའི་སྡེ་གསར་འཛུགས་ཀྱིས་ལས་ཀ་གསར་སྐྲུན་སོགས་དང་འབྲེལ་འབྱུང་གྱུར་བཙན་བྱོལ་སྤྱི་ཚོགས་སྲ་བརྟན་ཆེད་ཁེར་ལས་ཡར་སྐུལ་བྱ་འགུལ་གཙོས་བོད་པའི་གྲོགས་པའི་ལས་འགུལ་བཅས་ཕྱོགས་ཡངས་ནས་ཉལ་ས་རུ་ཡུན་རིང་ལུས་པའི་ནད་ངན་གྱིས་མནར་བའི་སྤྱི་ཚོགས་རུལ་པ་འདི་ལམ་སང་སློང་ཆོག་ཆོག་ཞིག་མེད་ནའང་གང་ལྟར་འགྲུབ་འབྲས་སོགས་ཀྱིས་གང་ས་ནས་འབུར་རུ་རུ་བྱེད་བཞིན་པ་ནི་ཁྱོད་རྡ་སའི་གྲོང་བརྡལ་དུ་འཚོ་སྡོད་བྱ་མཁན་ཞིག་གིས་ན་འོས་དང་འོས་མ་ཚད་ངས་སྨི་ཁྲི་འབུམ་གྱིས་བཅད་པའི་རྒྱང་ནས་མཉན་ནའང་ཐོས་ཐུབ་ཅིང་བལྟས་ན་མཐོང་རྒྱུ་ཡོད་པ་ཞིག་རེད།

    བསྟུན་མཁས་དང་རྒས་བཀུར་སོགས་ཀྱིས་ཉམས་ལེན་ཟབ་པའི་མཁས་དབང་མཆོག་གིས་ཁོང་ལ་གྲོས་ཚོགས་འཚོགས་ཐེངས་རེ་ལ་རྡ་སའི་རྒས་པོ་མགོ་སེར་སྐྲ་དཀར་ཅན་དེ་ཚོས་མཐོང་ཆུང་དང་ཕྲག་དོག་ཕྱོགས་ལྷུང་ཟུར་ཟ་སོགས་ཀྱི་ཅི་འདྲའི་ཁ་དམག་དང་ཚིག་སྒྱོག་བརྒྱབ་ན་ཡང་བཟོད་སྲན་ཁོག་ཡངས་གནང་བ་སོགས་ནི་གཞི་རྩའི་ལྟ་འགྲུབ་དེ་དང་འབྲེལ་བ་མེད་ཟེར་ས་ག་བ་འགྲོ །
    མདོར་ན། མཁས་དབང་མཆོག་གིས་འདི་འདྲའི་རྩ་བའི་དམ་བཅའ་དག་དང་འགལ་ན་ཅི་མ་རུང་བསམ་མཁན་དག་གིས་སྦྱོར་བ་འདྲ་དང་མི་འདྲ་རྣམ་པ་གཅིག་དང་མི་གཅིག་ངོ་བོ་གསལ་ལ་མ་གསལ་བ་སོགས་ཀྱི་ཐོག་ནས་ཁོང་ལ་སྡིགས་ར་དང་ངུ་ཟུག་སྐྱོན་འཛུགའ་ཇི་ཙམ་བྱས་ཀྱང་ཁོང་ནི་སྔ་བཞིན་དམ་བཅའ་བརྟན་པོ་རྡོ་རྗེའི་བྲག་ལ་འགྲན་གཏན་ཚིག་བཙན་པོ་རི་རྒྱ་ཏི་སེའི་ལྷུན་ཆགས་སུ་གྱུར་བཞིན་སྲིད་ཞུའི་མཛད་པ་ལ་བྲེལ་བཞིན་མཆིས་ན་གཡག་རྒན་ཞ་ར་ཚོས་ནམ་ཞིག་མཐོང་སྲིད་དམ།

  8. ༼ནས་རྩམ་དཀར་མོ།༽ says:
    2015-09-10 at 2:35 am

    གཙང་པ་བཀྲ་སྟོབས་ལགས་ཁྱེད་རང་རྨི་ལམ་ལ་རོལ་བ་རེད་དམ་འོ་ན་རྡ་སྡུ་ར་ཟོས་སམ་ཡང་ན་སྤྱི་ཚོགས་ཀྱི་གནས་ཚུལ་ཟུར་ཙམ་ཡང་མི་མཐོང་མཁན་རྗེས་ལུས་ནང་གི་རྗེས་ལུས་པ་ཞིག་རེད་འདུག་གཙང་ཕྲུག་ལོ་གཉིས་གསུམ་གདོང་ལ་ཆུ་མ་རགས་མཁན་རང་རེད་ཨོ་ལོ་གཉིད་སད་མཁན་བྱུང་མི་འདུག་ད་དུང་གཉིད་རྒྱག་ཚད་ཁུག་ཨ་ད་ལྟ་འཛམ་བུ་གླིང་ནམ་ལང་མི་འདུག།

  9. ཀརྡོ་གཉེར་ཕྱག་པ་ says:
    2015-10-04 at 10:10 am

    ང་ཚོའི་སྲིད་སྐྱོང་བློ་སེང་མཆོག་ལ་གཟེངས་རྟགས།
    http://www.rfa.org/tibetan/sargyur/Salisbury-university-to-bestow-presidential-medal-on-lobsang-sangay-on-oct-13-2015-10012015120552.html

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme