Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་བཟང་སེང་གེ་དང་ཕྱིར་སྡོད་རྒྱ་མིའི་མཐོང་མཆན་ལག་འཁྱེར།

Posted on 2011-02-222011-02-23 By ཁ་བརྡ་ 171 Comments on བློ་བཟང་སེང་གེ་དང་ཕྱིར་སྡོད་རྒྱ་མིའི་མཐོང་མཆན་ལག་འཁྱེར།

ཟླ་བ་བློ་སྐྱིད་ཚང་།

ཕྱི་ཟླ་༢པའི་ཚེས་༡༥ཉིན། བློ་བཟང་སེང་གེས་མེག་ལོར་ཉིན་སློབ་ཏུ་གསུང་བཤད་གནང་བའི་སྐབས་སུ། ངེད་ཀྱིས་། ཁོང་ཉིད་རྒྱ་ནག་ལ་བསྐྱོད་པའི་སྐོར་དྲི་བ་དྲིས་བའི་ལན་གྱི་ནང་དུ།
ཁོང་གིས་ལྷ་བཟང་ཚེ་རིང་དང་འཇམ་དབྱངས་ནོར་བུ་གཉིས་ཀྱིས་ཀྱང་། སྔོན་མ་རྒྱ་ནག་གི་ཕྱི་སྡོད་རྒྱ་མིའི་ཤོག་བུ་དཀར་པོ་(white paper Overseas Chinese National)དེ་འཁྱེར་ནས་ཕྱིན་ཡོད་པ་རེད་ཟེར། གནས་ཚུལ་དེའི་སྐོར་ཁ་གསལ་བཟོ་བའི་སླད་དུ། གུས་མོས་ལྷ་བཟང་ཚེ་རིང་ལ་དེའི་སྐོར་དྲིས་བ་འདི་ནས་གསན། འཇམ་དབྱངས་ནོར་བུའི་ལན་ལ་འདི་ནས་གཟིགས། གུས་མོའི་དྲི་བ་དང་དེའི་དྲིས་ལན་གཉིས་ལ་འདི་ནས་གསན།
འཇམ་དབྱངས་ནོར་བུའི་དྲི་ལན་བོད་ཡིག་ཏུ་བསྒྱུར་བ་དེ་གཤམ་ནས་གཟིགས་རོགས།

བཀའ་བློན་ཁྲི་པའི་འོས་མི་བློ་བཟང་སེང་གེས་ཁོང་རྒྱ་ནག་ལ་འགྲོ་སྐབས་ཕྱིར་སྡོད་རྒྱ་མིའི་ལག་འཁྱེར་ཐོག་ཕྱིན་མིན་གྱི་དྲི་བ་ཞིག་ལ་ལན་འདེབས་སྐབས་གུས་པ་འཇམས་དབྱངས་ནོར་བུ་དང་མི་གཞན་འགའ་ཞིག་ཀྱང་ལག་འཁྱེར་དེ་འདྲ་འཁྱེར་ནས་ཕྱིན་པ་རེད་ཅེས་བརྗོད་འདུག གུས་པས་མཐའ་གཅིག་ཏུ་གསལ་བཤད་བྱེད་རྒྱུར་གུས་པས་བོད་ལ་མཐོང་ཆེན་ལག་འཁྱེར་དེ་འདྲ་ཞུས་ཏེ་རྩ་བ་ནས་འགྲོ་མྱོང་མེད། ཕྱི་ལོ་ ༡༩༨༠ ལོར་གུས་པར་བོད་གཞུང་གི་བདེ་སྲུང་ལས་ཁུངས་རྒྱུད་རྒྱ་གཞུང་གི་མགྲོན་ཤོག་གཅིག་བཏང་བྱུང་། འོན་ཀྱང་དེར་གུས་པས་རྩ་བ་ནས་ཁས་ལེན་བྱས་མེད། གུས་པ་བོད་ལ་འགྲོ་འདོད་ཆེན་པོ་ཡོད། འོན་ཀྱང་མི་འགྲོ་བའི་རྒྱུ་མཚན་ནི་ཕྱིར་སྡོད་རྒྱ་མིའི་མཐོང་ཆེན་ལག་འཁྱེར་ཞུ་དགོས་པ་དེ་ཡིན།

བློ་བཟང་སེང་གེས་གསལ་བཤད་ལ། ཕྱིར་སྡོད་རྒྱ་མིའི་མཐོང་ཆེན་ལག་འཁྱེར་ཞུས་པ་ཙམ་གྱི་རྒྱ་མི་ཡིན་པ་ཁྱབ་ཀྱི་མེད་ཅེས་བརྗོད་འདུག དེར་འགྲེལ་བཤད་དགོས་དོན་མི་འདུག གལ་སྲིད་རྒྱ་ནག་གི་མི་སེར་ཡིན་ན་རྒྱ་ནག་གི་ལག་འཁྱེར་ལས་ཕྱིར་སྡོད་རྒྱ་མིའི་མཐོང་ཆེན་ལག་འཁྱེར་དགོས་དོན་མེད།
འོན་ཀྱང་ཕྱིར་སྡོད་རྒྱ་མིའི་མཐོང་ཆེན་ལག་འཁྱེར་གྱི་ཁྱེད་རང་རྒྱ་མི་ཆགས་ཀྱི་མེད་ཀྱང་། དེས་ཁྱེད་རང་རྒྱ་རིགས་ཕྱི་རྒྱལ་ལ་སྡོད་མཁན་ཞིག་ཡིན་པ་གསལ་པོ་བཟོ་གི་ཡོད་པ་རེད། བོད་མི་སྤུན་མཆེད་ལོ་མང་པོ་མ་ཐུག་པ་རྣམས་ད་ལྟའི་འཆར་ཕྱིར་སྡོད་རྒྱ་མིའི་མཐོང་ཆེན་ལག་འཁྱེར་ཞུས་ནས་སྤུན་མཆེད་ཐུག་འཕྲད་ལ་ཕྱིན་ན་ཐུགས་ཁག་མི་འདུག ཡིན་ན་ཡང་། ཕྱིར་སྡོད་རྒྱ་མིའི་མཐོང་ཆེན་ལག་འཁྱེར་ཞུས་ནས་རྒྱ་ནག་ལ་རྒྱ་མི་ཤེས་ཡོན་ཅན་༼ཁོང་ཚོ་མཁས་དབང་མ་རེད།༽ཐུག་འཕྲད་ལ་ཕྱིན་ན། མི་དེ་རྒྱ་མི་ཡིན་པར་ངོས་འཛིན་རྒྱུར་མི་དེར་ཐེ་ཚོམ་མེད་པ་ཁ་གསལ་རེད།

རྩོམ་རིག

Post navigation

Previous Post: ལྡོང་ཡོན་ཏན་རྒྱ་མཚོས་གནང་བའི་གཏམ་བཤད།
Next Post: མ་འོངས་ལུང་བསྟན།

Comments (171) on “བློ་བཟང་སེང་གེ་དང་ཕྱིར་སྡོད་རྒྱ་མིའི་མཐོང་མཆན་ལག་འཁྱེར།”

  1. BBC says:
    2011-02-22 at 10:18 pm

    ད་བློ་སེང་འདིས་བཀའ་ཁྲི་མ་ལངས་གོང་ནས་ཐུག་པ་སྐོལ་ཚར་འདུག འདི་འདྲའི་རྙོག་གྲ་མང་བ་ལ་ཨང་། གལ་ཏེ་བློ་སེང་བཀའ་ཁྲིིར་འཁོད་ན་བོད་བཙན་བྱོལ་སྲིད་གཞུང་གི་མི་མངོན་པའི་ནུས་པ་འདི་ནང་ཁུལ་དབང་ཆའི་འཐབ་རྩོད་ཀྱི་རྙོག་གྲའི་ནང་ཐིམ་རྒྱུ་དང་། བཙན་བྱོལ་སྲིད་གཞུང་གི་གཟི་བརྗིད་དང་མཚན་སྙན་ཉམས་ཏེ་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་དེ་གངས་སྐྱིད་ཀྱི་ར་བ་འདི་ལས་བརྒལ་ཐུབ་ཀྱི་མ་རེད་ཅེས། ངས་དེ་སྔ་ནས་ཐེངས་མང་བཤད་མྱོང་ཡང་མི་མང་པོས་དོ་སྣང་རྩ་བ་ནས་བྱེད་ཀྱི་མི་འདུག ད་ལྟོས་དང་ལུང་བསྟན་ཐོག་དུ་བབ་མི་འདུག་གམ ད་འགོ་བཙུགས་ཡོང་གི་འདུག ད་རྙོག་གྲ་ཆེ་རུ་མ་གཏོགས་ཆུང་རུ་འགྲོ་ཁག་པོ་རེད།

  2. གངས་ལྷ་མེ་ཏོག says:
    2011-02-22 at 10:25 pm

    ད་ཞབས་འདྲེན་ཞུས་སོང་། རྫུན་མ་རྐྱང་བཤད་ནས་བཀའ་ཁྲིར་ལངས་པ་འདྲ། ཁོང་གི་གྲོང་པ་ཁྱིམ་མཚེས་བྷོ་ཀྲོན་མི་མང་རྣམས་ནས་ཁོང་ལ་མི་དགའ་བའི་རྒྱུ་མཚན་འདུག ད་ཟབ་ཟབ་གནང་ཤོག་ཨ་རོགས་ཚོ།

  3. རྨ་ཆུའི་སྐལ་བཟང། says:
    2011-02-22 at 10:27 pm

    འོ་ཡ་ད་ཉོག་དྲ་མང་གི་ཡ་ཡིན་ད་མུ་འཐུད་གསོང་རོགས་བློ་སྐྱེད་འདུག།།

  4. ཆོས་འཕེལ། says:
    2011-02-23 at 12:10 am

    འཇམ་དབྱངས་ནོར་བུས་ཡིག་ཆ་དཀར་པོ་དེ་ལེན་རྒྱུ་མ་འདོད་ནས་བོད་ཕྱིན་མེད་ལབ་འདུག ད་སུ་བདེན་ནམ། ཡང་བློ་བཟང་སེང་གེས་མང་ཚོགས་མགོ་སྐོར་གྱི་ཐབས་ཤེས་དེར་ལམ་ལྷོང་བྱུང་མ་སོང་། བློ་བཟང་སེང་གེ་ནི་ཁྲིམས་ཀྱི་མཁས་པ་ཡིན་ཟེར་གི་ཡོད་པ་རེད། ཁྲིམས་ཀྱི་སྟེང་ནས་བལྟས་པ་ཡིན་ན། ལག་འཁྱེར་དཀར་པོ་འདིས་ཁུངས་སྐྱེལ་གང་ཞིག་བྱེད་ཀི་རེད། དེ་ཁོང་གིས་གསུང་མི་འདུག ལྷ་བཟང་ཚེ་རིང་གིས་བཤད་པ་དེར་གནད་འགག་འདུག བློ་སེང་གཞོན་ནུའི་ཚོགས་མི་ཞིག་གི་ངོས་ནས་གཞོན་ནུའི་ལངས་ཕྱོགས་དེར་གསལ་ཆ་ཡོད་ཀི་རེད།

    བློ་བཟང་སེང་གེའི་བྱས་རྗེས་དེ་ཚོ་ཤེལ་སྒོའི་ནང་གི་མོག་མོག་འདྲ་པོ་ཡིན་ཙང་། ཤེལ་སྒོའི་ཕྱི་ལ་བཏོན་པ་ཡིན་ན། ཁུངས་འཁྱོལ་བ་ལས་མི་འཁྱོལ་བ་མང་གི་རེད། ད་རེ་རེ་བྱས་ནས་རྐུབ་བརྟོལ་ཡོང་དུས། མི་ལ་དའ་འབེབས་དང་མཐོང་ཆུང་བྱེད་པ་ལས་ལྷག་གི་ཡོད་ས་མ་རེད།

    བུ་མོ་ཟླ་བ་ཟེར་བ་འདི་སྙིང་སྟོབས་ཅན་རེད། གནད་དོན་གང་ཡང་རྒྱུ་མ་ཕུ་འདེད་གནང་མཁན་ཞིག་རེད། བུ་མོ་འདིའི་ཁ གཏད་དེ་བློ་སེང་གིས་ཆོག་མ་སོང་། ད་གང་བྱེད།

    ངས་སྔོན་འགྲོའི་འོས་ཤོག་དེ་བློ་བཟང་སེང་གེ་འཕེན་རྐྱང་བྱས་ཡོད། ཅིག་ཡོང་ས་རེད་བསམ་པ་ཡིན། ད་ཆ་ཡོང་ས་མ་རེད་བསམ་གྱི་འདུག ད་ངས་དངོས་གཞིའི་འོས་ཤོག་དེ་བཀྲས་མཐོང་ལ་འབུལ་རྩིས་ཡིན། ཁོང་གིས་རྫུན་མ་བཤད་ཀྱི་མི་འདུག དེར་ང་དགའ་སོང་།

    བློ་བཟང་སེང་གེ་ལགས་ཀྱིས་ཡང་བསྐྱར་རང་ཉིད་ཕྱི་གསལ་ནང་གསལ་གནང་བསམ་པ་ཡོད་ན། ད་དུང་ཟླ་བ་གཅིག་ཙམ་གྱི་དུས་ཚོད་ཡོད་པ་རེད། བཀྲས་མཐོང་ནང་བཞིན་བདེན་པ་བདེན་དྲང་གིས་ཕེབས་རོགས་ཞུ་ཡག་ཡིན།

  5. ཨ་བུ། says:
    2011-02-23 at 12:35 am

    བློ་སེང་གིས་དེང་སྐབས་རྙོག་འཛིང་གི་དྲི་བ་མང་པོ་གཅིག་མཇུག་གཉིས་མཐུད་ཀྱིས་བཏང་ཡོང་དུས་དྲི་བ་གཏོང་མཁན་དེ་ལ་ཁྱེད་རང་བཀྲས་མཐོང་གི་རྒྱབ་སྐྱོར་རེད་བྱས་ཙང་ང་ལ་ཆེད་དུ་དྲི་བ་གཏོང་གི་ཡོད་རེད་ཟེར་ནས་གཡོལ་ཐབས་བྱེད་ཀྱི་འདུག་ཐབས་ཤེས་དེ་ནི་འུ་ཐུག་པའི་བྱེད་ཐབས་རེད་དངོས་ནས་ཁོང་ནར་མ་སོན་པའི་བྱིས་པ་རང་རེད་འདུག

  6. Yeshi Dorje says:
    2011-02-23 at 12:52 am

    ཤ་ཁྲག་གཅིག་པའི་གྲོགས་པོ་ཚོ།་་རྒྱ་ནག་དང་བོད་ལ་འགྲོ་དུས་ལག་འཁྱེར་ག་རེ་ཁྱེར་བ་ཟེར་བའི་དྲི་བ་བསྐུལ་བ་དང་ལག་འཁྱེར་དེ་འཁྱེར་མཁན་རྒྱ་མི་རེད་ཅེས་བརྗོད་པ་འདི་་བློ་བཟང་སེངྒེ་ལ་སྐྱོན་བརྗོད་ཀྱི་གོ་སྐབས་ཤིག་ཡིན་བསམ་ནས་བརྗོད་ཀྱང་དོན་དངོས་སུ་འདིས་ད་བར་བོད་དང་རྒྱ་ནག་ནང་འགྲོ་མཁན་རྒྱལ་ཁབ་གཞན་གྱི་མི་སེར་མིན་པའི་བཙན་བྱོལ་བོད་མི་ཚང་མ་རྒྱ་མི་ཡིན་པ་རྒྱ་མིས་དགོས་འདུན་ལྟར་ཁས་ལེན་བྱེད་པ་ཞིག་རེད།་འདི་ངོ་ཚ་དགོས་པའི་སྐད་ཆ་ཞིག་མ་རེད་དམ།དེའི་མ་ཚད་བཙན་བྱོལ་བོད་གཞུང་གི་སྐུ་ཚབས་རིམ་པ་བོད་དང་རྒྱ་ནག་ནང་ཕྱིན་པ་དེ་ཚོ་ཡང་ལག་འཁྱེར་དེ་མ་ཏོག་པའི་ལག་འཁྱེར་གཞན་ཞིག་ཡོད་དམ།་་ཁྱོད་ཀྱིས་ཤེས་དགོས་པ་ཞིག་ལ་ཁྱོད་ཀྱི་རྒྱབ་སྐྱོར་བྱེད་སའི་ད་ཆའི་བཀའ་བློན་ཁྲི་པའི་འོས་མི་བསྟན་འཛིན་གནམ་རྒྱལ་ལགས་ཀྱང་རྒྱ་ནག་དང་བོད་ལ་གཟིགས་སྐོར་སྐྱོད་སྐབས་ལག་འཁྱེར་དེ་ཁྱེར་ནས་ཕྱིན་མེད་དམ།་་དེ་དུས་ནས་ཁོང་ཨ་རིའི་མི་སེར་ཆག་ཟིན་པ་རེད་པས།་་བློ་བཟང་སེངྒེ་ལ་སྐྱོན་འཚོལ་ཐབ་ཁོ་ནར་སྔམ་ནས་སྐད་ཆ་མ་བཤད་གོང་དང་དྲི་བ་མ་གཏོང་གོང་ལ་རང་གིས་རང་ལ་སྐད་ཆ་ཞིག་འདྲི་མི་ཐུབ་པ་དེ་ཡ་རེ་མཚན།

  7. གནས་ལུགས་དོན་དགའ། says:
    2011-02-23 at 12:55 am

    ༧སྐྱབས་མགོན་ཡིད་བཞིན་ནོར་བུ་དབུས་པའི་བོད་གཞུང་མང་གཉིས་ཀས་རྒྱ་ནག་གཞུང་གི་རྩ་ཁྲིམས་འོག་ཏུ་རང་སྲིད་རང་སྐྱོང་དགོས་འདུན་འདོན་བཞིན་པ་འདིར་ང་ཚོ་རྒྱ་ནག་གི་མི་སེར་བྱེད་འདུན་ཡོད་པ་སྟོན་གི་ཡོད་པ་རེད་ དེ་ཡིན་ན་རྒྱ་མའི་ལག་ཁྱེར་དཀར་སེར་དམར་ལྗང་གང་འདྲ་ཞིག་ཡིན་རུང་དེའི་ཐོག་ནས་ཕྱི་བགྲོད་བྱེད་རྒྱུ་རེད་མ་གཏོགས་ཁྱོད་ལ་བོད་པའི་ལག་དེབ་སེར་བོ་དེ་འཛིན་པའི་ཐོབ་ཐང་ཡོད་མ་རེད གང་ལགས་ཞུ་ན་རྒྱ་ནག་གཞུང་གི་རྩ་ཁྲིམས་འོག་ཏུ་རང་སྲིད་རང་སྐྱོང་ཐོབ་པའི་དབང་དུ་བཏང་ནའང་ང་ཚོ་རྒྱ་ནག་གི་མི་སེར་ལག་ཁྱེར་འཛིན་དགོས་པ་རེད་། དུས་ཚོད་སྔ་ཕྱི་ཙམ་ཞིག་རེད་ ལར་ནས་རང་རེའི་གཞུང་གིས་ཕྱི་སྡོད་རྒྱ་མིའི་ལག་ཁྱེར་ལ་དགག་བྱ་བྱེད་ཡོད་དམ། ཡང་དེ་ལྟར་མ་ཡིན་པ་རྒྱ་ནག་གཞུང་གི་རྩ་ཁྲིམས་འོག་ཏུ་རང་སྲིད་རང་སྐྱོང་ཡིན་བཞིན་པ་ལ་བོད་མི་རིག་རང་ཉིད་ཀྱི་མི་སེར་ལག་ཁྱེར་ཞིག་ཐོབ་ཐང་ཡོད་ཤག་དགོངས་ཀྱི་ཡོད་ན་ནི་ཅི་ཤེས་ གསལ་བཤད་གནང་རོགས་ཞུ་། ཨ་རི་དང་ཁེ་ན་གྲ་གནས་སྡོད་བོད་མི་ཆིག་ཁྲི་ལྷག་ཙམ་གྱིས་ཨ་རི་དང་ཁེ་ན་གྲའི་མི་སེར་ལག་ཁྱེར་ཐོག་འགྲུལ་བསྐྱོད་བྱེད་ཀྱི་ཡོད་རེད་དེ་དང་འདྲ་བ་ཡོ་རོབ་ནས་ཀྱང་དེ་དང་གཅིག་འཚུངས་རེད། དེ་དག་ཐམས་ཅད་རང་དོན་གྱི་ཆེད་དུ་རེད། བློ་སེང་གིས་བོད་མི་རིགས་ཀྱི་དོན་དུ་རྒྱ་མའི་འགྲུལ་བསྐྱོད་ལག་ཁྱེར་ཙམ་བླང་ན་དེ་ལ་བླན་ཀ་འཚོལ་དགོས་དོན་མི་འདུག
    འདི་བོད་མི་རིགས་ཀྱི་སྔོན་ལས་ཞིག་མིན་འགྲོ་བོད་ལ་ཕན་དུ་རེ་བ་ཙམ་བྱུང་ན་དེ་ལ་རྒོལ་མཁན་ཁ་ནས་བོད་སྐད་ཡག་པོ་མི་འཁྱོང་མཁན་དེ་ཚོ་ཡང་རྔུལ་ནག་ཙར་ཙར་འདུར་ཡོང་གི་འདུག།

  8. ཤར་ཕྱོགས་ཁུག་རྟ། says:
    2011-02-23 at 1:09 am

    ཟླ་བ་ཟེར་བའི་བུ་མོ་འདིས་བཀའ་ཁྲིའི་གནད་དོན་འགོ་ཚོས་ནས་དྲི་བ་བཏང་ཡིན་ན། ལྷ་བཟང་ཚེ་རིང་ལ་འོ་ན་ཁྱེད་ཡི་གེ་ག་འདྲ་ཞིག་ཁྱེར་ནས་རྒྱ་ནག་ལ་ཕྱིན་པ་ཡིན་ལབ་དགོས་མོད་ཀྱང་། ཁོ་མོས་ཀླད་པའི་ནང་དོན་དེ་གཅིག་རང་གཅིག་མ་གཏོགས་མེད་ས་རེད་འདུག་པས། དྲི་བ་གཏོང་མཁན་དང་དྲིས་ལན་གནང་མཁན་གཉིས་ཀའི་རྣམ་འགྱུར་དགོད་བྲོ་བ་ཞིག་རེད།

    ཡིན་ནའང་། ལྷ་བཟང་གིས་བཤད་པ་ལྟར་ཡི་གེ་དེ་མ་འོངས་པར་ངོ་བོ་ག་འདྲ་ཞིག་ཏུ་བེད་སྤྱོད་གཏོང་མིན་ཟེར་བ་དེ་གནད་འགག་རེད། དེ་བསམ་བློ་བཏང་ནས་འགྲིག་དང་མ་འགྲིག་གི་པའི་བརྡར་ཤ་གཅོད་ཐུབ་ན་ཡག་པོ་འདུག

  9. ཚངས་དབྱངས། says:
    2011-02-23 at 1:11 am

    ད་རེས་བློ་སེང་གིས་འཇམ་ནོར་དང་ལྷ་བཟང་གཉིས་ཀྱི་སྙོན་འཛུགས་དེ་གསལ་པོ་ཞིག་མ་བཟོས་ན་བློ་སེང་གི་དྲང་ཚུགས་ཚང་མ་ཤོར་སོང་། དེ་མིན་མགྱོགས་པོ་དགོངས་སེལ་ཞུ་རྒྱུ་རེད། ཨེ་འགྲོ་བསམས་ནས་འབུ་གཏོང་དེ་ནས་གཡག་འབུད་ན་རྔོ་ལོ་ལངས་ནས་འཕྱར་གྱི་རེད།

    ཨ་ཙི་ཙི། ད་བློ་སེང་གི་མདོག་ཤོར་གྱི་འདུག་ལ་ངའི་སེམས་ཤུགས་ཡང་ཉིན་རེ་ཉིན་རེ་བཞིན་ཆད་འགྲོ་གི་འདུག

  10. ཞིང་པའི་བུ། says:
    2011-02-23 at 2:09 am

    ཡིག་ཆ་དེའི་རིགས་ཀྱི་མ་འོངས་པར་དཔང་རྟགས་གང་ཡང་བྱེད་ཐུབ་ཀྱི་མ་རེད།
    གལ་སྲིད་དེ་ལྟར་ཡིན་ཚེ་བོད་ནས་བོད་མི་སྟོང་ཕྲག་མང་པོས་རྒྱ་མའི་ཕྱི་སྤྱོད་ལག་ཁྱེར་ཁུར་ནས་རྒྱ་གར་དུ་༧གོང་ས་མཆོག་མཇལ་ཁ་ཡོང་གི་ཡོད་རེད།
    འོ་ན་དེ་ཚོ་ཡང་ནོར་འཁྲུལ་ཤོར་ཟིན་པ་རེད།

    བོད་གཞུང་བཀའ་ཤག་དང་སྐུ་སྒེར་དེ་བཞིན་དུ་ཨ་རིའི་དོན་གཅོད་སོགས་ཚང་མས་གནད་འགག་ཞིག་མ་མཐོང་ས་ནས་ཁྱོད་ཚོ་ཕྱོགས་རིས་ཀྱི་གདོན་གྱིས་མྱོས་པའི་མི་བུ་ཁ་ཤས་ཀྱི་མཐོང་བ་འདི་ཡ་མཚན།

  11. ཞིང་པའི་བུ། says:
    2011-02-23 at 2:11 am

    བཀྲ་མཐོང་གི་དངུལ་ཟོས་སོང་ཟེར་བ་དང་།
    བློ་བཟང་སེང་གེ་རྒྱ་ནག་ཕྱིན་སོང་ཟེར་དང་།
    བཀྲ་ཤིས་དབང་འདུས་ཀྱིས་སྲིད་དོན་འཁྲབས་སོང་ཟེར་བ་སོགས་ནི་བོད་མི་གཅིག་གིས་ངོས་ནས་བཤད་ན་ངོ་ཚ་དགོས་པ་ཞིག་རེད།
    ཁོང་རྣམས་པ་གསུམ་ཆར་བོད་མི་རྒན་དར་གཞོན་གསུམ་ནང་ནས་ཆེས་ཕུལ་བྱུང་གི་མི་སྣ་ཞིག་ཡིན།

  12. ཆོས་འཕེལ says:
    2011-02-23 at 2:13 am

    ཉི་མ་ནག་པོ་ཞིག་ལ། ཆོས་འཕེལ་གཞན་མ་ཞིག་སླེབས་ཤག ངས་འཇམ་ནོར་ལགས་ལ་ཁ་བརྡ་བརྒྱུད་ནས་བཀའ་འདྲི་ཞུ་རྒྱུ་ཞིག་ལ། གལ་སྲིད་རྒྱ་གཞུང་གིས་གོང་ས་མཆོག་རྒྱ་ནག་གུ་ཕེབས་ཆོག་པའི་མཆོག་ཆན་ཞིག་ད་ལྟའི་དུས་ཚོད་འདི་ལ་སྤྲད་པ་ཡིན་ན་༧་གོང་ས་མཆོག་ཕེབས་བློ་སེང་ནང་བཞིན་ཕེབས་ཀྱི་རེད་དམ།

    གལ་སྲིད་ཁྱེད་རྒྱུ་མཚན་དེ་ལ་བརྟེན་ནས་བོད་ལ་མ་ཕེབས་པ་ཡིན་ན། ངས་ཁྱེད་ཀྱི་རྒྱུ་མཚན་དེའི་ཆོད་སེམས་ལ་དགའ་བསུ་ཞུ་རྒྱུ་ཡིན། འོན་ཀྱང་ཁྱེད་བོད་ཀྱི་རྩོམ་པ་པོ། བོད་དོན་གྱི་འཐབ་རྩོད་པ་ཞིག་ཡིན་པའི་ཁུལ་བྱེད་དུས། བོད་དུ་ཡོད་པའི་བོད་མའི་དངོས་སུ་མྱོང་བའི་འཚོར་བ་གང་ཡོད་གསར་འགྱུར་བརྒྱུད་ལམ་དང་མིའི་གཏམ་ལ་ཉན་པ་ཙམ་མ་ཡིན་པར། མིག་མཐོང་ལག་ཟིན་གྱིས་ཤེས་ནས། དེ་འཛམ་གླིང་སྐྱེ་བོ་གཞན་ལ་སྒྲོགས་པ་དེ་བོད་དོན་ཕན་ནུས་ཆེ་འམ། ཁྱེད་སེམས་ཐག་གཙང་བཅད་ཀྱིས་བོད་དུ་མ་ཕེབས་པ་དེ་བོད་དོན་དུ་ཕན་ནུས་ཆེ། དངོས་གནས་བཤད་ན་ལྐུག་པ་ཨུ་ཚུགས་གིས་མིང་རྒྱང་རིང་པོ་མ་མཐོང་བའི་གྲས་ལས་མ་བརྒལ་དོ།

  13. ཞིང་པའི་བུ། says:
    2011-02-23 at 2:15 am

    ཁྱོད་རང་ཚོའི་མིག་ལོང་མེད་ཅིང་རྣ་བ་འོན་པ་ཆགས་མེད་ན་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་ལ་ལྟོས་དང་།
    དཔེར་ན་དབྱིན་ཇི་རྒྱལ་ཁབ་ལྟ་བུ་ལ་ཆ་མཚོན་ན་ཁོང་ཚོའི་རྩེད་འགྲན་པའི་མི་སྣ། འཁྲབ་སྟོན་པའི་མི་སྣ། དེ་བཞིན་དུ་གཞས་གཏོང་མཁན་སོགས་རྒྱལ་ཁབ་གཞན་གྱི་དེ་ཚོ་ལས་མིང་གྲགས་ཆེ་ཞིང་ཡོང་བབས་ཆེ་བ་ཡོད།
    དོན་དངོས་ནས་བཤད་ན་ཁོང་ཚོའི་མི་ལ་ཐོས་པ་གཞན་དང་མི་འདྲ་བ་གང་ཡང་མེད་ཀྱང་། རྒྱལ་ཁབ་དང་དེའི་མི་སེར་གྱི་ཁོང་ཚོའི་ཡོན་ཏན་གྱི་ཆ་ནས་བརྗོད་ཅིང་ཡར་འདེངས་འཇོག་ཆེན་པོ་བྱེད་པའི་འབྲས་བུ་ཉག་ཅིག་ཡིན།

  14. ཆོས་འཕེལ says:
    2011-02-23 at 2:20 am

    ནམ་རྒྱུན་བཞིན་ཡིག་ནོར་མང་པོ་སོང་འདུག ཁ་བརྡ་ཚང་ལ་ཞུ་རྒྱུ་མཆན་བཞི་པ་སྤེལ་མཁན་གྱི་ཆོས་འཕེལ་དེས་ཁྲིམས་འགལ་བྱས་ནས་ངའི་མིང་བེད་སྤྱོད་བྱས་འདུག ཁ་བརྡ་ཚང་ལ་ང་ལས་སྔོན་དུ་ཆོས་འཕེལ་ཟེར་བ་ཞིག་མེད། མིང་འདིའི་བདག་དབང་ཆ་ཚང་ང་ལ་ཡོད་པས། དེང་ཕྱིན་ཆོས་འཕེལ་གཞན་གྱི་མིང་ཞབས་སུ་མཆན་སྤེལ་མ་བཅུག་རོག་ཟེར་སྙན་ཞུ་ཕུལ་རྒྱུ་ཡིན།

    ཆོས་འཕེལ་ང་ནི། བུ་གཞོན་སྐྱེས་བློ་བཟང་སེང་གེ་ལགས་ལ་རྒྱབ་སྐྱོར་བྱེད་མཁན་དེ་ཡིན། གཞན་བསྟན་འཛིན་རྣམ་རྒྱལ་དང་། བཀྲ་ཤིས་དབང་འདུས་ལ་ཡང་གུས་བརྩི་ཞུ་མཁན་ཞིག་ཡིན་ཀྱང་། གསར་ཚར་ལ་ལས་འགན་བཀལ་བའི་དུས་རེད་ཤག་བསམ་ནས་བློ་སེང་ལ་གང་ལྟར་ཚོད་བལྟ་ཞིག་བྱེད་བསམ་མཁན་དེ་འདྲ་ཞིག་ཡིན

  15. ཞིང་པའི་བུ། says:
    2011-02-23 at 2:26 am

    ང་ཚོ་གནའ་ནས་ད་བར་མི་གཅིག་ཡར་ཤེས་འཇོན་གཉིས་ལྡན་ཞིག་ཡོང་གྲབ་བྱེད་དུས་གཞི་མེད་ཀྱི་སྐྱོན་མང་པོ་གཅིག་བཙུག་ནས་མར་ཕབ་པ་ན་བོད་མིའི་རྒུད་པ་ཐམས་ཅད་ཀྱི་རྩ་བ་ཡིན།
    དཔེར་ན་དགེ་འདུན་ཆོས་འཕེལ་གཅིག་པུ་ལ་བསམ་ནའང་ཤེས་ཐུབ།

    ང་ལ་ནི་བཀྲ་མཐོང་བསྟན་འཛིན་རྣམ་རྒྱལ་ལ་འོས་བླུགས་རྒྱུ་མིན་ནའང་ཁོང་གིས་གཞུང་དངུལ་སྒེར་ཟ་བྱས་པའི་དོག་པ་རྩ་བ་ནས་མེད་པ་ཙམ་མ་ཚད་བོད་མི་འཇོན་ཐང་ཅན་དང་ལྷག་བསམ་ཅན། བྱས་རྗེས་ཅན་ཞིག་ཡིན་པའི་ཆ་ནས་གུས་བཀུར་ཞུ་འོས་པ་ཞིག་ཏུ་མཐོང་།

    ང་རང་སྒེར་ལ་དབང་བའི་འོས་རྐང་གཅིག་ཡོད་པ་དེ་ནི་སྔོན་འགྲོའི་སྐབས་སུའང་བློ་སེང་ལ་བླུགས་པ་ཡིན་ལ་དངོས་གཞི་སྐབས་སུའང་བླུགས་ཏན་ཁེལ་ཡོད།

  16. dorwang says:
    2011-02-23 at 3:00 am

    ད་ཆ་དྲ་ངོས་འདིར་ཆོས་འཕེལ་ཟེར་མཁན་མི་གཉིས་བྱུང་སོང་བར་ས་གནས་གང་ཞིག་ནས་གཏོང་གི་ཡོད་མེད་དང་། མཆན་བུ་སྤེལ་སྔ་རྗེས་ཀྱི་རིམ་པ་དང་བཅས་པ་བརྩད་ཞིབ་ཞུས་པ་ཡིན།

    དྲ་ངོས་འདིར་མཆན་བུ་སྤེལ་སྔ་ཤོས་དེ་མཆན་ཨང་བཅུ་བཞི་པ་སྤེལ་མཁན་རེད་འདུག་སྟབས། འདི་ནས་མཆན་ཨང་བཞི་པ་སྤེལ་མཁན་གྱི་ཆོས་འཕེལ་ལགས་ལ་མཆན་བུ་སྤེལ་བའི་ལམ་ཁ་བཀག་ནས་མིང་ཟུར་ལ་འགྱུར་བ་ཞིག་གཏོང་གནང་ཡོང་བ་ཞེས་ཞུས་ཡོད། རྣམ་པ་གཉིས་ཀ་འཁྲུལ་གཞི་མི་འབྱུང་བ་ཁོ་ནའི་ཆེད་ཡིན།

  17. པ་མགོ་ says:
    2011-02-23 at 3:05 am

    ད་ཨ་རོགས་ཚོ། ཕྱོགས་ཞེན་གྱི་ལས་ཀ་དེ་དག་མཚམས་བཞག་ན་རེད། རང་ཕྱོགས་ཐོབ་པའི་ཆེད་དུ་གཞན་ཕྱོགས་ནག་པོ་ནག་རྐྱང་མ་བཟོ་རོགས། ཁྱོད་ཀྱི་འོས་ཤོག་གཅིག་པོ་སུ་ལ་བླུགས་ན་འདོད་ན་དེ་ལ་བླུགས་ཡིན་ཡང་གཞན་པ་ནག་པོ་མ་བཟོ་རོགས། མང་བོ་ཞིག་གི་བློ་བཟང་སེང་གེ་གཅིག་པོ་ལ་སྐྱོན་གང་མང་གླེང་གི་འདུག་འོ་ན་གཞན་པ་དེ་དག་སྐྱོན་ཅི་ཡང་མེད་པ་ཡིན་རྒྱུ་མ་ར།

  18. གཞིས་བོད། says:
    2011-02-23 at 3:09 am

    ཨ་བོད་མི་འདི་ཚོ། མི་ལ་སྐྱོན་འཛུགས་བྱེད་ཁ་ད་སུ་ལས་སུ་མཁས་རེད་ད།

  19. ཨ་བུ། says:
    2011-02-23 at 4:51 am

    བློ་སེང་རྒྱ་མིར་འགྱུར་པ་རེད་བསམ་པའི་དོག་པ་མེད།
    འོན་ཀྱང་བློ་སེང་གིས་རྒྱ་ཕྲུག་འགའ་ཤས་ཐུག་རྒྱུའི་ཆེད་དུ་རྒྱས་མིས་གང་སྤྲད་ཚད་ཀྱི་ཡིག་ཅ་ལེན་པ་དེས་ཁོའི་རང་ཚུགས་མངོན་པ་རེད་བསམ

  20. ཤ་ཀླན་བུ says:
    2011-02-23 at 5:32 am

    བློ་སེང་གིས་ད་རེས་འཇམ་ནོར་ལ་དགོངས་སེལ་ཞུ་དགོས་ན། འཇམ་ནོར་གྱིས་ཟམ་གདོང་རིན་པོ་ཆེ་ལ་མ་ཉེས་ཁ་གཡོག་བྱས་པར་བཟོད་གསོལ་ཞུ་མི་དགོས་དོན་ཅི། བློ་སེང་ལ་མ་ཉེས་ཁ་གཡོག་བྱས་པར་དགོངས་སེལ་ཞུ་མི་དགོས་དོན་ཅི། ཐ་ན་བཀྲས་མཐོང་ལའང་མ་ཉེས་ཁ་གཡོག་བྱས་པར་དགོངས་སེལ་ཞུ་མི་དགོས་དོན་ཅི།

    འཇམ་ནོར་གྱིས་སྔོན་མར་བཀྲས་མཐོང་བཀའ་ཁྲི་ཡིན་སྐབས་དམངས་གཙོ་ཚགས་པར་བརྒྱུད་ནས་བཀྲས་མཐོང་གིས་གཞུང་ལ་དངུལ་ཆད་བྱུང་བའི་ཉེས་པ་བཙུགས་ཏེ་ནག་པོ་ནག་རྐྱང་བཟོས་པ་རེད། དེ་རྗེས་ཟམ་གདོང་རིན་པོ་ཆེ་ལ་མ་ཉེས་ཁ་གཡོག་བྱས་ཏེ་ནག་པོ་བཟོ་དགོས་དྲན་ནའང་། ལམ་དུ་ལྷོང་མེད་པ་རེད། དེང་སང་ཡང་བློ་བཟང་སེང་གེ་ལ་བསྙད་འདྲ་མིན་བཏགས་ཏེ་ནག་པོ་བཟོ་དགོས་དྲན་ནའང་། ལམ་དུ་ལྷོང་མི་སྲིད་པ་རེད།

    འཇམ་ནོར་ཡ་འཇམ་ནོར། ཁྱེད་ཀྱིས་མི་ནག་པོ་བཟོ་བའི་བྱ་བ་དེ་བསྐྱུར་ནས། ང་ཚོར་ཕན་པའི་བྱ་བ་འདྲ་བྱེད་རྒྱུ་མེད་དམ།

    འཇམ་ནོར་ཡ་འཇམ་ནོར། རང་བཙན་རྩོད་ས་༧རྒྱལ་བ་རིན་པོ་ཆེ་མ་ཡིན་པར་རྒྱ་མི་ཡིན་པ་དེའང་མཁྱེན་པ་གནང་ན་ག་འདྲ་འདུག

    འདི་ཚོ་ནི་ཁུངས་དང་གནས་ལུགས་ཡོད་པའི་སྐད་ཆ་ཡིན་པ་ལས་གོ་ལྟག་རྒན་མོའི་གཏམ་ནི་མིན་ནོ།།

  21. ཤ་ཀླན་བུ says:
    2011-02-23 at 5:39 am

    ཟླ་བ་ཞེས་པ་འདི་ཕོ་མོ་གང་ཡིན་མ་ཤེས་ཀྱང་”ཚང”མིང་ཅན་ཞིག་ནི་ཡིན་ས་རེད།
    བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་ཁུལ་གྱིས་འཇམ་ནོར་ལ་འཐོམ་པ་ཡིན་ན། ང་ཁྱེད་ལ་ཞུ་བ་བྱེད། གཡུགས་བཞག་རོགས། འཇམ་ནོར་གྱིས་བཀྲས་མཐོང་ནག་པོ་ནག་རྐྱང་བཟོས་ཏེ་དེང་སང་ལའང་མི་དམངས་ནས་དངུལ་ཆད་བྱུང་བའི་སྐོར་གྱི་དྲི་བ་འདྲ་མིན་ཡོང་བཞིན་འདི་རེད།

  22. ཞོལ་རང་བཀྲས་གླིང། says:
    2011-02-23 at 5:45 am

    བློ་སེང་གིས་རྒྱ་གཞུང་ལག་འཁྱེར་བེད་གཏོང་ཐོག་བོད་ལ་ཕྱིན་པ་དང་བཀྲས་མཐོང་གིས་དངུལ་བཟས་སོང་ཟེར་བ་གནས་ཚུང་མང་དག་ཞིག་བྱུང་ཀྱང། ང་ཚོ་བོད་མི་སྤྱི་ཡོངས་ནས་དེ་འབྲེལ་གནས་དོན་ཐོས་མཚམས་རེ་རེར་དོ་སྣང་ཆེ་བཞེས་ཀྱིས་སོ་སོའི་མ་འོངས་བཀའ་ཁྲི་སུ་ཤིག་འདེམས་སྒྲུག་བྱ་རྒྱུའི་ཐོག་གཞི་བརྟན་མེད་པར་འགྱུར་བ་ཕྱིན་ཚེ་བློ་ཕམ་གྱི་གཞི་ཅིག་མིན་ནམ་མཉམ། དེ་འདྲ་བྱས་ཚེ་མི་འགའ་རེའི་མགོ་སྐོར་སླུ་བྲིད་འོག་ཚུལ་རྒྱུ་ངེས་བརྟན་རེད། བོད་མི་སྤྱི་ཡོངས་ནས་སོ་སོའི་རིགས་སྟོབས་བེད་གཏོང་གིས་འོས་མི་གསུམ་ནང་ནས་སུས་མ་འོངས་བོད་དང་བོད་མིའི་དཀའ་ངལ་སེལ་ངེས་ཡིན་པར་དགོངས་བཞེས་དང་གྲོས་བསྡུར་གྱིས་འོས་འདེམས་གནང་གལ་ཆེ་བ་བསམ། ངོས་རང་སྔོན་མ་ནས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་འོས་བླུགས་ཡོད་ལ་མ་འོངས་དངོས་གཞིར་ཡང་དེ་ལྟར་བྱེད་རྒྱུ་ཡིན་ནོ། ཁོང་གི་ད་བར་བོད་དང་བོད་མིའི་ཐོག་ཞབས་འདེགས་ཇི་ཙམ་ཞུས་ཡོད་པ་རྣམས་ལ་ངོས་རང་བོད་མི་ཞིག་ཡིན་པ་ཆ་ནས་རྩིས་མེད་དུ་གཏང་ན་ག་ལ་འགྲིག།

  23. ཤ་ཀླན་བུ says:
    2011-02-23 at 6:33 am

    ང་ནི་བློ་སེང་ལ་རྒྱུ་མཚན་ཡོད་པའི་ཐོག་ནས་རྒྱབ་སྐྱོར་ཞུ་མཁན་ཞིག་ཡིན། བློ་སེང་ལི་ཐང་ནས་ཡིན་པས་མིན་ལ། བློ་སེང་ལ་འབུམ་རམས་པའི་ལག་ཁྱེར་ཞིག་ཡོད་པས་ཀྱང་མིན། ཁོང་གི་མི་ཚེའི་བརྒྱུད་རིམ་དང་། སེམས་ཤུགས། ཆོད་སེམས། འཇོན་ཐང་། དྲང་བདེན། ལྷག་བསམ་རྣམ་དག་སོགས་བོད་ཀྱི་དབུ་ཁྲིད་གཅིག་ལ་ཚང་དགོས་པ་ཡོད་ཚད་ཚང་བས་མ་ཚད། ལོ་ཆུང་ཞིང་ལས་ཀ་ལ་མོས་པ་ཡོད་པ་སོགས་བོད་ཀྱི་གཞོན་སྐྱེས་ཀྱི་བསྡུས་གཟུགས་ཤིག་ཡིན་པས་ཡིན།
    འོས་མི་གཞན་གཉིས་ལ་སེམས་གཏིང་ནས་གུས་བཀུར་ཞུ་བཞིན་པ་ལས་གཞན་ཅི་ཡང་ཞུ་རྒྱུ་མེད།

  24. ལྕགས་རྒྱ་འགྲམ་ནག says:
    2011-02-23 at 10:11 am

    ད་མང་པོ་བཤད་རྒྱུ་ལྷག་མི་འདུག བློ་སེང་ག་རེ་ཡིན་ན་མིན་ན་ཁོ་ནི་ “ཕྱིར་སྡོད་རྒྱ་མི་བློ་བཟང་སེང་གེ་རེད”། དེ་ཟླ་བ་བློ་སྐྱིད་ལགས་ཀྱིས་གསལ་བོ་བཟོས་སོང་། ད་ནི་བོད་པ་ཚོས་ཕྱིར་སྡོད་རྒྱ་མི་ཞིག་བཀའ་བློན་ཁྲི་བར་འདེམས་རྒྱུ་ཡིན་ཟེར་ན། དེ་སོ་སོའི་འདོད་པ་རེད། དམངས་གཙོའི་ཐོབ་ཐང་རེད། བློ་སེང་ནི་ཉིན་མ་བཅུ་བཞིའི་རིང་ལ་མ་གཏོགས་ཕྱིར་སྡོད་རྒྱ་མི་བྱས་མེད་རུང་། གང་ལྟར་ཁོས་ཡིག་ཆ་དེའི་ཐོག་ལ་རང་གི་མིང་རྟགས་བརྒྱབ་ནས་ཕྱིར་སྡོད་རྒྱ་མི་བྱས་པ་རེད། ཡིག་ཆ་དེ་རྒྱ་ནག་གཞུང་གི་ལག་པར་ཡོད་རེད། བློ་སེང་བཀའ་བློན་ཁྲི་བར་བསྡད་པའི་ཉིན་མོ་དེར། རྒྱ་ནག་གཞུང་གིས་བློ་སེང་ནི་ཕྱིར་སྡོད་རྒྱ་མི་ཡིན་པ་འཛམ་གླིང་ལ་གསལ་བསྒྲགས་བྱེད་ཀྱི་རེད། དེ་དུས་འགྱོད་པ་སྐྱེས་ན་འཕྱི་དྲགས་པ་རེད།

  25. བྱ་རྒོད་རྒྱལ་པོ། says:
    2011-02-23 at 10:12 am

    བློ་བཟང་སེང་གེར་འོས་བླུགས་ན། ཁོ་འཇོན་དྲག་པ་དང་། དྲང་བདེན་ཡོད་པས་མིན། དེ་ནི་ཁོ་མི་རབས་གསར་པ་ཡིན་པས་ཡིན།

    བཀྲ་ཤིས་དབང་འདུས་ལ་འོས་བླུགས་ན། ཁོང་གཙང་མ་དང་། འཇོན་ཐང་ཆེ་བ་དང་། ཤེས་ཚད་ཡོད་པས་མིན། དེ་ནི་ཁོང་མི་ཧུར་ཐག་བྱེད་མཁན་ཞིག་ཡིན་པས་ཡིན།

    བསྟན་འཛིན་རྣམ་རྒྱལ་ལ་འོས་བླུགས་ན། ཁོ་སྐུ་དྲག་ཡིན་པ་དང་། དྲང་བདེན་ཡོད་པས་མིན། དེ་ནི་ཁོ་ལ་དེང་རབས་ཀྱི་བསམ་བློ་ཡོད་པ་དང་། ཀླད་པ་གསར་སྙིང་གི་བར་དུ་ཡོད་པས་ཡིན།

  26. tashi says:
    2011-02-23 at 10:18 am

    མི་ཚང་མས་བློ་བཟང་སེང་གེ་ཡིས་སྔོན་མ་རྒྱ་ནག་གི་ཕྱི་སྡོད་རྒྱ་མིའི་ཤོག་བུ་དཀར་པོ་(white paper Overseas Chinese National)དེ་འཁྱེར་ནས་རྒྱ་ནག་ལ་་ཕྱིན་ཡོད་པ་རེད་ཟེར། བཀའ་བློན་ཁྲི་པའི་འོས་མི་བསྟན་འཛིན་གནམ་རྒྱལ་ལགས་ཀྱང་རྒྱ་ནག་དང་བོད་ལ་གཟིགས་སྐོར་སྐྱོད་སྐབས་ལག་འཁྱེར་དེ་ཁྱེར་ནས་ཕྱིན་མེད་དམ། དེ་ནས་ཁོས་ལག་ཁྱེར་གང་འཁྱེར་ཡོད་དམ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  27. ལྕགས་རྒྱ་འགྲམ་ནག says:
    2011-02-23 at 10:33 am

    མི་ཚང་མས་དེ་ལྟར་ཟེར་གྱི་ཡོད་པ་དེ་འདྲ་མིན་པར། བློ་སེང་ཁོ་རང་གིས་ང་དེ་ལྟར་ཕྱིན་པ་ཡིན་ཞེས་ཟླ་བ་བློ་སྐྱིད་ལགས་ཀྱི་དྲི་བར་དངོས་སུ་ལན་བཏབ་པ་གོང་གི་འབྲེལ་ཐག་ཁག་ན་ཉན་རྒྱུ་ཡོད་པ་དེ་ཚོ་ལ་ཅིག་ཉན་ནས་སྐད་ཆ་བཤད་ན་མི་བཟང་ངམ།
    དང་པོར་བློ་སེང་གི་གནས་ཚུལ་འདི་གསལ་བོར་བཟོས། དེ་སོ་སོའི་སེམས་ནས་གཙང་མ་ཆགས་སོང་ན། དེ་ནས་བཀྲས་མཐོང་གི་གནས་ཚུལ་དེའི་སྐོར་ལ་བརྩད་གཅོད་བཏང་ན་བཟང་གི་རེད། བཀྲས་མཐོང་གི་སྐོར་ལ་བརྩད་གཅོད་བཏང་ནས་དྲ་ཐོག་ཏུ་གནས་ཚུལ་གསལ་བོ་འཁྱེར་ཡོང་ན་དེ་ནི་ཨ་མའི་བུ་རེད། བུ་རྒོད་པོ་ཡིན་པའི་རྟགས་རེད། དེ་མ་གཏོགས། ཟླ་བ་བློ་སྐྱིད་ཟེར་བའི་བུ་མོ་ཞིག་གིས་གནས་ཚུལ་གསལ་བོ་བཟོས་ནས་དྲ་ཐོག་ཏུ་འཁྱེར་ཡོང་སྟེ། བློ་སེང་གི་སྐད་ཆར་ཉན་རོགས་གྱིས་ཟེར་བ་དེའང་གསལ་བོ་ཞིག་མ་ཉན་པར། ད་དུང་མི་དེ་ཚོས་ཅིག་ཟེར་གྱི་འདུག་ཟེར་བའི་སྐད་ཆ་འདི་འདྲ་བཤད་ནས་བསྡད་ན་ཁུངས་འཁྱོལ་གྱི་རེད་དམ།

  28. འོད་ཡུག་པའི་འཁྱམས་པོ། says:
    2011-02-23 at 10:52 am

    ཧ་ཧ། ཉི་མ་ཁ་ཤས་རིང་ལ་ཡང་བློ་སེང་དེས་ཞབས་འདྲེན་ཞུས་འདུག དེ་འདྲའི་མིས་བོད་མིའི་དབུ་ཁྲིད་བྱས་ན་ག་འདྲ་ཡོང་ས་རེད། རང་ནག་པོ་ཆགས་ཁར་གཞན་ལག་གཡོག་ཏུ་ཁྲིད་པའི་བྱ་སྤྱོད་ནི་འུ་ཐུག་ཐབས་ཟད་པའི་རྟགས་རེད། འཇམས་དབྱངས་ནོར་བུ་ལགས་ནས་ག་འདྲ་ལན་གསལ་པ་ོགསུངས་འདུག ད་བློ་སེང་དེས་གངས་སེང་གི་རྐང་པ་ནས་འཐེན་མཁན་མི་བྱབ་ཆུང་ཞིག་ལས་བོད་མིའི་དབུ་ཁྲིད་ཞིག་ཡོང་ས་མ་རེད།

    ངས་འཇོན། ངས་བྱས། ཟེར་བའི་སྟོང་སྐད་གང་སར་བསྒྲགས་ཀྱང་མཐའ་མར་བརྫུན་རྐུབ་བརྡོལ་བ་ནི་ཁྱེད་ལ་ཤེས་ཡོན་མེད་ལ་ལྷག་བསམ་མེད་པ། ལྷག་པར་དྲང་བདེན་རྩ་བ་ནས་མེད་པའི་ཧམ་ཆེན་ཞིག་ཡིན་པའི་རང་རྟགས་གསལ་པོ་བཏོན་པ་རེད།

    ད་དུང་བཀའ་ཁྲིའི་དངོས་གཞིཌྷི་ངོས་དུས་ཟླ་ཤས་ཡོད་ན་ཁྱེད་ག་ལེར་གཞུང་མང་མདུན་དུ་མགོ་རྟགས་ཞུ་དགོས་པའི་དུས་ཞིག་གཏན་གཏན་སླེབ་ཚོད་རེད།

  29. མི་ཉག་སྐལ་བཟང་། says:
    2011-02-23 at 12:01 pm

    མདོར་ན། ང་ཚོ་ང་ཚོས་རྒྱ་ནག་གི་ཁོངས་སུ་བཅུག་ཚར་ཡོད་རེད། བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་འཛམ་བུ་གླིང་གི་རྒྱལ་ཁབ་ཚང་པས་ཁ་གཅིག་གྲགས་རེད། ང་ཚོ་རྒྱ་མིའི་ཁོངས་སུ་མེད་ན་གང་གི་ཁོངས་སུ་རེད། རང་སྲིད་རང་སྐྱོང་དགོས་མཁན་སུ་རེད། ང་ཚོར་རང་བཙན་མེད་པར་ཕྱི་སྡོད་བོད་མི་ཟེར་ནི་ལག་ཁྱེར་ཞིག་སུས་སྤྲད་མཁན་ཡོད་རེད། དུས་རབས་ཉི་ཤུ་པའི་མི་རིགས་ཚོ་རྡོག་རྩ་གཅིག་སྒྲིལ་གྱིས་མི་རིགས་ཤིག་ལ་མཁོ་བའི་དམིགས་འདུན་དེ་དག་སྒྲུབ་བཞིན་པའི་སྒང་རེད། ང་ཚོ་བོད་རིགས་ཚོར་ནམ་དུས་ཀྱང་ཁ་རུལ་བ་དང་སྣ་རུལ་སོང་བའི་སྐད་ཆ་ཤ་སྟག་ལས་བཤད་རྒྱུ་མེད་པར་བསོད་ལྡན་སྐམ་པོ་རང་རེད། དཀོན་ཅོག་གསུམ། ལྷ་བཟང་ཚེ་རིང་ཡིན་ནའང་འདྲ། འཇམ་དབྱངས་ནོར་བུ་ཡིན་ནའང་འདྲ། དོན་དངོས་ཐོག་བོད་ལ་ཕན་ཐོགས་པ་བོད་ཀྱིས་ཆེད་དུ་འཇོན་ཤག་པ་ཅིག་ཀྱང་ཡོད་མ་རེད། xxxxxxxxxxxxxxxxx

  30. ལྕགས་རྒྱ་འགྲམ་ནག says:
    2011-02-23 at 12:40 pm

    1. བློ་བཟང་སེང་གེ་ཡིས་འཇམ་དབྱངས་ནོར་བུ་ཕྱི་སྡོད་རྒྱ་མིའི་ལག་འཁྱེར་བཟུང་སྟེ་བོད་ལ་ཕྱིན་པ་རེད་ཟེར་མོད། དེ་འདྲ་མིན་པ་འཇམ་ནོར་གྱིས་ར་སྤྲོད་གནང་སོང་། རྗེས་མ་བློ་སེང་བཀའ་ཁྲི་གནང་དུས་ཁོའི་སྐད་ཆ་ལ་ཁུངས་ལུང་དང་བདེན་ཤས་མེད་པ་རྒྱ་ནག་གཞུང་གིས་ཁུངས་སྐྱེལ་ར་སྤྲོད་བྱས་ན། དེ་ངོ་ཚ་གཅིག་པུའི་སྐད་ཆ་མ་རེད། ལོ་རྒྱུས་ཀྱི་ནག་ཉེས་ཆགས་ཀྱི་རེད། དེ་ལས་ཀྱང་གལ་ཆེ་བ་གཅིག་ནི། སྐད་ཆ་བཤད་སྟངས་ཀྱི་ཐོག་ནས་ནོར་འཁྲུལ་སུས་ཀྱང་བཟོ་གི་རེད། ཡིན་ནའང་སོ་སོ་ནོར་བའི་སྒང་ལ་དེ་སྦས་གསང་བྱེད་པའི་འབད་བརྩོན་བསྟེན་པ་འདི་བཀའ་བློན་ཁྲི་བའི་འོས་གཞི་ཞིག་གི་ཆ་ནས་མ་རབས་ཐ་ཤལ་གྱི་སྤྱོད་པ་རེད། ཚང་མས་ཤེས་དགོས་རྒྱུ་ཞིག་ལ། འཇམ་དབྱངས་ནོར་བུས་སྐྱག་རྫུན་ག་ཚད་བཤད་རུང་། དེ་འཇམ་དབྱངས་ནོར་བུའི་སྐད་ཆ་རེད་མ་གཏོགས། བོད་གཞུང་གི་བཀའ་བློན་ཁྲི་བའི་སྐད་ཆར་འགྱུར་གྱི་མ་རེད།
    2. བློ་བཟང་སེང་གེ་ཡིས་ཁ་ཚུར་འཁོར་ནས་ངས་ད་དུང་ཡང་པཱ་སི་སེར་པོ་བཟུང་ནས་བསྡད་ཡོད་ཅེས་བཤད་པའི་ཞོར་ལ། ཁ་ཕར་འཁོར་ནས་ཕྱི་སྡོད་རྒྱ་མི་ཡིན་པའི་མིང་རྟགས་བཀོད་ཡོད་པ་རེད། འདི་མི་དམངས་ལ་མགོ་སྐོར་དང་བསླུ་བྲིད་གཏོང་བའི་སྤྱོད་པ་རྫབ་ཅན་རེད། བློ་སེང་གིས་ཕྱི་སྡོད་རྒྱ་མིའི་ཡིག་ཆར་མིང་རྟགས་བཀོད་པའི་ཡིག་ཆ་དེ་ད་ལྟ་རྒྱ་ནག་གཞུང་གི་ལག་པར་ཡོད་པ་རེད། གོང་དུ་བཤད་པ་ལྟར། བློ་སེང་བཀའ་བློན་ཁྲི་བ་ཆགས་པའི་ཉིན་མོ་དེར། རྒྱ་ནག་གཞུང་གིས་བློ་སེང་གི་ཡིག་ཆ་དེ་རྒྱལ་སྤྱིའི་ཐོག་ལ་བཀྲམས་ཏེ། བོད་བཙན་བྱོལ་གཞུང་གི་བཀའ་བློན་ཁྲི་བ་དེ་ཕྱི་སྡོད་རྒྱ་མི་ཡིན་པ་ར་སྤྲོད་བྱེད་ཀྱི་རེད།

  31. མི་ནག་མདུང་ཐུང་། says:
    2011-02-23 at 1:02 pm

    བློ་སེང་གི་སྐོར་འདི་ལྟར་གླེང་སློང་བྱས་པ་དེ། བློ་སེང་གིས་བོད་ཡིག་མི་ཤེས་ཙང་གོ་ཐོས་ཙམ་གྱི་ལམ་ན་རོལ་མྱོང་བྱེད་ཀི་ཡོད་པ་རེད། ཁོང་གིས་བོད་ཡིག་མི་མཁྱེན་པ་དེ་ཡག་འདུག དེ་མིན་སྙིང་ན་ནས་་་་་ ་་་་་་

  32. མི་ལྟོ་བ། says:
    2011-02-23 at 1:40 pm

    ཁྱི་སྤྱང་ངན་འབྲེལ་ལ་གོམས་པའི་མི་ཚང་དེ་ཚོས་སླར་ཡང་མི་དགོས་པ་དང་གལ་གནད་མིན་པ་ཁག་ཅིག་ཁྱེར་ཡོང་ནས། སོ་སོས་བོད་མི་མང་གི་དངུལ་སྒོར་ས་ཡ་མང་པོའི་རྙོག་དྲ་དེ་ཕར་བཞག་ནས། ཧ་ལམ་མ་སོང་ན་བློ་སེང་ཁོ་རྒྱ་ནག་གི་མི་རེད་མདོག་མདོག་སྟོན་པའི་ངན་སྐུལ་གྱི་རྒྱུ་མ་དེ་ངོ་མ་ཇེ་རིང་རེད། བོད་ཀྱི་སྤྱི་ཚོགས་ནང་དུ་འདི་ལྟ་བུའི་ཁྱི་སྤྱང་ངན་འབྲེལ་གྱི་བྲུང་རིམ་མང་བས་བོད་ཀྱི་ལོ་རྒྱུས་དེ་ཡང་ཡིད་སྐྱོ་བ་ཞིག་བྱུང་ཡོད།
    འཇམ་དབྱངས་ནོར་བུ་ནི་བཀྲས་མཐོང་གི་ནང་མི་རེད་ལ་འཇམ་དབྱངས་ནོར་བུ་དང་བཀྲ་མཐོང་ལྷ་སྒྲོན་ལ་སོགས་པའི་མི་འདི་རྣམས་ཀྱིས་རང་གི་ཚོགས་པ་དང་མིང་དེ་བེད་སྤྱོད་ཀྱིས་ཁྱི་སྤྱང་ངན་འབྲེལ་གྱི་ལས་ཀ་མགོ་བརྩམས་སོང་། ད་དུང་ང་ཚོའི་སྤྱི་ཚོགས་ནང་དུ་བཀྲས་མཐོང་གི་དངུལ་སྒོར་གྱི་བཀའ་རྙོག་དང་ད་དུང་བཀའ་བློན་གྱི་ལས་ཀ་བྱེད་བཞྀན་པའི་སྐབས་སུ་དུས་ཡུན་མ་ཚང་བར་བོད་གཞུང་བློས་བཏང་ནས་བྲོས་འགྲོ་མཁན་ཁོང་ད་ལྟ་ཕྱིར་ཡོང་ནས་གོ་སྐབས་འཚལ་ན་ད་དུང་དེའི་རྙོག་དྲ་དེ་ཚཽ་ཕར་བཞག་ནས། དགོས་མཁོ་དང་གནད་འགག་གི་སྐབས་སུ་ཁྱི་སྤྱང་ངན་འབྲེལ་གྱི་མགོ་བརྩམས་སོང་།
    ཡང་གཅིག་བཤད་ན། བོད་གཞུང་ནི་གོང་ས་མཆོག་གི་དགོངས་པ་གཞིར་བཟུང་གིས་དབུ་མའི་ལམ་ལ་ཤར་བསྐྱོད་བྱ་མཁན་དེ་ཡིན་ན། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་མི་སེར་བྱ་རྒྱུ་ཡིན་ལབ་ནས་རྒྱ་ནག་ལ་ཡང་ཡང་དུ་གོ་བརྡ་སྤྲོད་ཀི་ཡོད་པ་མ་རེད་དམ།
    ཡང་གཅིག་བཤད་ན་ཕྱི་རྒྱལ་དུ་ཡོད་པའི་མི་དྲག་ཁ་ཤས་ཀྱིས་ནང་མི་དང་ཕ་ཡུལ་ལ་ཁ་བྲལ་བའི་ས་མཐའ་ནས་རྒྱལ་ཁབ་མེད་པ་དང་ཕ ཡུལ་མེད་པའི་སྡུག་བསྔལ་སྔ་མོ་ནས་བརྗེད་སོང་བ་ཡིན་ས་རེད། བོད་མི་མང་པོ་ཞིག་གིས་རང་གི་ཕ་མ་དང་སྤུན་ཟླ་ཚོ་ཐུག་འཕྲད་ཆེད་ལག་ཁྱེར་དཀར་པོ་ཁྱེར་ནས་ཕ་ཡུལ་ལ་འགྲོ་གི་ཡོད་པ་ལས། གཞན་མི་དྲག་ཚོ་ནང་བཞིན་རྒྱལ་ཁབ་གཞན་པའི་མི་སེར་བྱ་བའི་འཇོན་ཐང་ནི་མེད།
    ད་དུང་ཞུ་རྒྱུ་ཞིག་ལ། བོད་གཞུང་གིས་བོད་གཞུང་གི་རྩ་དོན་ལྟར་དུ་རྒྱ་ནག་ལ་ཕུལ་བའི་བསམ་ཚུལ་ཡིག་ཆ་དེ་ཚོར་བརྩི་སྲུང་བྱེད་ཀྱིན་ཡོད་ན། བོད་གཞུང་གིས་གོང་ས་མཆོག་གཙོ་བྱེད་པའི་བོད་མི་ས་ཡ་དྲུག་དེ་རྒྱ་ནག་གི་མི་ཟེར་བྱ་རྒྱུའི་འདོད་པ་ཡོད་ལབ་ནས་སྔ་མི་ནས་ཁ་གསལ་གཏིང་གསལ་བཟོས་རེད།
    ད་དུང་ཁྱི་སྤྱང་ངན་འབྲེལ་གྱིས་སྔོན་མ་ནས་བོད་གཞུང་མི་དྲག་ཚོའི་སྤྱོད་ཚུལ་མགོ་བརྩམས་སོང་། མི་མང་དང་ལྷག་པར་དུ་བསམ་བློ་གཏོང་ཤེས་པའི་སྨྱུག་ཐོག་པ་ཚོས་སྐད་ཆ་ལ་མགོ་མ་འཁོར། རྒྱབ་ལྗོངས་དང་གནས་ལུགས་ལ་བསམ་བློ་གཏོང་རོགས།
    ལྷ་བཟང་ཚེ་རིང་ཡིས་ཚེ་གང་ལ་རང་བཙན་ཟེར་ནས་སྐད་རྒྱབ་པ་རེད་དེ། གོས་ས་མཆོག་གཙོས་པའི་བོད་གཞུང་སྔ་མོ་ནས་རྒྱ་ནག་གི་མི་སེར་བྱ་རྒྱུའི་འདོད་པ་ཡོད་པའི་ཡིག་ཆ་རྒྱ་ནག་གཞུང་ལ་གཅིག་སྤྲད་གཉིས་སྤྲད་བྱེད་ཚར་རེད།
    བཀྲས་མཐོང་གི་ནང་མི་འཇམ་དབྱངས་ནོར་བུ་དང་རང་བཙན་ལྟ་བ་འཛིན་མཁན་ལྷ་བཟང་ཚེ་རིང་གཉིས་ཀྱིས་རྒྱ་ནག་གི་མི་སེར་ཡིན་མིན་གང་ལྟར་རུང་། ཤོག་བུ་དཀར་པོ་དེ་ཁུར་ནས་རྒྱ་ནག་ལ་འགྲོ་གི་མ་རེད་ལ། བསྟན་འཛིན་བརྩོན་འགྲུས་དང་ཀླུ་མཁར་བྱམས། འཇམ་དབྱངས་ན་ོར་བུ་དང་ལྷ་བཟང་ཚེ་རིང་བཅས་མི་བཞི་འདི་བོད་གཞུང་གི་བསམ་ཚུལ་རྒྱ་ནག་གིས་ངོས་ལེན་བྱེད་དེ་གོང་ས་མཆོག་གཙོས་པའི་བོད་མི་ཚོ་རང་ཡུལ་དུ་ལོག་སྐབས། མི་དེ་བཞི་ལོག་འགྲོ་གི་མ་རེད།
    འཇམ་དབྱངས་ནོར་བུ་ལྟ་བུ་ཡིས་ནམ་ཡིན་ཡང་གཞཽན་སྐྱེས་ཚོ་ལ་ཡིད་ཆེས་བྱ་དགོས་རེད་ལབ་ནས་འུར་གཏམ་མང་པོ་བཤད་ཀྱང་། ད་ཐེངས་ནང་མི་ལ་ཐུག་དུས་མི་རིགས་སྤྱིའི་ཀེ་ཕན་བློས་གཏོང་བ་ཚང་མས་མཐོང་སོང་བ་རེད།

  33. འོད་ཡུག་པའི་འཁྱམས་པོ། says:
    2011-02-23 at 1:46 pm

    ཟླ་བ་བློ་སྐྱིད་ཚང་ནས་གསལ་པོ་ཞེ་དྲག་གསུངས་འདུག དེ་ལས་གསལ་པ་ལྷ་བཟང་ཚེ་རིང་ལགས་དང་འཇམ་དབྱངས་ནོར་བུ་ལགས་ཀྱིས་འགྲེལ་བཤད་གནང་འདུག མདོར་ན་མཁས་དབང་བློ་བཟང་སེང་གེ་ལགས་ནས་ཟླ་བ་བློ་སྐྱིད་ཀྱི་དྲི་བར་ལན་བརྫུན་མ་རྒྱབ་པས་མ་ཚད་གིང་མིང་བ་གཉིས་ཀྱང་མཉམ་འཁྲིད་ཀྱིས་དཀར་པོ་ནག་པོར་བཟོ་འཆར་ལ་བློ་འཕམས་ཡོད། དེ་ནི་མཁས་དབང་ཞིག་དང་བཀའ་ཁྲིའི་འོས་མི་་ཞིག་གི་ངོས་ནས་བཤད་ན་ཤིན་ཏུ་ངོ་ཚ་དགོས་པའི་མ་རབས་ཐ་ཤལ་གྱི་བྱེད་སྟངས་རེད།

  34. དཔང་དགའ་སྤྱོད་ says:
    2011-02-23 at 1:49 pm

    བྱ་རྒོད་རྒྱལ་པོས་གསུང་པ་བདེན་ཆེ་ཡང་ཁོང་དང་ཁོ་ཡི་ཚིག་ལ་ཁྱད་པར་ཡོད།

  35. བསྟན་འཛིན་ says:
    2011-02-23 at 2:10 pm

    འཇམ་ནོར་ལགས་ཀྱིས་སྐུ་ངོ་མཀྲས་མཐོང་དཔལ་འབྱོར་བཀའ་བློན་བྱས་སྐབས་སྔོན་རྩིས་དང་འགྲོ་གྲོན་གཉིས་དབར་ཁ་མ་རྒྱབ་པར་སྐུ་ངོ་བཀྲས་མཐོང་གིས་དངུལ་ཟས་རེད་ཟེར་ནས་བོད་མིའི་རང་དབང་ཚགས་པར་སྟེང་དུ་སྔོན་རྩིས་དང་འགྲོ་གྲོན་གྱི་ཁ་མ་རྒྱབ་པར་གནས་ལུགས་རྒྱུ་མཚན་རྣམས་སྐུ་ངོ་བཀྲས་མཐོང་གིས་གསལ་བཤད་བྱས་ན་ཡི་ཆེད་མེད་པའི་ཐོག་ནས་བཀྲས་མཐོང་ནག་པོ་བཟོས་དེ་རྗེས་མཁས་དབང་ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་སླེབས་སྐབས་ནག་པོ་བཟོ་རྒྱུར་འཆར་གཞི་བྱས་ཀྱང་མཁས་དབང་ཟམ་གདོང་རིན་པོ་ཆེ་རང་ཚུགས་བརྟན་པོ་ཡི་ཁོ་ལ་ལམ་ལྷོང་མ་བྱུང་བ་རེད། དེང་སང་མི་མང་པོ་ཞིག་འཇམ་ནོར་ཁ་ལ་འཁྱེར་ནས་མཁས་དབང་བློ་བཟང་སེང་གེ་ནག་པོ་བཟོས་ཀྱི་འདུག འཇམ་དབྱངས་ནོར་བུ་ལ་དེ་རིང་ངོ་དེབ་དང་ཨི་མེལ་རྒྱུད་ནས་འབྲེལ་བ་བྱས་རྗེས་གནས་ཚུལ་རྣམས་གསལ་པོ་བཟོས་ཀྱི་ཡིན། མཐའ་གཅིག་ཏུ་གདོང་ལེན་བྱེད་ཀྱི་ཡིན། བོད་རྒྱལ་ཁབ་དང་མི་རིགས་ཆེད་དུ་ལངས་མཁན་རིགས་ལ་ནག་པོ་བཟོས་མཁན་ཚོར་ངོ་རྒོལ་མཐའ་གཅིག་ཏུ་ཡོད། ལྷ་རབས་བྱུང་ སྐུ་ངོ་བཀྲས་མཐོང་དང་སྐུ་ངོ་བཀྲ་དབང་བློ་སེང་བཅས་ལ་ནག་པོ་མ་བཟོས་རོགས། ཁོ་ལྷ་རེད་ཁོ་འདྲེ་རེད་ལབ་ན་སྤྱི་ཚོགས་སྟེང་ཕན་པ་ལས་གནོད་པ་ཆེ། དམངས་གཙོ་ལུང་པ་ཡོད་དུས་འོས་ཤོག་སུ་ལ་བླུགས་ན་བླུགས་སོ་སོའི་ཐོབ་ཐང་རེད།

  36. དཔང་དགའ་སྤྱོད་ says:
    2011-02-23 at 2:39 pm

    བློ་བཟང་སེང་གེ་ལ་འོས་འཌྷཕེན་དེ་བརྟན་རླིངས་དང་དྲང་ཚུགས་ཡོད་པས་མིན།
    སྨྲ་བརྗོད་དང་ཁྲིམས་ལུགས་མཁས་པ་དང་། སྐབས་བསྟུན་དོན་ཚོལ་སྐྱེན་པས་ཡིན།
    བཀྲ་་་་་ཤིས་དབང་འདུས་ལ་འོས་འཕེན་པ་དེ་གཙང་འཇོན་དྲང་གསུམ་ཡོད་པས་མིན།
    འཛུམ་དཀར་ཕོག་ཐུག་མེད་པ་རི་བོང་རྡོ་བརྫུ་ཤེས་པས་ཡིན།
    བསྟན་ཌྷའཛིན་རྣམ་རྒྱལ་ལ་འོས་འཕེན་དེ་སྐུ་དྲག་དང་དཔལ་འབྱོར་མགོ་འདྲེན་ཤེས་པས་མིན།
    བོད་རིགས་ལ་ལྷག་བསམ་དང་ཉམས་མྱོང་ཤེས་ཡོན་ན་ཚོད་བཅས་འོས་བབ་ཡོད་པས་ཡིན།

  37. ལོ་ལོན་ says:
    2011-02-23 at 2:45 pm

    རང་ཉིད་ཀྱི་རང་དབང་དང་ཐོབ་ཐང་ཡོད་ཚད་བཀོལ་ནས་། རང་ཉིད་ཀྱི་དབུ་ཁྲིད་ཞིག་འདེམ་དགོས་ན་། དེ་ལ་རྟགས་དཔྱད་གང་མང་བྱེད་འོས་བ་དང་དགོས་བ་ཞིག་ཡིན་པ་ལས་ བོད་མི་ཕན་ཚུན་ལ་སྐྱོན་འདོག་བྱས་པ་མ་རེད་། འོན་ཀྱང་གོང་དེར་མི་ཁ་ཤེས་ཀྱི་རྟགས་དཔྱད་མེད་པའི་གཏམ་བཤད་བྱེད་པ་དང་སྐད་ཆ་སྤོམ་པོ་བཤད་པ་འདི་ནི་། ཕྱོགས་གཅིག་ནས་རང་དོན་ངོས་མ་ཟིན་ཁར་སྤྱི་དོན་ལ་སེམས་མི་ཆེ་པས་རེད་། མཁས་དབང་བློ་སང་གི་སྐོར་ལ་ད་དུང་དོག་གཞི་གཅིག་དང་བསམ་ཚུལ་འགའ་རེ་ཡོད་པ་ནི་།
    ༡ ཁོང་ཧ་ཝུར་མཐོ་སློབ་ནང་མཐོ་སློབ་ཟུར་ཞུག་གི་སྐབས་། ཁོང་གི་ལོ་རེར་སློབ་ཡོན་ཨ་སྒོར་འབུམ་གཅིག་ཡས་མས་་ཡིན་ལ་།་ད་བར་དུ་ཁོང་གི་སློབ་ཡོན་ལ་ཕུལ་བའི་སྒོར་དེ་དག་གི་འབྱུང་གང་ཡིན་མི་་སུ་ཞིག་ལ་གསལ་ཆ་མེད་ལ་དེ་ལ་དོག་པ་ཙམ་ཡང་་། དེ་ནི་བདག་གི་དོག་གཞི་གཅིག་ཡིན།
    ༢ མཁས་དབང་བློ་སང་གི་དགོང་པ་བཞེས་སྟང་འགའ་རེ་ལ་ནོར་འཕྲུལ་ཉེར་ཚེ་བ་རེ་ཡོད་པ་ནི། བོད་ཡིག་མི་མཁྱེན་བཞིན་དུ་མཁྱེན་འདོག་གནང་ནས་མི་དམང་ལ་དབུ་སྐོར་གནང་བ། ཁོང་ལ་དྲི་བ་འདོད་མཁན་དག་ལ་། ཁོ་རང་ངམ་མོ་རང་བཀྲས་མཐོང་དང་བཀྲས་འདུས་གང་རུང་ལ་རྒྱབ་སྐྱོར་བྱེད་མཁན་རེད་ཞེས་དྲིབ་འདྲི་མཁན་དེས་དྲིབས་དོན་ལ་ལན་འདེབ་མི་གནང་བར་དྲིབ་འགོད་མཁན་གྱི་གང་ཟག་ལ་ལྟོས་ནས་ལན་འདེབ་གནང་ནས་མི་མང་ནང་ད་ལྟ་ནས་དབྱེ་བ་འགྱེད་པ་། འདི་རེད་།

  38. ལྕགས་རྒྱ་འགྲམ་ནག says:
    2011-02-23 at 2:47 pm

    མི་ལྟོ་བ་ལ།
    ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་དང་། མ་འོངས་པ་ན་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་ཆེན་པོ་ལ་མིང་དོན་མཚུངས་པའི་ཆེས་མཐོའི་རང་སྐྱོང་ལག་བསྟར་བྱེད་རྒྱུའི་ཁག་ཐེག་བྱེད་ཀྱི་ཡིན་ན། ད་གཟོད་རྒྱ་ནག་གི་མི་སེར་བྱེད་ཀྱི་ཡིན་ཟེར་གྱི་ཡོད་རེད་མ་གཏོགས། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་རྒྱ་ནག་གི་མི་སེར་བྱེད་ཀྱི་ཡིན་ཟེར་གྱི་ཡོད་མ་རེད།
    བློ་སེང་ནི་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་རྒྱ་ནག་གི་ཕྱི་སྡོད་རྒྱ་མི་བྱས་པ་རེད། ཁྱེད་ཚོས་བློ་སེང་ནི་ཁྲིམས་ཐོག་ནས་ཀྲུང་གོའི་ཕྱི་སྡོད་མི་སེར་ཡིན་པའི་གནས་ལུགས་དེ་ད་དུང་ཡང་ཤེས་མ་སོང་ངམ། བློ་སེང་གིས་ད་ལྟ་རྩོད་པ་གཅིག་བརྒྱག་གི་ཡོད་པ་དེ་ནི། ཀྲུང་གོའི་ཕྱི་སྡོད་མི་སེར་བྱས་པ་ཙམ་གྱིས་ཀྲུང་གོའི་མི་སེར་ཆགས་ཀྱི་ཡོད་པ་མ་རེད་ཟེར་བ་དེ་རེད། ངས་ནི་ཁོང་ཀྲུང་གོའི་མི་སེར་རེད་ཟེར་གྱི་མེད། ཀྲུང་གོའི་ཕྱི་སྡོད་མི་སེར་རེད་ཟེར་གྱི་ཡོད། ཀྲུང་གོའི་ཕྱི་སྡོད་མི་སེར་ཡིན་པ་དེ་ཁོང་རང་ཉིད་ཀྱིས་ངོས་ལེན་མིང་རྟགས་བཀོད་ཚར་བ་གསལ་བོ་བཟོས་སོང་ལ། ཡིག་ཆ་དེ་ད་ལྟ་རྒྱ་མིའི་ལག་པར་ཡོད་ཡོད་པ་རེད།
    གཞན། བློ་སེང་གིས་འཇམ་ནོར་གྱི་སྐོར་ལ་སྐྱག་རྫུན་དང་བསྙད་འདོགས་བྱས་པར་འཇམ་ནོར་གྱིས་དེ་ལ་གསལ་བཤད་བྱས་པར་མ་འགྲིག་པ་གང་འདུག བློ་སེང་གི་རྫུན་རྐུབ་བརྟོལ་པ་ཙམ་གྱིས་བཀྲས་མཐོང་གི་རྒྱབ་སྐྱོར་བར་ཆགས་དགོས་པ་འདི་ནི་བུ་གུའི་ཁ་རྩོད་ལྟ་བུ་ཞིག་འདུག
    བཀྲས་མཐོང་བསྟན་རྣམ་ལ་རྙོག་དྲ་ག་རེ་ཡོད་ན། ཁུངས་སྐྱེལ་དང་བཅས་དྲ་ཐོག་ཏུ་འཁྱེར་ཤོག་དང་ང་ཚོ་ཐུན་མོང་གིས་ཁོ་པ་བཀའ་ཁྲིར་འོས་མིན་ལ་དཔྱད་སྡུར་བྱས་ཆོག་གི་རེད།
    ཟླ་བ་བློ་སྐྱིད་ལགས་ཀྱིས་བློ་སེང་གི་ཕྱི་སྡོད་རྒྱ་མིའི་ལག་འཁྱེར་གྱི་སྐོར་ནས་དངོས་ཡོད་ཀྱི་གནས་ཚུལ་བསྔོགས་ཡོང་ན། དེ་ནི་རྗེས་སུ་ཡི་རངས་ཀྱི་གནས་རེད་ལ། དེ་མཚུངས་སུ། བཀའ་ཁྲིའི་འོས་མི་གཞན་པ་གཉིས་ཀྱི་ཀུན་སློང་དང་སྤྱོད་ལམ། དངུལ་རྩིས་བཅས་གང་ཅིའི་ཐོག་ནས་དོགས་པ་ཡོད་པ་དེ་ཚོ་གསལ་བོ་བཟོས་ནས་དྲ་ཐོག་ཏུ་འཁྱེར་ཤོག་དང་དེ་ནི་བོད་ཀྱི་དམངས་གཙོའི་ཁྱད་ཆོས་རེད་ལ། མི་ལྟོ་བའི་ལྷག་བསམ་དང་འཇོན་ཐང་ཡང་རེད།

  39. མི་ལྟོ་བ། says:
    2011-02-23 at 2:49 pm

    དཀར་པོ་ཚོ་ནག་པོར་འགྱུར་གི་མ་རེད་ལ། ནག་པོ་རྣམས་ལོ་རྒྱུས་ཀྱིས་དཀར་པོ་གཏོང་གིན་མ་རེད།་
    མི་དྲག་དང་ཁེ་དབང་ལོངས་སྤྱོད་བྱ་ཤེས་མཁན་ཚོས་ཕྱི་རྒྱལ་གྱི་མི་སེར་བྱེད་དེ་རང་ཡུལ་ལ་དྲན་པ་ནས་བརྗེད་དེ་རང་ཡུལ་དྲན་པའི་སྡུག་བསྔལ་མེད་པས། སྐད་ཆ་གང་བྱུང་བཤད་ཀི་འདུག
    གོང་ས་མཆོག་དབུ་ཁྲིད་པའི་བཙན་བྱོལ་བོད་གཞཱུང་གི་དབུ་མའི་ལམ་ལ་ཤར་སྐྱོད་བྱེད་པའི་ཁྲོད་དུ། སྔ་མོ་ནས་རྒྱ་ནག་གི་མི་སེར་བྱ་རྒྱུའི་ངོས་ལེན་ཡོད་པ་དང་བསམ་ཚུལ་ཡིག་ཆ་ཡང་ཕུལ་ཚར་རེད།
    ད་དུང་བཀྲས་་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་བོད་མིའི་མི་སེར་གྱི་ལག་ཁྱེར་མེད་པ་མ་ཟད་ཁོང་དང་ནང་མི་ཚང་མ་ཕྱི་རྒྱལ་མི་སེར་གྱི་ཉལ་ས་བདེ་བོ་ཡོད་པ་དེ་ཤེས་དགོས་ལ། ད་དུང་ནམ་ཉི་མ་ཞིག་ལ་ནང་མིའི་ཆེད་དུ་ཞེས་ཟེར་ཞོར་བཀའ་བློན་ཁྲི་པའི་ལས་འགན་བཞག་ནས་བསྐྱར་དུ་བོད་གཞུང་ལ་ཁྲེལ་མེད་བྱ་གི་མ་རེད་ཅེས་སུས་ལབ་ཐུབ། སྔོན་མ་དང་པོ་བཀའ་བློན་བྱེད་དེ་སྡད་ཡོད་སྐབས་གློ་བུར་དུ་གོ་སྐབས་རག་དུས་བཀའ་བློན་གྱི་ལས་གནས་བཞག་ཏེ་བྲོས་སོང་བ་མ་རེད།
    ད་དུང་དངུལ་གྱི་རྙོག་དྲ་དེ་ད་སྐབས་སྐད་ཆ་ཡག་པོ་བཤད་དེ་རྩིས་གསལ་བོ་མ་བྱུང་བ་རེད་ལབ་ཀྱི་ཡོད་པ་ལས། སྐབས་དེའི་མི་རྣམས་ཀྱི་སེམས་ས་གསལ་གསལ་ཐིང་ཐིང་ཡོད་པ་ནི་བོད་གཞུང་གི་དངུལ་སྒོར་ས་ཡ་མང་པོ་གར་སོང་ཆ་མེད་སོང་བ་དེ་རེད།

  40. མི་ལྟོ་བ། says:
    2011-02-23 at 3:00 pm

    བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ནི་མི་གཙང་མ་ཞིག་ཁྱོན་ནས་མ་རེད་ལ། བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ད་ལྟ་སྒྱུ་མ་འདྲེས་ཏེ་གོ་སྐབས་འཚོལ་གྱིན་འདུག དེ་ནི་ཁོང་གིས་སྔོན་བོད་གཞུང་དང་བོད་མི་མང་ལ་བློ་ཕམ་སྐྱེས་སུ་བཅུག་ཡོད་པ་རེད་ལ། བོད་ཀྱི་ལོ་རྒྱུས་ནང་གི་བཀའ་བློན་གྱི་ལས་འགན་བཞག་ཏེ་ནང་མིའི་ཆེད་དུ་ཕྱི་རྒྱལ་ལ་ཕེབས་སོང་བ་རེད། འདི་ལྟ་བུའི་སྔོན་ཝ་ནང་བཞིན་བྲོས་ཏེ་ད་ལྟ་ཚུར་སྟག་ནང་བཞིན་ཕེབས་མཁན་ཚོ་ལ་ང་ཚོས་གཟབ་གཟབ་བྱ་དགོས། གཟབ་གཟབ་བྱ་དགོས་དོན་ནི། མི་འདི་ཚོས་གོ་སྐབས་རེ་ཡོད་དུས་ཚུར་ཡོང་བ་དང་རེ་བ་མེད་པར་འདོད་དུས་སུ་ལ་ངོ་ལོག་དགོས་ན་དེ་ལ་ངོ་ལོག་ནས་ཝ་ནང་བཞྀན་བྲོས་འགྲོ་གི་རེད། དེ་སྤྱིའི་ཆ་ནས་བོད་གཞུང་སྐུ་དྲག་ཚོའི་བྱེད་སྟངས་ཡིན་པ་ལོ་རྒྱུས་སོགས་སུ་གསལ་བོ་ཡོད་ཀྱང་། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་རང་གི་ལོ་རྒྱུས་ནང་དུ་མི་དྲག་ཚཽ་ཝ་ནང་བཞིན་བྲོས་འགྲོ་ཚུལ་དང་སྟག་ནང་བཞིན་ཚུར་ཡོང་ཚུལ་དེ་ལ་བདེན་དཔང་བྱེད་ཚར་ཡོད་པ་རེད། ད་ལྟ་བཀྲས་མཐོང་ལགས་ལ་ཕྱི་རྒྱལ་དུ་ཕྱག་ལས་གང་ཡང་མེད་པར་བསྡད་ཡོད་དུས་རང་གི་ལོ་རྒྱུས་ནག་པོ་དཀར་པོ་བཟོ་ཆེད་གོ་སྐབས་འཚོལ་གྱིན་འདུག དེར་མ་་ཟད་བཀྲས་མཐོང་དང་བོདག་ཞུང་བར་གྱི་དངུལ་གྱི་རྙོག་དྲ་དེ་ད་དུང་ཡང་གསལ་བོ་ཁྱོན་ནས་ཆགས་མེད་ཀྱང་། བོད་གཞུང་གཙོས་པའི་ཚོགས་པ་སྐྱིད་སྡུག་དང་མི་དྲག་ཁ་ཤས་རྒྱབ་ཏུ་ལངས་ནས་དཀར་འདོད་བྱེད་ཁུལ་བྱེད་ཡོད། འདི་ཡང་རྙོག་དྲ་རེད། ཡང་བཀྲས་མཐོང་ནི་བོད་ཀྱི་མི་སེར་མ་རེད་ལ། བཀྲས་མཐོང་ནི་ཨ་མེ་རི་ཀའི་མི་སེར་རེད། དེ་ཡང་ང་ཚོའི་བོད་སྤྱིའི་ཁྲིམས་ལུགས་དང་མགོ་ནག་བོད་པ་ཚང་གི་གཞི་རྩའི་ས་མཚམས་ང་འགལ་ཡོད
    དེ་བཞིན་ང་ཚོས་འདི་ལྟ་བུའི་མི་རྙོག་དྲ་ཅན་ཞིག་དང་ལྷག་དོན་བོད་ཀྱི་ལམ་ལུགས་རྙིང་པ་སྐུ་དྲག་ལམ་ལུགས་ལ་བསྐྱར་སློག་བྱེད་པ་ལྟར་མི་དེ་ཡང་ཡང་དུ་བཀའ་འཁྲི་བྱ་དགོས་རེད་ལབ་དོན་ག་རེད་དམ། ང་ཚཽ་གདམས་གསེས་མེད་ན་གནས་ཚུལ་ཁ་ཁ་ཡིན་ཡང་། ང་ཚོར་ད་ལྟ་དུས་རབས་དང་མཐུན་གདམས་ཀ་སླེབས་ཡོད།
    བོད་མི་ཚོར་རང་རང་གི་ལྟ་བུ་ཡོད་པ་དང་རང་གི་རྒྱབ་སྐྱོར་བྱེད་ས་ཡོད་པ་ཡག་པོ་རེད། ཡིན་ན་ཡང་མི་གཅང་བ་ཞིག་ཡང་ཡང་དུ་འཆང་དོན་ལ་བསམ་བློ་ཞིབ་ཏུ་གཏོང་རོགས། ད་ནི་ང་ཚོ་སྐུ་དྲག་ལམ་ལུགས་མིན། ང་ཚོ་ཞིང་བྲན་ལམ་ལུགས་མིན། སྐུ་དྲག་ཚོའི་རྐང་པ་མི་མང་གི་རྒལ་བར་སྤོས་ཏེ་རྟ་ཞོན་པའི་ཚད་དེ་མ་རེད།

  41. མི་ལྟོ་བ། says:
    2011-02-23 at 3:07 pm

    བཀྲ་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་མངའ་འོག་གི་མི་མང་པོ་སྔོན་གྱི་བོད་གཞུང་གི་མི་དྲག་ཚོ་ལྟར་ཁྱི་སྤྱང་གཉིས་ཀྱི་རྒྱུ་མ་འདྲེས་ཡོད་པས། ཞི་དུལ་བག་ལྷོད་དང་དམའ་ས་ཉམས་ཆུང་གིས་བསྡད་པའི་མི་མང་ཚོས་མི་དྲག་ཚོའི་སྐྱོན་ཆ་བཙལ་ན་རང་ཤི་རྒྱབ་པ་དང་གཅིག་མཚུངས་རེད་ལ། ས་འོག་དར་ཐོག་ལྟ་བུའི་མི་དྲག་ཚོས་རང་སྐྱོན་གང་དུས་སྤས་ཚར་བས་ང་ཚོ་དམྱལ་བར་སོང་ན་ཡང་མཐོང་གིན་མ་རེད། དེ་ནི་སྔོན་མ་ནས་བོད་རྩ་མེད་འགྲོ་བཞིན་པའི་རྒྱུ་རྐྱེན་ཉག་གཅིག་རེད།
    ལྕགས་རྒྱ་གྲམ་ལགས་ལ་ཞུ་རྒྱུར།
    ཁྱེད་རང་དབུ་མའི་ལམ་དང་གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་རྒྱབ་སྐྱོར་བྱེད་མཁན་གྱི་བོད་མི་ཞིག་ཡིན་ན། ཤོག་བུ་དཀར་པོ་དེ་ཁྱེར་ནས་རྒྱ་ནག་ལ་འགྲོ་རྒྱུ་དེ།་ཧངས་སང་ཡ་གང་ཡང་མ་རེད། ༧མགོ་གོང་ས་མཆོག་གཙོས་པའི་བཙན་བྱོལ་བོད་གཞུང་གི་ད་ལྟ་རྒྱ་ནག་གི་མི་སེར་བྱ་རྒྱུ་ཡིན་ལབ་ཀི་ཡོད་པ་མ་རེད་དམ།
    ད་དུང་ཞུ་རྒྱུ་ཞིག་ལ་བློ་བཟང་སེང་གེ་མི་རིགས་ཀྱི་ལས་དོན་ཆེད་དུ་སྐྱོད་པ་ཡིན་པས། ང་ཚོས་དེ་ལ་མཐའ་གཅིག་ཏུ་ཧ་ལམ་མ་སོང་ན་བོད་མི་མ་རེད་མདོག་མདོག་དང་རྫུན་དང་ཁྲམ་པ་རེད་མདོག་མདོག་གི་དམའ་འབེབས་བྱེད་སྟངས་དེ་ལ་ཐལ་ཆ་ཆེ་བར་འདོད།
    ད་དུང་ཞུ་རྒྱུ་ཞིག་ལ། ལྕགས་རྒྱ་གྲམ་ལགས་གཙོས་པའི་དྲ་གྲོགས་ཚོར་རང་གི་རྣམ་དཔྱོད་བེད་སྤྱོད་བཏང་ནས་གནས་ལུགས་ལ་བརྡར་ཤ་གཅོད་པའི་ནུས་པ་ཡོད་པར་ཡིད་ཆེས་ཡོད་པས། འོས་ཤོག་བླུགས་པར་ཉིན་ཤས་ལས་མེད་པའི་སྐབས་འདིར། ཁྱི་སྤྱད་ངན་འབྲེལ་གྱིས་ལས་ཀ་དང་དྲིལ་བསྒྲགས་ལ་ང་ཚོས་གཟབ་གཟབ་དང་དེའི་རྒྱབ་ལྗོངས་དང་དམིགས་ཡུལ་ལ་ངོ་མ་གསལ་བོར་བསམ་བློ་གཏོང་འོས།

  42. ལྕགས་རྒྱ་འགྲམ་ནག says:
    2011-02-23 at 3:08 pm

    ང་ཚོའི་མིག་མདུན་གྱི་གནད་དོན་ནི།
    ༡ བློ་སེང་གིས་འཇམ་ནོར་ལ་སྙོན་འཛུགས་བྱས་པ་དེའི་རྫུན་རྐུབ་བརྟོལ་ཏེ་བློ་སེང་རྫུན་མ་ཆགས་པ་རེད།
    ༢ བློ་སེང་གིས་ཀྲུང་གོའི་ཕྱི་སྡོད་རྒྱ་མིའི་ཡིག་ཆ་ལ་མིང་རྟགས་བཀོད་པ་རེད།
    གནད་དོན་འདི་གཉིས་ཀྱི་ཐོག་ནས་བློ་སེང་མི་སྐྱག་རྫུན་ཚ་བོ་ཆགས་པ་རེད་ལ། བློ་སེང་ཕྱི་སྡོད་རྒྱ་མི་ཡང་ཆགས་པ་རེད། དེ་འདྲ་སོང་ཙང་མི་འདི་འདྲ་ཞིག་བོད་གཞུང་གི་བཀའ་བློན་ཁྲི་བ་བྱེད་རྒྱུའི་ཆ་རྐྱེན་ཚང་མི་ཚང་གི་སྐད་ཆ་བཤད་ཀྱི་ཡོད་པ་རེད།
    མི་ལྟོ་བ་ཁྱེད་ཀྱིས། ཨ་རིའི་མི་སེར་བྱས་པ་དང་རྒྱ་ནག་གི་ཕྱི་སྡོད་མི་སེར་བྱས་པ་གཉིས་ཀྱི་ཁྱད་པར་ལ་དོ་སྣང་བྱེད་ཀྱི་མེད་པ་འདྲ། གལ་སྲིད་བཀྲས་མཐོང་བསྟན་རྣམ་གྱིས་སྐྱག་རྫུན་དང་དོན་མེད་སྙོན་འཛུགས་བྱས་པའི་མ་རབས་ཐ་ཤལ་གྱི་སྤྱོད་པ་དེ་འདྲ་ཡོད་ན། ཁུངས་ལྡན་གྱི་གནས་ཚུལ་དྲ་ཐོག་ཏུ་འཁྱེར་ཤོག་དང་ཁྱེད་རང་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཤ་ཚ་སྙིང་ཉེ་ཡོད་པའི་རྟགས་རེད། དེ་མིན་པར། ཟེར་སྒྲོས་ཙམ་ལ་གཞི་བཞག་ནས་སྐད་ཆ་བཤད་ན། བློ་སེང་ལ་རྒྱབ་སྐྱོར་བྱེད་པའི་ཁུངས་འཁྱོལ་གྱི་མ་རེད།

  43. བསྟན་འཛིན་ཆེ་བཀྲ། says:
    2011-02-23 at 3:17 pm

    བློ་སེང་དང་བཀྲས་མཐོང་གཉིས་སྡུར་ན་བོད་ཡིག་དང་བོད་དོན་དོ་སྣང་། བོད་མི་ལ་སྙིང་སྟོབས་སློང་ཐུབ་མཁན་ནི་བློ་བཟང་སེང་གེ་རེད།
    བཀྲས་མཐྱོང་གིས་ཅིག་འཇོན་གི་ཡོད་ན་སྔོན་མ་ནས་རྟགས་སྟོན་ཚར་རེད། གཞོན་པ་ཡིན་དུས་བཀའ་བློན་ཀྱི་རྐུང་སྟེགས་མ་རེག་པ་དང་དབང་མ་རེག་པ་མ་རེད། སྐུ་དྲག་ཚོས་བློ་རྒྱུ་མ་དང་མགོ་རྔ་མ་གཉིས་ཆ་གཡུག་ནས་ཅིག་འཇོན་གི་བསམ་པ་ཐབས་ཅན་བྱེད་ཚར་བ་རེད།
    ད་ནི་ང་ཚོས་བློ་བཟང་སེང་གེ་གཙོས་པའི་མི་རབས་གསར་བ་ཚོ་ལ་ཏོག་ཙམ་ཡིད་ཆེས་དང་བློ་འགེལ་བྱེད་རན་རེད། རྒྱ་ནག་གིས་བརྗོད་པའི་བོད་མི་རྣམས་མི་ཚང་བཞི་ཡིས་ཟིན་ཡོད་པ་རེད་ཅེས་པའི་གཏམ་བདེན་པ་འདྲ་འདྲ་དེ་རྦད་དེ་མེད་པར་གཏོང་དགོས་རེད།
    ང་ཚོ་མ་མཐར་ཡང་ཁྱིམ་གྱི་ཕ་ཞིག་ཡོད་པ་རེད། དེ་བས་ཕ་དམ་པ་བཞུགས་པའི་སྐབས་སུ་བུ་གཞོན་པ་ཚོ་ལ་ལམ་སྟོན་བཀའ་སློབ་གནང་ཞོར་ལས་འགན་སྤྲད་ན་ཕ་དམ་བཤགས་སོང་སྐབས་ཀྱང་ང་ཚོ་ལ་ད་དུང་བློ་སེམས་བདེ་བོའི་ངང་ནས་ཡིད་ཆེས་བཅོལ་ཆོག་ཆོག་དང་སྙིང་སྟོབས་སྐྱེས་ཆོག་ཆོག་རེ་ཡོད།
    ཕ་དམ་པ་ཡོད་དུས་ད་དུང་རྒན་རབས་པར་བློ་སྦྱོང་སྤྲད་དེ་བསྡད་ན་ཕ་དམ་པ་མེད་འགྲོ་དུས་རྒན་རབས་དེ་ཚོ་རིམ་བཞིན་རྫོགས་འགྲོ་གི་ཡོད། དེའི་བར་གྱི་ཁྱིམ་གྱི་ཕ་དམ་པ་བཞུགས་མེད་པའི་བར་སྟོང་དང་ནང་འཛིང་སུས་ཁག་ཐེགས་བྱའམ།

  44. འབྲུག་རྒྱལ། says:
    2011-02-23 at 3:17 pm

    ཁ་བརྡ་དྲ་ཐོག་ཏུ་ཕེབས་པའི་དྲ་གྲོགས་མང་པོ་ཞིག་གིས་སྲིད་དོན་གྱི་གཏིང་མཐའ་མ་རྟོགས་པར་གང་དྲན་གང་བྱུང་དུ་སྨྲ་བཞིན་པ་ནི་ཅི་འདྲ་བློ་ཕམ་ཆེ་བ་ཞིག་རེད་ཨང་། ༧རྒྱལ་བ་རིན་པོ་ཆེ་གཙོས་པའི་བཙན་བྱོལ་གཞུང་གི་སྒྲུབ་བྱ་དང་སྒྲུབ་བྱེད་གཉིས་ཤེས་པའི་ཐོག་ནས་བཀའ་མོལ་རེ་གནང་ན་བཙན་བྱོལ་སྤྱི་ཚོགས་འདིའི་ལམ་ཕྱོགས་ལ་ཕན་ནི་རེད། བཙན་བྱོལ་གཞུང་གི་ལམ་ཕྱོགས་ལས་རྒལ་ནས་སྒེར་དོན་ལ་ཕན་གནོད་ཀྱི་སླད་དུ་ཆབ་སྲིད་རེ་འཁྲབ་ནས་ཁ་ཁོག་གསོ་ཐབས་བྱེད་པ་ནི་མ་རབས་མིའི་སྤྱོད་པ་རྣལ་མ་ཞིག་རེད།
    འཇམ་དབྱངས་ནོར་བུ་དེ་རྟ་བརྒྱ་ལ་རུ་འགྲོ་བུང་བུ་ཐུར་རྒྱུག་བྱེད་མཁན་ཞིག་རེད། མིས་ཡར་བཤད་དུས་ཁོས་མར་བཤད་ཀི་རེད། ༧རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་བཙན་བྱོལ་གཞུང་གི་ལམ་ཕྱོགས་ལ་མ་ལྟོས་པའི་སྐད་ཆ་མདུང་རྩེ་ལྟ་བུ་ཞིག་མི་མང་གི་སེམས་སུ་བཙུག་རྐྱང་བྱེད་གི་རེད། དོན་ངོ་མ་བཤད་ན་ཁོ་རང་གིས་འཇོན་ཤག་གཅིག་ཀྱང་བསྟན་རྒྱུ་ཡོད་མ་རེད། ཡོད་ན་གཅིག་སྟོན་དང་།
    ལྷག་བསམ་ཚེ་རིང་གིས་གཅིན་པ་གཞན་ཡུལ་ས་ཐོག་ཏུ་གཏོང་ན་ཕམ་སེམས་ཤོར་གི་འདུག་ཅེས་བཤད་མྱོང་ཡོད་རེད། འོན་ཀྱང་རྗེས་སུ་གོ་ཐོས་ལ་གཞན་ཡུལ་ས་ཐོག་ཏུ་གཅིན་པ་མ་ཚད་མགྲོན་ཁང་ཞིག་རྒྱབ་ནས་བཙོག་པ་ཡང་བཏང་གིན་ཡོད་པའི་ལོ་རྒྱུས་འདུག
    ཤོག་བུ་དཀར་པོ་ཐོག་ཏུ་ཕྱིན་ན་རྒྱ་མི་ཆགས་ཀི་རེད་ཅེས་རྒྱ་ཡིས་མ་དྲན་གོང་ནས་བོད་ཀྱིས་བཤད་ཤེས་པ་དེ་དངོས་གནས་རྩམ་པ་ཟས་པའི་རིན་ཐང་ཡིན་པ་འདྲ།
    ཤོག་བུ་དཀར་པོ་ཐོག་ཏུ་འགྲོ་བ་ཙམ་གྱིས་རྒྱ་ཡི་མི་སེར་ཆགས་པའི་ཁྱབ་པ་མེད་པར་རྒྱལ་སྤྱིའི་ཁྲིམས་ཀྱིས་གསལ་བཤད་བྱ་ན་ཡང་ད་དུང་ངེས་པར་ཆགས་དགོས་ཀི་རེད་ཅེས་བུ་མོ་ཟླ་བ་ལགས་ཀྱིས་ཨུ་ཚུགས་རྒྱབ་སྟངས་འདི་ཨ་མ་བོད་པ་ཡིན་པའི་སྐུ་དྲིན་ཡིན་པ་འདྲ།
    འོ་ན། སྐུ་སྒེར་ཡིག་ཚང་དང་བཀའ་བཤག་སོགས་ཀྱིས་གནད་དོན་མ་ཤེས་པ་ཞིག་བོད་སྐད་གཙང་མ་བཤད་མི་ཤེས་མཁན་ཞིག་གིས་དངོས་སུ་ཤེས་ཐུབ་པ་འདི་བཙན་བྱོལ་གཞུང་གི་སློབ་གྲར་འགྲིམས་པའི་འཇོན་ཐང་ངོ་མ་དེ་ཡིན་པ་འདྲ།

  45. བྱ་རྒོད་རྒྱལ་པོ། says:
    2011-02-23 at 3:27 pm

    ང་ཚོས་རྟག་ཏུ་ཆོལ་ཁ་གླེང་ན་སྡུག་པ་རྩིས་པ་ནང་བཞིན་སྐུ་དྲག་ཡིན་མིན་གླེང་ནའང་སྡུག་པ་རེད། སྔོན་པ་སྐུ་དྲག་ཚོས་སྡུག་པ་བྱས་ཡོད་ལ། སྐུ་དྲག་མིན་པའི་ནང་ལ་ཡང་སྡུག་པ་བྱས་མཁན་ཡོད། འོན་ཀྱང་ཁོང་ཚོས་ཉེས་པ་མི་བརྒྱུད་ལ་མེད་པ་དེ་གསལ་པོ་ཤེས་དགོས། ད་ལྟ་ང་ཚོ་བོད་པའི་སྤྱི་ཚོགས་ནང་མི་བརྒྱུད་དང་རིགས་ཀྱི་དབྱེ་འཚམས་མེད་དུས་སྐུ་དྲག་བརྒྱུད་པ་རེད་ཟེར་སུའང་བསྙོན་འཛུགས་བྱས་མི་ཆོག་ལ། དེ་བཞིན་མགར་བ་དང་ཇག་པ་དང་རྐུན་མའི་བརྒྱུད་པ་ཟེར་ནས་བསྙོན་འཛུགས་པ་ཡིན་ན། བཟང་སྤྱོད་དང་བོད་མི་རིགས་ཀྱི་རྣམ་པ་དང་ཁ་བྲལ་དུ་ཕྱིན་པ་ཡིན། ལྷག་དོན་དུ། དཀའ་ཁྲིའི་སྐོར་གྱི་ཡིག་ཆ་འགྲེམས་དུས། ཁོང་གཙང་མ་རེད་ཟེར་བ་དེ་འདྲ་ཟུར་ཟའི་སྐད་ཆ་སྦྱར་བསྡད་པ་དེས་སོ་སོ་སེམས་བརྒྱུད་གཙང་མ་མེད་པ་སྟོན་གྱི་འདུག་པས། བྲིས་བཤད་གང་བྱས་ཀྱང་མི་རིགས་དབྱེ་ཕྱེ་དང་གཞན་ལ་ཟུར་ཟ་བྱེད་མི་དགོས་ནས་རང་འཇོན་ཐང་གླེང་དང་། ཡང་ན་གཞན་ལ་མངོན་འདོན་གྱིས་སྐྱོན་བརྗོད་བྱས་དང་ཕོ་རབ་ཡིན།

  46. མི་ says:
    2011-02-23 at 3:53 pm

    འདི་ན་གནས་ཚུལ་ཞིབ་ཕྲ་བ་ཞིག་འདུག http://www.youtube.com/watch?v=_SrdrwxiqUM

  47. ལྕགས་རྒྱ་འགྲམ་ནག says:
    2011-02-23 at 3:57 pm

    མི་ལྟོ་བ་ལ།
    ཁྱེད་ཀྱི་སྐད་ཆ་དེ་དག་ལས་གཟབ་གཟབ་བྱེད་དགོས་པ་གཅིག་ནི། ཁྱེད་ཀྱིས་བློ་སེང་ཕྱི་སྡོད་རྒྱ་མི་བྱས་པ་འགེབས་སྲུང་གི་ཆེད་དུ་ “གོང་ས་མཆོག་གཙོས་པའི་བཙན་བྱོལ་བོད་གཞུང་གིས་ད་ལྟ་རྒྱ་ནག་གི་མི་སེར་བྱ་རྒྱུ་ཡིན་ལབ་ཀི་ཡོད་པ་མ་རེད་དམ།” ཟེར་བ་འདི་རེད། ངས་གོང་དུ་བཤད་ཟིན་པ་ཡིན། དེ་ནི་ཆ་རྐྱེན་ཞིག་གི་ཐོག་ནས་བཤད་ཀྱི་ཡོད་པ་རེད། དེ་མིན་ན་ག་རེ་བྱས་ནས་རྒྱ་ནག་གི་མི་སེར་མ་བྱས་པར་རྒྱ་གར་དུ་༧རྒྱལ་བ་ཀརྨ་པ་རྒྱ་མིའི་སོ་པ་ཡིན་པའི་སྙོན་འཛུགས་སོགས་ཀྱི་ཁ་རྡུང་དང་བརྙས་བཅོས་གསེད་ནས་བསྡད་དགོས་པ་རེད་དམ།
    ཆབ་སྲིད་ནི་ཆབ་སྲིད་རེད། གཅིག་བྱས་ན། སང་ཉིན་ང་ཚོ་རྒྱ་མིའི་མི་སེར་ཆགས་པའི་ཐག་གཅོད་ཡོང་སྲིད་ཀྱི་རེད། ཡིན་ནའང་། དེ་རིང་ང་ཚོ་བོད་པ་བྱས་ནས་སྡོད་དགོས་ཀྱི་མ་རེད་དམ། གཞན། དབུ་མའི་ལམ་གྱི་སྲིད་ཇུས་ལའང་འགྱུར་བ་འགྲོ་སྲིད་པ་ཞིག་རེད། དེ་ཡང་། བོད་རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་ཐོག་གི་ཐག་གཅོད་གཅིག་ནི། གལ་སྲིད་རྒྱ་ནག་གིས་དབུ་མའི་ལམ་ལ་ཡ་མེད་བྱས་པ་ཡིན་ན། དབུ་མའི་ལམ་གྱི་སྲིད་ཇུས་ལ་འགྱུར་བ་མི་གཏོང་བའི་ངེས་པ་མེད་ཟེར་བ་དེ་རེད།
    མ་རྩ་ནས་བློ་སེང་གི་སྐོར་ལ་འདི་འདྲའི་འགྲེལ་བཤད་དང་གསལ་བཤད་མང་པོ་དགོས་དོན་མི་འདུག ངས་ནི་བློ་བཟང་སེང་གེ་འཇོན་པོ་མ་རེད་ཟེར་གྱི་མེད། མི་ཡག་པོ་མ་རེད་ཟེར་གྱི་མེད། ཁོང་གི་སྐྱེས་དམན་བོད་པ་མ་རེད་ཟེར་གྱི་མེད། ཧར་ཝར་ཌི་སློབ་གྲྭའི་གཏན་འཇགས་ཞིབ་འཇུག་པ་མ་རེད་ཟེར་གྱི་མེད། ག་རེ་ཟེར་གྱི་ཡོད་ཟེར་ན།
    1. བློ་སེང་གིས་པཱ་སི་སེར་པོའི་ཐོག་ནས་རྒྱལ་ཞེན་ཆེ་མདོག་གིས་མང་ཚོགས་ལ་མགོ་སྐོར་བཏང་སོང་པ་དེ་རྫབ་ཅན་རེད་ཟེར་གྱི་ཡོད།
    2. སོ་སོ་འགེབས་སྲུང་བྱེད་ཆེད་འཇམ་དབྱངས་ནོར་བུ་ཡང་དེ་ལྟར་ཕྱིན་པ་རེད་ཅེས་མི་ལ་སྙོན་འཛུགས་དང་སྐྱག་རྫུན་བཤད་པ་དེ་རྫབ་ཅན་རེད་ཟེར་གྱི་ཡོད།
    3. བློ་སེང་གིས་ཕྱི་སྡོད་རྒྱ་མི་ཡིན་ཞེས་མིང་རྟགས་བརྒྱབ་པ་རེད་ལ། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བ་དེ་ཕྱི་སྡོད་རྒྱ་མི་ཞིག་གིས་བྱེད་ཀྱི་ཡིན་ཟེར་གྱི་འདུག་དཱ་ཞེས་གནས་ཚུལ་ངོ་མ་དེ་མང་ཚོགས་ལ་འགྲེལ་བཤད་དང་གསལ་བཤད་བྱེད་ཀྱི་ཡོད།

    བློ་སེང་གི་པཱ་སི་སེར་པོའི་གནད་དོན་འདིའི་སྐོར་ལ་ཟླ་བ་གཉིས་ཙམ་གྱི་རིང་ལ་བརྩད་གཅོད་བཏང་བ་མ་ཟད། ད་དུང་བློ་སེང་ཁོང་ལའང་ཧར་ཝིར་ཌི་སློབ་གྲྭ་ཆེན་མོའི་ཡིག་ཚང་དུ་ཁ་པར་བཏང་ཞིང་ཨེས་མེལ་ཡང་བཏང་ནས་གསལ་བོ་བཟོ་རྩིས་བསྟན་པ་ཡིན། སྟབས་ཡག་ནས། ཟླ་བ་འདིའི་ཚེས་བཅུ་བདུན་ཉིན། ཟླ་བ་བློ་སྐྱིད་ལགས་ཀྱིས་ངའི་དོགས་པ་ཚང་མ་གསལ་བོ་བཟོས་པ་མ་ཟད། བློ་སེང་ཁོ་རང་གི་སྐད་ཆ་དངོས་སུ་གོང་གི་འབྲེལ་ཐག་ན་ཉན་རྒྱུ་འདུག

  48. འཇིག་མེད་ says:
    2011-02-23 at 5:50 pm

    ཟླ་བ་བློ་སྐྱིད་ལགས་ ཁྱེད་རང་བློ་སྟོབས་ཆེ་ལ་བློབ་སྦྱོང་ཡང་ཡག་པོ་བྱས་ཡོད་པ་འདྲ་ ཁྱེད་རང་གི་སྐད་ཆ་ཤོད་སྟངས་ལ་ཉན་ན་གོང་གི་རྩོམ་དེ་ཁྱེད་རང་གི་བྲིས་པ་ཨ་ཡིན་ དེ་འདྲའི་བོད་སྐད་སྐྱོ་པོ་ སྒྲ་སྡུག་པ་ ཚེག་ངན་པ་ བྱེད་སྒྲ་དང་འབྲེལ་སྒྲ་ཉིས་རྩག་གསུམ་རྩག་ དུས་གསུམ་ཁྲུག་པ་ ཤོད་སྟང་ངན་པ་ བོད་སྐད་དེ་འདྲ་ཡི་གེ་ན་གཅིག་མི་ཤེས་པའི་བོད་ཀྱི་སྤྲང་པོས་ཀྱང་བཤད་ཀྱི་མ་རེད་ ངས་བྱས་ན་ལོ་ཁ་ཤས་རང་གི་ཕ་མའི་སྐད་བོད་སྐད་དེ་ཡར་རྒྱས་སྟང་ན་ཡག་པོ་འདུག་ དེ་འདྲའི་བོད་སྐད་་་་་་་་་་་་་་་་་་ཧུང

  49. ཨ་རིག་དགེ་མཐོང་། says:
    2011-02-23 at 6:03 pm

    ལྕགས་རྒྱ་ལེ་ལེ་གནས་ལུགས་འགྲོ་གི་མ་རེད། གཡུགས་ཞོགས། ཁྱེད་ལ་འཚམས་འདྲི་ཞིག་བྱེད་ཡ།

  50. ཨ་རིག་དགེ་མཐོང་། says:
    2011-02-23 at 6:07 pm

    འཇིགས་མེད་ཀྱི་སྐད་ཆ་དེ་ནི་ཞིབ་འཇུག་རང་བཞིན་ཅན་ཞིག་རེད་འདུག་པས་ཁོ་བོས་རྒྱབ་སྐྱོར་བྱེད་ན་འདོད།

    གཞན་རྙོག་དྲ་དེ་ཚོ་མི་ཤེས།

  51. གངས་འདབས། says:
    2011-02-23 at 6:37 pm

    ཨ་རོགས་ལྕགས་རྒྱ་འགྲམ་ནག་ལགས། ཁྱེད་ལ་འཚམས་འདྲི་ཞུ།
    ཁྱེད་ཀྱིས་བཤད་པའི་སྐད་ཆ་ལ་ཉན་ན་གོ་རྒྱུ་ཡོད་པ་དང་། བསམ་བློ་གཏང་ན་གནས་ཚུལ་ལ་ཤེས་རྟོགས་ཡོང་བའི་སྐད་ཆ་ཤ་གཅིག་རེད་འདུག

    འཇིག་མེད་ལགས་ལ་ཞུ་རྒྱུར་། ཟླ་བ་བློ་སྐྱིད་ལ་ཆད་ལས་མ་རྒྱབ་གོང་ལ་ཁྱེད་རང་གི་བྲིས་པའི་མཆན་ཐུང་ཐུང་དེ་ལ་ཡང་བསྐྱར་གཟིགས་གནང་དང་། དག་ཆ་མང་པོ་ནོར་འདུག
    ད་དུང་གཅིག་ཞུ་རྒྱུ་ལ་ ཁྱེད་རང་གིས་རྒྱབ་སྐྱོར་ནང་སའི་འབུམ་རམས་ཀྱིས་སྐད་ཆ་འདི་ལྟར་བཤད་ཀྱི་རེད ༼ངས་གིས་གསུངས་བཤད་གནང་པའི་སྐབས་སུ་ལ་མེད་འདུག་གས་ག་རེད་བཟའ་པས་རྒྱ་མི་དང་མཉམ་དུ་མཁས་དབང་གིས་་་་་༽
    ཚིག་སྒྲུབ་འདིའི་བྱེད་སྒྲ་དང་འབྲེལ་སྒྲ་གང་དྲས་ཟིར་ཡིན་ན།
    ཨ་ལས་སྐུ་རྩེད་ཞུས།

  52. གངས་འདབས། says:
    2011-02-23 at 6:37 pm

    ཨ་རོགས་ལྕགས་རྒྱ་འགྲམ་ནག་ལགས། ཁྱེད་ལ་འཚམས་འདྲི་ཞུ།
    ཁྱེད་ཀྱིས་བཤད་པའི་སྐད་ཆ་ལ་ཉན་ན་གོ་རྒྱུ་ཡོད་པ་དང་། བསམ་བློ་གཏང་ན་གནས་ཚུལ་ལ་ཤེས་རྟོགས་ཡོང་བའི་སྐད་ཆ་ཤ་གཅིག་རེད་འདུག

    འཇིག་མེད་ལགས་ལ་ཞུ་རྒྱུར་། ཟླ་བ་བློ་སྐྱིད་ལ་ཆད་ལས་མ་རྒྱབ་གོང་ལ་ཁྱེད་རང་གི་བྲིས་པའི་མཆན་ཐུང་ཐུང་དེ་ལ་ཡང་བསྐྱར་གཟིགས་གནང་དང་། དག་ཆ་མང་པོ་ནོར་འདུག
    ད་དུང་གཅིག་ཞུ་རྒྱུ་ལ་ ཁྱེད་རང་གིས་རྒྱབ་སྐྱོར་ནང་སའི་འབུམ་རམས་ཀྱིས་སྐད་ཆ་འདི་ལྟར་བཤད་ཀྱི་རེད ༼ངས་གིས་གསུངས་བཤད་གནང་པའི་སྐབས་སུ་ལ་མེད་འདུག་གས་ག་རེད་བཟའ་པས་རྒྱ་མི་དང་མཉམ་དུ་མཁས་དབང་གིས་་་་་༽
    ཚིག་སྒྲུབ་འདིའི་བྱེད་སྒྲ་དང་འབྲེལ་སྒྲ་གང་དྲས་ཟིར་ཡིན་ན།
    ཨ་ལས་སྐུ་རྩེད་ཞུས།

  53. གཞོན་ནུ་ཟླ་མེད། says:
    2011-02-23 at 7:34 pm

    ཨ་མ་མ་ད་ཡིན་ན་ཡ་མཚན་དགུ་བརྩེགས་རེད་འདུག ཨ་རིའི་ནང་གི་མཐོ་སློབ་སྐད་གྲགས་ཆེན་པོ་ཞིག་ནས། མཁས་དབང་གི་མིང་ཁྱེར་མཁན་ཞིག་གིས། བུ་མོ་ཞིག་གི་ཁྲིམས་ལུགས་དང་འབྲེལ་བའི་དྲི་བ་གཅིག་ཙམ་བཀོད་པ་ལ། ལན་ཁ་གསལ་ཞིག་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་རྒྱག་མ་ཐུབ་པར། ལན་མཐོ་རྒྱག་དམའ་རྒྱག་ཞིག དེ་ཡང་ཁུངས་མི་འཁྱོལ་བའི་ལན་ཞིག འབྲེལ་མེད་ཀྱི་ལན་ཞིག བུ་མོ་དེ་བསྟན་རྣམ་གྱི་རྒྱབ་རྩ་རེད་ཟེར་བའི་བཟོ་འདྲ་བོ། ཡང་འཇམ་ནོར་དང་ལྷ་ཚེ་བོད་པ་རྒྱ་ནག་གི་མི་སེར་ལག་ཁྱེར་ཁས་ནས་སོང་བ་རེད་ཟེར་བ་ལྟ་བུ། ཁུངས་མི་འཁྱོལ་བ་རྐྱང་རྐྱང་བཤད་པ་འདིས་ན། ང་ལ་བགས་ཆག་ཞིག་བཞག་པ་ནི། འདི་དེ་རིང་བཙོན་པ་ཞིག་གི་ལུས་སྟེང་དུ་གློག་གི་ཁྲིམས་ཆད་བཏང་བ་ལྟར། ཅི་བཤད་འདི་བཤད་མེད་པའི་བཟོ་འདྲ་ཞིག་མཐོང་སོང་། འདི་ནི་བཀའ་ཁྲིར་འོས་མི་འོས་ཀྱི་སྐད་ཆ་ཞིག་མ་རེད། འདི་ཁྲིམས་ལུགས་མཁན་པ་ཅི་ལྟར་བླངས་མ་བླངས་གི་དྲི་བ་ཞིག་དང་འབྲེལ་ཆེ་ཀི བུ་མོ་འདིའི་དྲི་བ་ནི་ཁྲིམས་ལུགས་དང་འབྲེལ་ཆེ་ཀི བློ་སེང་ཁོང་གིས་ཀྱང་ཁྲིམས་ལུགས་གཞིར་བཟུང་ནས་ལན་བཏབ་ན་འོས་བབས་ཤིན་ཏུ་ཆེ། དྲི་བ་དྲི་ལན་དང་འབྲེལ་ཆགས་པར་མ་ཟད། ཁོ་རང་ཁྲིམས་ལུགས་མཁས་དབང་ཡིན་པ་སོགས་གང་ལ་བལྟས་ན་ཡང་ཁྲིམས་ལུགས་དང་འབྲེལ་ནས་ལན་འདེབས་བྱེད་དགོས་ན་ཡང་། ལན་དེ་ལྟར་བཏབ་ཐུབ་མི་འདུག
    འོན་ཀྱང་ཁོང་ནི་སེམས་རྩ་ཁོལ་བོ། སེམས་ཤུགས་ཆེན་པོ། སྐད་ཆ་བཤད་དུས་གུ་ཡངས་མོ་འདྲ་ཞིག་མཐོང་སོང་། མུ་མཐུད་དུ་བོད་གཞུང་གི་ཕྱག་ལས་གནང་བ་ཡིན་ན། འབྱུང་འགྱུར་གྱི་ཆར་གཅིག་བྱས་ན་ལས་ཀ་ངོ་དྲག་པ་ཞིག་བྱས་ཆོག་པ་བསམ་པ་ཞིག་འདུག དེ་མིན་ད་ལྟའི་ཆར་བཀའ་ཁྲི་ཟེར་ན་དེ་ནི་ངོ་ནས་ཡ་མཚན་ཞིག་མཐོང་གི་འདུག

  54. ཚ་ཕྲུག་རྒྱལ says:
    2011-02-23 at 7:35 pm

    དྲ་ཚོར་བློ་སེང་གི་རྒྱ་མིས་སྤྲོད་པའི་ལག་འཁྱེར་སྐོར་ཚིག་ཁ་ཤས་ཞུ་ན་འདོད། ༡ བློ་སེང་ལ་བསྙོན་འཛུགས་བྱེད་མཁན་རྣམས་ཀྱིས་ལག་འཁྱེར་དེའི་མིང་ཙམ་ཡང་ཤེས་ཀྱི་མི་འདུག། ལག་འཁྱེར་དེ་ནི་ཕྱི་སྡོད་ཀྲུང་གོ་བའི་ལག་འཁྱེར་ཟེར་བ་ལས་ཕྱི་སྡོད་རྒྱ་མིའི་ལག་འཁྱེར་ཟེར་གྱི་མ་རེད། ༢ བློ་སེང་གིས་ལག་འཁྱེར་དེ་མ་ལེན་གོང་དུ་ཞུ་དགོས་སར་ཞུས་འདུག། དྲི་དགོས་སར་དྲིས་འདུག། བཤད་དགོས་སར་བཤད་འདུག་པས་ཁོང་ནི་རྣམ་དཔྱོད་དང་ངོ་ལྐོག་མེད་པར་སྔ་ཕྱིར་སོགས་ལ་ཐུགས་བསམ་བཞེས་མཁན་དཔལ་རྒོད་ཀྱི་མི་བུ་ཞིག་ཡིན་པར་དེ་ཉིད་རང་ནས་གསལ་འདུག་པས་དེས་བློ་སེང་ལ་སྐྱོན་དུ་མི་འགྱུར་པ་མ་ཟད་དེ་ནི་ཁོང་གི་དྲང་བདེན་དང་བྱས་རྗེས་ཡིན་པ་གསལ་པོ་རེད། ལག་འཁྱེར་དེ་རིགས་ཀྱི་ཐོག་ནས་བོད་དུ་སྐྱོད་མཁན་མང་ཡང་གོང་རིམ་ལ་དགོངས་སྐོར་དང་སྙན་སེང་ཞུས་མཁན་ཉུང་ཤས་ལས་མེད་པ་གསལ་པོ་རེད། དེ་བཞིན་ཞུ་མི་དགོས་སར་ཁྲོམ་ཚོགས་དང་སྲང་ལམ་བར་གྱི་ཤེས་མེད་གོ་མེད་ཚོ་དང་དེ་བཞིན་རང་མིང་ཙམ་ཡང་སྤྱོད་མི་ཐུབ་མཁན་དྲ་བུ་རྣམས་ལ་མ་བཤད་པ་དེ་ཁོང་གི་རྣམ་དཔྱོད་དང་རང་ཚུགས་རེད། དེའི་ཕྱིར་བློ་སེང་ནི་རྣམ་དཔྱོད་དང་དྲང་ཚུགས་ཕྱི་གསལ་ནང་གསལ་གྱི་ཕྱག་ལས་གནང་མཁན་ཞིག་ཡིན་པར་ཡིད་ཆེས་གཏན་དུ་འགྲོ་སོང་། ༣ བློ་སེང་གིས་འཇམ་ནོར་དང་ལྷག་བསམ་གཉིས་ཀྱང་རྒྱ་བའི་ལག་འཁྱེར་ཐོག་ནས་བོད་ལ་ཕྱིན་ཚུལ་བཤད་པ་དེ་ཡང་གསལ་པོ་བྱུང་སོང་། ལྷག་བསམ་རང་གིས་བཤད་དོན་དུ་ཁོང་གིས་རྒྱ་བའི་ལག་འཁྱེར་དེ་བཞིན་ལེན་ཀྱང་བོད་དུ་ཕྱིན་སྐབས་བེད་སྤྱོད་བཏང་མེད་ཚུལ་གསུང་སོང་བས་དེ་ག་རང་ནས་གསལ་པོ་བྱུང་སོང་། འཇམ་ནོར་གྱིས་རྒྱ་བའི་ལག་འཁྱེར་ལེན་རྒྱུ་མ་བྱུང་ལ་བོད་དུ་ཡང་སྤྱོད་རྒྱུ་མ་བྱུང་ཚུལ་ཟླ་བས་དྲིས་ལེན་དུ་བཤད་འདུག་ཀྱང་། དྲ་ལམ་ཁག་གཅིག་ཏུ་དེ་སྔོན་ཨ་རི་ནིའུ་ཡོག་ཏུ་ཆུ་སྒང་གི་འཚོགས་འདུ་ཞིག་གི་སྐབས་སུ་ཁོང་རང་ཉིད་བོད་དུ་ཕྱིན་སྐོར་ཡང་བཤད་པ་ཐོན་སོང་བས་འཇམ་ནོར་གྱིས་དུས་སྐབས་མཚམས་རེར་རྫུན་གཏམ་དང་དཀྲོགས་གཏམ་སོགས་བདེན་རྫུན་ཇི་ཡིན་ད་ཆར་དཔྱད་གཞི་ཞིག་ཡིན་པ་ལས་དེའི་སྐོར་སུ་ལ་ཡང་ཚད་འཛིན་ཞུ་མི་ཐུབ། དེ་བཞིན་བློ་སེང་གིས་འཇམ་ནོར་དང་ལྷག་བསམ་གཉིས་ཀྱིས་སྐྱབས་བཅོལ་ལག་དེབ་སེར་པོ་ཡི་ཐོག་ནས་བོད་དུ་འགྲོ་འཐུས་ཞུས་པ་ཡིན་ན་རྒྱ་བའི་ཕྱི་སྡོད་ལག་འཁྱེར་དེ་ཉིད་མ་གཏོག་མེད་རག་ཐབ་མེད་བཤད་པ་ལས་ཐར་གཅིག་ཏུ་ཁོང་གཉིས་ཀྱིས་རྒྱ་བའི་ལག་འཁྱེར་ལེན་པ་བཤད་མི་འདུག་དེ་ཡང་ཉན་ཤེས་པ་དང་བཤད་ཤེས་པ་མཛད། གང་ལྟར་བློ་སེང་ལ་སྙོན་འཛུགས་བྱེད་མཁན་རྣམས་ཀྱིས་དོན་དངོས་ཐོག་བློ་སེང་གི་སྐྱོན་ཚང་རྐང་གཅིག་ཀྱང་སྟོན་རྒྱུ་མི་འདུག་ལ་དེ་ལས་ལྡོག་ཏེ་བློ་སེང་རྒྱ་མི་ཡི་ལག་འཁྱེར་ལེན་པ་དང་བློ་སེང་གི་བཟའ་ཟླ་བོད་མི་མ་རེད་ཟེར་བ་སོགས་ནི་བཀྲས་མཐོང་གི་མགོ་བོ་ཡི་ཐོག་ཏུ་ལྷུང་འདུག་གོ། བཀྲས་མཐོང་ལ་རྒྱག་སྐྱོར་བ་ཚོ་ནི་མིག་ལྡན་གཡང་མཆོངས་དང་ལྕེ་ལྡན་ལྐུག་བརྡ་ཡི་བབ་ཅོལ་དེའི་རིགས་ཀྱིས་སྤྱི་ཚོགས་ཆམ་མཐུན་དང་དགྲ་དགའ་གནས་སྡུག་ལས་ཁྱེད་རྣམས་ཀྱིས་འདོད་པའི་འོས་གཞིར་མཐུན་རྐྱེན་དུ་མི་འགྱུར་བ་མ་ཟད་ཕྱི་འབྱུང་བཀའ་ཁྲི་སུར་འཐོབ་ཀྱང་དེར་ཕྱོགས་ལྷུང་དང་ཆགས་ཞེན་གྱི་ལྟ་ཤོག་སོགས་མཛད་དཀའ་རུ་འགྱུར་བར་ངེས་པས། དa་ལྟ་ད

  55. ཆོས་འཕེལ says:
    2011-02-23 at 7:39 pm

    http://www.karmapa-issue.org/news/letter_hh_shamarpa.htmགྲྭ་གྲོགས་རྣམས་འཇམ་དབྱངས་ནོར་བུའི་གསང་བའི་གནས་ཚུལ་འདི་ལ་གཟིགས་དང་ལམ་ཙམ་ཤེས་ཀྱི་འདུག གལ་སྲིད་འཇམ་དབྱངས་ནོར་བུ་ལ་གནས་ཚུལ་འདི་འདྲ་མེད་དྲངས་བདེན་གྱིས་གསལ་བཤད་བྱེད་པའི་དུས་ལ་བབ་འདུག་གོ

  56. ཆོས་འཕེལ says:
    2011-02-23 at 7:40 pm

    དྲྭ་གྲོགས་རྣམས་ནོར་བཅོས

  57. གངས་འདབས། says:
    2011-02-23 at 8:35 pm

    དྲྭ་གྲོགས་ཆོས་འཕེལ་ལགས།
    སྦྲེལ་ཐག་འདི་དང་འཇམ་ནོར་ བློ་སེང་ དེ་བཞིན་ཕྱིར་སྡོད་རྒྱ་མིའི་ལག་འཁྱེར་བཅས་བར་ལ་འབྲེལ་བ་ཡོད་པ་མཐོང་གི་མིན་འདུག

  58. དཀོན་མཆོག says:
    2011-02-23 at 8:51 pm

    ཉིན་ཤས་རིང་ཁ་བརྡ་ནང་མ་སླེབས། དེའི་དབར་དུ་ཚང་མས་རྒྱུ་མཚན་ན་གཅིག་མེད་པར་བློ་སེང་ལ་ཁ་རུབ་བརྒྱབ་འདུག དེར་བརྟེན་ངས་ཁོང་ལ་རྒྱབ་སྐྱོར་བྱེད་ན་འདོད། རྒྱ་ནག་གི་མི་སེར་ཆགས་མ་ཆགས་བཤད་མ་བཤད་སྔོན། སྦོ་སི་ཀྲོན་གྱི་བུ་མོ་དེར་དྲི་བ་གཅིག་འདྲི་འདོད་བྱུང༌། ཁྱོད་རང་བཀྲས་མཐོང་རྒྱབ་སྐྱོར་དང་བློ་སེང་དམའ་ཕབ་ཆེད་རྒྱགས་རང་ཁུར་གྱིས་བརྡ་རམ་ས་ལ་བཅར་བའི་སེམས་ཤུགས་ལ་དགའ་བསུ་ཡོད།
    དྲི་བ་དང་པོ། ཁྱོད་རང་གི་རྒྱབ་སྐྱོར་བྱེད་ས་བཀྲས་མཐོང་ལགས་ཨ་རིའི་མི་སེར་རེད་དང་མ་རེད། ཁོང་གི་མི་སེར་ལག་ཁྱེར་passport དང་མོ་ཀྲ་ལག་ཁྱེར་driving license ནང་མི་རིགས་དང་རྒྱལ་ཁབ་(Nationality, Citizenship)ག་རེ་ཡིན་ཟེར་ནས་བྲིས་ཡོད། གཅིག་གསུངས་རོགས། ཨ་རི་ནང་གི་བོད་པ་ཚང་མའི་མི་རིགས་དང་རྒྱལ་ཁབ་གང་གི་མི་སེར་ཡིན་ཟེར་བའི་ལན་དུ་རྒྱ་ནག་(China, Chinese)ཅེས་བྲིས་དགོས་ཀྱི་ཡོད། དེ་གཅིག་ཡིན།
    གཉིས་པ་དེ་བཀྲས་མཐོང་ཨ་རིའི་མི་སེར་ཆགས་པ་རེད། མི་སེར་དམ་བཅའ་བཞག་སྐབས་ཨ་རི་རྒྱལ་ཁབ་ལས་ལྷག་པའི་རྒྱལ་ཁབ་གཞན་གང་གི་ཆེད་དུ་ཡང་ལས་དོན་གང་ཡང་མི་བྱེད་ཅེས་མནའ་སྐྱེལ་དགོས། མནའ་དེ་སྐྱེལ་ཡོད་དམ་མེད། ཡོད་ན་དེ་དུས་བོད་རྒྱལ་ཁབ་བློས་གཏོང་བ་རེད་དམ་མ་རེད།
    དྲི་བ་དེ་གཉིས་ལ་ལན་གནང་རོགས།

  59. དགེ་འདུན་རབ་གསལ་ says:
    2011-02-23 at 9:46 pm

    ང་ཚོ་འགག་ས་ཞིག་ལ་ཐུག་འདུག གཤམ་གསལ་གྱི་གནད་དོན་ལ་ལན་འདེབས་ཤིག་གནང་རོགས་ཞུ། ལྡི་ལི་དང་རྡ་སར་བཞུགས་མཁན་ཚོས་འདི་ལ་ལན་འདེབས་ཤིག་གནང་རོགས།
    ༡ གྲོས་ཚོགས་ཀྱིས་བོད་ལ་གཉེན་འཕྲད་ལ་ཕེབས་མཁན་ཚོར་ལམ་སྟོན་ཞིག་གནང་ཡོད་པ་རེད་དྲན། དེ་འདིར་གནང་ཐུབ་བམ།
    ༢ བོད་ལ་ཕེབས་མཁན་ཚོར་འགེངས་ཤོག་ཅིག་ཡོད་རེད་ཟེར། འགེངས་ཤོག་དེ་འདིར་འཇོག་ཐུབ་བམ།
    ཐུགས་རྗེ་ཆེ།

  60. དཀོན་མཆོག says:
    2011-02-23 at 10:47 pm

    དགེ་རབ་ལགས། ངའི་མཆན་དེ་ཡང་བསྐྱར་བསུབ་ན་ངས་དྲ་རྒྱ་ཚང་མ་ནང་བཀོད་ཀྱི་ཡིན། དེ་བསུབ་དགོས་པའི་རྒྱུ་མཚན་གསལ་པོ་གསུང་རོགས། བློ་སེང་ལ་ག་རེ་བཤད་བཤད་དང༌། ཁྱོད་ལ་སྐད་ཅ་ཙམ་འདྲི་མི་ཆོག་པ་ག་རེ་རེད།
    ཁྱོད་རང་ཨ་རིར་སྐྱབས་བཅོལ་ཞུས་དུས་རྒྱ་ནག་གི་མི་སེར་ཡིན་ཟེར་བཤད་དང་མ་བཤད། རང་ཉིད་ཨ་རིའི་མི་སེར་ཆགས་པའི་དོན་དུ་རྒྱ་ནག་གི་མི་སེར་དང་རྒྱ་རིགས་ཡིན་ཟེར་བཤད་པ་དེ་ཆོད་སེམས་དང་བློ་ཁོག་ག་ཚོད་ཡོད་པ་རེད། བློ་སེང་རྒྱ་ནག་འགྲོ་བ་དེ་རང་གི་དོན་དག་མ་རེད། བོད་ཀྱི་རྩ་དོན་ལ་གཅིག་ཕན་ན་བསམ་པ་རེད། བོད་གཞུང་ལ་བཀའ་འདྲི་དགོངས་སྐོར་ཞུས་པ་རེད། ཁྱོད་རང་ཨ་རིེར་སྡོད་ཆོག་པའི་ཆེད་དུ་རྒྱ་རིགས་ཡིན་ཟེར་བཤད་པ་དེ་སུ་ཡི་དོན་རེད། གཅིག་གསུངས་དང༌།
    དགེ་རབ་ཨ་རིིའི་མི་སེར་ཆགས་པ་རེད། དེ་དུས་ཨ་རི་རྒྱལ་ཁབ་ལས་གཞན་པའི་རྒྱལ་ཁབ་གཞན་སུ་ལ་ཡང་ཡིད་ཆེས་བློ་གཏད་མི་བྱེད་ཟེར་ནས་མནའ་སྐྱེལ་དགོས་པ་རེད། དེ་དུས་བོད་རྒྱལ་ཁབ་བློས་བཏང་བ་རེད། དེ་དག་བསམ་དུས་བློ་སེང་གིས་དེབ་སེར་པོ་ཁུར་ནས་ཨ་རི་སྐྱབས་བཅོལ་མ་ཞུས་པ་དེ་དགའ་ཆེ་རུ་འགྲོ་སོང༌། བློ་སེང་ལ་རྗེས་སུ་ཡི་རང་ཡོད། དགེ་རབ་ཨ་རིའི་མི་སེར་ཆགས་པ་ལ་བློ་སེང་མི་ཆགས་པ་ག་རེ་ཡོད། ཆོད་སེམས་དང་བློ་ཁོག་ལ་རྒྱ་ཆེ་ཆུང་ཟེར་བ་དེ་མ་རེད་དམ།

  61. དགེ་འདུན་རབ་གསལ་ says:
    2011-02-23 at 11:23 pm

    དཀོན་མཆོག་ལགས། ཁྱེད་ཀྱི་མཚན་ངོ་མ་ཅི་ཟེར། ལགས་རེད། ང་ཨ་རིའི་མི་སེར་ཆགས་པའི་གནས་ཚུལ་ཁྱེད་ཀྱིས་ཇི་ལྟར་ཤེས་བྱུང་། དེ་ནས་ ཁྱོད་ཨ་རིའི་མི་སེར་ཆགས་ཡོད་དམ། ཌི་སི་ན་ཁྱོད་ཀྱིས་ཕྱག་ལས་ཅི་ཞིག་གནང་གི་ཡོད། ཁྱོད་ཀྱིས་ཀྱང་ཨ་རི་ལ་སྐྱབས་བཅོལ་ཞུས་པ་ཡིན་ནམ།
    ཨ་ལ་རྩེད་མོ་ཡིན། ཁྱོད་ཀྱིས་ངེད་ཀྱི་དྲི་བ་དེ་དག་ལ་ལན་འདེབས་མི་དགོས། ངེད་ཀྱིས་ཀྱང་ཁྱེད་ཀྱི་དྲི་བ་ལ་ལན་མི་འདེབས། གནད་དོན་ངོ་མ་ནི། ང་བཀའ་བློན་ཁྲི་པ་ལ་ལངས་གི་མེད་ལ། གཞུང་དང་སྤྱི་ཚོགས་ཐོག་གི་ལས་སྣེ་ཞིག་འཇུས་ནས་ལས་ཀའང་བྱེད་གི་མེད། ང་ནི་ཆབ་འབངས་ཤིག་ཡིན།
    ད་བློ་བཟང་སེང་གེ་ལགས་དེ་འདྲ་མ་རེད། ཁོང་བཀའ་བློན་ཁྲི་པ་ཆགས་རྒྱུའི་གོ་སྐབས་བརྒྱ་ཆ་སུམ་ཅུ་སོ་གསུམ་ད་ལྟ་ནས་ཐོབ་ཟིན་པ་རེད། ད་བརྒྱ་ཆ་ཉི་ཤུ་རག་ཚེ་ཁོང་བཀའ་བློན་ཁྲི་པ་ཆགས་ཟིན་པ་རེད། འོན་ཀྱང་། ངས་ཁོང་གི་ནང་མིའི་སྐོར་ལ་དྲི་བ་དྲིས་མེད། ངས་ཁོང་གི་དཔལ་འབྱོར་སྐོར་ལ་དྲི་བ་དྲིས་མེད། ངས་ཁོང་རྒྱ་ནག་ལ་ཕེབས་དུས་ལག་འཁྱེར་དེ་རྒྱ་ཡིས་སྤྲད་པ་ཞིག་འཁྱེར་ནས་ཕྱིན་པ་རེད། དེ་དུས་འཁྱེར་གི་ཡིན་དང་མིན་གྱི་ཐག་གཅོད་དེ་ ཁོང་གིས་བྱེད་མ་ཐུབ་པར་བོད་གཞུང་ལ་ལག་པ་ཕྱིས་པ་རེད། དེ་ལ་སྐྱོན་བརྗོད་བྱས་པ་ཡིན།
    ད་འདི་རེད། ང་ཚོས་གཞུང་གི་སྣེ་ཁྲིད་མཁན་དག་ལ་བསྔགས་བརྗོད་ཀྱང་བྱེད་དགོས་པ་རེད་ལ། སྐྱོན་བརྗོད་ཀྱང་བྱེད་དགོས་པ་རེད། ད་སྐྱོན་བརྗོད་རེ་བྱས་སྐབས་སྐྱོན་དེ་ཟུག་དང་མ་ཟུག་ལ་མི་ལྟ་བར་ རྩོམ་འབྲི་མཁན་གྱི་སྟེང་ལ་ མཆོངས་ཡོང་པ་འདི་བོད་ཀྱི་ལུགས་སྲོལ་ཞིག་ཆགས་འདུག ཅི་བྱེད།

  62. Pama tso says:
    2011-02-24 at 12:02 am

    དུས་ཚོད་བྱུང་སོང་ན། རབ་གསལ་ལགས་ཀྱི་དྲི་བ་དེ་གཉིས་ལན་ཕུལ་འཐུས།

  63. ལ་རྒྱའི་བདག་པོ། says:
    2011-02-24 at 12:12 am

    བུ་མོ་ཟླ་བ་བློ་སྐྱིད་ཚང་ལགས་བཀྲིས་བདེ་ལེགས།
    ཁྱེད་ནི་མོ་རྒོད་རེད།
    ཁྱེད་ནི་ཨ་མའི་བུ་མོ་རང་རེད།
    གདོང་དམར་བོད་ཀྱི་མོ་རྒོད་རེད།
    ཁྱེད་ཀྱིས་བློ་སེང་ཁ་རྡུང་བཏང་བར་ཇི་མི་སྙམ་པར་་སྒྱུ་མ་ཕུ་འདེད་བཏང་བའི་སྙིང་སྟོབས་ལ་ཡི་རངས་ཡོད།
    བློ་སེང་གིས་སྐྱག་རྫུན་ཁས་མི་ལེན་ན་འདི་ནང་བཞིན་བདེན་པ་བརྡར་དགོས།
    མུ་མཐུད་ནས་ཡིན་ད།ཁྱེད་ཀྱི་རྒྱབ་ལ་ང་ཚོ་ཡོད།

  64. རྒྱ་གར་རྨ་བྱ། says:
    2011-02-24 at 1:44 am

    རབ་གསལ་ལགས་ནི་བཙན་བྱོལ་བོད་མིའི་ཁྲོད་དུ་ངོས་འཛིནཐོབ་པའི་སྨྱུག་ཐོགས་པ་དྲག་གྲས་ཤིག་ཡིན། དེ་རིང་དཀོན་མཆོག་ལགས་ཀྱི་ཀུན་སློང་ཇི་ལྟར་ཡིན་མི་ཤེས་ཀྱང་། དགེ་རབ་ལགས་ལ་དྲི་བ་ཚ་པོ་ཞིག་བྲིས་ནས་འདུག སྤྱི་ཚོགས་ཀྱི་འགན་དང་ལ་ཞེན་ཟེར་བ་ཡོད་དགོས་ན་ཁོང་ཅག་ལ་དང་པོར་ཡོད་དགོས་པ་ཞིག་རེད། འོན་ཀྱང་རབ་གསལ་ལགས་ཀྱིས་དྲི་བ་འདིའི་ལན་ཐད་ཀར་བརྒྱབ་མ་ཐུབ་པ་དེ་རང་གིས་འཁུམས། བཀྲིས་བདེ་ལེགས།

  65. Pama tso says:
    2011-02-24 at 2:38 am

    ད་ལྟོས་ཡོང་དུས། ཚང་མ་རུལ་དྲི་ཁ་བ་འདྲ་ཞིག་འདུག་མོད། ཀུན་ལ་ཕན་ཕྱིར་གཉེན་འཕྲན་འགེངས་ཤོག་ཅིག་རེག་པ་དེ་འདིར་འགོད་ཀི་ཡིན།

    བོད་མི་བཙན་བྱོལ་བ་བོད་ནང་གཉེན་འཕྲད་དུ་བསྐྱོད་མིའི་སྙན་ཐོ་འགེངས་ཤོག
    འདྲ་པར།
    ༡ མིང། ༢ སྐྱེས་ལོ། ༣ ཕ་མིང་ངམ་བཟའ་ཟླའི་མིང་། ༤ སྐྱེས་ཡུལ། ༥ རྒྱ་གར་དུ་ནམ་འབྱོར། ༦ ལག་ཁྱེར་RCཨང། ༧ད་ལྟའི་སྡོད་གནས་ཁ་བྱང་། ༨ བཙན་བྱོལ་དུ་གཉེན་སྤུན་དོད་གཅིག་ནང་མི་ཅི་ཡོད་ཀྱི་མིང། ༩ དྭང་བླང་དཔྱ་དངུལ་ལག་དེབ་བཟོ་ཡུལ། ལག་དེབ་ཨང་གྲངས། ༡༠ བོད་ནང་འགྲོ་ཡུལ་ས་གནས་གང་ཡིན། དུས་ཡུན་ཅི་འགོར། ལམ་ཕྱོགས་གང་བརྒྱུད། ༡༡ བོད་ནང་ཕ་སྤུན་གཉེན་འབྲེལ་སུ་ཡོད་ཀྱི་མིང་།
    ༡༢ རྒྱ་གར་གཞུང་གི་ཕྱི་བསྐྱོད་ལག་ཁྱེར་ཐོག་NORI མ་ཞུས་པར་བོད་དུ་བསྐྱོད་ཐལ་བྱས་ནས་སླར་ཡང་རྒྱ་གར་དུ་ཕྱིར་ལོག་གནས་སྡོད་མི་ཆོག་པའི་དཀའ་ངལ་ཡོང་རྒྱུ་དང་། གནས་ཡུལ་ས་གནས་སོ་སོའི་ལག་ཁྱེར་RC ཐོག་ FRO ལས་ཁུངས་ནས་ཐོན་ཚེས་དང་འབྱོར་ཚེས་ངེས་པར་ཞུ་དགོས་པའི་བཀའ་ཁྱབ་གནང་བ་གསལ་རྟོགས་བྱུང་ཞིང་། དེ་དག་ཇི་བཞིན་མ་བྱུང་བའི་དབང་གིས་རྗེས་སུ་དཀའ་རྙོག་བྱུང་ཚེ་རང་ཉིད་ནས་འགན་ཁུར་ཆ་ཚད་ཞུ་རྒྱུ་བཅས། ཕྱི་ལོ ཟླ་ ཚེས་ ལ་ཕུལ།། །། དོ་བདག་གི་ས་རྟགས།

    འགེངས་ཤོག་འདི་བདེ་སྲུང་ལས་ཁུངས་ལ་ཕུལ་ཚར་རྗེས་འགྲོ་དགོས་ས་རེད།

  66. དཀོན་མཆོག says:
    2011-02-24 at 3:16 am

    དགེ་རབ་ལགས། ཁྱོད་ཀྱིས་ངའི་མིང་དང་སྡོད་གནས་ལས་ཀ་ཚང་མ་རྩད་དཔྱད་ནས་ག་རེ་གནང་བརྩི་ཡིན་ནམ། མིང་དེ་ག་རང་ཡིན། ས་ཕྱོགས་ག་ནས་མཆན་བཏབ་ཡོད་པ་དྲ་བདག་གིས་ཤེས་ཤེས་ཁ་རེད། ང་ཡང་ཨ་རིའི་ཆབ་འབངས་ཞིག་ཡིན། སོང་ཙང་མི་ལ་འཕྱ་གསུམ་འཕྱ་དགོས་ན་རང་ལ་འཛོམས་གསུམ་འཛོམས་དགོས་ཟེར་བ་རེད། བོད་པ་ཨ་རིའི་ཆབ་འབངས་ཆགས་ཚར་མཁན་ཞིག་གིས། ཁོ་རྒྱ་རིགས་དང་རྒྱ་མི་ཡིན་ལབ་འདུག་ཅེས་བཤད་ན་འཚམས་པོ་མེད། ཆབ་འབངས་ཆགས་པ་ལ་ག་རེ་བཤད་དགོས་པ་དང་འབྲི་དགོས་པ་ཤེས་ཤེས་ཁ་རེད། སོང་ཙང་ལ་རྒྱ་དང་ཆོད་སེམས་དེ་ཚོ་བཤད་ཡོང་དུས་ངས་དེ་དྲན་པ་རེད། དྲན་པ་དེ་དྲིས་པ་རེད། བྲིས་པ་དེ་ཁྱེད་ཀྱིས་ཐེངས་མ་གསུམ་བཞི་བསུབ་པ་རེད། བསུབ་དགོས་པའི་རྒྱུ་མཚན་གསུངས་མི་དགོས།
    མཐར་དོན་བློ་སེང་རྒྱ་ནག་ལ་སོང་བའི་སྐོར་དེ་ག་ཚོད་མང་བ་བཤད་ན་བློ་སེང་གི་རྒྱབ་སྐྱོར་ལ་འགྲོ་བ་ལས་མི་གནོད། མི་མང་གིས་གོ་བ་ལ་བློ་སེང་དེ་ཕོ་འཇོན་པོ་དང་རྒོད་པོ་ཞིག་ཡོད་པ་གོ་བ་ལེན་ཏེ་དགའ་མོས་ཆེ་རུ་འགྲོ་ཡི་རེད་མ་གཏོགས་རྒྱ་ནག་ལ་སོང་བ་དེ་སྡུག་ཅག་ཡིན་པ་སུས་ཀྱང་བསམ་མི་སྲིད།
    དྲི་བ་གཅིག་རང་ཡོད། བོད་ཀྱི་དབུ་ཁྲིད་དེ་ལ་བོད་རྒྱལ་ཁབ་གཙོ་བོར་འཛིན་མཁན་ཞིག་དགོས་དང་མི་དགོས། ཨ་རིའི་ཆབ་འབངས་ཆགས་དུས་མནའ་བསྐྱལ་བ་དེའི་ནང་ཨ་རི་དེ་དང་པོ་བརྩི་དགོས་པ་དེ་དྲན་སོས་ཀྱི་ཨེ་འདུག དེ་ལ་འགྲེལ་བརྗོད་ག་འདྲ་ཡོད་དམ། འདི་ངས་གནད་འགག་ཅིག་རེད་དྲན་གྱི་འདུག

  67. གཞིས་བོད། says:
    2011-02-24 at 4:20 am

    ཨ་རིའི་མི་སེར་ཆགས་སྐབས་སུ། ཨ་རི་རྒྱལ་ཁབ་ལས་གཞན་པའི་རྒྱལ་ཁབ་གཞན་སུ་ལ་ཡང་ཡིད་ཆེས་བློ་གཏད་མི་བྱེད་ཟེར་ནས་མནའ་སྐྱེལ་དགོས་དུས་ངོ་མ་དོན་དག་འདི་ཚོ་ལ་ལྟ་ས་ཞིག་ཡོད་ཀི

  68. ནགས་ཤོད་སད་མི། says:
    2011-02-24 at 5:03 am

    བོད་མི་མགོ་སྟོང་འགའ་རེས་བོད་སྤྱིའི་ལས་དབང་ལ་ཤ་ཚ་དང་བསམ་ཞིབ་བྱ་རྒྱུ་ཟུར་དུ་བཞག་ནས། གཞི་མེད་
    བསྙོན་འཛུགས་དང་། ངོ་དགའ་ཕྱོགས་འཐེན་ཁོ་ན་ལ་འབད་ཀྱིན་པ་འདི། རང་ཉིད་ཀྱི་བསམ་བློ་བཅིངས་
    འགྲོལ་མ་ཐོབ་པ་དང་། བོད་ཞེན་རྣལ་མ་མེད་རྟགས་རེད་པས། ཡར་ཐོན་ཅན་གྱི་བོད་གཞོན་ཚོས་རང་མི་
    རིགས་ཀྱི་དབུ་འཕངས་ཡར་ལ་བསྟོད་ཆེད། རེ་བས་ཁེངས་པའི་ལོ་གཞོན་ཤེས་ཡོན་ཅན་ཞིག་ཅིའི་ཕྱིར་དུ་མི་འདེམས་
    ཏེ་ངེས་པར་འདེམས་དགོས་སོ།

  69. ཤར་ཕྱོགས་ཁུག་རྟ། says:
    2011-02-24 at 5:44 am

    མ་ཎི་རེ་བགྲང་ནས་ཀློག་གི་ཡོད།

  70. འབྱོར་དགའ་རྒྱལ། says:
    2011-02-24 at 8:02 am

    ཁྱོད་ཚོས་འོས་ཤོག་སུ་ལ་བླུག་ན་འདོད་པ་རེད། འཇམ་ནོར་གྱིས་བཤད་པ་ལ་མ་ཉན་མ་གཏོགས་རྒྱལ་བ་རིན་པོ་ཆེ་ལ་ཡང་སྐྱོན་བརྗོད་བྱེད་མཁན་མི་ཞིག་རེད། དཔེར་ན་ཁོས་བཤད་དོན། ཤིང་སྡོང་རྒན་འོག་ལ་རྩ་མི་སྐྱེ་ཞེས་པའི་རྒྱལ་བ་རིན་པོ་ཆེ་ཤིང་སྡོང་རྒན་ཞིག་ལ་དཔེ་རུ་བཀོད་ནས་ཁོང་མ་འདས་ཀྱི་བར་དུ་བོད་མི་རིགས་འདི་ལ་ཚད་དང་ལྡན་པའི་མང་གཙོ་ཡང་དག་པ་ཞིག་ཐོབ་པའི་གོ་སྐབས་གཏན་ནས་མེད་པའི་ངོ་རྒོལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་འཛམ་གླིང་ཁྱོན་ལ་སྤེལ་མཁན་གྱི་མི་དེ་རེད། ཁོའི་ལོ་རྒྱུས་དང་ཁོའི་རྩོམ་ཡིག་གི་ལོ་རྒྱུས་གསལ་པོ་ཤེས་འདོད་ན་ཧོར་གཙང་འཇིག་མེད་ལགས་ཀྱིས་དགག་ལན་བྲིས་པ་ཁག་དང་ཧོར་གཙང་འཇིག་མེད་ལགས་ལ་རྒྱབ་སྐྱོར་བྱེད་མཁན་ཁག་གིས་བྲིས་པའི་དེབ་དེ་ལ་གཟིགས་དང་ཁོ་ག་འདྲ་ཡིན་མིན་གསལ་པོ་ཤེས་ཀྱི་རེད། སྤྱི་བཏང་འཇམ་ནོར་གྱི་བྱེད་སྟངས་ནི་སྐད་གྲགས་སུ་ཆེ་མི་ལ་སྐྱོན་བརྗོད་བྱས་ཏེ་ཁོ་རང་མིང་གྲགས་ཐོབ་ཐབས་བྱེད་མཁན་གྱི་མི་ཞིག་རེད།། །།

  71. འབྱོར་དགའ་རྒྱལ། says:
    2011-02-24 at 8:50 am

    དགེ་འདུན་རབ་གསལ་ལགས་ལ་ད་བར་མཐོང་ཆེན་བོ་ཞིག་བཞག་བཞིན་པ་ཡིན། ཁྱེད་ཉིད་ཨ་རིའི་མི་སེར་ཆགས་བའི་དོན་དུ་རྒྱ་ནག་གི་མི་སེར་ཅན་གྱི་རྒྱ་རིགས་ཤིག་ཡིན་ཟེར་བཤད་པ་དེ་དང། བདེ་སྲུང་ལས་ཁུངས་ཀྱི་གསང་བའི་ཡིག་ཆ་ལོན་ཐབས་བྱས་པ་(བོད་ལ་ཕེབས་མཁན་ཚོར་འགེངས་ཤོག་ཅིག་ཡོད་རེད་ཟེར། འགེངས་ཤོག་དེ་འདིར་འཇོག་ཐུབ་བམ)དེ་ཚོ་ལ་བལྟས་ན་ཁྱེད་ལ་དོག་ཟོན་དགོས་བའི་སྐྱོན་ཆ་ཕྲན་བུ་མཐོང་། གང་ཡིན་ཟེར་ན་དེ་སྔོན་ཁྱེད་རྡ་ས་བཞུགས་པའི་སྐབས་སུ་ནས་ཀྱང་ལྐོག་ལྐོག་ཞིག་ནས་སྐད་ཆ་མང་པོ་ཞིག་གོ་རྒྱུ་བྱུང། ད་དུང་ཡང་ཟས་གོས་ཀྱིས་དཀའ་ངལ་མེད་ན་དེ་འདྲ་ཞིག་མི་གནང་བའི་རེ་བ་ཡོད།།

  72. དགེ་འདུན་རབ་གསལ་ says:
    2011-02-24 at 9:19 am

    དཀོན་མཆོག་ལགས། ངས་ཁྱེད་ལ་ཁྱེད་ཀྱི་སྒེར་གྱི་གནས་ཚུལ་དག་ལ་ལན་འདེབས་མ་གནང་ན་འཐུས་ཞུས་སྐབས་ཁྱེད་ཀྱིས་ལན་གནང་འདུག ད་ཁྱད་མི་འདུག འོན་ཀྱང་ངས་ ཁྱེད་ཀྱི་དྲི་བ་དག་ལ་ང་སྒེར་གྱི་གནས་བབ་ཡིན་སྟབས་ ལན་འདེབས་དགོས་མ་མཐོང་། དེ་གཅིག་ཡིན། གཉིས་པ་དེ་ནི། ཁྱོད་ལ་གསལ་པོ་བཤད་ཡོད། བློ་སེང་བཀའ་ཁྲི་ལ་ལངས་གི་ཡོད་རེད། ང་ལངས་གི་ཡོད་མ་རེད། གལ་སྲིད་ང་ཡང་བཅའ་ཁྲིམས་དགོངས་དོན་ལྟར་བོད་རྒྱལ་ཁབ་ཆེན་པོའི་ཆབ་འབངས་ལོ་ཚོད་ལོངས་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས་གཞུང་གི་ལས་སྣེ་ཞིག་ལ་འོས་འདེམས་དང་ཡང་ན་བསྐོ་གཞག་གིས་ཞུགས་པ་ཡིན་ཚེ། ངས་དྲི་བ་དེ་ཚོ་ལ་ལན་ལོས་འདེབས། འདེབས་གི་རེད། འདི་གཅིག་ཡིན།
    གཞན། ཁྱེད་ཀྱིས་ “དྲན་པ་དེ་དྲིས་པ་རེད། བྲིས་པ་དེ་ཁྱེད་ཀྱིས་ཐེངས་མ་གསུམ་བཞི་བསུབ་པ་རེད།” ཅེས་བྲིས་འདུག མདང་ཁ་བརྡའི་ལས་ཀ་བྱེད་མཁན་ཚོ་དང་ལྷན་གླེང་མོལ་ཞིག་བྱས་པ་ཡིན། གླེང་མོལ་སྐབས་མཆན་གསུབ་པ་ཤེས་བྱུང་། དེ་ནས་ ངས་མཆན་མ་གསུབ་རོགས་ཞེས་ལབ་པ་ཡིན། ད་གསུབ་དགོས་པའི་རྒྱུ་མཚན་ནི། ཁྱོད་ཀྱིས་སྐྱེ་བོ་སྒེར་ལ་ཇུས་གཏོགས་བྱེད་གི་ཡོད་པའི་རྐྱེན་རེད་མ་གཏོགས་དགེ་འདུན་རབ་གསལ་ལ་སྐྱོན་བརྗོད་བྱེད་གི་ཡོད་པའི་རྐྱེན་གྱིས་མ་རེད། ད་འདི་ལྟར་བཤད་ནའང་ཁྱོད་ཡིད་ཆེས་མདོག་ཁ་བོ་མ་རེད། དེ་བས་ བརྗོད་གཞི་ལ་ངེད་ཀྱི་མཆན་འདི་ཐ་མ་དེ་ཡིན། དགེ་འདུན་རབ་གསལ་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་དྲ་རྒྱ་གཞན་དུ་བཀྲམས་རོགས་གནང་། མུ་མཐུད་ནས་གནང་རོགས། ང་ལ་དགག་བྱ་ཁྱོན་ནས་མེད། སེམས་ཅན་གྱི་ཁ་སངས་རྒྱས་ཀྱིས་མི་ཁོགས་ཞེས་པ་དེ་རང་རེད། ཐུགས་རྗེ་ཆེ།

  73. རིན་པོ་ཆེ། says:
    2011-02-24 at 9:58 am

    དགེ་རབ་ལགས། དཀོན་མཆོག་ཟེར་བའི་འགྲོ་ཞོར་ཞིག་ལ་འདི་ལྟའི་གསལ་བཤད་གནང་དགོས་དོན་ཨེ་ཡོད་ན། དྲ་བ་འདིའི་རྐང་འཛིན་རྩོམ་པ་པོ་དང་མཆན་བུ་འདེབས་མཁན་ཞིག་ཡིན་ན་དང་། ལྷག་པར་ཏུ་རྩོམ་ཡིག་ལ་ལག་རྗེས་ཅན་ཞིག་ཡིན་ནའང་འདྲ་མོད། དེ་འདྲ་བྱེད་དགོས་དོན་ཨེ་ཡོད་ན།

    བསམ་གཟས་སྙོག་དྲ་བཤད་ཀི་ཡོང་ནི་རེད། དབུ་ཁྲིད་ལ་སྡོད་མཁན་ཞིག་དང་རྒྱལ་འབངས་དཀྱུས་མ་གཉིས་གནད་དོན་འདི་འདྲའི་སྒང་བསྡུར་ས་མི་འགྲོ་བ་ཤེས་ནི་རེད། འདི་སྙོག་དྲ་རང་བཟོ་རུ་ཕེབས་པ་ལས་གཞན་མ་རེད། དེ་བས་ཡ་ལན་གནང་དོན་མེད་ཀ། དེ་ཙམ་ཡིན།

  74. ལྕགས་རྒྱ་འགྲམ་ནག says:
    2011-02-24 at 10:09 am

    ང་ཚོ་བརྗོད་གཞིའི་ཐོག་ནས་འདུག བརྗོད་གཞི་དེ་བཀའ་བློན་ཁྲི་བའི་འོས་མི་བློ་སེང་རྒྱ་ནག་ལ་ཕྱིན་པའི་སྐབས་ཀྱི་ལག་འཁྱེར་གྱི་སྐོར་ལ་རེད། དེ་མིན་པར་སྐབས་བབ་ཀྱི་བརྗོད་དོན་དེ་བཀའ་ཁྲིའི་འོས་མི་ལ་འབྲེལ་མེད་ཀྱི་འཇམ་ནོར་དང་ལྷ་ཚེ། རབ་གསལ་སོགས་ཀྱི་ལྷག་བསམ་དང་འཇོན་ཐང་། མི་སེར་གྱི་གནས་བབས་སོགས་ཀྱི་ཐོག་ལ་ཁ་སྒྱུར་བྱེད་པ་འདི་ལ་དགོས་པ་ཆུང་།

    བློ་སེང་ལྟ་བུའི་མི་འཇོན་པོ་རྒོད་པོ་ཞིག་བོད་གཞུང་གི་བཀའ་བློན་ཁྲི་བར་ཡོང་ན་དེར་དགའ་རྒྱུ་ཞིག་མ་གཏོགས་སྡུག་རྒྱུ་ཞིག་ག་ལ་ཡོད་ཀྱང་། གོང་གི་འབྲེལ་ཐག་ཏུ་ཁོས་ཟླ་བ་བློ་སྐྱིད་ཀྱི་དྲི་བར་ལན་འདེབས་སྐབས། འཇམ་དབྱངས་ནོར་བུ་ཡང་བོད་ལ་ཕྱིན་པ་རེད་ཅེས་འཚབ་བ་འཚུབ་བེར་སྐྱག་རྫུན་བཤད་སྟངས་དེ་ནི་མི་འཇོན་པོ་ཞིག་གི་བྱེད་སྟངས་མ་རེད་བསམ། དེ་ལས་ཀྱང་ཐབས་སྐྱོ་བ་ཞིག་ནི་བློ་སེང་གིས་ཁ་ཚུར་འཁོར་ནས་ངས་ད་དུང་ཡང་པཱ་སི་སེར་པོ་བཟུང་ནས་བསྡད་ཡོད་ཅེས་རྒྱལ་ཞེན་ཆེ་མདོག་སྟོན་ཞིང་། ཁ་ཕར་འཁོར་ནས་ཕྱི་སྡོད་རྒྱ་མི་ཡིན་པའི་མིང་རྟགས་བཀོད་པ་འདི་ནི་མི་དམངས་ལ་མགོ་སྐོར་དང་བསླུ་བྲིད་གཏོང་བའི་སྤྱོད་པ་རྫབ་ཅན་ཞིག་རེད། འདི་ནི་རྒྱལ་ཞེན་གྱི་བསམ་བློ་འཛིན་སྟངས་ཞིག་གི་ཐོག་ནས་བློ་སེང་ལ་སྐྱོན་བརྗོད་བྱས་པའི་ཁུལ་ཡིན། སྐྱོན་བརྗོད་འདི་ཡང་ཁུངས་ལུང་མེད་པར་བྱས་པ་ཞིག་མིན།

    བློ་སེང་གི་རྒྱལ་ཞེན་ལ་རང་ཉིད་ཀྱིས་སྔར་ནས་དོགས་འདྲི་བྱས་པའི་མཆན་ཞིག་འདིར་སླར་འདྲེན་ཞུ་རྒྱུ་ཡིན། http://www.khabdha.org/?p=16381

    1. ༡༩༽ ལྕགས་རྒྱ་འགྲམ་ནག་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡༨ གི་ཆུ་ཚོད་ ༤ སྐར་མ་ ༣༥
    བློ་སེང་གི་པཱ་སི་སེར་པོའི་ལྕགས་ཀྱུ།
    བཀའ་ཁྲིའི་གོ་གནས་འཛིན་རྒྱུར་མང་ཚོགས་ཀྱི་སེམས་པ་འགུག་རྒྱུའི་ལྕགས་ཀྱུ་མང་པོ་ཞིག་དགོས་ཞིང་། བློ་སེང་ནི་ད་སྔ་དེའི་ཐད་ལ་མཁས་ཤོས་བྱུང་པ་རེད། བློ་སེང་གིས་རྒྱལ་སྤྱིའི་ཁྲིམས་རྩོད་མཁས་པ་ཡིན་ཟེར་ནས་ཤེས་ཡོན་ངོམས་ན་ཁོང་ལ་དེའི་སློབ་སྦྱོང་གི་ལག་འཁྱེར་ཡོད་པས་ངོམས་མི་ཆོག་པ་ཅི་ཡོད། རྒྱ་ནག་གི་ཨོ་བཱ་མ་བྱེད་རྒྱུ་ཡིན་ཟེར་ན་དེ་ནི་ཀུ་རེ་ཡིན་ཡང་ཆོག ཡང་ན་རེ་བ་ཡིན་ཡང་ཆོག དེ་འདྲའི་སྐད་ཆ་ཙམ་བཤད་པར་ཅི་ཉེས། ཁོང་ནི་སྐུ་དྲག་གི་རྒྱུད་པ་མིན་ཡང་ཆོག བུ་རྒོད་པོ་རང་སྐྱེས་ཡིན་ཡང་ཆོག ཁོང་ནི་བཙན་བྱོལ་དུ་འཚར་ལོངས་བྱུང་བའི་ཁྲོད་ནས་འཇོན་ཤོས་ཀྱི་གྲས་མ་རེད་ཅེས་སུས་དགག་ཐུབ་བམ། ཡིན་ནའང་ཁོང་གི་ལྕགས་ཀྱུ་ཞིག་གིས་ངའི་སྙིང་ལ་བསྙབས་བྱུང་། དེ་ནི་ཁོང་གི་རྒྱལ་ཞེན་གྱི་ལྕགས་ཀྱུ་དེ་རེད། རྒྱལ་ཞེན་གྱི་ཐོག་ནས་བསླུ་བྲིད་གཏོང་བ་ནི་ཆབ་སྲིད་ཀྱི་ནག་ཉེས་ཡོད་ཚད་ལས་ཆེས་རྫབ་ཅན་དུ་མཐོང་མཁན་ཞིག་ཡིན་པས། བློ་སེང་གི་རྒྱལ་ཞེན་གྱི་ལྕགས་ཀྱུ་དེར་དོགས་འདྲི་ཞིག་བྱེད་འདོད་བྱུང་།
    སྤྱིར་བཏང་རྒྱལ་ཞེན་ཟེར་བ་ནི་སེམས་ཀྱི་གནས་སྟངས་ཞིག་དང་ཀུན་སློང་ཞིག་ཡིན་པས། ཚན་རིག་གི་འཕྲུལ་ཆས་ལ་བརྟེན་རུང་དེ་ལ་ཚད་གཞལ་ཐབས་ཞིག་མེད་ཀྱང་སྲིད། ཡིན་ནའང་སེམས་ཀྱི་གནས་སྟངས་ནི་སྤྱོད་ལམ་གྱི་ཐོག་ནས་མངོན་མི་སྲིད་པ་ཞིག་མིན་ཕྱིར། བློ་སེང་གི་རྒྱལ་ཞེན་གྱི་མཚོན་རྟགས་གང་དག་ཡིན་པ་གླེང་རྒྱུ་དང་འཚོལ་རྒྱུ་གལ་ཆེ།
    གོ་ཐོས་ལྟར་ན། བློ་སེང་གིས་ཁོང་ནི་རྒྱལ་ཁབ་གཞན་གྱི་མི་སེར་གྱི་ཁོངས་སུ་མ་ཞུགས་པར་ད་དུང་ཡང་ལག་འཁྱེར་སེར་བོའི་སྒང་ན་བསྡད་ཡོད་ཅེས་བཤད་ཀྱི་ཡོད་པ་རེད་ཟེར། དེ་ནི་ངོ་མ་ཡིན་ནམ། ངས་ཁོང་ལ་ཐད་ཀར་དེའི་སྐོར་ལ་སྐད་ཆ་ཞིག་འདྲི་འདོད་ཆེ་མོད། ད་བར་དུ་གོ་སྐབས་བྱུང་མ་སོང་།
    དེ་བས་དེ་རིང་ཁོང་ལ་ཁ་པར་བཏང་ནས་འདིའི་སྐོར་ལ་བརྩད་གཅོད་ཅིག་བྱེད་དགོས་བསམ་ནས། གོའུ་གཱིལ་བརྒྱུད་དེ་ཁོང་ལ་འབྲེལ་བ་བྱེད་སའི་ཁ་པར་ཨང་གྲངས་བཙལ་བ་ཡིན། སྐར་ཆ་བཅུ་ཙམ་ལ་བཙལ་ཡང་རྙེད་མ་སོང་། དྲ་ཐོག་ནས་སྐར་མ་བཅུ་ཙམ་ལ་བཙལ་ཡང་མི་རྙེད་པ་འདིས་ང་ལ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བའི་འོས་སྡུའི་སྐོར་ལ་འདང་བརྒྱག་ཏུ་བཅུག་སོང་།
    བོད་འབངས་དཀྱུས་མ་ཞིག་གིས་ད་ལྟ་ནས་ཁོང་ལ་འབྲེལ་བ་བྱེད་སའི་ཁ་པར་ཨང་གྲངས་རྙེད་རྒྱུར་དཀའ་ངལ་འདི་ཙམ་ཆེ་ན། རྗེས་མ་ཁོང་བཀའ་ཁྲིར་ཆགས་ན་ག་འདྲ་ཡིན་སྲིད་དམ། གོའུ་གཱིལ་འཚོལ་ཆས་ཀྱི་སྟེང་ནས་བཀའ་ཁྲིའི་འོས་གཞི་ཞིག་གི་ཁ་པར་ཨང་གྲངས་སྐར་མ་བཅུ་ལ་བཙལ་ཡང་མི་རྙེད་པ་འདི་ནི་གསར་འགྱུར་ཞིག་མ་རེད་དམ། དྲན་སོས་པ་ཞིག་ལ་ཁོང་གིས་རྩོམ་ཡིག་ཅིག་ཏུ། གོའུ་གཱིལ་འཚོལ་ཆས་གཞི་ལ་བཞག་སྟེ་བོད་དོན་གྱི་གནས་བབས་ཀྱི་མཐོ་དམན་ལ་ཚད་འཇལ་བྱས་སོང་།
    དེས་ན་ང་ཚོས་ཁོའི་སྲི་ཞུའི་ཆོད་སེམས་ལ་ཚད་འཇལ་ཇི་ལྟར་བྱེད་རྒྱུ་ཡིན་ནམ། དྲ་རྒྱའི་སྟེང་ན་བློ་སེང་ལ་འབྲེལ་བ་བྱེད་སའི་ཁ་པར་ཨང་གྲངས་རྩ་ནས་མེད་པ་ཡིན་མི་སྲིད་ལ། ཁོང་ལ་འབྲེལ་བ་བྱེད་སའི་ཐབས་ལམ་གཞན་མེད་པའང་མ་རེད། ངའི་དྲི་བ་ནི། ཁ་ཤས་ཀྱིས་བཤད་ན་བློ་སེང་ནི་མི་རབས་གསར་པ་རེད། དེང་རབས་ཀྱི་མི་རེད། ད་ཐེངས་ཀྱི་བཀའ་ཁྲིའི་འོས་བསྡུ་ལ་སྔར་དང་མི་འདྲ་བར་མང་ཚོགས་ཀྱི་ཁྲོད་དུ་དོ་སྣང་སླེབས་རྐྱེན་གཅིག་ནི་དེང་རབས་ཀྱི་འཕྲིན་ལམ་གྱི་ནུས་པ་ལ་ཐུག་ཡོད་པ་རེད་ཅེས་ཟེར། ཡིན་ནའང་ངའི་དངོས་ཡོད་ཀྱི་ཉམས་མྱོང་གིས་ང་ལ་གསལ་བཤད་ཅི་ཞིག་བྱེད་དམ་ཟེར་ན། ངའི་འོས་ཤོག་སློང་མཁན་གྱི་བཀའ་ཁྲིའི་འོས་གཞི་དེ་ལ་དྲ་ཐོག་ནས་ལམ་སེང་འབྲེལ་བ་བྱེད་སའི་ཁ་པར་ཨང་གྲངས་ཞིག་ཀྱང་རྙེད་མི་ཐུབ་པ་འདི་རེད། ཡིག་རྨོངས་པ་ཞིག་གིས་ཁོང་ལ་འབྲེལ་བ་ཇི་ལྟར་བྱེད་དམ། འདི་ནི་བློ་སེང་གིས་བཀའ་ཁྲིའི་འོས་ཤོག་སློང་བའི་འཐུས་ཤོར་ཞིག་ཡིན་ནམ།
    ངས་ནི་ཁོང་ལ་ཐད་ཀར་རམ་ཡང་ན་བརྒྱུད་ནས་འབྲེལ་བ་བྱེད་ས་ཞིག་བཙལ་བ་ཡིན། ངས་ནི་ཁོང་ལ་ལག་འཁྱེར་སེར་པོའི་སྐོར་ནས་དྲི་བ་ཞིག་འདྲི་བའི་རེ་བ་བཅངས་པ་ཡིན། ངས་ནི་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་དང་མི་བྱེད་མཁན་སུ་རུང་གིས་ང་ལ་འདིའི་ཐད་ནས་རོགས་རམ་ཞིག་གནང་སྲིད་པའི་
    རེ་བ་བཅངས་པ་ཡིན།
    དུས་བབ་ཀྱི་ཆུ་ཐིགས་སྔོན་མོའི་ཟིན་བྲིས་ལས། མདང་དགོང་གི་བློ་བཟང་སེང་གི་བགྲོ་གླེང་་ཧཧཧ་ http://www.tibettimes.net/blogs.php?id=132&post_id=13386ཟེར་བ་དེ་ནས་ཁུངས་ལྡན་གྱི་གནས་ཚུལ་ཞིག་ཨེ་ཡོད་བསམ་ནས་བཙལ་བ་ཡིན།
    དྲ་གྲོགས་ཞིག་གིས་ཟམ་གདོང་རིན་པོ་ཆེས་མེ་ནེ་སོ་ཊ་རུ་བློ་སེང་གི་སྐོར་ལ་འགྲེལ་བཤད་ཅིག་བརྒྱབ་པའི་དྲ་ཐག་འདིར་གཟིགས་དང་དེ་ནས་གནས་ཚུལ་གསལ་ཙམ་རྟོགས་ཐུབ་ཟེར།
    http://www.youtube.com/user/MinnesotaBhoemi#p/u/0/VG1Wf8S0o6s
    ཡང་དྲ་གྲོགས་ཞིག་གིས་བློ་སེང་གིས་ཁོང་གི་པཱ་སི་སེར་པོའི་ངོ་བཤུས་དང་བཅས་པ་བཀའ་ཁྲི་འོས་བསྡུའི་དྲ་ཐོག་ཏུ་བཞག་སོང་ཟེར། དེ་ཡང་བཙལ་དུ་ཕྱིན་ཀྱང་མཐོང་མ་སོང་། གནས་ཚུལ་འདི་དག་ངས་འགྲོ་ཞོར་འདུག་ཞོར་གྱི་དུས་ཚོད་ཐུང་ངུ་རེའི་ནང་བཙལ་ནས་མ་རྙེད་པ་ཞིག་ཡིན་རྒྱུ་རེད་བསམ་གྱི་ཡོད། ཡིན་ནའང་ངའི་སེམས་ཀྱི་རྨོངས་པའི་སྨག་རུམ་ཇེ་མཐུག་ཏུ་གྱུར་སོང་།
    རྩ་ཁྲིམས་དང་བཅའ་ཁྲིམས་བཟོ་མཁན་གྱི་སྤྱི་འཐུས་གྲོགས་པོ་ཞིག་གིས་ཟེར་ན། པ་སི་སེར་པོ་འཛིན་གྱི་ཡོད་མེད་ལ་མ་ལྟོས་པར་རྒྱལ་ཁབ་གཞན་ཞིག་གི་མི་སེར་ཡིན་བཞིན་དུ་བོད་ཀྱི་བཀའ་ཁྲིར་བསྡད་ཆོག་པའི་སྐད་ཆ་དེ་རེད། ངས་དེ་ཇི་ལྟར་ཡིན་མིན་ལ་བོད་གཞུང་གི་དྲ་རྒྱའི་སྒང་ལ་བོད་ཀྱི་རྩ་ཁྲིམས་མཇལ་དུ་ཕྱིན་པ་ཡིན། དྲ་ཐོག་ནས་བོད་ཡིག་ཏུ་རྩ་ཁྲིམས་མཇལ་ཐུབ་མ་སོང་། བརྒྱུད་རིམ་འདི་དག་གི་ཁྲོད་དུ་ཁ་སང་ཁང་གསར་རྡོ་རྗེ་ལགས་ཀྱིས་གསལ་བསྒྲགས་ཤིག་ལས་བྱུང་བའི་སེམས་ངལ་ http://www.tibettimes.net/news.php?id=4045ཞེས་པ་དེ་བཞིན་དུ་ངའི་སེམས་ངལ་ཆེ་ནས་ཆེ་རུ་འགྲོ་བའི་རྒྱུ་རྐྱེན་ཇེ་མང་ནས་ཇེ་མང་དུ་གྱུར་སོང་། བློ་སེང་གི་པཱ་སི་སེར་པོའི་སྐོར་ལ་ཆ་རྒྱུས་ཡོད་མཁན་ཚོས་གནས་ཚུལ་གསལ་ཙམ་གནང་རོགས་ཞུ། ད་ནི་ང་གོའུ་གཱིལ་ཙམ་མིན་པར་ཧར་ཝར་ཌི་སློབ་གྲྭ་ཆེན་མོའི་དྲ་ཐོག་ཏུ་སོང་སྟེ་བློ་སེང་གི་ལས་ཁུངས་ཀྱི་ཁ་པར་ཨང་གྲངས་བཙལ་ངེས།
    གནས་ཚུལ་གསལ་བོ་མ་ཤེས་ནས་བསམ་ཚུལ་བཤད་ཐུབ་ཀྱི་མི་འདུག་ལ། ངས་དུས་རྒྱུན་དུ་མིག་བཤེར་བྱེད་སའི་དྲ་ཐོག་ནས་བསམ་ཚུལ་མ་གཏོགས་གནས་ཚུལ་གསལ་བོ་ཤེས་རྒྱུའི་ལམ་ཁ་ཆེན་པོ་མེད་པའི་ཚོར་སྣང་འདྲ་ཞིག་སྤྲད་སོང་།

  75. ཇ་མ་ says:
    2011-02-24 at 10:31 am

    འཇམ་དབྱངས་ནོར་བུ་མི་ངན་ཁ་ན་གཏམ་ངན་བོད་མི་མང་ལ་བསམ་ནག་བྱས་པ་ལས་རྒྱ་གར་ནང་གི་བོད་མི་སུ་དང་སུ་བོད་ནང་དུ་གཉེན་འཕྲད་དུ་འགྲོ་ན་རྒྱ་ནག་རང་གི་གཉེན་འཕྲད་ལམ་ཡིག་ལས་ལག་འཁྱེར་གཞན་གང་ཡང་མེད་པ་ཚང་མས་ཤེས་གསལ་ཡིན། བཀའ་ཁྲིའི་འོས་མི་གསུམ་གྱི་ནང་ནས་སུ་བཀའ་ཁྲི་གནང་ན་མི་འདོད་པ་གང་ཡང་མེད། འོས་མི་གསུམ་པོའི་གང་འདེམས་ཡང་རྡ་རམ་ས་ལར་ཧང་སང་བའི་འགྱུར་ཞིག་མི་འགྲོ་བ་དངོས་གནས་ཡིན། མྱི་སྐྱོན་མེད་འཛམ་བུའི་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོངས་ནགས་ན་མེད། དེ་བཞིན་བོད་མི་ཡོད་ཏོ་ཅོག་གིས་མདུན་ཕྱོགས་སུ་ལྟས་ནས་མདུན་ཕྱོགས་སུ་འགྲོ་བ་གལ་ཆེན་པོ་ལགས།

  76. ལྕགས་རྒྱ་འགྲམ་ནག says:
    2011-02-24 at 10:31 am

    འདིའི་རྗེས་སུ་བློ་སེང་ལ་ཐད་ཀར་འབྲེལ་བ་བྱས་དང་བྱེད་བཞིན་པའི་སྐབས་སུ། ཟླ་བ་བློ་སྐྱིད་ལགས་ཀྱིས་གནས་ཚུལ་གསལ་བོ་བཟོས་སོང་། ད་ནི་བློ་སེང་གིས་པཱ་སི་སེར་པོ་གནམ་ལ་འཕྱར་ཏེ་རྒྱལ་ཞེན་ཆེ་མདོག་བསྟན་པའི་སྐྱག་རྫུན་གྱི་རྐུབ་བརྟོལ་ཚར་ཞིང་། དེ་ལ་ཁ་རྡུང་གི་མཆན་ཡང་མང་པོ་བཏབ་ནས་མགུ་གང་བ་ཞིག་བྱུང་སོང་བས་འདིའི་སྐོར་ལ་རང་ཉིད་ཀྱིས་མཆན་འདེབས་རྒྱུའི་མཇུག་འདི་ནས་བསྡུས་ཏེ། ད་ནི་བཀའ་བློན་ཁྲི་བའི་འོས་མི་དེ་ཕྱི་རྒྱལ་གྱི་མི་སེར་ཞིག་ཡིན་ཆོག་པ་བོད་ཀྱི་རྩ་ཁྲིམས་ན་གཏན་འབེབས་བྱས་ཡོད་པའི་སྐད་ཆ་ཞིག་ཡོད་པ་རེད་ཟེར་བ་དང་། ད་བར་དུ་རྒྱ་བོད་འབྲེལ་མོལ་གྱི་བོད་གཞུང་གི་སྐུ་ཚབ་རྣམ་པ་རྒྱ་ནག་ཏུ་ལག་འཁྱེར་ཅི་ཞིག་གི་ཐོག་ནས་ཇི་ལྟར་ཕེབས་ཀྱི་ཡོད་པའི་གནས་ཚུལ་དེ་ཚོ་གསལ་བོ་ཞིག་བཟོ་བའི་རེ་བ་བརྒྱག་གི་ཡིན། ཞོར་དུ་ཞུ་རྒྱུ་ཞིག་ལ། རབ་གསལ་ལགས་ཀྱིས་འདིའི་ཐད་ནས་མང་ཚོགས་ལ་གནས་ཚུལ་གསལ་བོ་སྤྲད་བྱུང་བར་སེམས་སུ་དགའ་སྤྲོས་བརྟས་ཡོད། ཨ་རིག་དགེ་མཐོང་ཞེས་དྲ་གྲོགས་རྙིང་པ་རྩེད་དགའ་ཅན་དང་ལྷག་བསམ་ཅན་ཁྱེད་ཀྱིས་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ།

  77. jo lak says:
    2011-02-24 at 10:47 am

    བློ་སེང་། གོ་ཐོས་དེ་སྔོན་ཨ་རིར་མ་བསྐྱོད་གོང་རྒྱ་གར་དུ་ཡོད་སྐབས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ལས་བྱས་པ་དེ་ཁོང་གི་བྱས་རྗེས་ཁོངས་གླེང་མ་དགོས་པའམ་ཡང་ན་གླེང་མ་ཕོས་པ་ཅི་ཡིན་ནམ། དེ་ནི་གླེང་གལ་ཤིན་ཏུ་ཆེ་གང་ལ་ཞེ་ན་ད་དུས་འདིར་སྐྱོན་བརྗོད་བྱེད་མཁན་ཚོའི་ལས་ཀའི་མཉམ་མྱོང་(བཙན་བྱོལ་སྤྱི་ཚོགས་)མེད་ཚུལ་ཤུགས་ཆེན་པོ་བྱེད་བཞིན་ཡོད་དེར་ཕན་རྒྱུ་ལས་གནོད་རྒྱུ་ནི་མེད།

  78. དམག་ལོག་ says:
    2011-02-24 at 10:50 am

    བློ་སེང་ལ་རྒྱ་ནག་གི་གཉེན་འཕྲད་ལམ་ཡིན་བླངས་མྱོང་བ་ཙམ་གྱིས་བློ་སེང་རྒྱ་མི་དང་ཕྱི་རྒྱལ་པ་རེད་ན་མིག་རྒྱང་ཧ་ཅང་ཐུང་དྲག་པ་རེད། དེ་བཞིན་བློ་སེང་རྒྱ་ནག་ནང་སོང་ནས་གནས་ཚུལ་རྒྱུས་ལོན་བྱས་པ་ཧ་ཅང་ཡག་པོ་རེད། རྒྱ་ནག་གི་ལམ་ཡིག་ཅིག་གིས་བློ་སེང་ལ་རྒྱ་མི་རེད་ཟེར་ན་སྐྱོན་ཚུག་གི་མི་འདུག བོད་མིའི་ནང་ཁུལ་ལ་དཀྲུག་ཤིང་རྒྱབ་པ་རེད།

  79. Pama tso says:
    2011-02-24 at 1:07 pm

    ཉ་ཉོག་མང་པོ་མ་བཤད། བློ་སེང་གིས་ཕྱི་སྡོད་རྒྱ་མིར་ས་རྟགས་རྒྱབ་ནས་ཕྱིན་པ་དེ་རྒྱལ་ཞེན་དང་། མི་རིགས་ལ་རུས་འདང་ཅི་ཙམ་ཡོད་མེད་གསལ་སྟོན་བྱས་ནི་རེད། གནད་དོན་འདིས་ང་ཚོས་ཅི་ཞིག་མཐོང་ཐུབ་ཀྱི་འདུག་ལབ་ན། ཁོང་གི་བཀའ་ཁྲིར་ལངས་འདོད་ཀྱི་ཀུན་སློང་གི་ཟབ་ཚད་རྟོག་ཐུབ་ལ། དེས་སྟེང་ནས་འགན་ག་ཚོད་ཁྱེར་ཡོད་མེད་གསལ་བཤད་བྱས་ནི་རེད། གལ་སྲིད་འགན་དེ་འདྲ་ཞིག་བསྣམས་མཁན་ཞིག། དངོས་གནས་བཀའ་ཁྲིར་སླེབས་པ་ཡིན་ན། ཕྱག་ལས་ག་འདྲ་གནང་རྒྱུ་རེད་དམ། དེ་གཙོ་བོ་རེད།

    དེའི་རྐྱེན་སྔོན་མ་འུར་ལངས་དུས། ཅིག་མིན་ནམ་བསམས་སོང་སྟེ། ད་ནི་ཡིད་ཆེས་སྲབ་ཏུ་སྲབ་ཏུ་འགྲོ་གིན་འདུག

  80. མིག says:
    2011-02-24 at 1:31 pm

    མི་ངན་གཅིག་གིས་ལུང་པ་ཕུ་འདབ་དཀྲུགས།
    རྡོ་ངན་གཅིག་གིས་རྩིག་པ་མགོ་འདབ་དཀྲུགས།

    རྒན་རབ་གསལ་ལགས།
    སེང་གེས་གངས་རི་བཟུང་ན་གངས་སེང་དང་།
    སེང་གེ་ནགས་འདབ་འཁོར་ན་ཁྱི་རྒན་རེད།

    རྒྱུ་མཚན་ཡོད་མེད་གང་ལྟར་ཡང་ཁྱོད་ནི་དྲ་རྒྱའི་བདག་པོ་དང་། ང་ཚོའི་དམིགས་དཔེ་ལྟ་ས་གཅིག་ཡིན།
    ཆབ་སྲིད་ཀྱིས་ང་ཚོའི་སེམས་ལ་རྨ་ཁ་མ་གཏོང་རོགས།
    རྒན་རབ་གསལ་རྒྱལ་ལོ།།

  81. ཁ་བརྡ་ཚང་། says:
    2011-02-24 at 1:52 pm

    འདིར་གསལ་བཤད་ཞུ་རྒྱུར། ཁ་བརྡ་དྲ་བའི་མཆན་གྱི་སྟངས་འཛིན་རྣམས་རབ་གསལ་གྱིས་ཞུ་གི་མེད།
    འདི་མཁྱེན་པ་གནང་རོགས། དེས་ན། དྲ་གྲོགས་ནང་ཁུལ་དུ། ཚིག་མཚོན་འདེབས་དང་འཐབ་འཛིང་བྱེད་པ། ཀླན་ཀ་འཚོལ་བ་སོགས་ཀྱི་རིགས་ལ་ཁ་བརྡས་དགའ་བསུ་མི་ཞུ། མཆན་དེའི་རིགས་གཏན་འགོག་ཞུ་གི་ཡིན།

    ཁ་བརྡ་རྩོམ་སྒྲིག་པས།
    http://www.khabdha.org
    khabdha@gmail.com

  82. དཔང་དགའ་སྤྱོད་ says:
    2011-02-24 at 7:56 pm

    ནག་ཤོད་སད་མི་གཏམ་བཤད་དེ་བདེན་པ་རང་རེད།
    རྩོད་ལུགས་འདི་ལ་གཞིག་ན་ཁོང་ཚོ་ཕྱོགས་འཐེན་མ་གཏོགས་འབྱུང་འགྱུར་བོད་དོན་ལ་ཁེ་ཕན་མི་འདུག་ཟེར་ན་འགྲིག་ག
    སྐྱབ་བཅོལ་བོད་མི་ཡོང་ལ་བོད་རྒྱལ་ཁབ་ཀྱི་ལག་ཁྱེར་མེད་པ་ཤེས་གསལ་རེད།
    ཁྱེད་རྣམས་བསམ་བློ་གཞན་དབང་དུ་ཤོར་བ་དེ་ལ་དང་པོ་རང་ཉིད་རང་བཙན་ཐོབ་རྒྱུ་གལ་ཆེན་པོ་རེད་བཞག

  83. ལོ་ལོན་། says:
    2011-02-24 at 9:17 pm

    ལས་ཀ་བྱེད་ས་དང་། ཟ་ཁང་དང་། ཆང་ཁང་། དཔེ་ཁང་། སྲང་ལམ་མ་འགྲིམས་འགྲིལ་སྐབས་། དུས་རྒྱུན་གོ་རྒྱུ་ཡོད་པ་དྲིབ་འདི་རེད་། ཁྱོད་རང་རྒྱ་མི་ཡིན་ནམ། ཞེས་བས་དྲི་བ་འདི་རེད་ལ་། འདི་ཆེས་གོ་ན་མི་འདོད་པའི་དྲིབ་ཡང་དེ་རེད། ང་རང་ལ་མཚོན་ན་འདི་སྙིང་ལ་ཁབས་བཙུག་པ་ལྟའི་དྲི་བ་དེ་རེད་། སྐབས་རེར་སེམས་སྐྱིད་པའི་སྐབས་དང་ཁེལ་ནས་འདི་བ་འདི་ཡོང་སྐབས་། མིན་། ང་རྒྱ་མི་ཡིན། རྒྱ་མི་ངའི་དགྲ་ཡིན་ཞེས་བཤད་གིན་ཡོད་།
    འོན་ཀྱང་བློ་སང་གི་ང་རྒྱ་ཡིན་ཞེས་ས་ཡིག་ཀྱོན་པ་དེ་ནི་། བློ་ཡུལ་ལས་འདས་པ་ཞིག་རེད་། ཁོང་ཁྲིམས་དཔྱོད་པ་ཞིག་ཡིན་པས་ཆ་ནས་། ཁོང་མ་འོང་བོར་བོད་མི་དབུ་ཁྲིད་ལ་བསྙེགས་མཁན་ཞིག་ཡིན་པས་ཆ་ནས་། ད་ནི་ངས་ང་ཚོར་དབུ་ཁྲིད་དེ་ཕྱི་བསྡོད་རྒྱ་མི་ཞིག་མི་འོང་བས་ངེ་བ་མེད་། ད་བྱས་ན་བློ་སང་གི་ཁོང་ཨ་རིས་མི་སེར་མིན་པ་དེ་ཡང་མ་རགས་པ་ཡིན་པས་ལས་མ་བླང་མིན།

  84. ལ་རྒྱའི་བདག་པོ། says:
    2011-02-24 at 9:18 pm

    དྲ་གྲོགས་ཚོས་ཕན་ཚུན་ཇི་ལྟར་བརྩད་ཀྱི་རྩོད་ཐག་ཆོད་ས་མ་རེད།གླེང་ཆའི་བརྗོད་གཞི་ངོ་མ་ཟུར་དུ་བཞག་ནས་འབྲེལ་མེད་ཀྱི་གནས་ཚུལ་མང་པོ་བསླངས་ཡོང་གི་འདུག་འདིར་གླེང་སློང་བྱ་རྒྱུ་གཙོ་བོ་ནི།དགེ་རབ་མིན་ལ།འཇམ་ནོར་ཡང་མིན།འདིར་བློ་སེང་རྒྱ་ནག་ཕྱིན་པའི་སྐོར་རེད།དེའི་ཐོག་ལ་གནས་ཚུལ་ཡོད་ན་བགྲོ་གླེང་གནང་དང་
    ༡༽ཐོག་མ་བློ་སེང་རྒྱ་ནག་ཕྱིན་པའི་དམིགས་ཡུལ་དང་།
    ༢༽བར་དུ་སྦྱོར་བ་དངོས་རྒྱ་ནག་དུ་བྱ་བ་གང་བརྩམས་འདུག་གམ།
    ༣༽ཕྱིར་ལོག་ནས་གྲུབ་འབྲས་ག་རེ་འཁྱེར་རྒྱུ་འདུག་གམ།
    ༤༽ཁོང་རྒྱ་ནག་མ་འགྲོ་གོང་ལ་ཟམ་གདོང་ཚང་དང་དོན་གཅོད་ལ་བརྗོད་པ་བདེན་པ་ཡིན་མོད།ཁོང་གི་སྤྱི་ལྷན་ནས་གཏན་འབེབས་གནང་བའི་འགེངས་ཤོག་དེ་བཀང་ཡོད་དམ་མེད།
    ༥༽ད་ལྟ་ཁོང་བཀའ་ཁྲིའི་གནས་བབ་ཀྱི་ཐོག་ནས་གནད་དོན་འཚབ་ཆེན་ཡིན་མིན།
    ༦༽བོད་མི་ཆབ་སྲིད་ལས་འགུལ་བ་ཞིག་རྒྱ་ནག་ལ་འགྲོ་ཐུབ་རྒྱུ་དཀའ་བས་ཁོང་རྒྱ་ནག་འགྲོ་ཐུབ་པའི་རྒྱུ་རྐྱེན་དང་མཐུན་རྐྱེན་སུས་བསྐྲུན་མིན།
    ༧༽ཕྱིར་སྡོད་ཀུྲང་གོའི་མངའ་ཁོངས་ཀྱི་ལག་དེབ་འཁྱེར་བ་ཙམ་གྱི་གནད་དོན་མ་རེད།ལག་དེབ་དེ་འདྲ་འཁྱེར་བ་དེས་བློ་སེང་གི་ལྟ་བ་དང་ལངས་ཕྱོགས་དང་ཞིབ་བསྡུར་བྱས་ན་དགེ་སྐྱོན་གང་ཡོད་དཔྱད་དགོས་པ།
    ༨༽གོང་གི་རྩོམ་ཡིག་དེར་གཞིགས་ན་བརྗོད་གཞི་གཙོ་བོ་ནི་བློ་སེང་གིས་འཇམ་ནོར་དང་ལྷ་ཚེ་གཉིས་ཕྱིར་སྡོད་རྒྱ་མིའི་ལག་དེབ་འཁྱེར་ཚུལ་བརྗོད་ནས་ཐག་ཞོར་འབྲེང་འདྲུད་བྱས་པ་དེ་གོང་གི་ཁོ་གཉིས་སྒྲ་ཐག་ནང་གི་གསལ་བཤད་ལས་གཙང་མ་ཆགས་པས་བུ་མོ་ཟླ་བ་བློ་སྐྱིད་ཀྱི་ལས་འགན་བསྒྲུབས་པ་རེད།

  85. ལོ་ལོན་། says:
    2011-02-24 at 9:19 pm

    ་་སྐབས་རེ་སེམས་མ་སྐྱིད་པའི་སྐབས་དང་ཁེལ་དུས་་་ཞེས་བཅོས་རོགས

  86. BBC says:
    2011-02-24 at 10:28 pm

    ་་་་་་་་་་་་་་་་་་་་་་་་་་་་་་་་་་་ལ་རྒྱའི་བདག་པོའི་དྲི་བ་ཁག་ལ་ལན་བཏབ་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    ༡༽དྲི་བ། ཐོག་མ་བློ་སེང་རྒྱ་ནག་ཕྱིན་པའི་དམིགས་ཡུལ་གང་ཡིན། ལན། བློ་སེང་རྒྱ་ནག་ལ་ཕྱིན་པའི་དམིགས་ཡུལ་ནི་རྒྱ་ནག་གི་སློབ་ཕྲུག་ངོ་ཤེས་ཚོ་བརྒྱུད་རྒྱ་ནག་མི་དམངས་གང་མཚམས་ཤིག་ལ་བག་ཆགས་ཡག་པོ་ཞིག་བཞག་ནས་མ་འོངས་པར་རྒྱ་ནག་གི་ཨ་བྷ་མ་བྱེད་འདོད་ཡིན་པའམ་མ་མཐར་དངུལ་ཏོག་ཙམ་རག་ན་སྙམ་པ་ཡིན། གལ་ཏེ་བོད་ལ་ཕན་པའི་སྐད་ཆ་ཤོད་པར་ཕྱིན་ཡོད་ཚེ་འཛམ་གླིང་གསར་འགྱུར་ཐོག་ཡོངས་གྲགས་ཆགས་རྒྱུ་ཡིན་པ་དང་། ཁོ་པ་ཉིན་བཅུ་བཞི་རྒྱ་ནག་ཏུ་སྡོད་རྒྱུ་ཕར་ཞོག་ཉིན་ཤས་ནང་ཧོང་ཀོང་བརྒྱུད་ཕྱིར་འབུད་བྱེད་རྒྱུ་གདོན་མི་ཟ་བ་ཞིག་རེད། དཔེར་ན། བཀྲས་མཐོང་དབང་པོ་ལགས་དང་། མཐས་མཐོང་ལྷ་སྒྲོན་ལགས། བོད་ལ་དགའ་བའི་ཕྱི་རྒྱལ་བ་རྣམས་བཞིན་ནོ།
    ༢༽དྲི་བ། བར་དུ་སྦྱོར་བ་དངོས་རྒྱ་ནག་དུ་བྱ་བ་གང་བརྩམས་འདུག་གམ།
    ལན། འདི་གསང་བ་རེད། བློ་སེང་རང་ཉིད་དང་རྒྱ་ནག་གཞུང་མ་གཏོགས་སུས་ཀྱང་ཤེས་དཀའ། གལ་ཏེ་ཤེས་པའི་དབང་དུ་བཏང་ཀྱང་། ཕྱི་ཡི་སྣང་ཚུལ་ཁོ་ན་ལས་ནང་གི་དོན་ངོ་མ་ཤེས་ཀྱི་མ་རེད།
    ༣༽དྲི་བ། ཕྱིར་ལོག་ནས་གྲུབ་འབྲས་ག་རེ་འཁྱེར་རྒྱུ་འདུག་གམ། ལན། ཕྱིར་ལོག་སྐབས་གྲུབ་འབྲས་ནི་གཅིག་བྱས་ན་དངུལ་ཏོག་ཙམ་འཁྱེར་ཡོད་སྲིད། དེ་མིན་རྒྱ་ནག་གི་ཡུལ་འཁོར་དེ་སྐྱིད་པོ་བྱུང་ཡོད་ཀྱང་སྲིད། འོན་ཀྱང་བོད་ལ་ཕན་པའི་བྱ་བ་ཞིག་ཕལ་ཆེར་ཡོད་མི་སྲིད།
    ༤༽དྲི་བ། ཁོང་རྒྱ་ནག་མ་འགྲོ་གོང་ལ་ཟམ་གདོང་ཚང་དང་དོན་གཅོད་ལ་བརྗོད་པ་བདེན་པ་ཡིན་མོད།ཁོང་གི་སྤྱི་ལྷན་ནས་གཏན་འབེབས་གནང་བའི་འགེངས་ཤོག་དེ་བཀང་ཡོད་དམ་མེད། ལན། འདི་ཕལ་ཆེར་བཀངས་མེད། གལ་ཏེ་བཀངས་ཡོད་ན་ས་རིན་ཐང་གསལ་དང་ནམ་ལངས་ཉི་ཤར་མ་ཡིན་ནམ།
    ༥༽དྲི་བ། ད་ལྟ་ཁོང་བཀའ་ཁྲིའི་གནས་བབ་ཀྱི་ཐོག་ནས་གནད་དོན་ཚབ་ཆེན་ཡིན་མིན། ལན། བཀའ་ཁྲིའ་འོས་མི་ཞིག་ལ་མཚོན་ན་འདི་ཆབ་སྲིད་ཀྱི་ཐོག་ནས་ཆ་ཧང་གི་ཚབས་ཆེན་དང་། དེ་ལས་ཀྱང་ཚབས་ཆེ་བ་ནི་བཀའ་ཁྲི་ཆགས་རྗེས་ཀྱི་ཉེན་ཁ་དེ་རེད།
    ༦༽དྲི་བ། བོད་མི་ཆབ་སྲིད་ལས་འགུལ་བ་ཞིག་རྒྱ་ནག་ལ་འགྲོ་ཐུབ་རྒྱུ་དཀའ་བས་ཁོང་རྒྱ་ནག་འགྲོ་ཐུབ་པའི་རྒྱུ་རྐྱེན་དང་མཐུན་རྐྱེན་སུས་བསྐྲུན་མིན། ལན། དྲི་བ་འདིར་ཆོ་དེ་ཙམ་མེད། གང་ཡིན་ཞེ་ན། བོད་ཀྱི་ཆེད་ལས་ཀ་བྱེད་མཁན་རྣམས་རྒྱ་ནག་ལ་ཐར་ཁག་པོ་དང་། ཕྱིན་པའི་དབང་དུ་བཏང་ཀྱང་ཉིན་ཤས་ནང་ཕྱིར་འབུད་བྱེད་ཀྱི་རེད། མ་ཟད་ཁ་བྲལ་རིང་ལུགས་པ་ཞིག་རྒྱ་ནག་གི་སློབ་གྲྭ་ཆེན་མོའི་ནང་གཏམ་བཤད་བྱེད་འཇུག་གི་རེད་དམ། ཞེས་པའི་དྲི་བ་འདི་ཕར་དྲི་དགོས་པ་ཞིག་རེད། དེ་འདྲ་སོང་ཙང་ཁོང་རྒྱ་ནག་ལ་ཕྱིན་པ་དེ་སྒེར་དོན་དང་རྒྱ་དོན་ཟུང་འབྲེལ་རེད།
    ༧༽དྲི་བ། ཕྱིར་སྡོད་ཀུྲང་གོའི་མངའ་ཁོངས་ཀྱི་ལག་དེབ་འཁྱེར་བ་ཙམ་གྱི་གནད་དོན་མ་རེད།ལག་དེབ་དེ་འདྲ་འཁྱེར་བ་དེས་བློ་སེང་གི་ལྟ་བ་དང་ལངས་ཕྱོགས་དང་ཞིབ་བསྡུར་བྱས་ན་དགེ་སྐྱོན་གང་ཡོད་དཔྱད་དགོས་པ། ལན། ཕྱིར་སྡོད་ཀུྲང་གོའི་མངའ་ཁོངས་ཀྱི་ལག་དེབ་འཁྱེར་བ་འདི་བློ་སེང་ཙམ་མ་ཟད་བོད་མི་སུས་འཁྱེར་ཀྱང་ཆབ་སྲིད་ཀྱི་ལངས་ཕྱོགས་ནས་བཤད་ན་ཕམ་ཉེས་ཤིན་ཏུ་ཆེན་པོ་དང་། བོད་ཀྱི་བདེན་དོན་ལ་རྩིས་མེད་བཏང་བ་མཚོན་གྱི་ཡོད། གང་ཡིན་ཞེ་ན། ཕྱིར་སྡོད་བོད་མི་རྣམས་ཕྱིར་སྡོད་ཀྲུང་གོ་བ་ཡིན་ན། བོད་པའི་ས་ཆ་དེ་ཡང་ཀྲུང་གོའི་ས་ཆ་ཡིན་པ་དོན་གྱིས་ཁས་བླངས་པ་རེད། རྒན་ལ་རྒྱའི་བདག་པོ་ལགས། རྒྱུགས་འཕྲོད་འདུག་ན་བརྒྱ་ཆ་སྤྲོད་རོགས་རོགས།

  87. བྱ་རྒོད་རྒྱལ་པོ། says:
    2011-02-24 at 11:12 pm

    ངའི་བཀའ་ཁྲིའི་འོས་ཤོག་དེ་ད་ལྟ་ཕོར་པའི་ནང་ཤོ་དཀྲུགས་པ་ནང་བཞིན་ཁྱེད་ཚོས་དཀྲུགས་བསྡད་ཤག ད་ཕན་དུའང་ཡག་པོ་དཀྲུགས་རོགས། དུས་ཚོད་ཟིན་པ་དང་ཕོར་པ་ས་རུ་བསྡབ་དུས་སུ་འདོན་ཧ་གོ་རྒྱུ་རེད།

  88. རྒྱ་གར་རྨ་བྱ། says:
    2011-02-24 at 11:47 pm

    སྒེར་དམོད་མཚམས་བཞག་ནས་འདི་ལྟར་སྙིང་རྗེ་པོར་གླེང་ན། དྲ་རྒྱའི་རང་མདངས་མཛེས་སུ་འགྲོ་ཁར་ཀློག་འདོད་ཀྱང་ངང་གིས་འཕེལ་བཞིན་འདུག ཐུགས་རྗེ་ཆེ། ལ་བདག་དང་བཱི་སཱི་ཨཱེ་ལགས།

  89. ལ་རྒྱའི་བདག་པོ། says:
    2011-02-25 at 12:50 am

    དྲ་གྲོགས་BBCལགས་བཀྲིས་བདེ་ལེགས།
    གུས་གཉིས་དྲི་བ་དྲིས་ལན་དེར་རྒྱུག་སྤྲོད་ཀྱི་ཚུལ་དུ་སྐར་གྲངས་འབུལ་བ་ཡིན་ན།སྤྱིའི་ཡོངས་ནས་ཁྱེད་ཀྱིས་དཔྱད་ཞིབ་གཏིང་ཟབ་དང།ལུང་རིགས་ཀྱི་རྒྱུ་མཚན་ཡོད་པ།དག་སྡེབ་ལེགས་པ།བཅས་འདུག་པས་གུས་པས་བརྒྱ་ཆ་༧༠འབུལ་ལམ་ཞུ་རྒྱུ་ཡིན།
    ད་དུང་བརྒྱ་ཆ་༣༠ནང་ནས་བརྒྱ་ཆ་༡༠ང་ཚོ་སུས་ཀྱང་ཤེས་རྟོགས་དཀའ་ལ་དཔྱད་པ་བྱ་ཐབས་བྲལ་བའི་གསང་བའི་གནས་ཚུལ་ཐབས་སྡུག་དེ་འདྲ་ཡོད་སྲིད་ལ།དེ་མིན་བརྒྱ་ཆ་༢༠དེར་དྲ་གྲོགས་གཞན་རྣམས་ཀྱིས་ཁ་བསྐོང་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།
    རྗེས་སུ་མཇལ་ཡོང་།

  90. དཀོན་མཆོག་ཆོས་འཕེལ། says:
    2011-02-25 at 1:18 am

    ཁ་བརྡ་རྩོམ་སྒྲིག་པ་དང་རྩོམ་ཡིག་སྤེལ་མཁན། མཆན་བུ་འདོན་མཁན་ཡོངས་སུ་རྫོགས་པར་ཞུ་རྒྱུ་ལ།

    ཉེ་བའི་ཉིན་ཤས་རིང་ངས་རང་མིང་གི་ཕྱེད་ཀ༼ཆོས་འཕེལ༽སྤྱད་ནས་མཆན་བུ་སྤེལ་བ་ཡིན། ད་ཆ་ཁ་བརྡ་རྩོམ་སྒྲིག་པས་དེ་འགྲིག་གི་མི་འདུག ཁྱེད་རང་གི་སྔོན་ལའང་༼ཆོས་འཕེལ་༽ཞུ་བ་ཞིག་ཡོད་སྟབས། ཁྱེད་རང་གཉིས་འཁྲུལ་འགྲོ་གཞི་ཆགས་འདུག མིང་ཟུར་ལ་འགྱུར་བ་ཞིག་གཏོང་གནང་ཡོང་བ་ཞེས་སྦྲན་བྱུང་། དེ་ནི་གོང་བཀུར་ཞུ་དགོས་པ་ཞིག་ཏུ་མཐོང་སྟེ། ད་ནས་ར༼དཀོན་མཆོག་ཆོས་འཕེལ་༽ཞེས་རང་མིང་ཆ་ཚང་བཀོད་ནས་མཆན་སྤེལ་རྒྱུ་ཡིན། འདི་མཁྱེན་རྟོགས་ཡོང་བའི་རེ་བ་བྱེད་ཀྱི་ཡོད།

    ངའི་སྔོན་ལ་ཕེབས་མཁན་ཆོས་འཕེལ་ལགས་ཀྱི་མིང་དེ་ངས་རང་འཚམ་བེད་སྤྱོད་བཏང་བ་མིན། མི་རིག་འདྲ་ཡོད་ན་དགོད་སྤྱད།། རྟ་རིག་འདྲ་ཡོད་ན་འཁོན་སྤྱད།། ཟེར་བ་ཅིས་མི་བདེན། ད་ནི་མིང་རིག་འདྲ་ཡོད་ན་འཁོན་སྤྱད་ཆགས་གྲབས་འདུག གང་ལྟར། ཁ་བརྡ་ཚང་གིས་གསལ་བཤད་དང་ལམ་སྟོན་གནང་བ་ལ་ཐུགས་རྗེ་ཆེ་ཞུ། ཆོས་འཕེལ་ལགས་ཀྱིས་ཁ་བརྡ་རྩོམ་སྒྲིག་པར་གསལ་བཤད་བསྐྱོན་པར་ཡང་ཐུགས་རྗེ་ཆེ་ཞུ་ཡག་ཡིན།

  91. དཀོན་མཆོག་ཆོས་འཕེལ། says:
    2011-02-25 at 1:26 am

    ཁ་བརྡ་རྩོམ་སྒྲིག་པ་ལགས།

    ད་ངའི་མིང་འདི་ལ་འཁྲུལ་གཞི་ཨེ་འདུག ཡོད་ན་ཕ་ཡུལ་གྱི་མིང་སྦྱར་ཆོག་གི་རེད། ངའི་གསལ་བཤད་འདི་དྲ་བའི་མདུན་ངོས་ནས་ཉིན་གཅིག་གཉིས་རིང་འཆར་བ་ཞིག་གནང་ཆོག་གམ། དེ་ནས་འཁྲུལ་གཞི་ཡོད་མེད་ཧ་གོ་གི་རེད་འདོད། ཐུགས་རྗེ་ཆེ།

  92. ཁ་བརྡ་ཚང་། says:
    2011-02-25 at 1:47 am

    དཀོན་མཆོག་ཆོས་འཕེལ་ལགས།
    ཁྱེད་ཀྱི་མིང་ལ་འཁྲུལ་གཞི་ཡོད་མ་རེད་། མུ་མཐུད་དུ་མཆན་སྤེལ་རོགས།

    ཁ་བརྡ་རྩོམ་སྒྲིག་པས།
    http://www.khabdha.org
    khabdha@gmail.com

  93. གངས། says:
    2011-02-25 at 4:56 am

    BNN

  94. ནགས་ཤོད་སད་མི། says:
    2011-02-25 at 5:00 am

    མཆན་འདེབས་པ་ཡོངས་ལ་འབོད་སྐུལ། ང་ཚོས་སོ་སོའི་བསམ་ཚུལ་གང་ཡོད་ཀྱི་མགོ་འཛུགས་ས་
    དང་གོམ་པ་རྒྱག་ས་དེ ( བོད་ཕྱོགས་དང་རྒྱ་ཕྱོགས ) ཞེས་པ་གཞི་ལ་བཞག་ནས་
    སོ་སོ་རང་ཉིད་ཀྱི་བསམ་ཚུལ་དང་རིག་པ་སྤུངས་པ་དགོས་པ་མ་གཏོགས། ཡ་ང་དགོས་པའི་གུ་དོག་
    རིང་ལུགས་ཀྱི་བསམ་བློ་ཁུར་ནས་ཉེས་འཛུགས་དང་མིང་ཤས་སྣ་ཚོགས་བཟོ་ཨེ་ཐུབ་ལྟ་བ་ནི་ཅི་འདྲའི་
    ལས་ངན་ཞིག་རེད།

  95. ཆོས་འཕེལ says:
    2011-02-25 at 5:05 am

    གྲོགས་པོ་དཀོན་མཆོག་ཆོས་འཕེལ་ལགས། ཐུགས་རྗེ་ཆེ། ཁྱེད་ཀྱི་མཛད་ཚུལ་དང་། ཁ་བརྡ་དྲྭ་བས་སྟང་འཛིན་བྱེད་ཚུལ་གཉིས་ཆར་འཛམ་གླིང་གི་འགྲོ་ལུགས་དང་མཐུན་ཞིང་། ཁྱེད་ཀྱིས་ངོས་ལེན་བྱེད་ཚུལ་དེ་ཡང་། ཡར་ཐོན་ཅན་གྱི་གསར་ཚར་མཁྱེན་ཡོན་ཅན་གྱི་ལུགས་དང་མཐུན་པར་འདུག་པས། བོད་མའི་སྤྱི་ཚོགས་ནང་ནས་ཀྱང་མིའི་རྗེས་སུ་གོམས་པ་སྤོས་མགོ་བརྩམས་པར་ངོས་འཛིན་ཞུ་རྒྱུ་བཅས། ཆོས་འཕེལ་གྱིས།

  96. དཀོན་མཆོག་ཆོས་འཕེལ། says:
    2011-02-25 at 5:36 am

    ཁ་བརྡ་རྩོམ་སྒྲིག་པ་དང་ཆོས་འཕེལ་གཉིས་ཀས་མཁྱེན་རྟོགས་བྱུང་འདུག་པས་བློ་བདེ། ཡར་ཐོན་ཟེར་ན་མི་ཤེས་ཏེ། ང་ཚོས་དོན་མེད་འཁྲུལ་གཞི་ཡོང་བཟོའི་རིགས་འདི་འདྲ་སོ་སོ་རང་ངོས་ནས་གཙང་མ་བཟོ་ཐུབ་དགོས་པ་ཞིག་ཏུ་མཐོང་གི་ཡོད། ཆོས་འཕེལ་ལགས་ཀྱང་བློ་བདེ་ཡོད་ཚོད། ད་འགྲིག་སོང་།

  97. goshu says:
    2011-02-25 at 7:58 am

    བློ་བཟང་སེངྒེ་ལགས་ཀྱི་ལག་དེབ་དཀར་པོ་ཁྱེར་ནས་རྒྱ་ནག་ཏུ་འགྲོ་བ་དེ་ཉེས་པ་ཆེ་རབ་བཤད་མཁན་གྱི་བུ་མོ་ཟླ་བ་ལགས་ཀྱི་ཕུག་རེ་དེ་ལ་ངོ་མཚར་ཆེ་བའི་རྒྱབ་ལྗོངས་ཞིག་ཡོད་པ་རེད་བསམ་གི་འདུག དེ་ཚོ་ཡར་དྲན་དུས་དགོད་ཡང་ཤོར་གི་འདུག་ བློ་སེང་དེང་དུས་ཀྱི་གཞོན་སྐྱེས་ཁྲོད་ནས་བཀའ་བློན་གྱི་ལྡིང་ཆ་ཁ་ལ་འགྱིངས་ཐུབ་པའི་བོད་ཀྱི་གཟི་བརྗིད་ཅན་གྱི་མི་སྣ་གཅིག་པུ་དེ་རེད། གཞོན་སྐྱེས་ཚོས་ཁྲོད་ནས་ཁོས་མཐོ་སློབ་འགྲིམ་པའི་ཆོད་སེམས་དང་ཡོན་ཏན་དང་བཀའ་དྲིན་རྗེས་དྲན་ཞུ་བ་ལས་ཁྱད་གསོད་བྱེད་པ་འདི་རྒྱ་ནག་ལ་དགོས་པའི་བྱ་བ་ལས་ང་ཚོ་བོད་ལ་དགོས་པའི་ལས་ཀ་ཞིག་དང་བྱ་བ་ཞིག་མ་ཡིན་པ་གསལ་པོ་ཡིན་པས་དོན་མེད་ཕན་པ་ལས་གནོད་པ་ཆེ་བའི་བྱ་བ་འདིའི་རིགས་མ་བྱས་ན་ཕན་པ་ཆེ་བ་ཀུན་གསལ་ཡིན་པས་ད་ཕྱིན་དོན་མེད་ནང་ཁུལ་གྱི་འགྲན་རྩོད་འདི་གལ་ཆེན་པོ་མཐོང་གི་མི་འདུག་པས་འཇོག་གནང་རོགས། ང་ལྟ་བུ་ལ་ཆ་མཚོན་ན་བཀྲས་མཐོང་ལགས་ཧ་ལས་པའི་མི་གཟི་བརྗིད་ཅན་ཞིག་ཏུ་བརྩི་གི་ཡོད། མི་ཚོས་ག་ཚད་བཤད་ན་ངས་བཀྲས་མཐོང་ལགས་མི་མ་རབས་ཞིག་རྩ་བ་ནས་མཐོང་གི་མེད། བཀྲས་མཐོང་ལགས་སྔ་མོ་སྐས་རིམ་ཡས་འཛེགས་ཀྱི་བཀའ་བློན་བར་དུ་ཕྱག་ལས་ཚང་མ་གནང་ཟིན་པའི་མི་བྱས་རྗེས་ཅན་ཞིག་རེད། ད་མ་འོངས་པར་གཞོན་སྐྱེས་ཞིག་ལ་རྩིས་སྤྲོད་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་ཡོད། ཁོང་ད་ལྟ་འོས་ཁོངས་སུ་ཞུགས་པ་དེ་གལ་ཆེན་པོ་རེད། ང་ཚོའི་ཁོང་ཚོའི་གནས་ཚུལ་གསལ་པོ་ཤེས་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོ་དུས་ཚོད་གྲོན་བྱེད་དང་ནང་ཁུལ་གྱི་འགལ་ཟླ་་འདྲ་བ་འདི་བཟོ་ནས་ཕན་ཐོགས་མེད་པ་གསལ་པོ་ཡིན་པས་དོན་མེད་མི་སེམས་དཀྲུགས་པའི་བྱ་མང་འདི་མི་མཛད་པར་ཞུ། གུ་ཡངས་ཀྱི་ལྟ་བ་ཁུར་མཁན་ཞིག་གིས་རྩོད་པ་བྱས་ན་འགྲིགས་ཅིང་དེང་དུས་ད་དུང་ཡང་ལྟ་བ་མཁྲེགས་པོ་ལབ་ཚད་ལ་བདེན་པར་འཛིན་མཁན་རྣམས་ཀྱི་བསམ་བློའི་ནང་དུ་མི་བདེ་བ་མང་པོ་ཞིག་ཡོང་གི་འདུག་པས་ད་ཕྱིན་བོད་པ་ལ་ལྷག་བསམ་ཡོད་པའི་མི་ཞིག་ཡིན་ན་དོན་མེད་ཁུངས་ལུང་མེད་པའི་སྐྱོན་འཛུགས་འདིའི་རིགས་རྩ་བ་ནས་མ་བྱེད་རོགས་ཞུ། གལ་སྲིད་སྐྱོན་ངོ་མ་འཛུགས་རྒྱུ་ཡོད་ན་ཁུང་ལུང་ལྡན་པའི་དཔང་རྟགས་མི་མང་གི་མདུན་དུ་སྟོན་དང་གསལ་པོ་བཟོ་ཆོག་པ་རེད། དེ་གལ་ཆེན་པོ་རེད། བླང་དོར་གོ་འཛོལ་བྱ་མི་རུང་བ་རེད། བུ་མོ་ཟླ་བ་སོགས་ལ་གནམ་ལོ་གསར་དུ་བཞད་ལ་ཉེ་བའི་བཀྲིས་བདེ་ལེགས་ཞུ

  98. jamgyal says:
    2011-02-25 at 2:41 pm

    ཟླ་བ་བློ་སྐྱིད་ཚང་ལགས།
    ཨ་རིའི་མི་སེར་ཞུ་དུས་ Original country China ཞེས་ས་རྟགས་འགོད་དགོས་པས་ད་གཟོད་རྒྱ་རིགས་ཨ་རིའི་མི་སེར་བཀྲས་མཐོང་ལགས་ཀྱིས་བོད་གཞུང་གི་བཀའ་བློན་གནང་བ་ཕེབས་པ་འདི་ག་འདྲ་སེ་རེད་། བློ་སེང་ལ་སྐྱོན་བརྗོད་དེ་བློ་སེང་ལ་གྲོགས་སུ་ཤར་བ་འདུག་གོ།

  99. ལ་རྒྱའི་བདག་པོ། says:
    2011-02-26 at 1:17 am

    དྲ་གྲོགས་འཇམ་རྒྱལ་ལགས་བཀྲིས་བདེ་ལེགས།
    དོན་དངོས་ཐོག་ཨ་རིར་སྡོད་མི་ཚང་མི་ཐོག་མར་སྐྱབས་བཅོལ་ལག་འཁྱེར་ལེན་དགོས་པ་དང།
    བར་དུ་དེབ་ལྗང་ཁུ་ལེན་དགོས་པ།
    མཐའ་མར་མེ་སེར་ལག་དེབ་ལེན་གྱི་ཡོད་པ་བཞིན།
    བློ་སེང་ཡང་རིམ་པ་དང་གཉིས་པ་གཉིས་ལེན་ཟིན་ནས།ད་ཆ་རིམ་པ་གསུམ་པ་མི་སེར་ལག་དེབ་ལེན་རྒྱུར་སྙན་ཞུ་ཕུལ་ཟིན་ནས་མི་སེར་ལག་དེབ་ཐོབ་རྒྱུར་གྲྭ་སྒྲིག་ཚང་ཟིན་འདུག་འདུག
    དེ་བཞིན་བཀྲས་མཐོང་གིས་མི་སེར་ལེན་སྟངས་དེ་ཡང་ཨ་རིའི་ནང་གི་བོད་མི་གཞན་ནང་བཞིན་ཡིན་པ་ལས་དེ་ལས་སྤྲོས་པའི་ལེན་སྟངས་མི་འདྲ་བ་ཞིག་ཨེ་ཡོད།

  100. jamgyal says:
    2011-02-26 at 12:08 pm

    ལ་རྒྱའི་བདག་པོ་ལགས།
    ཁྱེད་ཀྱིས་གསུངས་པ་བློ་སེང་ཨ་རིའི་མི་སེར་ལག་དེབ་ལེན་རྒྱུར་སྙན་ཞུ་ཕུལ་ཟིན་པ་ཟེར་ དེ་ཡིན་མིན་མི་ཤེས་ཏེ་ ད་ལྟ་ཨ་རིའི་མི་སེར་མིན་པ་ཡོངས་གྲགས་རེད་། ད་ལྟ་བོད་པ་གཙང་མ་རེད་།
    དེ་ནི་བཀྲས་མཐོང་གིས་མི་སེར་ལེན་སྟངས་དེ་ཡང་ཨ་རིའི་ནང་གི་བོད་མི་གཞན་ནང་བཞིན་
    བྱས་པ་རེད་ཟེར་དེ་ཡིན་ན་རང་ཉིད་དེ་སྔོན་རྒྱལ་ཁོངས་རྒྱ་ནག་བཀོད་ཡོད་པ་ཚང་མས་ཤེས་གསལ་རེད་།
    རྒྱ་རིགས་ཨ་རིའི་མི་སེར་ཞིག་གིས་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་དུ་བསྡམས་པ་འདི་ཅི་འདྲའི་ཡ་མཚན་སྐྱེ་གཞི་ཞིག་རེད་ཁྱེད་བསམ་བློ་ཡག་པོ་ཞིག་ཐོངས་དང་བཀྲས་མཐོང་ཉེས་པ་ཆེ་བ་འདུག་བློ་སེང་ཉེས་པ་ཆེ་བ་འདུག་ བློ་སེང་ཡང་བོད་མི་སྤྱི་མཚུངས་ལྟར་རྒྱ་ནག་ལ་ཕྱིན་པ་རེད་ སྤྱི་དོན་ཆེད་ཕྱིན་པ་རེད་། མ་ཚད་བོད་གཞུང་གིས་ཆོག་མཆན་གནང་བའི་ཕྱི་གསལ་ནང་གསལ་གི་གནས་སྟངས་ཞིག་རེད་འདུག་ བཀྲས་མཐོང་ལགས་ཀྱི་གནད་དོན་རི་འདྲ་བ་ཞིག་རྒྱབ་ཏུ་བཞག་ནས་བློ་སེང་ནག་རྐྱང་བཟོ་སྟངས་འདི་སྐྱུགས་བྲོ་བ་ཞིག་མིན་ན་ཅི་རེད་ལགས། དྲངས་མོར་ཞུ་ན་རྒྱབ་སྐྱོར་བ་ཚོས་གཞན་ཕྱོགས་དེ་ནག་རྐྱང་ཅི་ཙམ་གཏོང་བ་ལས་ལྷག་པ་རང་ཕྱོགས་ལ་གནོད་གི་ཡོད་པ་དེ་ཤེས་དགོས་འདུག་། རང་ཕྱོགས་གི་ཡོན་ཏན་བརྗོད་པ་ལ་བརྟེན་ནས་གཞན་ཕྱོགས་ཟིལ་གྱིས་གནོན་དགོས་པ་ལས་ གཞན་སྐྱོན་ལ་བརྟེན་ནས་རང་ཕྱོགས་རྒྱལ་དགོས་ཡ་འདི་ཉེན་ཁ་ཤིན་ཏུ་ཆེན་པོ་ཞིག་མ་རེད་པས་ལགས།

  101. བྱམས་པ། says:
    2011-02-26 at 6:44 pm

    དྲ་གྲོགས་ནང་ཁུལ་དུ། ཚིག་མཚོན་འདེབས་དང་འཐབ་འཛིང་བྱེད་པ། ཀླན་ཀ་འཚོལ་བ་སོགས་ཀྱི་རིགས་ལ་ཁ་བརྡས་དགའ་བསུ་མི་ཞུ། མཆན་དེའི་རིགས་གཏན་འགོག་ཞུ་གི་ཡིན་ཞེས། ཁ་བརྡ་ཚང་གིས་ཡོངས་ཁྱབ་ཏུ་བསྒྲགས་ཡོད་མོད། མཁས་དབང་བློ་བཟང་སེང་གེ་མཆོག་ལ་ཚིག་མཚོན་དང་ཀླན་ཀ་འཚོལ་བའི་རྩོམ་ཡིག་མང་པོ་ཁ་བརྡའི་དྲ་སྟེང་དུ་ཅི་མི་སྙམ་པར་འཇོག་རྐྱང་བྱེད་པ་འདི་ཁ་བརྡའི་རྩོམ་སྒྲིག་པའི་མིག་རིལ་གཉིས་ཕྱོགས་ཞེན་གདོན་གྱིས་བརླམས་པའི་དུས་སྐབས་ཤིག་ཏུ་ཁེལ་བ་ཡིན་ཚོད་འདུག

  102. བྱམས་པ། says:
    2011-02-26 at 6:47 pm

    ཁ་བརྡ་ཚང་གི་ཁ་བརྡ་འདི་ལ་ཁ་བརྡར་ཉན་མཁན་ཚོས་ཀྱང་དགའ་བསུ་ཞུ་ཐུབ་ཐབས་མི་འདུག དགོངས་པ་མ་ཚོམ།

  103. ལ་རྒྱའི་བདག་པོ། says:
    2011-02-27 at 12:11 am

    དྲ་གྲོགས་བྱམས་རྒྱལ་ལགས།བཀྲིས་བདེ་ལེགས།
    ༡༽སྐུ་ཉིད་ཀྱིས་༼ད་ལྟ་ཨ་རིའི་མི་སེར་མིན་པ་ཡོངས་གྲགས་རེད་། ད་ལྟ་བོད་པ་གཙང་མ་རེད་།༽ཅེས་གསུངས་པར་གཞིགས་ན་ནུབ་ཡོ་རོབ་དང་།ཨོའོ་སེ་ཀྲུའུ་ལེ་ཡ།བྱང་ཨ་རིའི་མངའ་ཁུལ་ལ་གནས་སྡོད་བྱེད་མཁན་བོད་རིགས་ཁྲི་ཚོ་ཁ་ཤས་དེ་བོད་རིགས་གཙང་མ་མ་རེད་གསུངས་ཀྱི་ཡོད་དམ།ལྟ་ཚུལ་དེ་ནི་ནོར་འཁྲུལ་འཚབ་ཆེན་ཞིག་རེད།
    ༢༽བཀྲས་མཐོང་མཆོག་གིས་ཨ་རིའི་མི་སེར་ཡིན་པའི་དབང་དུ་བཏང་ཡང་ཨ་རི་ད་ང་ཚོའི་གཉེན་ལས་དགྲ་མ་རེད།དེས་བོད་ཀྱི་རྩ་དོན་ལ་གནོད་གཞི་གང་ཡང་མེད།བློ་སེང་རྒྱ་ནག་ལ་ཕྱིན་པ་ཙམ་གྱི་ནོར་འདུག་ཅེས་བརྗོད་ཀྱི་བརྗོད་མཁན་ཞིག་མིན།ཡིན་ནའང་ཇི་ལྟར་བསྐྱོད་པ་དང་།ཅིའི་ཕྱིར་བསྐྱོད་པ།རྒྱུ་མཚན་གང་གི་ཕྱིར།ཕྱིར་སྡོད་རྒྱ་མིའི་ལག་འཁྱེར་བ་དེ་བློ་སེང་གི་ལངས་ཕྱོགས་དང་ལྟ་བ་དང་མཐུན་མིན་དཔྱད་དགོས་ཟེར་མཁན་ཞིག་ཡིན།
    ༣༽གལ་ཏེ་བློ་སེང་སྒེར་ངོས་ཀྱི་ལྟ་བ་དབུ་མའི་ལམ་ལ་ཡིད་ཆེས་ངེས་སྙེད་ཀྱི་ཤར་བསྐྱོད་བྱེད་མཁན་ཞིག་ཡིན་ན་དེ་ནི་ནོར་འཁྲུལ་ཆེ་བ་མ་རེད།དེ་མིན་བློ་སེང་སྒེར་གྱི་རང་བཙན་གྱི་ལྟ་བ་དང་ལངས་ཕྱོགས་བཟུང་ན་དེ་ནི་འཇམ་ནོར་གྱིས་གསུངས་པ་བཞིན་ནོར་འཁྲུལ་ཆེན་པོ་རེད།ལྷག་པར་བཀའ་ཁྲིའི་འོས་མི་ཞིག་གི་ངོས་ནས་ནོར་འཁྲུལ་དེ་བས་ཆེ་བ་རེད།

  104. ལ་རྒྱའི་བདག་པོ། says:
    2011-02-27 at 12:11 am

    དྲ་གྲོགས་བྱམས་རྒྱལ་ལགས།བཀྲིས་བདེ་ལེགས།
    ༡༽སྐུ་ཉིད་ཀྱིས་༼ད་ལྟ་ཨ་རིའི་མི་སེར་མིན་པ་ཡོངས་གྲགས་རེད་། ད་ལྟ་བོད་པ་གཙང་མ་རེད་།༽ཅེས་གསུངས་པར་གཞིགས་ན་ནུབ་ཡོ་རོབ་དང་།ཨོའོ་སེ་ཀྲུའུ་ལེ་ཡ།བྱང་ཨ་རིའི་མངའ་ཁུལ་ལ་གནས་སྡོད་བྱེད་མཁན་བོད་རིགས་ཁྲི་ཚོ་ཁ་ཤས་དེ་བོད་རིགས་གཙང་མ་མ་རེད་གསུངས་ཀྱི་ཡོད་དམ།ལྟ་ཚུལ་དེ་ནི་ནོར་འཁྲུལ་འཚབ་ཆེན་ཞིག་རེད།
    ༢༽བཀྲས་མཐོང་མཆོག་གིས་ཨ་རིའི་མི་སེར་ཡིན་པའི་དབང་དུ་བཏང་ཡང་ཨ་རི་ད་ང་ཚོའི་གཉེན་ལས་དགྲ་མ་རེད།དེས་བོད་ཀྱི་རྩ་དོན་ལ་གནོད་གཞི་གང་ཡང་མེད།བློ་སེང་རྒྱ་ནག་ལ་ཕྱིན་པ་ཙམ་གྱི་ནོར་འདུག་ཅེས་བརྗོད་ཀྱི་བརྗོད་མཁན་ཞིག་མིན།ཡིན་ནའང་ཇི་ལྟར་བསྐྱོད་པ་དང་།ཅིའི་ཕྱིར་བསྐྱོད་པ།རྒྱུ་མཚན་གང་གི་ཕྱིར།ཕྱིར་སྡོད་རྒྱ་མིའི་ལག་འཁྱེར་བ་དེ་བློ་སེང་གི་ལངས་ཕྱོགས་དང་ལྟ་བ་དང་མཐུན་མིན་དཔྱད་དགོས་ཟེར་མཁན་ཞིག་ཡིན།
    ༣༽གལ་ཏེ་བློ་སེང་སྒེར་ངོས་ཀྱི་ལྟ་བ་དབུ་མའི་ལམ་ལ་ཡིད་ཆེས་ངེས་སྙེད་ཀྱི་ཤར་བསྐྱོད་བྱེད་མཁན་ཞིག་ཡིན་ན་དེ་ནི་ནོར་འཁྲུལ་ཆེ་བ་མ་རེད།དེ་མིན་བློ་སེང་སྒེར་གྱི་རང་བཙན་གྱི་ལྟ་བ་དང་ལངས་ཕྱོགས་བཟུང་ན་དེ་ནི་འཇམ་ནོར་གྱིས་གསུངས་པ་བཞིན་ནོར་འཁྲུལ་ཆེན་པོ་རེད།ལྷག་པར་བཀའ་ཁྲིའི་འོས་མི་ཞིག་གི་ངོས་ནས་ནོར་འཁྲུལ་དེ་བས་ཆེ་བ་རེད།

  105. ལ་རྒྱའི་བདག་པོ། says:
    2011-02-27 at 12:13 am

    ༤༽དྲ་གྲོགས་བྱམས་པ་ལགས་སུ་ཞུ་རྒྱུར།ང་ཚོས་བོད་ཀྱི་ཕྱིས་བྱུང་གི་བདེ་སྡུག་དང་ལས་དབང་དང་འབྲེལ་བ་ཡོད་པའི་བཀའ་བློན་ཁྲི་པའི་འོས་མིར་དགེ་སྐྱོན་བརྗོད་ནས་བསྲེག་བཅད་བརྡར་གསུམ་བྱས་པ་དེ་རྩོམ་པ་པོ་དང་རྩོམ་སྒྲིག་པ་གང་གི་དབང་དུ་བཏང་ཡང་ལུགས་མཐུན་རེད།ཁྱེད་ཚོས་ཀྱ་ལུང་རིགས་རྒྱུ་མཚན་དྲངས་ནས་ཁྱེད་ཚོས་འདོད་མོས་མེད་པའི་བཀའ་ཁྲིའི་འོས་མི་རྣམས་ལ་ལུང་རིགས་རྒྱབ་དུ་བཅོལ་ནས་སྐྱོན་བརྗོད་བྱེད་ན་ལུགས་དང་མཐུན་པ་རེད།དེར་སུ་གང་གི་འགྲིགས་མི་འདུག་བརྗོད་ཀྱི་མ་རེད།ཡིན་ནའང་ཁྱེད་ཚོས་དགག་བཞག་གི་ནང་དོན་ཁུངས་ལྡན་མིན་ན་དགག་པའི་དྲག་ཆར་བབ་ངེས་རེད།

  106. རིག་པའི་རལ་གྲི says:
    2011-02-27 at 2:31 am

    དྲྭ་གྲོགས་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། འཛམ་གླིང་རྒྱལ་སྤྱིའི་ཆབ་སྲིད་མི་ཤེས་ལ། བོད་གཞུང་སྐྱབས་བཅོལ་དུ་ཡོད་པའི་སྒྲིགས་གཞི་ཡང་ཞིབ་ཆ་ཤེས་ཀྱི་མེད། འོན་ཀྱང་ང་རང་གི་བསམ་ཚོད་ལྟར་ན་བོད་ཀྱི་ཤ་ཁྲག་ལས་གྲུབ་ཤིང་། བོད་སྐད་རང་སྐྱ་འཕེར་མཁན། བོད་པར་ཁ་ཞེ་གཉིས་མེད་དུ་ཞལ་གྱི་བཞེས་མཁན་ཞིག་ཡོད་ནས་བཟུང་། ལག་ཁྱེར་གང་འདྲ་ཞིག་ཁྱེར་ན་འདྲ། མི་སེར་གང་གི་ཁོང་དུ་ཆགས་ཡིན་ན་འདྲ། བཀའ་ཁྲིར་ལ་ཕེབས་ཆོག་པར་སེམས།
    གལ་སྲིད་ད་ལྟའི་ཆབ་སྲིད་པ་རྣམས་ཀྱིས་བསམ་ཚུལ་ནང་བཞིན་བྱས་ན། བོད་དུ་ཡོད་པའི་བོད་མིར་བཙན་བྱོལ་དུ་གནས་པའི་བོད་གཞུང་གི་ཆ་ཤས་ཏིལ་ཙམ་ཡང་ལེན་མི་ཆོག་པའི་གནས་ཚུལ་ཞིག་བོད་སྐྱབས་བཅོལ་པའི་སྒྲིགས་གཞི་དང་། བོད་སྐྱབས་བཅོལ་དུ་གནས་པའི་བསམ་ཚུལ་དུ་འདུག བོད་ལ་ཡོད་པའི་བོད་མིས། ཨ་རིའི་མི་སེར་གྱིས་བཙན་བྱོལ་བོད་གཞུང་གི་ཆ་ཤས་ལེན་ཆོག་པ་ནང་བཞིན་པ་བཙན་བྱོལ་དུ་གནས་པའི་བཀའ་བློན་ཁྲི་བར་ཞུགས་ཆོག་པ་ཞིག་བྱུང་ན། བཀའ་ཁྲིར་ལོངས་ཆོག་གི་རེད་པས། ཅེས་དཔྱོད་ལྡན་རབ་གསལ་སོགས་། ཁ་བརྡ་ཚང་། དུས་བབ་ཚང་། གསར་འགྱུར་འགོད་མཁན་དང་དྲྭ་གྲོགས་ཡོང་ལ་འདྲི་བཞིན་ཡིན།

  107. དིང་རྡོར་ says:
    2011-02-27 at 3:54 am

    གོང་དྲྭ་གྲོགས་རྣམ་པས་འགན་ཏོག་ཙམ་དང་བརྟག་དཔྱད་གནང་ནས་དཔྱད་གཏམ་སྤེལ་རོགས། རྩོམ་པ་པོ་མཁས་དབང་འཇམ་ནོར་ལགས་ཀྱིས་འཇོན་བཞག་པ་ཡོག་མ་རེད་ཟེར་བ་འདི་ལ་ཁུངས་ག་རེ་ཡོད། ད་ལྟའི་བར་ལ་ལོ་རྒྱུས་ཐོག་བོད་དེ་རང་བཙན་ཡིན་པའི་ཁུངས་སྐྱེལ་ཡིག་ཆ་མང་ཤོས་དང་ཁུངས་དག་ཤོས་དེ་དག་འཇམ་ནོར་ལགས་ཀྱིས་དཔྱད་པ་བྱས་ནས་བྱུང་བ་རེད མ་ཤེས་ན་མི་ལ་སྐྱོན་འཛུགས་མ་བྱེད། ཁོང་གིས་དངོས་ཡོད་བཤད་དུས་བཙན་བྱོལ་བ་གླེན་རྨོངས་འགའ་ཞིག་གིས་མ་རྟོགས་པ་དང་། ཤེས་མཁན་རྣམས་ཕྲག་དོག་བྱས་ནས་མཐར་ཁོང་བཙན་བྱོལ་དུ་ཡང་སྡོད་མི་ཐུབ་པའི་གནས་སྟངས་ཆགས་པ་རེད། དོན་དངོས་ཐོག་ཁོང་ནི་རླབས་ཆེན་གྱིས་སྐྱེ་བུ་ཡིན་པ་སྨོས་མེད་རེད་ལ་ཆབ་སྲིད་ཀྱི་ལྟ་བ་བརྟན་པོ་ཡོད་མཁན་ཞིག་རེད། 

  108. ལ་རྒྱའི་བདག་པོ། says:
    2011-02-27 at 4:05 am

    དྲ་གྲོགས་རིག་པའི་རལ་གྲི་ལགས།བཀྲིས་བདེ་ལེགས།
    གུས་པའི་རྨོངས་ཚོད་བྱས་ན་བོད་ནང་གི་མི་དམངས་ཀྱིས་གདམ་བྱ་འདེམས་བྱེད་ཀྱི་དབང་ཆ་འབུལ་དགོས་སྐོར་ང་ཚོའི་བཅའ་ཁྲིམས་རིན་པོ་ཆེར་བསྐྱར་བཅོས་བྱེད་དགོས་ཡོད།
    གནད་དོན་དེ་སྤྱིར་བཏང་ལག་ལེན་བསྟར་དཀའ་བའི་བྱ་བ་ཞིག་རེད།དེ་ནི་རྙོག་ཕྲའི་སྒམ་ཆུང་ཁ་འབྱེད་པ་མཚུངས་པར་སྙམ།གང་ཡིན་ཞེ་ན།
    གཅིག་ན་གཞིས་བྱེས་བར་ལ་རྒྱ་གཞུང་གི་འགོག་རྐྱེན་ཡོད་པ།
    གཉིས་ནས་བཙན་བྱོལ་གྱི་སྲིད་དོན་འགའ་ཤས་ཀྱིས་དེའི་བར་ནས་གཡོ་སྒྱུའི་འཁྲབ་རྒྱུའི་གོ་སྐབས་ཤིག་བཟུང་གི་རེད།
    ཡིན་ནའང་ཁྱེད་རང་བསམ་ཚུལ་དང་འབོད་སྐུལ་དེ་ནི་ཁྱེད་ཀྱིས་བདམས་པའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་འབུལ་དགོས་པ་རེད།
    གྲོས་ཚོགས་བོད་ནང་གི་མི་དམངས་ཀྱིས་ང་ཚོའི་དབུ་ཁྲིད་གདམ་བྱ་འདེམས་བྱེད་ཀྱི་ཆ་ཤས་བླངས་རྒྱུར་གྲོས་ཚོགས་ནས་གཏན་འབེབས་བྱས་པ་བརྒྱུད།འོས་བསྡུ་ལས་ཁུངས་ཀྱིས་ལག་ལེན་བསྟར་དགོས་ཀྱི་ཡོད་པ་དེ་ཁྲིམས་ཀྱིས་དབང་བསྒྱུར་བའི་གཞུང་སྲིད་འགྲོ་སྟངས་ཤིག་ཡིན།

  109. ལ་སྟོད་བུ། says:
    2011-02-27 at 4:06 am

    སེང་གེ་བཟང་གྲགས་ཡིན་ཀྱང་རུང་ངན་གྲགས་ཡིན་ཀྱང་རུང་ཅིག་གྲགས་ནི་གྲགས་སོང།

  110. འཇམ་དཔལ་ཚུལ་ཁྲིམས། says:
    2011-02-27 at 5:01 am

    ད་སྐབས་དྲི་ཚིགས་དག་ན་གཏམ་དྲང་མོ་བཤད་མཁན་ཉུང་བ་འདྲ།
    ད་ནི་ཁང་གསར་ཚང་ཡང་འཁྱོག་པ་འདྲ། དོན་དུ་ང་རང་གིས་ཀྱང་བློ་སེང་གིས་འཇམ་ནོར་ལ་བཤད་པ་དེ་ཟུར་ཙམ་ཞིག་རང་གི་རྣ་བས་གོ་བས་དེ་གོ་ནོར་ཐེབས་འདུག དེ་རིང་བུ་ཟླ་བ་བློ་སྐྱིད་ཚང་ལགས་ཀྱིས་སྐབས་དེ་དུས་ཀྱི་མོ་རང་གི་དྲི་བ་དང་དེའི་དྲ་འབྲེལ་དེ་བཞག་པ་ཕན་པོ་བྱུང་། དེའི་ནང་དུ་ད་ལ་རྒྱའི་བདག་པོ་དང་BBC ཁང་གསར་སོགས་ཀྱིས་གསུང་བཞིན་པ་(ང་རང་ཡང་ཟུར་ཙམ་དེར་གཏོགས་ཆོག)་བཞིན་པ་ལྟར་དུ་རེད་མི་འདུག བློ་སེང་ལགས་ཀྱིས་གསུང་པ་ཇི་མ་ཇི་བཞིན་འདིར་འགོད་ཀྱི་ཡིན།
    “་་་དེའི་དུས་ཚོད་དེ་བདུན་ཕྲག་གཉིས་ཡིན་ཙང་ང་ལ་ཡང་བདུན་ཕྲག་གཉིས་གནང་སོང་། གནམ་ཐང་ལ་སྟོན་ཡ་རེད་འདུག ཚུར་ཡོང་དུས་གནམ་ཐང་ནས་གཡུག་ཡ་རེད་འདུག དེ་འདྲ་སོང་ཙང་རྒྱ་ནག་གི་མི་སེར་ཆགས་ཡོད་མ་རེད། རྒྱ་ནག་གི་མི་སེར་སུ་ཆགས་ཀྱི་ཡོད་རེད་ཟེར་ན་རྒྱ་ནག་གི་ལག་འཁྱེར་ཡོད་མཁན། ཀྲུང་དབྱངས་སྲིད་གཞུང་གི་དམ་བཅའ་བླངས་ནས་བཟུང་མི་སེར་ཆགས་ཀྱི་ཡོད་རེད། གཞན་མི་སེར་ཆགས་ཀྱི་ཡོད་མ་རེད། ཕར་འགྲོ་སྐབས་ལ་ཤོག་བུ་དེ་ཁྱེར་ནས་འགྲོ་དགོས་ཀྱི་ཡོད་རེད། དམིགས་བསལ་སྐུ་ཚབ་ནང་ལ་ངས་ནོར་མེད་ན་སྐུ་ཚབ་རྣམ་པ་གཉིས་ལ་མི་སེར་ཡིག་ཆ་ཡོད་མེད་གང་ཤེས། IC ཡིན་ན་ཤོག་བུ་དེ་འདྲ་ཞིག་ཁྱེར་ནས་འགྲོ་དགོས་ཀྱི་ཡོད་རེད། སྔོན་མ་ང་ཚོ་བོད་ལ་གཉེན་ཕྲད་ལ་ཕེབས་ཡོད་རེད་པའ་། ཁོ་རང་ཚོས་ཡང་ཤོག་བུ་དེ་ཁྱེར་ནས་འགྲོ་བའི་ལུགས་སྲོལ་ཡོད་རེད།
    ད་ངས་དྲན་གྱི་མི་འདུག འཇམ་དབྱངས་ནོར་བུ་ལགས་དང་ལྷ་སངས་ཚེ་རིང་ལགས་ཁོང་ཚོ་བོད་ལ་ཕེབས་པ་རེད། ཁོང་རང་ཚོ་ལ་དེབ་སེར་བོ་ཡོད་ན། ཤོག་བུ་དེ་འདྲ་ཞིག་ཁྱེར་ནས་འགྲོ་གི་ཡོད་རེད། བོད་ལ་འགྲོ་བའི་སྐབས་སུ་ཤོག་བུ་དེ་འདྲ་ཁྱེར་ནས་མ་འགྲོ་ཀ་མེད་རེད། དེ་འགྲོ་སྟངས་རང་རེད། དེ་འདྲ་སོང་ཙང་ད་ལྟ་བར་དུ་ཕེབས་མཁན་རྣམས་རྒྱ་ནག་གི་མི་སེར་ཆགས་ཡོད་མ་རེད་ལ་མ་འོང་པར་ཕེབས་མཁན་ཚོ་ཡང་རྒྱ་ནག་མི་སེར་ཆགས་ཀྱི་མ་རེད། གངས་བྱས་ནས་ཆགས་ཡོད་མ་རེད་ཟེར་ན། རྒྱ་ནག་གི་མི་སེར་བྱེད་པ་ལ་རྒྱ་ནག་མི་སེར་ལག་འཁྱེར་དང་ཐོབ་ཐང་ཆ་ཚང་ཡོད་མ་གཏོགས་ཆགས་ཀྱི་ཡོད་མ་རེད།”
    ད་ཞུ་རྒྱུ་གཙོ་བོ་ནི་”ཁོང་རང་ཚོ་ལ་དེབ་སེར་བོ་ཡོད་ན།”་ཞེས་པའི་ཚིག་འདི་ངས་ཀྱང་སྔོན་མ་གོ་འདུག་ལ་འཇམ་ནོར་དང་ཁང་གསར་སོགས་ཀྱིས་མ་གོ་བ་འམ་ཆེད་དུ་སྦས་ནས་དགག་པ་བྱེད་ཀྱི་འདུག དེའི་རྗེས་སུ་”ངས་ནོར་མེད་ན་”ཞེས་བཤད་ནས་དམིགས་བསལ་སྐུ་ཚབ་གཉིས་ཀྱང་མི་སེར་ལག་མེད་ན་ཤོག་བུ་དེ་ཁྱེར་མདོག་རེད་ཅེས་པ་ལས་ཁྱེར་བ་རེད་ཅེས་ཚིག་ཐག་བཅད་མི་འདུག
    ཟླ་བ་ལགས་ཀྱིས་དྲི་བ་འདི་འགོད་དོན་ནི་ཡིག་ཆ་དེ་ལ་ཁ་བཏག་ནས་མ་འོངས་པར་རྒྱ་ནག་གིས་བློ་སེང་རྒྱ་མི་ཡིན་པར་རྩོད་པ་བསླངས་ན་ལན་གང་འདེབས་དགོས་སྙམ་པའི་ཐུགས་ཁྲལ་ཡིན་ན་”ཀྲུང་དབྱངས་སྲིད་གཞུང་གི་དམ་བཅའ་བླངས་ནས་བཟུང་མི་སེར་ཆགས་ཀྱི་ཡོད་རེད།” ཞེས་དང་། “ད་ལྟ་བར་དུ་ཕེབས་མཁན་རྣམས་རྒྱ་ནག་གི་མི་སེར་ཆགས་ཡོད་མ་རེད་ལ་མ་འོང་པར་ཕེབས་མཁན་ཚོ་ཡང་རྒྱ་ནག་མི་སེར་ཆགས་ཀྱི་མ་རེད།” ཅེས་ཤོག་བུ་འཁྱེར་མཁན་བློ་སེང་རང་ཉིད་ཀྱིས་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་བ་འདིས་འབྱུང་སྲིད་པའི་ཀླན་ཀ་དེ་ཚོ་ཡང་ནུས་མེད་དུ་བཏང་ཟིན་པ་རང་རེད།

  111. འཇམ་དཔལ་ཚུལ་ཁྲིམས། says:
    2011-02-27 at 5:30 am

    དྲ་གྲོགས་BBCལགས། “ད་བློ་སེང་འདིས་བཀའ་ཁྲི་མ་ལངས་གོང་ནས་ཐུག་པ་སྐོལ་ཚར་འདུག འདི་འདྲའི་རྙོག་གྲ་མང་བ་ལ་ཨང་།”ཞེས་མཆན་དང་པོ་ཁོ་རང་ལ་གསུང་འདུག ཐུག་སྐོལ་མཁན་གཙོ་བོ་ནི་ཁྱེད་དང་ལ་རྒྱའི་བདག་པོ་གཉིས་རེད། འདི་ཁྱེད་ཀྱི་འབྱུང་འགྱུར་གྱི་འཆར་གཞི་ཁ་ནས་ཤོར་ནི་ཡིན་རྒྱུ་མ་རེད། ངས་ཟེར་ན་གལ་སྲིད་བློ་སེང་བཀའ་ཁྲིར་ཐོབ་ན་ཁྱེད་གཉིས་ཀྱིས་མུ་མཐུད་ནས་ཐུག་པ་སྔར་ལས་ཤུགས་ཆེ་བར་བསྐོལ་འདོད་པ་དེ་མངོན་པ་མིན་པའི་རེ་བ་ཆེ།

  112. བདེ་དགའ་ says:
    2011-02-27 at 5:00 pm

    ང་་ཚོ་ཡོ་རོབ་ཁུལ་གནས་སྡོད་མདོ་སྟོད་མི་སྣ་བཅུ་གྲངས་ཤིག་གིས་མ་འོངས་བཀའ་བློན་ཁྲི་པའི་འོས་འདེམས་སྐོར་བློ་ཚབ་ཆེན་པོའི་ངང་ཉིན་ཤས་
    རིང་བགྲོས་གླེངས་གཏིང་ཟབ་བྱས་པའི་ཐ་མའི་བསམ་ཚུལ་སྙིང་བསྡུས་ཤིག་འདིར་བརྗོད་འདོད་བྱུང།
    ང་ཚོ་ཚང་མའི་སྔོན་འགྲོའི་འོས་གཞི་སྐབས་རེ་བ་ཆེན་པོའི་ངང་མཁས་དབང་བློ་བཟང་སེང་གེ་ལགས་ལ་འོས་བླུགས་པ་ཡིན་ འོན་ཀྱང་ད་ཆ་རིམ་
    བཞིན་ཁོང་གིས་གསུངས་པའི་བཀའ་མོལ་རྣམས་སྔ་ཕྱི་རྒྱབ་འགལ་ཡིན་པ་དང་ བདེན་པ་མ་ཡིན་པ་ མདོར་ན་རྫུན་རྐུབ་རྡོལ་པའི་གནས་ཚུལ་མང་
    དག་ཅིག་ཐོས་རྒྱུ་འདུག་པར་ཧ་ཅང་བློ་ཕམ་གྱི་གནས་སུ་གྱུར་ ལྷག་དོན་དུ་བློ་སེང་ལགས་ཕྱིར་སྡོད་རྒྱ་མའི་ལག་ཁྱེར་ཁྱེར་ཏེ་རྒྱ་ནག་ཏུ་སོང་བ་དེར་
    ང་ཚོས་དུས་ནམ་ཡང་ངོས་ལེན་རྩ་བ་ནས་བྱེད་ཐབས་མེད་པ་ཞིག་རེད་ ང་ཚོའི་ཤ་ཁྲག་གཅིག་པའི་སྤུན་ཟླ་མང་པོའི་བོད་ནང་གྱེན་ལངས་རིམ་པ་
    བྱས་ཏེ་རང་སྲོག་ཚུན་ཆད་བློས་བཏང་དགོས་དོན་ནི་་བོད་པ་ཚོ་རྒྱ་མི་བྱེད་འདོད་མེད་པའི་རྩ་དོན་ལ་ཐུག་གིས་ཡོད་ བློ་སེང་ལགས་ཀྱིས་དགོས་
    མཁོ་དང་རྒྱུ་མཚན་གང་ཡང་མེད་པའི་ཐོག་ནས་ ལས་སླ་པོའི་ངང་ཕྱིར་སྡོད་རྒྱ་མི་ངོས་ལེན་གནང་བ་ནི་ཧ་ཅང་གི་ཐལ་ཆེ་བའི་བྱ་སྤྱོད་ཅིག་རེད་
    ལག་ཁྱེར་དེ་ལྟ་བུ་སྤྲད་པ་དེ་ནི་རྒྱ་ནག་གཞུང་གི་མ་འོངས་པར་རང་གི་དགོས་མཁོའི་ཆེད་བེད་སྤྱོད་བཏང་རྒྱུ་ཡིན་པ་དེ་ངེས་པ་རེད་ གནས་ཚུལ་
    དེ་ནི་རྒྱལ་སྤྱིའི་ཁྲིམས་ལ་མཁས་པའི་ བློ་སེང་ལགས་ཀྱི་མཁྱེན་བཞིན་དུ་དང་ལེན་གནང་བ་ནི་བློ་ཕམ་དང་བློ་ཚབ་སྐྱེ་ཡུལ་ཞིག་རེད་་ མཛད་སྤྱོད་དེ་ལྟ་བུ་ནི་རང་གི་མི་རིགས་དང་རང་ཡུལ་བཙོང་བ་དང་ཁྱེད་པར་མ་མཐོང་ ད་རུང་དེའི་མ་ཚད་ཁོ་རང་གིས་གོ་གནས་དང་དཔལ་འབྱོར་གྱི་འབྱུང་ཁུངས་ཐད་ལ་གཡོ་བརྫུན་མང་དག་ཅིག་གསུང་འདུག་པ་དེ་དག་ནི་མི་རིགས་ཀྱི་རྐང་འདྲེན་རེད་ མི་སྣ་ཁོང་ལྟ་བུ་ནི་བཀའ་བློན་ཁྲི་པ་ལྟ་ཞོག་བོད་ཀྱི་མགོ་ཁྲིད་དཀྱུས་མའི་འོས་བབས་ཀྱང་མ་མཆིས་

  113. jamgyal says:
    2011-02-27 at 6:12 pm

    ཨ་མཆོད་ལགས་གིས་བུ་མོ་དེའི་སྒྲ་ཐག་ལ་ཞིབ་ཉན་གནང་སྟེ་དོགས་སེལ་གནང་བར་ཤིན་ཏུ་ཕན་པོ་བྱུང་། ཐུགས་རྗེ་ཆེ་། ལ་རྒྱ་དང་ bbc ཁྱེད་གཉིས་ཀྱིས་རང་གནོངས་ཁས་བླངས་པའི་རེ་བ་ཡོད་ དེ་སྔོན་བློ་གཟུ་བོར་དང་དེང་རབ་ཅན་གྱི་བསམ་མནོ་བ་ཁང་གསར་ལགས་ཀྱང་ཉེས་མེད་སྒྲོ་སྐུར་དང་བློ་ཕྱོགས་ལྷུང་གི་གདོན་གྱིས་ཟིན་པ་འདིས་ཤིན་ཏུ་ཕངས།

  114. jamgyal says:
    2011-02-27 at 6:16 pm

    མཐའ་མ་དེ་ལ་རྒྱ་ཁྱེད་ལ་གཅིག་ཞུ། བཀྲས་མཐོང་ལགས་བཀའ་ཟུར་ཡིན་བཞན་དུ་དེ་སྔོན་རྒྱལ་ཁོངས་རྒྱ་ནག་ཡིན་པ་ས་རྟགས་བཀོད་ནས་ཨ་རིའི་མི་སེར་ཞུས་པ་དང་་བློ་སེང་ལགས་ཐབས་ཇི་ལྟར་སྡུག་རུང་ད་ལྟ་ལག་ཏུ་དེབ་སེར་པོ་ཡོད་པ་འདི་གཉིས་ཀྱི་ཁྱད་ཆོས་སྡུར་རན་འདུག་པས་ལགས་།
    ཨ་རི་དང་རྒྱ་གཞུང་གི་འབྲེལ་ལམ་ལ་གནོད་པའི་གནད་དོན་སོགས་བྱུང་ན་དེ་སྔོན་རྒྱལ་ཁོངས་རྒྱ་ནག་ཡིན་པ་ཨ་རིའི་མི་སེར་བཀྲས་མཐོང་ལགས་ཀྱིས་བོད་གཞུང་གི་ཆབ་སྲིད་ཀྱི་ལས་ཀ་བྱེད་མི་ཆོག་ཟེར་མི་སྲིད་པ་རེད་པས་ལགས།

  115. jamgyal says:
    2011-02-27 at 6:16 pm

    མཐའ་མ་དེ་ལ་རྒྱ་ཁྱེད་ལ་གཅིག་ཞུ། བཀྲས་མཐོང་ལགས་བཀའ་ཟུར་ཡིན་བཞན་དུ་དེ་སྔོན་རྒྱལ་ཁོངས་རྒྱ་ནག་ཡིན་པ་ས་རྟགས་བཀོད་ནས་ཨ་རིའི་མི་སེར་ཞུས་པ་དང་་བློ་སེང་ལགས་ཐབས་ཇི་ལྟར་སྡུག་རུང་ད་ལྟ་ལག་ཏུ་དེབ་སེར་པོ་ཡོད་པ་འདི་གཉིས་ཀྱི་ཁྱད་ཆོས་སྡུར་རན་འདུག་པས་ལགས་།
    ཨ་རི་དང་རྒྱ་གཞུང་གི་འབྲེལ་ལམ་ལ་གནོད་པའི་གནད་དོན་སོགས་བྱུང་ན་དེ་སྔོན་རྒྱལ་ཁོངས་རྒྱ་ནག་ཡིན་པ་ཨ་རིའི་མི་སེར་བཀྲས་མཐོང་ལགས་ཀྱིས་བོད་གཞུང་གི་ཆབ་སྲིད་ཀྱི་ལས་ཀ་བྱེད་མི་ཆོག་ཟེར་མི་སྲིད་པ་རེད་པས་ལགས།

  116. jamgyal says:
    2011-02-27 at 6:25 pm

    བདེ་དགའ་ལགས་ ཡུ་རོབ་ས་ཁུལ་གང་ནས་ཁྱེད་ཚོས་བགྲོ་གླིང་བྱས་པ་ཡིན མི་བཅུ་གྲངས་དེ་སུ་དང་སུ་ཡིན་གསལ་བཤད་དང་ ཁྱེད་ཚོས་བགྲོ་གླིང་དེ་དངོས་གནས་བྱས་ཡོད་མེད་བདེན་དཔང་ག་རེ་ཡོད་ལགས།

  117. jamgyal says:
    2011-02-27 at 6:47 pm

    བདེ་དགའ་ལགས་ བོད་པ་ཚོ་རྒྱ་མི་བྱེད་འདོད་མེད་ཀྱང་ ཀྲུང་ཧ་མི་མང་སྤྱི་འཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲིག་གཞི་འོག་སྡོད་རྒྱུ་ཡིན་པ་རྒྱ་ཆེར་མི་མང་གི་མངོན་འདོད་ཡིན་པ་ཁྱེད་ཀྱིས་ད་བར་མཁྱེན་མ་སོང་བས་་་བློ་སེང་རྒྱ་ནག་ལ་ཕྱིན་པའི་སྐོར་དེ་མ་མཐར་ཡང་ བུ་མོས་བཞག་པས་ སྒྲ་ཐག་དེར་ཡག་པོ་གཅིག་གསན་དང་ དེ་མིན་ན་འཇམ་དཔལ་ཚུལ་ཁྲིམས་ཀྱིས་བྲིས་པའི་ མཆན་༡༡༠ དེ་གཅིག་དེ་གཟིགས་དང་ཁྱེད་ཀྱི་ལོག་རྟོག་སེལ་ངེས།

  118. གཞོན་ནུ་ཟླ་མེད། says:
    2011-02-27 at 7:29 pm

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞི་འོག་ཏུ་སྡོད་མི་སྡོད་དེ་ད་དུང་གཞུང་གཉིས་ཀས་རྩོད་གཞི་འོག་ན། སྦྱང་བཤད་བྱེད་བཞིན་པའི་སྐབས་རེད། ད་དུང་ཐག་ཆོད་བྱུང་ཡོད་པ་མ་རེད། ཐག་ཆོད་མ་བྱུང་སྔོན་ལ་རྒྱུགས་ནས་རྒྱ་མི་བཟོས་ན་དེ་ནི་ཁྲིམས་ལུགས་དང་མཐུན་པ་ཞིག་ག་ལ་ཡིན། ཕྱོགས་གཉིས་ཀ་སྤྱི་ཁྱབ་རང་བཞིན་ཅན་གྱི་ཁྲིམས་མཐུན་མ་རེད།
    ཨ་རིའི་མི་སེར་བཟོ་དུས་བོད་པའི་མི་ལ་ཀྲུང་གོའི་མི་ཟེར་མི་དགོས། དེ་ནི་སྐྱག་རྫུན་རེད་འདུག འགེངས་ཤོག་ནང་དུ་བོད་པ་ཟེར་ནས་བྲིས་ན་འགྲིག་གི་འདུག ཁ་ཤས་ཀྱིས་རང་ཉིད་ངོས་ནས་བོད་པ་མ་བྲིས་པར་རྒྱ་ནག་བྲིས་ཡོད་ན། དེ་ཡང་ཁོང་ཚོའི་ངོས་ནས་ངོས་ལེན་བྱེད་ཀྱི་རེད། རྒྱུ་མཚན་འཛམ་གླིང་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་རྒྱལ་ཁབ་དགུ་ཅུ་གོ་གྲངས་ཞིག་ཡོད་པའི་རྒྱུ་མཚན་དང་། ཡང་བོད་པ་ཟེར་ནས་བྲིས་ན་འགྲིག་པའི་རྒྱུ་མཚན་ཡང་འཛམ་གླིང་རྒྱལ་སྤྱིའི་མཚན་ཐོ་འོག་ན་མེད་རུང་སྤྱི་ཡོངས་རང་བཞིན་ཅན་གྱི་རྒྱལ་ཁབ་སུམ་བརྒྱ་ལྷག་ཙམ་ཡོད་པ་དེས་རྐྱེན་གྱིས་ཡིན་ས་རེད།

  119. ལ་རྒྱའི་བདག་པོ། says:
    2011-02-27 at 9:43 pm

    དྲ་གྲོགས་འཇམ་ཚུལ་ལགས་ཁམས་བཟང་།
    ༡༽ད་ནི་གནད་དོན་དེ་སྐྱག་པར་ལག་པ་ག་ཚོད་འཆང་བ་དེ་ཙམ་གྱིས་དྲི་མ་ཚ་རུ་འགྲོ་བ་ནང་བཞིན་གྱུར་འདུག
    ཁྱེད་ཀྱིས་དོན་དེ་གཙང་དུ་གཏོང་ཁུལ་ཡང་དོན་དུ་བཙོག་དུ་ཕྱིན་ཡོད་པ་ནི་བུ་མོ་ཟླ་བས་དྲངས་པའི་སྒྲ་ཐག་དང་གོང་གི་བློ་སེང་གིས་བཤད་པ་གཉིས་བསྡུར་དང་གསལ་པོ་རེད།
    ༢༽བུ་མོ་ཟླ་བའི་གླེང་གཞི་གཙོ་བོ་ནི་བློ་སེང་གིས་འཇམ་ནོར་དང་ལྷ་ཚེ་གཉིས་བོད་ནང་ཕྱིན་སྐོར་བརྗོད་པ་དེ་རེད།དེ་བཞིན་ཁྱེད་ཀྱིས་གོང་དུ་དྲངས་པའི་དུབ་བུ་གསུམ་པའི་ནང་བློ་སེང་གིས་༼ད་ངས་དྲན་གྱི་མི་འདུག འཇམ་དབྱངས་ནོར་བུ་ལགས་དང་ལྷ་སངས་ཚེ་རིང་ལགས་ཁོང་ཚོ་བོད་ལ་ཕེབས་པ་རེད།༽ཅེས་གསལ་པོ་བཤད་འདུག་གམ།
    ༣༽འོན་ཀྱང་གོང་གི་སྒྲ་ཐག་དེའི་ནང་ལྷ་སངས་ཚེ་རིང་ལགས་ཀྱིས་ཁོ་རང་བོད་ནང་ཕྱིན་མེད་ཅེས་གསལ་པོ་གསུངས་པ་དང་།མཁས་དབང་འཇམ་དབྱངས་ནོར་བུས་ཀྱང་བོད་ནང་འགྲོ་འདོད་ཆེ་ཡང་རྒྱ་མིའི་ཕྱི་སྡོད་ཀྲུང་གོ་བའི་ལག་དེབ་འཁྱེར་འདོད་མེད་པས་ང་བོད་ནང་ཕྱིན་མེད་ཅེས་ཡོངས་བསྒྲགས་གནང་བ་དེས་བློ་སེང་གི་རྫུན་མཚང་འཕྲལ་མ་ཉིད་དུ་བརྟོལ་བ་རེད། དེ་ན་ང་ཚོ་སུ་ལ་བདེན་པ་འདུག་གམ་གསལ་པོ་རེད།
    ༤༽འཇམ་རྒྱལ་ལགས་སུ་བརྗོད་རྒྱུར།
    ཁྱེད་ཀྱི་མཆན་དེར་དགོས་པའི་ལན་དེ་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས་ཀྱིས་ལན་གསལ་པོ་བསྐྱོན་འདུག་པས་ངས་དུང་ལ་དཀར་རྩིའི་རིས་མོ་མ་བྲིས་པར་བཏང་སྙོམ་ལ་བཞག་པར་བྱའོ།

  120. གངས་རི། says:
    2011-02-28 at 1:31 am

    བློ་བཟང་སེང་གེ་རྒྱ་ནག་ལ་ཕྱིན་པའི་སྐོར་ལ་བུ་མོ་ཟླ་བ་ལགས་ཀྱིས་ངོ་དེབ་དང་དྲྭ་ལམ་ཁག་ཏུ་མང་པོ་ཞིག་བཤད་སོང་། མཐར་བློ་སེང་དངོས་སུ་དྷ་སར་ཕེབས་ཏེ་ས་ར་མཐོ་སློབ་ཏུ་བཀའ་སློབ་གནང་དུས་བུ་མོ་དེ་ཡི་དྲི་བ་དེ་དྲིས་སོང་ཟེར། བློ་སེང་ལགས་ཀྱི་གསལ་བཤད་དང་འབྲེལ་བཤད་གཙང་མ་གནང་སོང་ཟེར། ཉིན་གཅིག་གི་རྗེས་སུ་དྷ་ས་ཉིན་སློབ་ཏུ་བློ་སེང་ལགས་ཀྱི་གསུང་བཤད་གནང་དུས་བུ་མོ་དེ་ཡི་དྲི་བ་དེ་ཡང་བསྐྱར་དྲི་བ་བཏང་སོང་། དེ་སྐབས་སུ་བློ་སེང་ལགས་ཀྱིས་གསལ་བཤད་ནན་པོ་གནང་སོང་། བོད་སྐུ་ཚབ་ཚོ་ལག་འཁྱེར་དེ་བསྣམས་ནས་ཕེབས་ཡོད་སྲིད་ཞེས་གསུངས་སོང་།དངོས་གནས་བྱས་ན་དེའི་སྐོར་མང་པོ་བཤད་དགོས་དོན་མི་འདུག་སྙམ། ཀུན་གླེང་ནང་དུ་བུ་མོ་ཟླ་བ་ལགས་ཀྱི་པ་ལགས་ཀྱིས་དྲི་བ་གཅིག་པ་གཅིག་རྐྱང་ཞིག་བཏང་སོང་། དེ་སྐབས་བློ་སེང་གིས་གསལ་བཤད་ཡག་པོ་གནང་སོང་། ཁྱེད་ཚོའི་བློ་སེང་ལགས་ཀྱི་ཨ་རིའི་མི་སེར་མ་ཞུས་པ་དེ་ལ་ཁྱེད་ཚོས་དགེ་མཚན་ཞིག་མཐོང་གི་མི་འདུག་གམ། མི་ལ་སྐྱོན་བརྗོད་རྐྱང་བྱེད་ན་སོ་སོའི་བོད་དོན་དུ་ལས་ཀ་ག་རེ་བྱས་ཡོད། བློ་སེང་གི་འདས་ཟིན་པའི་བོད་དོན་གྱི་ཆེད་དུ་ལས་ཀ་མང་པོ་ཞིག་གནང་ཡོད་དེ་ཚོ་ཁྱེད་ཚོའི་མཐོང་གི་མི་འདུག་གམ།་ འོ་རེད་ད་དུང་གཅིག་བཤད་རྒྱུ་འདུག་བུ་མོ་ཟླ་བ་ལགས་ཀྱི་པ་ལགས་ཀྱི་ཀུན་གླེང་ནང་དུ་བཀའ་ཟུར་བཀྲིས་དབང་འདུས་ལ་ཁྱེད་རང་གི་ཨ་བ་གཉིས་ཨ་རི་སློབ་གྲྭ་ལ་འགྲོ་ཡི་འདུག་དེའི་འགྲོ་སོང་དེ་སུས་གཏོང་གི་ཡོད་རེད་ཞེས་དྲི་བ་བཏང་སོང་ཁོང་རང་བསྡད་སའི་ས་མིང་དེ་མ་བཤད་ནས་བཤད་སོང་། དེ་ཚོ་ཚང་མ་ལ་ལྟ་དུས་རྒྱབ་ཏུ་ངན་བསམ་ག་རེ་བཅང་ཡོད་མེད་ཤེས་ཀྱི་མི་འདུག
    ང་ཚོའི་སྤྱི་ཚོགས་ནང་དུ་ཤེས་ཡོན་ཅན་ཞིག་ཡར་ལངས་དུས་དེ་མར་འཐེན་ཐབས་ཀྱི་ཐབས་ཤེས་བྱས་ཏེ་མར་གཡུགས་ཐབས་གནང་བ་དེ་ག་རེ་ཡིན་ནམ། བོད་ཀྱི་ལོ་རྒྱུས་ལ་ཕྱི་བལྟས་ཞིག་མཛད་སྟེ་དེའི་རིགས་མ་གནང་ན་ཡག་པོ་ཞིག་མཐོང་གི་ཡོད། མི་ངན་རེ་ཟུང་གི་བྱ་སྤྱོད་ཀྱི་ང་ཚོའི་སྤྱི་ཚོགས་འདི་ཡར་དཀྲུགས་མར་དཀྲུགས་བྱེད་པའི་གྱོང་དེ་བོད་མི་རིགས་ལ་རགས་ཀྱི་རེད་མ་གཏོགས་གཞན་སུ་གང་ལ་རགས་ཀྱི་མ་རེད་དོ། དྲ་གྲོགས་ཚོའི་ངེས་པར་དུ་གཟབ་གཟབ་གནང་དགོས་ཀྱི་འདུག་སྙམ། དྲ་གྲོགས་ཚོ་ལ་ཞུ་རྒྱུ་ཞིག་ནི། རྒྱལ་ཁབ་གཞན་གྱི་མི་སེར་ཞིག་གི་བཀའ་ཁྲིར་གནང་བ་དང་རྒྱ་གར་གཞུང་གིས་སྐྱབས་བཅོལ་བ་གནང་བའི་སྐྱབས་བཅོལ་བ་ཞིག་གི་བཀའ་ཁྲིར་གནང་བ་གཉིས་ལ་ཁྱད་པར་གང་ཡོད་དམ།

  121. ཀརྡོ་རབ་འབྱམས་པ་ says:
    2011-02-28 at 2:47 am

    འདས་པའི་ལོ་རྒྱུས་ནང་ལ། འཇམ་ནོར་གྱིས་རྒྱས་བཟས་པའའི་བོད་སར་ཕྱིན་ཡོད་ན་ཡང་། སྔར་ཀློ་སྒྲིག་འཛུགས་སྐབས་འཇབ་དམག་གིས་ཚུལ་དུ་བོད་ལ་སླེབས་ཡོད་ཀྱང་། རྒྱའི་ལག་འཁྱེར་འཆང་ནས་རྒྱའི་ནང་ལ་རྩ་བ་ཉིད་ནས་ཕྱིན་ཡོད་མ་རེད།
    འོན་ཀྱང་ལྷག་ཚེས་རྒྱའི་ལག་འཁྱེར་བླངས་ནས། ཕྱིན་ཡོད་པ་ཁོ་རང་གི་ལབ་པ་ངས་ཁོ་རང་གི་ཁ་ནས་གོ་མྱོང་ལ། བརྙན་པར་འདིས་ནང་ཡང་རྒྱའི་ལག་འཁྱེར་དེའི་ནང་ལ་བྲིས་ག་རེ་འདུག་ངོ་འཕྲོད་པའི་ཕྱིར་དུ་ཕྱིན་པ་ཡིནཔར་བཤད་འདུག བློ་སེང་་ལགསཕེབས་སྟངས་དེ་ངེས་པར་དུ་ཕེབས་དགོས་རེད་ལ་བཀའ་ཁྲིའི་འོས་ཆོས་ལ་ཕན་པ་ལས་གནོད་མི་སྲིད་སྙམ།

  122. ཀརྡོ་རབ་འབྱམས་པ་ says:
    2011-02-28 at 3:10 am

    བཀྲས་མཐོང་ལགས་དང་བློ་སེང་ལགས་ལ་གཞི་མེད་སྐྱོན་འཛུགས་ནི་ངས་ནམ་ཡང་ཁས་བླངས་མི་ཐུབ་ལ། འོན་ཀྱང་ང་རང་ནི། ལམ་དབུ་མ་བ་ཚད་ལྡན་གཅིག་དང་། བཀྲ་ཤིས་དབང་འདུས་ལགས་ལ་རྒྱབ་སྐྱོར་བྱེད་མཁན་ཅིག་ཡིན་ལགས།

  123. འཇམ་དཔལ་ཚུལ་ཁྲིམས། says:
    2011-02-28 at 11:58 am

    དྲ་གྲོགས་ལ་རྒྱའི་བདག་པོ་ལགས།
    ཁྱེད་ཀྱིས་མཆན་༡༡༩་པ་ན་གནད་དོན་ཆེན་པོ་ཞིག་ཟིན་ཡོད་མདོག་ཅིག་གསུང་བྱུང་། ཁྱེད་ཅག་གིས་སྔོན་མ་བློ་སེང་གིས་འཇམ་ནོར་སོགས་ཀྱིས་ཤོག་བུ་སེར་བོ་བླངས་བ་རེད་ཅེས་ལབ་སོང་ཞེས་པ་འདི་གནམ་ལ་འཕྱར་སོང་། ད་དེ་ལ་འཇུ་ས་མ་རག་དུས་ཁ་འཇུ་ས་བརྗེས་ནས་གནོད་ཅིག་ཨེ་ཐང་བལྟ་བཞིན་འདུག
    ལ་མ་གཞི་བདེན་པ་འདུག་པ་ཁོ་བོས་སྔར་ནས་ཁས་ལེན་གྱི་ཡོད་ཀྱང་། ཁྱེད་ལྟ་བུ་ལ་ནི་འདི་ལ་ཡང་རྩོད་གླེང་ཞིག་བྱས་ཀྱང་བྱེད་ས་མེད་པ་རེད་མི་འདུག དེ་ཡང་ཁྱེད་རང་ཐུགས་བློ་རྣལ་དུ་ཕོབས་དང་། བློ་སེང་གིས་”ད་ངས་དྲན་གྱི་མི་འདུག འཇམ་དབྱངས་ནོར་བུ་ལགས་དང་ལྷ་སངས་ཚེ་རིང་ལགས་ཁོང་ཚོ་བོད་ལ་ཕེབས་པ་རེད།” ཅེས་གསུང་ཡོད་རེད། “ད་ངས་དྲན་གྱི་མི་འདུག” ཅེས་པའི་ཚིག་དུམ་འདི་ལ་ཁ་སྐད་ཀྱི་ནང་དུ་ནང་དོན་གང་ལེན་རྒྱུ་ཡོད། འདི་གོ་རིམ་དང་བརྡ་ཁྲིམས་ལ་གཙོ་བོར་གཟབ་པའི་རྩོམ་ཡིག་མ་རེད། གོ་རིམ་བརྡ་ཁྲིམས་གཟབ་གཟབ་མ་བྱས་པའི་ཁ་སྐད་རེད། ཁ་སྐད་ཀྱི་ནང་དུ་དེའི་ནང་དོན་ཞིག་ལེན་རྒྱུ་མེད་ན་དེ་བར་དེར་བཅུག་པའི་དགོས་པ་མེད་པ་རེད། འཇུག་རྒྱུ་ཡང་མིན་དྲན།
    འོ་ན་ནང་དོན་གང་ལེན་ཡོད་ཅེ་ནཿ “ད་ངས་དྲན་གྱི་མི་འདུག”་ཅེས་པ་འདིས་དེའི་འོག་དེ་མ་ཐག་ཏུ་བྱུང་བའི་ཚིག་དུམ་”འཇམ་དབྱངས་ནོར་བུ་ལགས་དང་ལྷ་སངས་ཚེ་རིང་ལགས་ཁོང་ཚོ་བོད་ལ་ཕེབས་པ་རེད་” བསམ་མོད་གཏན་གཏན་ང་ལ་བཤད་རྒྱུ་མེད།” ཅེས་པའི་དོན་ཁོ་ན་རེད། དེ་མ་གཏོགས་ “ངས་དྲན་གྱི་མི་འདུག”་ ཅེས་པའི་ཚིག་དུམ་དེ་སྐད་ཆ་དེའི་བར་དུ་གློ་བུར་དུ་འཛུལ་དོན་ཡེ་ནས་མེད།
    གནད་དོན་འདི་འདྲ་ཞིག་ནི་ཁྱེད་བོད་ཡིག་དང་བོད་སྐད་ལ་བྱང་ཆུབ་པ་ཞིག་གིས་ཤེས་ཐུབ་པ་ཞིག་རེད་སྙམ། འོན་ཀྱང་སྐྱར་དུ་ཞུ་རྒྱུ་ཞིག་ལ་ཅི་སྟེ་ཁྱེད་ཐུགས་རྣལ་དུ་མ་བབས་བར་དུ་གནད་དོན་འདི་ལ་འདི་ལྟར་གོ་བ་ལེན་མི་ཐུབ་ལ་འདི་ལྟར་བསམ་ཤེས་བྱེད་མི་ཐུབ་པ་ཡིན་སྙམ།

  124. འཇམ་དཔལ་ཚུལ་ཁྲིམས། says:
    2011-02-28 at 12:15 pm

    མདོར་ན་”ད་ངས་དྲན་གྱི་མི་འདུག”ཅེས་པ་འདི་”འཇམ་དབྱངས་ནོར་བུ་ལགས་དང་ལྷ་སངས་ཚེ་རིང་ལགས་ཁོང་ཚོ་བོད་ལ་ཕེབས་པ་རེད།”ཅེས་པའི་ཚིག་དུམ་འདིའི་མགོ་ལ་འཇོག་རྒྱུའི་ཚབ་ཏུ་མཇུག་ཏུ་བཞག་ནས་”འཇམ་དབྱངས་ནོར་བུ་ལགས་དང་ལྷ་སངས་ཚེ་རིང་ལགས་ཁོང་ཚོ་བོད་ལ་ཕེབས་པ་རེད་(མ་རེད་)་ད་ངས་(གསལ་བོ་)་དྲན་གྱི་མི་འདུག”་ཀྱང་གལ་སྲིད་ཕེབས་ཡོད་ན་་་”ཞེས་པའི་དོན་དུ་འགྲེལ་དུ་མི་གཏུབ་པ་ཅི་འདུག སྨྲ་བ་བོ་རང་ཉིད་ཀྱི་བསམ་བློ་ངོ་མ་འདི་ཡིན་པའི་སྲིད་པ་ཧ་ཅང་ཆེ། གང་ལྟར་ཁ་སྐད་ཀྱི་ནང་དུ་གོ་རིམ་ཚུལ་བཞིན་མ་བྱུང་བ་འདི་འདྲ་ཞིག་འབྱུང་སྲིད་པ་ཡང་བསམ་ཤེས་མ་ཐུབ་ན་ཁྱེད་ཅག་རྟོག་གེ་མགོ་མཁྲེགས་ཞེས་པ་གཞུང་ལུགས་ལས་ལག་ལེན་ཡེ་ནས་ཁས་མི་ལེན་མཁན་དུ་འགྱུར་།
    ད་འགའ་རེས་ངས་ཁོང་གི་བློ་སེང་གི་སྐད་ཆར་བཟོ་བཅོས་བྱས་པའི་བརྙད་འདོག་སྲིད་མོད་འདི་ལྟར་འགྲེལ་ན་རིགས་ལམ་དང་མི་མཐུན་པ་ཞིག་རེ་མི་འདུག་ཞུ་བ་ཡིན། འདི་ལྟར་འགྲེལ་རྒྱུ་དོན་དུ་ཡང་ཡིན་པར་སྣང་ངོ་།

  125. མིག says:
    2011-02-28 at 1:47 pm

    ང་ཚོས་རང་བཙན་མི་རྩོད་ཅིང་ལམ་དབུ་མ་བ་ཚོད་ལྡན་ཞིག་བྱེད་ན། ང་ཚོས་ཕྱི་བསྡད་རྒྱ་དམར་གྱི་མཐོང་མཆན་ཁུར་ནས་བོད་དུ་འགྲོ་ཆོག་ལ། དེ་བཞིན་བློ་སེང་ལྟ་བུ་ཡང་འགྲོ་ཆོག ང་ཚོས་ནམ་ཞིག་ན་རྒྱ་དམར་གྱི་སྒྲིགས་གཞི་འོག་འཛུལ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་མ་ཡིན་ནམ།
    རྒྱ་དམག་གྱིས་ངེས་ལེན་བྱུང་ན་ང་ཚོ་ཁོ་ཚོའི་ཁྲིམས་འོག་ཏུ་འཛུལ་གྲབས་མ་ཡིན་ནམ།
    ང་ཚཽས་དེ་འདྲ་ཞིག་མ་འབྱེད་ནས་ལས་ཡོད་པ་མ་ཡིན་ནམ།

  126. ལ་རྒྱའི་བདག་པོ། says:
    2011-02-28 at 10:14 pm

    དྲ་གྲོགས་འཇམ་དཔལ་ཚུལ་ཁྲིམས་ལགས་སྐུ་ཁམས་བཟང་།
    ངས་ད་ཐེངས་ཚོར་སྣང་གཅིག་དང་གནད་དོན་གཅིག་གླེང་གི་ཡིན།
    ༡༽ད་ནི་ང་ཚོས་བོད་ཀྱི་མ་འོངས་པའི་དབུ་ཁྲིད་འོས་འདེམས་བྱེད་ཀྱི་ཡོད་པས་རང་རང་གི་འོས་མིར་དགག་བཞག་ཀྱང་ཅུང་རྣོ་ངར་ཆེ་རུ་འགྲོ་བ་ཆོས་ཉིད་རེད།དེར་ང་ཚོས་འགྲོ་སྟངས་ཤིག་ཡིན་པའི་དབང་དུ་བཏང་ནས་བཟོད་སྒོམ་ཐུབ་པ་དགོས།བཟོད་མ་ཐུབ་ན་ཁ་གཏད་ཀྱི་འོས་མིར་ལུང་རིགས་ཁུངས་སུ་དྲངས་ནས་དགག་བཞག་བྱེད་རིགས།འོན་ཀྱང་བཀའ་ཁྲིའི་འོས་མི་བློ་སེང་ལ་རྒྱབ་སྐྱོར་བ་མང་པོ་ཞིག་གིས་དགག་བཞག་གི་རྒྱུ་མཚན་དྲངས་རྒྱུ་མེད་པར་ཕུ་དཀྲུགས་མདའ་དཀྲུགས་རེད་ཟེར་བ་དང་།སྐུ་དྲག་གི་རྒྱུག་ཁྱི་རེད་ཟེར་བ།ལྟ་བ་རྙིང་ཞེན་རེད་ཟེར་བའི་ཁུངས་མེད་ཀྱི་འཆལ་གཏམ་འབབ་ཞིག་སྒྲོག་བཞིན་འདུག
    ༢༽འོན་ཀྱང་བློ་སེང་གི་རྒྱབ་སྐྱོར་བའི་ཁྲོད་ནས་ཅུང་ཟད་རྒྱུ་མཚན་ལྡན་པ་དང་ལུང་རིགས་ཁུངས་་ནས་དྲངས་ནས་དགག་བཞག་བྱེད་མཁན་ཁྱེད་ཁོ་ན་ཙམ་ཞིག་རེད།དེ་ན་ངས་ཁྱེད་རང་དང་ལྷན་དུ་བགྲོ་གླེང་བྱེད་རིན་ཡོད་པའི་ཚོར་སྣང་བཟང་པོ་དྲངས་ནས་ཁྱེད་དང་ལྷན་དུ་མུ་མཐུད་བགྲོ་གླེང་ལ་སྤྲོ་བ་བརྟས།
    ༣༽གནད་དོན་དངོས།
    བློ་སེང་གིས་”ངས་དྲན་གྱི་མི་འདུག་”ཅེས་བརྗོད་པའི་ཚིག་དུམ་དེ་ཁྱེད་ཀྱིས་རེ་བ་ལྟར་གོང་འོག་གང་དུ་སྦྱར་ནའང་འགྲིགས་པའི་དབང་དུ་བཏང་ཡང་།ད་དུང་དེ་བས་གལ་ཆེ་བ་ཞིག་ལ།
    བློ་སེང་བཀའ་ཁྲིའི་འོས་མི་ཞིག་གི་ངོས་དང་ཁྲིམས་ཤེས་མཁན་ཞིག་གི་ཐོག་ནས།མི་མང་གི་ཚོགས་རའི་དབུས་སུ་སེམས་ལ་གསལ་པོ་མ་དྲན་བཞིན་དུ་རང་རེའི་སྤྱི་ཚོགས་ནང་སྙན་གྲགས་ཡོད་པའི་མི་སྣ་གལ་ཆེན་གཉིས་ཀྱི་མཚན་སྨྲོས་ནས་རང་ཉིད་ཀྱི་ཞོར་ལ་ཁོང་གཉིས་ཀྱ་ཐག་ཞོར་འབྲེང་འདྲུང་བྱེད་དགོས་དོན་གང་ཡིན་ནམ།བོད་ལ་རྒྱ་གཞུང་གི་དེབ་དཀར་འཁྱེར་མཁན་མང་པོ་ཡོད་བཞིན་དུ་རྒྱ་ནག་ལ་འགྲོ་མྱོང་མེད་པའི་མི་གཉིས་ཀྱི་མིང་ངེས་པར་སྨྲོས་དགོས་ནི།ཁྱེད་ཀྱི་རེ་བ་ལྟར་ཚིག་དུམ་འདི་གོང་འོག་བརྗེས་ཀྱང་དེས་ཐག་གཅོད་ཐུབ་རྒྱུ་གནད་དོན་ཞིག་མ་རེད།
    ༤༽ང་ཚོས་འདིར་བློ་སེང་ལ་སྐྱོན་བརྗོད་དང་ཉེས་འཛུགས་བྱས་པའི་གནད་དོན་མང་པོ་ཞིག་བློ་སེང་སྤྱི་འབངས་ཕལ་པ་ཞིག་ཡིན་པའི་ཆ་ནས་གནད་དོན་ཆུང་ཆུང་ཡིན་ནའང་།ཁོང་བཀའ་ཁྲིའི་འོས་མི་དང།འབུམ་རམས་པ་ཡིན་པའི་ཆ་ནས་གནད་དོན་མང་པོ་ཆེན་པོ་ཆགས་ཀྱི་ཡོད་པས་དེར་ང་ཚོས་བསམ་གཞིགས་ནན་པོ་བྱེད་དགོས་པ་ཡིན།
    ༥༽མདོར་ན་བུ་མོ་ཟླ་བས་དྲངས་པའི་བློ་སེང་རྒྱ་ནག་ལ་ཕྱི་སྡོད་ཀྲུང་གོ་བའི་ལག་དེབ་འཁྱེར་བའི་གནད་དོན་དེར་དགག་བཞག་བྱེད་དུས་ཕྱོགས་མང་པོ་ཞིག་ནས་བསམ་བློ་བཏང་དགོས་ཀྱི་ཡོད།
    གཅིག་ནས་རང་གཞུང་གི་ལངས་ཕྱོགས་དང་།
    བློ་སེང་གི་ཚོགས་མི་བྱེད་མྱོང་བའི་གཞོན་ནུའི་ལངས་ཕྱོགས།
    དེ་གཉིས་ཀྱི་ཁྲོད་ནས་བློ་སེང་མི་སྒེར་གྱི་ལངས་ཕྱོགས་གང་ཡིན་བཅས་ལ་བསམ་བློ་བཏང་ནས་དགེ་སྐྱོན་གླེང་དགོས་ཚུལ་གོང་ནས་ངས་བརྗོད་ཡོད།
    ཅི་སྟེ་བློ་སེང་མི་སྒེར་གྱིས་བོད་གཞུང་གི་ལྟ་བའི་བཞེངས་ཕྱོགས་དབུ་མའི་ལམ་ཡིན་ན་གནད་དོན་དེ་གལ་ཆེན་པོ་དེ་ཙམ་མ་རེད།འོན་ཀྱང་ཉེ་ལམ་བློ་སེང་གིས་ལྡི་ལི་སོགས་ས་གནས་ཁག་ཅིག་ལ་གཞོན་སྐྱེས་རྣམས་ལ་དམིགས་ནས་ལ་རང་བཙན་གྱི་ལྟ་བའི་སྐོར་གླེང་བསྒྲགས་ཆེ་ཙམ་བྱུང་པར་གཞིགས་ན།རང་བཙན་གྱི་ལྟ་བ་འདོད་མཁན་གྱི་ངོས་ནས་བརྗོད་ན་བློ་སེང་གི་གནད་དོན་འདི་ནག་པོ་ཆགས་པ་རེད།དཔེར་ན་འཇམ་ནོར་གྱིས་རང་བཙན་གྱི་ལྟ་བ་མཁྲེགས་པོ་བཟུང་མཁན་ཞིག་ཡིན་པ་ཡོངས་གྲགས་རེད།ཁོང་གིས་བློ་སེང་ལ་སྐྱོན་བརྗོད་པའང་དོན་ལ་གནས་པ་རེད།
    དོན་དེ་ནི་འབའ་པ་ཕུན་དབང་ལ་གདེང་མཆོག་བྱས་པ་དང་གཅིག་པ་གཅིག་རྐྱང་རེད།ཕུན་དབང་ཡང་དབུ་མའི་ལམ་འདོད་མཁན་གྱི་ངོས་ནས་དཀར་པོ་དང་།རང་བཙན་འདོད་མཁན་གྱི་ངོས་ནས་ནག་རྐྱང་ཆགས་པ་རེད།མདོར་ན་ཁོང་གི་ལོ་རྒྱུས་དེ་དཀར་ནག་འབྲེལ་མ་རེད།

  127. དོན་གྲུབ་ཚེ་རིང་། says:
    2011-03-01 at 6:21 am

    བུ་མོ་ཟླ་བ་ལགས་ཁྱེད་ཀྱི་བློ་སྟོབས་ལ་བསྔགས་བརྗོད་ཡོད།

  128. འཇམ་དཔལ་ཚུལ་ཁྲིམས། says:
    2011-03-01 at 11:44 am

    དྲ་གྲོགས་ལ་རྒྱ་ལགས།
    ཁྱེད་ཀྱིས་ང་ལ་སྟོད་ར་བྱས་སྟབས་ང་སེམས་དགའ་ནས་ཁྱེད་ལ་སླར་ཡང་སྐད་ཆ་འགའ་ཞིག་འབྲི་རྒྱུ་བྱེད།
    བློ་སེང་གི་སྐད་ཆ་འདི་ལས་ནོར་འཁྲུལ་ཞིག་བྱུང་བ་ངས་སྔོན་ནས་ཁས་ལེན་བཞིན་ཡོད་པ་ཞུས་ཟིན། འོན་ཀྱང་གནད་དོན་ནི་ནོར་འཁྲུལ་འདི་ཙམ་ཞིག་ཁོང་བཀའ་ཁྲི་ལ་མི་འོས་པའི་ནོར་འཁྲུལ་ཚབ་ཆེན་དུ་འགྱུར་རམ་མི་འགྱུར་དེ་སྐབས་འདིའི་རྩོད་གཞི་གཙོ་བོ་ཡིན་སྙམ།
    གཅིག ཁྱེད་ཀྱི་དྲི་བ་དང་པོའི་ལན་ནིཿ འདི་ངས་ཁོང་ལ་མེད་པའི་ཉམས་མྱོང་དེའི་དབང་གིས་རེད་སྙམ། མདོར་ན་ཁོང་ད་དུང་སྲིད་དོན་པ་ཡང་དག་ཅིག་ཏུ་གྲུབ་མེད་པའམ་ཡང་ན་ད་དུང་ཁོང་གི་ཁོག་ཏུ་མཁས་པའི་གཤིས་ཀ་ལས་སྲིད་དོན་པའི་གཤིས་ཀ་ཚད་ལྡན་ཞིག་གྲུབ་མེད་པར་བསམ་པ་ཡིན། གང་ལྟར་སྐད་ཆ་ལ་བཟོ་བཅོས་བྱེད་དགོས་པ་ཙམ་གྱིས་ནོར་འཁྲུལ་བྱུང་ཡོད་པ་ཁས་ལེན་དགོས། ལར་ནས་ལྷ་སངས་བོད་ལ་ཕེབས་གསལ་བོ་ཡིན་ལ་འཇམ་ནོར་ཀྱང་བོད་ལ་ཕེབས་པ་རེད་ཟེར་མཁན་མཆན་འགོད་པ་ཞིག་བྱུང་སོང་། བྱས་ཙང་བློ་སེང་གིས་གསུང་པ་དེ་ཆེད་དུ་གཉེར་ནས་གཞན་ལ་སྙོན་འཛུག་བྱེད་ཆེད་མིན་པ་གསལ་བོ་རེད་པས་དྲན་པའི་ངོས་ན་གསལ་ལ་མི་གསལ་གྱི་དོན་ཞིག་གི་སྐོར་ལ་སྐད་ཆའི་གོ་རིམ་ལན་རེ་ཟུང་འཁྲུག་པ་ཙམ་གྱིས་བཀའ་ཁྲིར་མི་འོས་པ་སྒྲུབ་ཐུབ་བམ།
    གཉིས། ཤོག་བུ་དཀར་བོ་བླངས་བའི་ནོར་འཁྲུལ་དེ་ལ། སྤྱིར་ཁོང་གི་ནོར་འཁྲུལ་དེ་རང་བཞིན་པ་ཞིག་གིས་ནོར་བ་ལས་གནད་འགག་ཆེ་བ་ཡང་བདེན་པ་རེད། ངས་འདི་གནད་ཅན་ཞིག་ཏུ་འཛིན་འདོད་མོད། རང་རེ་ལ་དེ་འདྲའི་ལུགས་སྲོལ་མེད། ཟམ་གདོང་ཚང་བཀའ་ཡིན་བཞིན་དུ་གསུང་མི་འོས་པའི་བཀའ་མོལ་ཡ་མ་ཟུང་ག་ཚོད་གསུང་ཚར་ཡོད། དེ་དག་ལ་གནད་འགག་དེ་ཙམ་མེད་ན་བློ་སེང་འབྱུང་འགྱུར་གྱིས་འོས་མིར་རུང་བའི་མི་ཙམ་ཞིག་(དེའི་སྐབས་སུ་ཁོང་སློབ་ཆེན་སློབ་མ་ཙམ་ཞིག་ལས་མིན)་གིས་དེ་འདྲ་ཞིག་བྱས་པར་གནད་འགག་དེ་ཙམ་ཨེ་ཡོད། བཟང་ཕྱོགས་ནས་བཤད་ན་དེ་དུས་ཁོང་གིས་ལམ་ལུགས་བཞིན་གོང་རིམ་ལ་དྲིས་ནས་ཤོག་བུ་དེ་བླངས་ཡོད་པ་དེས་ནི་ཁོང་(རང་བཙན་པ་ཞིག་ཡིན་པ་ཆ་བཞག)བལྟ་བ་་སྤུག་དོགས་པ་འཛིན་མཁན་ཞིག་མིན་པར་དཀྱེལ་ཡངས་བའི་བལྟ་བ་འཛིན་མཁན་ཞིག་གི་ཚུགས་ཀ་ཡང་མཐོང་ཐུབ།
    གསུམ། ཁྱེད་ཀྱིས་མཆན་༩༩་ན། “བློ་སེང་ཡང་རིམ་པ་དང་གཉིས་པ་གཉིས་ལེན་ཟིན་ནས།ད་ཆ་རིམ་པ་གསུམ་པ་མི་སེར་ལག་དེབ་ལེན་རྒྱུར་སྙན་ཞུ་ཕུལ་ཟིན་ནས་མི་སེར་ལག་དེབ་ཐོབ་རྒྱུར་གྲྭ་སྒྲིག་ཚང་ཟིན་འདུག་འདུག”་ཅེས་བྲིས་འདུག ངས་སྔོན་མ་ཞིག་ལ་བཀྲིས་མཐོང་གི་སྐུ་ཟླ་བལ་བོའི་མི་རེད་ཅེས་བྲིས་པ་ན་མི་ཞིག་གིས་ “བློ་སེང་གི་བཟའ་ཟླ་འབྲུག་པ་རེད།”ཅེས་བྲིས་སོང་། ཁྱེད་ཀྱིས་གསུང་པ་འདི་འདི་འདྲ་བའི་གཞི་མེད་ཀྱི་གཏམ་ཞིག་མིན་ན་ཁུངས་དང་སྒྲུབ་བྱེད་ཡོངས་བསྒྲགས་བྱེད་དགོས།
    ང་ཚོས་རྩོད་གཞི་ནི་ཁོང་གི་བཀའ་མོལ་དེ་ཙམ་གྱིས་བཀའ་ཁྲིའི་བཞུགས་ཁྲི་འཕྲོག་འོས་སམ་ཞེས་པ་འདི་རེད། ང་ཚོར་གདམ་ང་མང་པོ་ཡང་མེད། བཀྲས་མཐོང་དང་བཀྲིས་དབང་གཉིས་ཀྱི་གང་རུང་ཞིག་བཀའ་ཁྲིར་བསྐོས་པ་དང་། བློ་སེང་བསྐོས་པ་གཉིས་ལས་གཞི་བརྒྱ་ཆེ་ས་ནས་བོད་རྒྱལ་ཁབ་ཀྱི་ལས་དབང་ལ་གནད་འགག་གང་ཆེ་བ་འདུག ཕུགས་ན་གང་ཕན་སྲིད། དེ་སོགས་ལ་དཔྱད་བསྡུར་བྱེད་དགོས།
    མཐའ་དོན་ངས་ཁོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མོད་ཁྱེད་ལྟ་བུ་ཧུར་བོ་རང་མེད་ན་ཡང་ད་ལན་ཚིག་འགའ་ཞིག་འབྲི་དགོས་དོན་ནི་བློ་སེང་གི་ཐད་དུ་གཞི་མེད་ཀྱི་ཉེས་འཛུགས་དང་། ཉེས་ཆུང་ཉེས་ཆེན་དུ་བརྩིས་ནས་འུར་སྒྲོག་བྱེད་ཀྱི་འདུག་སྙམ་ནས་བྲིས་པ་ཡིན། ད་ནི་བགྲོ་གླེང་ལ་དངོས་སུ་ཞུགས་ཟིན་པས་ཁྱེད་ཀྱི་གསུང་ལན་ལ་རེ་སྒུག་བྱེད་བཞིན་ཡོད།

  129. འཇམ་དཔལ་ཚུལ་ཁྲིམས། says:
    2011-03-01 at 11:34 pm

    དྲ་གྲོགས་ཚོ།
    མཆན་༡༢༦་པ་དང་༡༡༩་གཉིས་དང་གཞན་རྣམས་སྡོང་ནས་ཁོ་བོ་ལ་ཚོར་སྣང་བྱུང་བ་ནི། ལ་རྒྱ་སོགས་ཀྱིས་ཉེས་འཛུགས་གཅིག་གིས་ཁུངས་མ་འཁྱོལ་བའི་སྐབས་སུ་གཞན་ཞིག་ལ་ཁ་སྤོས་ནས་ཀླན་ཀ་འཚོལ་བཞིན་པའི་ཚོར་སྣང་བྱུང་།
    དང་པོ། བློ་སེང་གིས་འཇམ་ནོར་སོགས་ཀྱིས་ཤོག་བུ་སེར་བོ་ཁྱེར་ནས་བོད་ལ་སོང་བར་བཤད་པ་འདི་གང་མིན་ཚད་ཡིན་ཟེར་།
    གཉིས་པ། དེ་གཞི་མེད་དུ་གྲུབ་པ་ན་འཇམ་ནོར་སོང་བར་ཁ་ཚོན་བཅད་པ་དེ་ཧ་ཅང་ཚབ་ཆེ་ཟེར་།
    གསུམ་པ། དེ་ལ་ཡང་ཤུགས་མེད་པར་མཐོང་བ་ན་ཁོང་གིས་ཤོག་བུ་དཀར་བོ་ཁྱེར་བ་འདི་ཉིད་ཉེས་པ་ཆེ་ཟེར་།
    བཞི་བ། ཁོང་གིས་ཤོག་དཀར་ཁྱེར་བ་དེ་ལ་སྐུ་སྒེར་ནས་བོད་གཞུང་བར་དུ་ཚུད་ཡོད་པ་ཡིན་སྟབས་ད་ནི་ཁོང་སྔོན་མ་གཞོན་ནུའི་ཚོགས་མི་ཡིན་པའི་ཆ་ནས་ཤོག་དཀར་ཁྱེར་བ་དེ་ནོར་འཁྲུལ་ཚབ་ཆེན་ཡིན་ཚུལ་ཟེར་། འདི་ལྟར་ཁོང་ལ་བཙུག་པའི་ནག་ཉེས་དེ་དུང་ཆེན་གྱི་ཁ་བཞིན་ཇེ་ཕྲ་ནས་ཕྲར་གྱུར་བ་འདིས་བདེན་པ་བརྡར་རིམ་བཞིན་བློ་སེང་ཇེ་དཀར་འགྲོ་བ་ལྟར་སྣང་།
    འདི་ལྟར་ཡིན་མིན་དྲ་གྲོགས་གཞན་ཚོ་ལ་ཐུགས་གཞིགས་སུ་ཕུལ་བ་ཡིན།

  130. ལ་རྒྱའི་བདག་པོ། says:
    2011-03-01 at 11:56 pm

    དྲ་གྲོགས་འཇམ་ཚུལ་ལགས་སྐུ་ཁམས་བཟང་།
    ༡༽འགོ་བརྗོད་ཀྱི་དུམ་བུ་དེའི་ལན་དེ་ངས་མཆན་རྗེས་མར་རྩོམ་ཡིག་ཅིག་དྲངས་རྒྱུ་ཡིན།
    ༢༽དྲིས་ལན་གཉིས་པ་དེར།ངེས་གཉིས་ཀྱི་རྩོད་གཞི་བློ་སེང་གི་ཉམས་མྱོང་མེད་པའི་དབང་གིས་སྐད་ཆ་ཤོད་སྟངས་ནོར་བ་དེ་ཁྱེད་ཀྱིས་ཁས་ལེན་སྔོན་སོང་ཡིན་པ་བདེན་མོད།ད་དུང་དེ་བས་གལ་ཆེ་བའི་རྩོད་གཞི་ནི།བློ་སེང་གིས་ལྷ་ཚེ་དང་འཇམ་ནོར་གཉིས་རྒྱ་མིའི་ཕྱིར་སྡོད་རྒྱ་མིའི་ལག་དེབ་འཁྱེར་ནས་ཕྱིན་ཚུལ་བརྗོད་པ་དེ་རེད།ཁྱེད་ཀྱིས་གསུངས་པ་ལྟར་ལྷ་ཚེ་བོད་ལ་བསྐྱོད་པ་བདེན་ཡང་ཁོང་རྒྱ་མིའི་ཕྱིར་སྡོད་ལག་དེབ་རྩ་བ་ནས་འཁྱེར་མེད་པ་དེ་གོང་གི་བོུ་ཟླ་བའི་རྩོམ་ཡིག་གི་སྒྲ་ཐག་ནང་ལྷ་ཚེ་ངོ་མས་གསུངས་འདུག་པར་ང་ཚོས་ཡིད་ཆེས་བྱས་ཆོག་པ་ཞིག་རེད།
    ༣༽དྲིས་ལན་གཉིས་པ་དེར།ཁྱེད་ཀྱིས་མུ་མཐུད་ནས་བློ་སེང་དག་སེལ་གྱི་ཁོང་རྒྱ་ནག་ཕྱིན་པ་དང་ཁོང་གི་སྐད་ཆ་དེ་གནད་འགག་མཐོང་གི་མེད་ཚུལ་གྱི་དག་འབུད་ཇི་ལྟར་བྱས་ཀྱང་།ངས་གོང་གི་མཆན་བུའི་ནང་བརྗོད་པ་བཞིན་གལ་ཏེ་རང་བཙན་འདོད་མཁན་ཞིག་ཡིན་ཕྱིན་ཕྱིར་སྡོད་ཀྲུང་གོ་བའི་ལག་དེབ་འཁྱེར་བ་དེ་གནད་འགག་ཆེན་པོ་ཡིན་པ་མ་ཟད།བོད་རང་བཙན་རྩ་འཛུགས་ཀྱི་དམ་བཅའམ་ཁྲིམས་སྒྲིག་གང་དང་འགལ་བའི་གནད་དོན་ཞིག་རེད།དེ་ཡང་གཞོན་ལྷན་གྱིས་དེ་སྔ་ཕྱིར་སྡོད་ཀྲུང་གོ་བའི་ལག་དེབ་དེ་འཁྱེར་ན་རུང་མིན་གྱི་བརྟག་དཔྱད་བྱས་རྗེས་དེ་ནི་མི་འོས་པར་གཏན་འབེབས་བྱས་པ་གོང་དུ་བོུ་ཟླ་བའི་སྒྲ་ཐག་ནང་ལྷ་ཚེས་གསལ་པོ་གསུངས་པ་ལས་གསལ་བཤད་བྱེད་ཀྱི་ཡོད།
    གཞན་ཡང་ཁྱེད་ཀྱི་དུམ་བུ་དེའི་ནང་(དེས་ནི་ཁོང་(རང་བཙན་པ་ཞིག་ཡིན་པ་ཆ་བཞག)བལྟ་བ་་སྤུག་དོགས་པ་འཛིན་མཁན་ཞིག་མིན་པར་དཀྱེལ་ཡངས་བའི་བལྟ་བ་འཛིན་མཁན་ཞིག་གི་ཚུགས་ཀ་ཡང་མཐོང་ཐུབ།
    )གསུངས་པ་ནི་ཧ་ཅང་གི་ཐལ་ཆེས་དྲགས་པའི་ལྟ་ཚུལ་ཞིག་རེད།དེ་ནི་གུ་ཡངས་མིན་གྱི་གནད་དོན་མ་རེད།བོད་རང་བཙན་གྱི་ལར་རྒྱ་བརྟན་མིན་དང་།དམ་བཅའ་བརྟན་མིན་གྱི་གནད་དོན་ཞིག་རེད།ཁྱེད་ཀྱིས་གསུངས་སྟངས་དེ་ནི་གཞིས་ལུས་སྤུན་ཟླ་མང་པོས་བོད་རང་བཙན་གྱི་འབོད་སྒྲ་བསྒྲགས་པ་ཙམ་གྱི་ཚེ་སྲོག་ཤོར་མཁན་རྣམས་དང་།བཙན་བྱོལ་དུ་གཞོན་ནུའི་ལྟ་བ་རྒྱུན་འཁྱོངས་ཀྱི་དམ་བཅའ་བརྟན་པོ་གནས་མཁན་ཚོར་བསྐུར་འདེབས་དང་གནངས་མེད་བཏང་བའི་བྱ་སྤྱོད་ཅིག་རེད།

  131. ལ་རྒྱའི་བདག་པོ། says:
    2011-03-01 at 11:59 pm

    ༤༽དུམ་བུ་གསུམ་པ་དེར།ཁྱེད་ཀྱིས་ངའི་མཆན་བུ་༩༩ནང་བློ་སེང་གིས་ཨ་རིའི་གཏན་སྡོད་མི་སེར་གྱི་ལག་དེབ་ལེན་རྒྱུའི་གྲ་སྒྲིག་བྱས་ཞེས་པ་དེ་གཞི་མེད་ཀྱི་གཏམ་ཞིག་མིན་ན་ཁུངས་དང་སྒྲུབ་བྱེད་ཡོངས་བསྒྲགས་བྱེད་དགོས།ཞེས་གསུངས་པར།
    དང་པོ།ཨ་རི་གཙོས་པའི་ནུབ་ཕྱོགས་ཡུལ་གྲུ་ཁག་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུས་རང་ཉིད་སྡོད་སའི་ཡུལ་གྲུ་དེའི་ནང་ཁྲིམས་མཐུན་ཡོངས་ཐབས་དང་ཐོབ་ཐང་ཆ་ཚང་རག་ཐབས་ཆེད་སྐྱབས་བཅོལ་ལག་དེབ་དང་།དེབ་ལྗང་ཁུ།གཏན་སྡོད་མི་སེར་ལག་དེབ་བཅས་ལེན་སྲོལ་ཡོད་པ་བཞིན་བློ་སེང་གི་བཟའ་ཟླས་ཀྱང་བརྒྱུད་རིམ་དེ་འགྲིམས་ཡོད་པས།བཟའ་ཟླར་ལག་དེབ་ཐོབ་ན་བློ་སེང་ལའང་གཅིག་མཚུངས་རག་གི་ཡོད་པ་ཨ་རིའི་ཁྲིམས་ལུགས་ནང་འཁོད་ཡོད་པ་རེད།
    གཉིས་པ།གནས་ཚུལ་དེ་ངས་བསམ་བཏང་དྲན་སྐྱེན་གྱི་ཚུལ་ཁུངས་མེད་ཀྱི་ཐོག་བྲིས་པ་ཞིག་མིན་པ།ངའི་སྔོན་ལ་མཁྱེན་རྒྱ་ཡངས་ཤིང་ཆབ་སྲིད་ཀྱི་དཔྱད་བརྗོད་སྤེལ་རྒྱུར་གནད་ལ་འཁེལ་བའི་མཁྱེན་ཡངས་དགེ་འདུན་རབ་གསལ་ལགས་ཀྱིས་(བློ་བཟང་སེང་གེ་རྒྱ་ནག་ལ་ཕྱིན་པ་)ཞེས་པའི་http://www.khabdha.org/?p=16516འབྲེལ་ཐག་འདིའི་ནང་གི་མཆན་༥༩ནང་གསུངས་འདུག་པའང་ཁུངས་སུ་བྱས་པ་ཞིག་ཡིན།

  132. ལ་རྒྱའི་བདག་པོ། says:
    2011-03-02 at 12:06 am

    ༥༽ཁྱེད་ཀྱི་དུམ་བུ་དང་པོ་དང་གཉིས་པ་གཉིས་ཀའི་ནང་བློ་སེང་གི་ནོར་འཁྲུལ་འདི་ཙམ་ཞིག་ཁོང་བཀའ་ཁྲི་ལ་མི་འོས་པར་བསྒྲུབ་ཐུབ་བམ་གསུངས་འདུག་མོད།སྤྱིར་བཀའ་ཁྲིའི་འོས་མིའི་ཞིག་གི་ངོས་ནས་ཆབ་སྲིད་ཀྱི་ལྟ་བ་དེ་ཨང་དང་པོ་འཇོག་དགོས་པ་རེད།འོན་ཀྱང་ནོར་འཁྲུལ་དེ་ཙམ་གྱིས་ཁོང་བཀའ་ཁྲིར་མི་འོས་ཞེས་བརྗོད་ཀྱི་མེད།ཁོང་བཀའ་ཁྲིར་མི་འོས་པའི་རྒྱུ་མཚན་ངས་ཁ་སྔོན་སྤེལ་བའི་རྩོམ་ཡིག་ཆ་ཚང་འདིར་དྲངས་རྒྱུ་ཡིན།

    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བློ་བཟང་སེང་གེ་དང་བཀའ་ཁྲིའི་རྩ་བའི་འོས་ཆོས་བརྒྱད།

    སྤྱི་བཤད།
    ང་དེ་སྔ་མཐོ་སློབ་འགྲིམས་བཞིན་པའི་སྐབས་བློ་བཟང་སེང་གེ་ལགས་ཀྱི་གཏམ་བཤད་ཉན་མྱོང་།དེ་དུས་གཏམ་བཤད་ཀྱིས་ང་ཚོར་ཡིད་བསྐུལ་ཚད་མེད་ཐེབས་ནས།མ་འོངས་པར་གཞུང་ཞབས་དང་།སྤྱི་འཐུས།བཀའ་བློན།བཀའ་ཁྲི་བཅས་རིམ་བཞིན་བྱེད་ཐུབ་པའི་ཕུལ་བྱུང་གི་གཞོན་སྐྱེས་ཤིག་འདུག་སྙམ་ནས་རེ་བ་ཆེན་པོ་བཅངས་ཡོད།ད་ཐེངས་ཀྱི་འོས་བསྡུའི་ལས་རིམ་འགོ་བཙུགས་ནས་དེ་བས་ཁོང་ལ་ཤེས་རྟོགས་གཏིང་ཟབ་དུ་ཕྱིན་སོང་།ཁོང་གི་རྒྱབ་ལྗོངས་ཀྱི་གནས་ཚུལ་མང་པོས་དེ་སྔའི་ལྟ་ཚུལ་ལ་འགྱུར་བ་ཅུང་ཟད་ཕྱིན་མོད།མི་ཚང་མ་སྐྱོན་ཡོན་འདྲེས་མར་གྲུབ་ཡོད་པ་ཆོས་ཉིད་ཡིན་པར་སྙམ།འོན་ཀྱང་ཁོང་ལ་འབུམ་རམས་པའི་ལག་འཁྱེར་ཡོད་པ་ཙམ་དང་།ཁྲིམས་ལ་མཁས་པ་ཙམ་གྱིས་བཙན་བྱོལ་བོད་མིའི་ཚད་མཐོའི་སྐུ་དབང་ལྡན་པའི་དབུ་ཁྲིད་ལ་འོས་ཞེས་བརྗོད་ན་དེ་ནི་ལམ་ལུགས་ཆོས་ཉིད་གང་དང་ཡང་འགལ་བ་རེད།
    དེས་ན་ངས་ད་ཐེངས་ཁོང་བཀའ་ཁྲིར་སྔ་དྲགས་པའི་འདོད་ཚུལ་འཛིན་མཁན་ཞིག་ཡིན་པའི་ཆ་ནས།ཁོང་གི་ཞན་ཆ་གླེང་རྒྱུ་ནི་ངའི་འོས་བབ་ཡིན།འདིར་གླེང་བའི་ཁོང་གི་ཞན་ཆ་དེ་དག་སྤྱིར་བཏང་མི་ཞིག་ཡིན་པའི་ངོས་ནས་གལ་ཆེན་པོ་དང་སྐྱོན་ཆེན་པོ་མ་རེད།འོན་ཀྱང་ཁོང་བཀའ་ཁྲིའི་འོས་མིའི་ངོས་ནས་ཞན་ཆ་ཆེན་པོ་རེད།ངའི་རེ་བར་ཀློག་པ་པོ་ཚང་མས་ཁོང་བཀའ་ཁྲིའི་འོས་མིའི་ངོས་ནས་དགེ་སྐྱོན་གྱི་ཐད་ལ་ཡང་དག་པའི་ལྟ་ཚུལ་འཛིན་པ་ལས་ཧེ་བག་ཤུགས་ཆེན་གྱི་ཕྱོགས་ལྷུངས་དབང་དུ་མ་སོང་བ་གནང་རོགས།དེ་མིན་ངས་རྩོམ་ཡིག་འདི་སྤེལ་རྗེས་ངར་སྤྱི་ཚོགས་རྙིང་པ་རོ་ལངས་བརྒྱབ་མཁན་དང་།སྐུ་དྲག་གི་རྒྱུག་ཁྱི།བཀའ་བཀོད་རྒྱུད་འཛིན་པ་བཅས་ཀྱི་ཞྭ་མོ་ནག་པོ་གསུམ་དེ་མ་གཡོག་པའི་རེ་བ་ཡོད།
    གཤམ་ལ་ཡོངས་བསྒྲགས་ཀྱི་བཀའ་ཁྲིར་ཚང་དགོས་ངེས་ཀྱི་རྩ་བའི་ཁྱད་ཆོས་བརྒྱད་དེ།དབྱིན་བོད་ཤེས་ཡོན་དང་།འཇོན་ཐང་།ཉམས་མྱོང་དང་།ལྷག་བསམ།ལྟ་བ་དང་།མི་གཤིས།གསར་གཏོད་དང་།འཛིན་སྐྱོང་གི་ནུས་པ་བཅས་རྨང་གཞིར་བྱས་ནས་གླེང་རྒྱུ་ཡིན།

    ༡༽ ཤེས་ཡོན་གྱི་ཐད་ནས་གླེང་བ།
    བཀའ་བློན་ཁྲི་པ་ནི་བཙན་བྱོལ་བོད་མིའི་དབུ་འཁྲིད་མཐོ་ཤོས་དེ་ཡིན་པས་དེར་དབྱིན་བོད་གཉིས་ཀྱི་ཤེས་ཡོན་གྱི་ཚད་ལོངས་ངེས་ཤིག་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན།འོན་ཀྱང་བློ་སེང་གི་བོད་ཡིག་གནས་ཚད་དེས་གཤམ་གྱི་གནས་ཚུལ་ཁག་ལ་གདོང་ལེན་བྱེད་དགོས་པ་ཡིན། དང་པོ།ང་ཚོ་བོད་ཀྱི་མཐར་ཐུག་རྩ་དོན་གྱི་རྩོད་གཞི་ནི།་མི་རིགས་ངོ་བོ་དང་།རིག་གཞུང་ལ་ཐུག་གི་ཡོད།དེ་བཞིན་བོད་ནང་ནས་དེང་སྐབས་མི་རིགས་ཀྱི་རིག་གཞུང་དང་།སྐད་ཡིག་གི་ཐད་ལ་མ་སྐུལ་དང་བླངས་ཀྱི་དངོས་ཤུགས་རྒྱུད་གསུམ་ནས་ལས་འགུལ་སྤེལ་བཞིན་ཡོད།བཙན་བྱོལ་ནང་ལའང་དེ་མཚུངས་རང་སྐད་སྦྱོང་སྤྱོད་སྤེལ་གསུམ་ལ་སྔར་བས་ཤུགས་སྣོན་བསྐྱོན་དགོས་པའི་དུས་སྐབས་འདིར།དབུ་ཁྲིད་དེ་བོད་ཡིག་རང་མགོ་མི་ཐོན་པ་ཞིག་བྱུང་ན་དངོས་གནས་དེ་ནི་འགལ་བསྡུ་ཆེན་པོ་ཞིག་རེད་ལ།བོད་ནང་གི་མི་མང་ཚོར་ངོ་གནོངས་དགོས་པ་དང་།ཁོ་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་བརྡ་ལན་ལོག་པ་ཞིག་སྤྲད་པ་རེད།
    གཉིས་པ།གྲོས་ཚོགས་འཚོགས་དུས་བཙན་བྱོལ་བོད་མིའི་གནད་དོན་སྣེ་མང་ཐད་བཀའ་ཁྲིར་དྲི་བ་བརྒྱ་ཕྲག་མང་པོ་ཡོང་གི་ཡོད་པ་དང་།དེ་བཞིན་ཁྲིམས་སྒྲིག་གསར་བཟོ་དང་བསྐྱར་བཅོས་སྐབས་དག་ཆ་དང་བརྡ་འཕྲོད་ཀྱི་འགྲོ་སྟངས་ཀྱི་དྲིས་ལན་མང་པོ་བསྐྱོན་དགོས་ཀྱི་ཡོད།དེ་དུས་དྲུང་ཡིག་འབོད་ས་མེད་ལ།ང་བོད་ཡིག་སྦྱངས་མྱོང་མེད་ཚུལ་བརྗོད་ས་མེད།བརྗོད་ཀྱང་ཚོགས་ཀྱི་དབུས་སུ་ཞད་གད་སློང་བའི་རྒྱུ་ལས་མ་འདས།
    གསུམ་པ།ཡང་བཀའ་ཁྲིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་མང་པོར་བོད་ཀྱི་རིག་གཞུང་གལ་ཆེ་རང་བཞིན་དང་།ནུས་པ།དར་སྤེལ་གཏོང་ཕྱོགས་བཅས་ཀྱི་ཐད་ནས་བཀའ་སློབ་གནང་དགོས་དུས།རིག་གནས་དེ་དང་དེའི་སྐོར་རགས་རིམ་ཞིག་མ་ཤེས་པར་གཏམ་བཤད་ཇི་ལྟར་བྱེད།སློབ་ཕྲུག་གིས་དྲི་བ་སྣ་ཚོགས་དྲིས་པར་བཀའ་ལན་བརྒྱབ་དགོས་རྒྱུར་གཡོལ་ཐབས་མེད་པས།དེ་དུས་ཀུན་གླེང་བརྙན་འཕྲིན་ནང་གི་ལན་བཞིན་རིག་གནས་སྐོར་གྱི་དྲི་བར་ཆབ་སྲིད་དང་ཁྲིམས་ལུགས་སྐོར་གྱི་ལན་ཞིག་བརྒྱབ་ན་འདྲེ་ཤར་སྒོ་དང་གླུད་ནུབ་སྒོའི་དཔེ་ལྟར་སོང་ནས་བཀའ་ཁྲི་དེར་འཕྱ་དམོད་བྱ་ཡུལ་དུ་གྱུར་ངེས་རེད།
    བཞི་པ།ལྷག་པར་བཀའ་ཁྲི་གསར་པ་དེས་སྲོལ་རྒྱུན་སོ་ནམ་ཞིང་ལས་དང་།ཤེས་ཡོན་སྲིད་བྱུས་གསར་པ་དང་ལག་ལེན་བསྟར་དགོས་པའི་འགག་རྩའི་དུས་ཚོད་ལ་སླེབས་ཡོད།དེ་དག་ལག་ལེན་བསྟར་དགོས་སྐོར་དམིགས་བཀར་ཐད་ཀའི་བཀའ་བློན་ཡོད་རུང་།མཚམས་རེ་བཀའ་ཁྲི་ངོ་མས་གྲོས་ཚོགས་དང་གཞིས་ཆགས།སློབ་གྲྭ་ཁག་བཅས་ལ་སྲིད་བྱུས་ཀྱི་དགེ་མཚན་དང་དགོས་པ་བཅས་ཀྱི་གནས་ལུགས་རྒྱས་བཤད་གནང་དགོས་དུས།སྲོལ་རྒྱུན་རིག་གནས་སྤྱི་དང་བོད་ཀྱི་རིག་གནས་ཀྱི་རྨང་གཞི་མེད་ན་གཞན་ལ་འགྲེལ་བཤད་བརྒྱབ་ཐབས་བྲལ་གཤིས་ལས་དོན་དེའི་ཐོག་འཐུས་ཤོར་འགྲོ་ཉེན་ཆེ།
    ལྔ་པ།བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཞུང་འབྲེལ་གྱི་ཡིག་ཆ་ཁག་བོད་ཡིག་འབྲི་སྲོལ་ལག་བསྟར་གཏན་འབེབས་ཀྱི་སྲོལ་རྒྱུན་བཟང་པོ་དེ།ཕྱིན་ཆད་བཀའ་ཁྲི་གསར་པས་ཀྱང་ལག་བསྟར་དགོས་པས།བཀའ་ཁྲིས་གལ་ཆེའི་ཡིག་རིགས་དང།་སྙན་ཞུ།མཆན་འགོད་རིགས་བཅས་ལ་ཡིག་ཚང་དུ་གཟིགས་དགོས་དང་།མཚམས་རེ་ནང་དུ་གཟིགས་དགོས་པའང་འབྱུང་གི་ཡོད།བློ་སེང་ལྟ་བུ་ཡིན་ན་དྲུང་ཡིག་མ་བསྟེན་ན་བོད་ཡིག་མི་འདང་ཞིང་།དྲུང་ཡིག་གིས་ཡིག་རིགས་ཚང་མ་རེ་རེ་བཞིན་ཀློག་གིན་བསྡད་ན་དུས་ཚོད་འགོར་གཞི་ཆེ་བས།ཛ་དྲག་གི་ལས་དོན་དང་སྙན་ཞུའི་རིགས་ལ་འཐུས་ཤོར་འགྲོ་ཉེན་ཡོད་པས་དཀའ་ཚེགས་དེ་ཚོར་གདོང་ལེན་ཇི་ལྟར་བྱེད་དམ།
    དྲུག་པ།བཀའ་བློན་ཁྲི་པས་རིས་སུ་མ་མཆིས་པའི་ཆོས་བརྒྱུད་ཁག་གི་མཛད་སྒོ་སོགས་སུ་ཕེབས་དུས་དགེའ་འདུན་འདུས་མང་དབུས་སུ་ཆབ་སྲིད་དང་ཁྲིམས་རྐྱང་བཤད་ན་མི་མཛེས་ཤིང་།དེ་ཉིན་གྱི་ལས་རིམ་དང་འབྲེལ་བའི་ཆོས་འཇིག་རྟེན་གྱི་གསུང་བཤད་གནང་དགོས་དུས།བོད་ཀྱི་ལོ་རྒྱུས་དང་།རིག་གནས་ལ་སྦྱངས་པ་ངེས་ཅན་ཞིག་མེད་ན་སྐབས་དེ་དུས་དགོད་མིན་ངུ་མིན་ཞད་གད་སློང་བའི་གནས་སུ་ལྷུངས་རྒྱུར་ངེས།དེ་ན་བཀའ་ཁྲིར་ཚང་དགོས་ངེས་ཀྱི་རྩ་བའི་འོས་ཆོས་དང་པོ་དབྱིན་བོད་ཤེས་ཡོན་གཉིས་ལས་བོད་ཡིག་རང་མགོ་མི་ཐོན་ན་དམངས་ཀྱི་མགོ་མི་ནོན་པས་བཀའ་ཁྲིའི་ཞབས་སྟེགས་ཀྱི་རིན་ཐང་དེ་ཡང་ཅང་ཅང་དུ་འགྱུར་ཉེན་ཆེ།

    ༢༽ འཇོན་ཐང་གི་ཐད་ནས་གླེང་བ།
    དང་པོ།བཀའ་བློན་ཁྲི་པ་དེ་འཇོན་ཐང་ཅན་ཞིག་དགོས་རྒྱུ་གལ་ཆེན་པོ་ཡིན།འཇོན་ཐང་དེ་ཡང་ཡོད་ཅེས་པ་དང་།ཡོད་ས་རེད་ཅེས་པ་ཙམ་མིན་པར།ལས་དོན་དངོས་ཐོག་ནས་གྲུབ་འབྲས་ཀྱིས་དངོས་ར་འཕྲོད་ཐུབ་པ་དང་།ཚད་འཕེར་བ་ཞིག་དགོས་ཀྱི་ཡོད།འཇོན་ཐང་གི་གྲུབ་འབྲས་སྟོན་རྒྱུ་མེད་ན་ཤེས་ཡོན་དང་སྨྲ་བརྗོད་བདེ་པོ་ཙམ་གྱིས་བཀའ་ཁྲིའི་ཞབས་སྟེགས་མཐོ་པོ་དེ་བཟུང་རྒྱུ་ཁག་པོ་རེད།
    གཉིས་པ།བློ་བཟང་སེང་གེ་ལགས་ཀྱིས་ད་བར་སློབ་ཕྲུག་སྐབས་གཞོན་ལྷན་གྱི་ལས་འགུལ་ནང་ཞུགས་པ་དང།ཨ་རིར་རྒྱ་མི་རིགས་ལ་འབྲེལ་བ་བྱས་པ།ཆེད་ལས་མི་སྣའི་ཚོགས་འདུ་ཁ་ཤས་ནང་ཞུགས་པ་བཅས་ཀྱིས་ཁོང་ལ་འཇོན་ཐང་ཡོད་པ་དེ་ར་འཕྲོད་ཐུབ་ཀྱི་མི་འདུག་འཇོན་ཐང་ནི་འགན་འཁྲི་ལྕི་བའི་ལས་དོན་གསར་གཏོད་དང་།དེར་གྲུབ་འབྲས་ལག་རྩེར་སྨིན་པ་ཞིག་དགོས་ཀྱང་།ཁོང་ལ་ད་བར་གསར་གཏོད་དང་གྲུབ་འབྲས་སྟོན་རྒྱུ་མི་འདུག
    གསུམ་པ།ཁོང་གིས་གཏམ་བཤད་བྱེད་དུས་འཇོན་ཐང་ངོམ་ཆེད་འཆར་གཞི་གསུམ་དང་།ལྔ།བཅུ་བཅས་བཏོན་ཡོད་རུང་དེ་ནི་གལ་ཆེན་པོ་མིན།འཆར་གཞི་ཉི་ཤུ་དང་སུམ་ཅུ་ཡིག་ཐོག་ཕབ་རྒྱུར་དཀའ་ཚེགས་མེད།འཛམ་གླིང་འདིར་འོས་བསྡུར་ལངས་མཁན་མང་ཆེ་བས་རྒྱབ་སྐྱོར་བ་འཚོལ་ཆེད་འཆར་གཞི་མང་པོ་འཁྱེར་སྲོལ་ཡོད།དེས་འོས་ཤོག་ཐུབ་རྒྱུར་ཕན་ཐོགས་ཕྲན་ཙམ་ཡོང་སྲིད་མོད།གལ་ཆེ་ཤོས་འཆར་གཞི་དེ་དག་ང་ཚོ་བཙན་བྱོལ་བའི་གནས་བབ་དང་།་དཔལ་འབྱོར་གྱི་གནས་བབ་ལ་གཞིགས་ནས་ག་ཚོད་ལག་ལེན་བསྟར་ཐུབ་ས་རེད་དམ་དཔྱད་པ་བྱ་རྒྱུ་གལ་ཆེ།མདོར་ན་བློ་སེང་ལ་བཀའ་ཁྲིར་ཚང་དགོས་ངེས་ཀྱི་རྩ་བའི་འོས་ཆོས་གཉིས་པ་འཇོན་ཐང་ལ་སྤྱི་ཚོགས་ནང་ཤེས་ལྡན་པ་མང་པོར་ཐེ་ཚོམ་སྐྱེས་ཀྱི་ཡོད།

    ༣༽ ཉམས་མྱོང་གི་ཐད་ནས་གླེང་བ།
    བློ་བཟང་སེང་གེ་ལགས་ཀྱིས་བོད་གཞུང་ལས་ཁུངས་མ་ལག་དང་བཅས་པའི་ཐོག་ལ་ཉམས་མྱོང་ཡོད་ཚུལ་དང་།ཚོུད་དགུ་པ་ནས་ལྔ་པ་བར་ལས་ཀ་བྱས་པའི་ཉམས་མྱོང་མེད་ཀྱང་བོད་གཞུང་གི་གནས་ཚུལ་ཚང་མ་ཤེས་ཀྱི་ཡོད་ཅེས་ཆེར་རློམ་གྱི་ངང་ནས་ཨུ་ཚུགས་ཇི་ལྟར་བྱས་ཀྱང་།དོན་དངོས་པོའི་གནས་ཚོད་ལ་ཁོང་གི་ཉམས་མྱོང་དེ་ནི་མི་ལ་སྐད་ཆ་དྲིས་པ་དང་དེབ་ཐོག་གི་མྱོང་བ་སྐྱེས་པ་ཙམ་ཞིག་ཡིན་པས།དེ་ནི་ཉམས་མྱོང་དངོས་དང་རྩ་བ་ནས་མི་འདྲ།དཔེར་ན་ཞིང་པས་ལྕོག་རྩེའི་སྟེང་སྨོན་པ་བརྒྱབ་སྟངས་བསླབ་པ་དང་དངོས་སུ་རྨོས་གླང་གི་རྗེས་སུ་འགྲོ་བ་གཉིས་དཀའ་ཁག་མི་འདྲ་བའི་གཏམ་དཔེ་ཡང་ཡོད་པ་རེད།དེབ་ཐོག་ནས་རླངས་འཁོར་སྦྱངས་ཡང་དེས་སྦྱངས་གོ་ཆོད་ཀྱི་མེད།དེབ་ཐོག་དང་དངོས་སུ་ལག་པ་འཆང་བ་གཉིས་དཀའ་ཁག་ལའང་ཧེ་བག་ཆེན་པོ་མི་འདུག་གམ།
    ཡང་ཁོང་གིས་སློབ་ཐོན་གྱི་ཆེད་རྩོམ་དེ་བཙན་བྱོལ་བོད་མིའི་སྐོར་བྲིས་པ་རྒྱུ་མཚན་དུ་དྲངས་ནས་བོད་གཞུང་གི་གནས་སྟངས་ཚང་མ་ཤེས་པ་ཀྱི་ཡོད་ཚུལ་གསུངས་པ་ཅུང་འོར་ཤོབ་གནང་བ་དོན་དངོས་རེད།དེ་ནི་དཔྱད་གཞི་འགའ་ཤས་འཛོམས་ན་ཕྱི་རྒྱལ་མགོ་སེར་ཞིག་གིས་ཀྱང་འབྲི་ཐུབ་ཀྱི་རེད།ཁོང་གིས་ཤེས་པ་ནི་བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་གི་ཕྱིའི་རྣམ་གྲངས་དང་གནས་ཚུལ་རགས་རིམ་ཙམ་ཡིན།
    འགོ་ཁྲིད་ཀྱི་ལས་ཀའི་ཉམས་མྱོང་དངོས་ནི་འཛིན་སྐྱོང་དང་།སྲིད་བྱུས་གཉིས་ལས་དོན་ནང་ལོ་ནས་ལོ་བསྟུད་དེ་ལས་དོན་གྱི་འཐབ་རྩོད་ནང་དངོས་སུ་ཞུགས་ནས།ལས་ཀའི་ངོ་བོ་དང་།བྱེད་ལས།འཆར་འགོད།དཀའ་ཚེགས།འགོག་རྐྱེན།རྙོག་རྫིང་ཆེ་བའི་མི་སྣའི་འབྲེལ་བ།སྲིད་བྱུས།ཁྲིམས་སྒྲིག་།གོ་བབ།གྲུབ་འབྲས་བཅས་རང་ཉིད་ཀྱིས་དངོས་སུ་མྱོང་བ་ཙམ་མ་ཟད།མྱོང་བ་དེ་ལ་བརྟེན་ནས་ལས་དོན་བསྒྲུབ་པའི་ཐབས་ཤེས་དང་གསར་གཏོད་ཀྱི་རྨང་གཞི་ཡོད་པ་ཞིག་ཡིན་ན་ད་གཟོད་ཉམས་མྱོང་ཡོད་ཅེས་བརྗོད་ཆོག་བློ་བཟང་སེང་གེ་ལགས་སུ་ དབུ་འཁྲིད་གཅིག་གིས་འགྲིམས་དགོས་པའི་ལམ་བུ་གལ་ཆེན་ཞིག་ལའང་བསྐྱོད་མྱོང་མེད་པའི་ཞན་ཆ་དེས་ལས་དོན་ཆེ་ཕྲ་མང་པོར་ཐལ་ཆ་དང་ནོར་འཁྲུལ་འཚབ་ཆེན་ཡོང་ཉེན་ཆེ།དེ་ན་ཁོང་ལ་བཀའ་ཁྲིར་ཚང་དགོས་ངེས་ཀྱི་རྩ་བའི་འོས་ཆོས་གསུམ་པ་ཉམས་མྱོང་མེད་པ་ཡོངས་གྲགས་རེད།

    ༤༽ ལྷག་བསམ་གྱི་ཐད་ནས་གླེང་བ།
    སྤྱིར་མི་ཞིག་གི་ལྷག་བསམ་ལ་ཚོད་རྩིས་བྱ་རྒྱུ་ཅུང་ཁམ་ཙམ་ཡོད་མོད།མི་དེའི་བྱ་སྤྱོད་དང་གཏམ་གླེང་བཅས་བརྒྱུད་ནས་མི་དེའི་ནང་སེམས་ཀྱི་ལྷག་བསམ་དང་མི་གཤིས་ཀྱང་ཤེས་རྟོགས་ཡོང་གི་ཡོད།
    དང་པོ།དེ་མཚུངས་བློ་བཟང་སེང་གེ་ལགས་ཀྱིས་གཏམ་བཤད་གནང་དུས་རང་ཉིད་ཀྱི་བྱས་རྗེས་དང་འབྲེལ་ནས་བརྗོད་པ་དང།མཁས་དབང་གི་ལག་འཁྱེར་ལེན་ཚུལ་དང་།ཧཱ་ཝར་གྱི་ཞིབ་འཇུག་པ་རྒན་གྲས་ཡིན་སྐོར།རང་ཉིད་ཀྱི་སྐྱེས་ཁུངས་ཕལ་པ་ཡིན་སྐོར་བརྗོད་ནས་རང་ཉིད་ཀྱི་ལྷག་བསམ་མངོན་གང་ཐུབ་ཀྱི་རྣམ་པ་སྟོན་གྱི་ཡོད། དོན་དངོས་ཐོག་ཁོང་གིས་ད་བར་ཧཱ་ཝར་ནང་ཇི་ལྟར་ཚུད་མིན་དང།ཞིབ་འཇུག་གི་སློབ་ཡོན་སུས་གཏོང་མིན།ད་ལྟའི་གནས་སྟངས་སྐོར་ཞིབ་ཕྲ་རྩ་བ་ནས་གསུང་གི་མེད་ཅིང་།སྐབས་རེ་ཁོང་ལ་ཡོང་སྒོ་མེད་སྐོར་གསུངས་པ་དང།་ཡང་འོས་བསྡུའི་འགྲོ་སོང་ཡོང་ཁུངས་འདྲི་སྐབས་སློབ་གྲྭ་ནས་བཏང་སྐོར་བརྗོད་ཀྱི་ཡོད།འོན་ཀྱང་ཆབ་སྲིད་ཀྱི་ལས་འགུལ་རིགས་ལ་སློབ་གྲྭས་གྲོན་དངུལ་གཏོང་སྲོལ་མི་འདུགཡང་ཨ་རིའི་གཙུག་ལག་སློབ་གྲྭའི་གཏན་འཇགས་ལས་གནས་ཤིག་ཡོད་ཚེ་ཡོང་སྒོ་ངེས་ཅན་ཞིག་མེད་པ་མི་སྲིད།ཡོང་སྒོ་མེད་ན་ལས་གནས་གཏན་འཇགས་མིན་པའི་རྟགས་རེད།དོན་དངོས་ཐོག་ཁོང་ལ་ཡོང་སྒོ་ཡོད་མེད་དང་།ཧཱ་ཝར་གྱི་གནས་བབ་བཅས་ལ་རྒྱ་ཆེའི་ཤེས་ལྡན་པའི་ཁྲོད་དུ་གླེང་སློང་ཤུགས་ཆེན་བྱུང་བ་མ་ཟད།མང་པོ་ཞིག་གིས་ཧཱ་ཝར་གྱི་གཏན་འཇགས་ཞིབ་འཇུག་པའི་མིང་ཐོའི་ཁོངས་སུ་མེད་སྐོར་སློབ་གྲྭའིོ་དྲ་རྒྱ་ལས་ཁུང་སྐྱེལ་བྱེད་ཀྱི་ཡོད།
    གཉིས་པ།ཨ་རིའི་གཞོན་སྐྱེས་ཀྱི་ནང་དང་ལྷག་པར་ཁོང་གནས་སའི་བྷོ་སེ་ཌོན་བོད་རིགས་མི་མང་དྲུག་བརྒྱབ་ལྷག་ཡོད་པ་རྣམས་ཀྱིས་བློ་སེང་ལ་རྒྱུས་ངོ་ཆེ་ཤོས་ཡིན་ཞིང་།ཁོ་ཚོས་ཁོང་ལ་རྒྱབ་སྐྱོར་འདང་ངེས་ཤིག་མ བྱས་པའི་རྒྱུ་མཚན་གང་ཡིན་ནམ།དོན་དེར་བསམ་གཞིགས་བྱ་རྒྱུ་གལ་ཆེན་པོ་རེད། གསུམ་པ།ཁོང་ཕྱི་ལོ་༡༩༩༥ལོར་ཨ་རིར་སློབ་ཡོན་ལས་འཆར་ཁོངས་སུ་ཚུད་ནས་ཕྱིར་ལོག་སྐོར་ལ་ཤེས་ལྷན་དང་ཆོད་གན་བཞག་ཡོད།ཕྱི་ལོ་༡༩༩༨ལོེ་ཁོང་གི་སློབ་ཡོན་ལས་འཆར་གྱི་ཆོད་གན་གྱི་དུས་ཚོད་རྫོགས་ཀྱང་།ཕྱི་ལོ་༢༠༠༤་བར་ལོ་བར་ལོ་དྲུག་རིང་དགོངས་ཞུ་མ་བྱས་པའི་ནག་ཉེས་ལས་གཡོལ་ཐབས་མེད།ཡང་ཨ་རིར་རྒྱ་མི་རིགས་ལ་འབྲེལ་མཐུད་ཀྱི་ལས་ཀ་བྱས་པ་ནི་སློབ་ཡོན་ལས་གཞིའི་འོག་སྤྱི་རྒྱུ་སྒེར་བཟོས་ཀྱི་ནག་ཉེས་ལྕི་པོ་དེ་ལས་གཡོལ་ཐབས་བྱས་པ་མངོན་གསལ་དོད་པོ་ཡིན།སྤྱི་བཏང་ཆོད་གན་ལ་དགོངས་པ་ཞུ་སྤྲོད་ཟེར་བ་སྲིད་དམ།ཆེ་མཐོའི་སློབ་ཡོན་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་གང་གི་འོག་ནས་དགོངས་པ་སྤྲད་ཡོད་དམ།དེ་ཚོ་གནད་འགག་ཆེན་པོ་རེད།གནད་དོན་དེའི་ཐད་ལ་ཁོང་སྤྱང་པོ་རེད་བརྗོད་ཆོག་ཀྱང་གྲོས་ཆོད་དང་རྒྱབ་འགལ་བྱས་པའང་དོན་དངོས་རེད།
    བཞི་པ།དེ་སྔ་ཁོང་གིས་སྒང་ཏོག་ཏུ་ཁམས་པའི་གཞོན་ནུ་ཚོགས་པ་འཛུགས་འཆར་ལམ་ལྷོང་མ་བྱུང་བའི་གནད་དོན་ལ་གཞིགས་ན་ལི་ཐང་གི་བརྟན་བཞུགས་སྐབས་དཔུང་བསྒྲིགས་པར་ཡོང་ཚུལ་བརྗོད་པ་དེ་ཡང་ལུང་ཚན་ཕྱོགས་རིས་ཀྱི་བཀའ་མོལ་མིན་མི་སྲིད་ཅིང་།དོན་དེ་ནི་སེམས་ནང་འབར་བའི་མེ་ལྕེ་དེ་ཁ་ནང་ནས་དུ་བ་རང་དབང་མེད་པར་ཐོན་པ་ཞིག་མིན་པའི་ངེས་པ་མེད།དེ་ན་བཀའ་ཁྲི་ཚང་དགོས་པའི་རྩ་བའི་འོས་ཆོས་བཞི་པ་ལྷག་བསམ་ལའང་ང་ཚོར་དོགས་གནད་ཆེན་པོ་སྐྱེས་ཀྱི་འདུག

    ༥༽ ལྟ་བའི་ཐད་ནས་གླེང་བ།
    སྤྱིར་མི་ཞིག་གི་ལྟ་བ་དེ་ཤིན་ཏུ་གལ་ཆེན་པ་ཡིན་པ་དང་།དེ་བས་བཀའ་བློན་ཁྲིའི་འོས་མི་ཞིག་ཡིན་ཕྱིན་ཐོག་མར་མི་དེའི་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་དེ་རང་ཚུགས་བརྟན་པོ་དགོས་རྒྱུ་དེ་གལ་ཆེན་པོ་རེད།ཡིན་ནའང་བློ་འཕམ་པ་ཞིག་ལ་སྔོན་འགྲོའི་འོས་ཤོག་མང་ཤོས་ཐོབ་མཁན་བློ་སེང་གིས་ཁ་སང་ས་གནས་གཅིག་ལ་དབུ་མའི་ལམ་ལ་ཤར་བསྐྱོད་བྱེད་ཚུལ་དང་།དེ་རིང་ཡང་ས་གནས་གཞན་ཞིག་ལ་རང་བཙན་གལ་ཆེ་ཚུལ།སང་ཉིན་གཞན་ཞིག་ཏུ་དུས་སྐབས་དང་བསྟུན་ནས་འགྱུར་བ་དགོས་ཚུལ།དེ་མིན་ཨ་རིར་རྒྱ་རིགས་ལ་དམིགས་ནས་བོད་འདི་རྒྱའི་མི་སེར་ལྟར་རྒྱ་ནག་གི་གོང་བུའི་ནང་ཟླ་སྒྲིལ་ལམ་ཆ་ཤས་སུ་ཞུགས་སུ་འཇུག་རྒྱུའི་བསྐུལ་དེད་བྱེད་གལ་གླེང་གི་འདུག ཡང་ཁོང་གིས་དགེ་འདུན་པར་དམིགས་ནས་ཆོས་གལ་ཆེ་ཚུལ་དང་ཁོ་རང་ཡང་སྐྱོབས་འགྲོ་འདོན་སྐོར་དང་།སློབ་ཕྲུག་ལ་དམིགས་ནས་ལས་གནས་གསར་གཏོད་དང་གོ་སྐབས་གསར་སྤྲོད་བྱ་འཆར།གསར་འབྱོར་བར་དམིགས་ནས་བོད་ནས་ཡོང་མཁན་གལ་ཆེ་ཚུལ།གཞིས་ཆགས་ལ་དམིགས་ནས་གཞིས་ཆགས་ལ་ཡར་རྒྱས་འཛུགས་བསྐྲུན་གལ་ཆེ་ཚུལ་གླེང་གི་ཡོད།བྱེད་སྟངས་དེ་ནི་འཁྲབ་སྟོན་མཁས་པའི་སྲིད་དོན་པ་དང་སྐབས་འཚོལ་བའི་བྱ་ཐབས་གལ་ཆེན་ཞིག་རེད་ལ།གོང་གི་བཤད་ཚུལ་དེ་ནི་དེ་སང་ཡོངས་གྲགས་ལྟ་བུ་ཆགས་ཡོད།་ཡང་སྙིང་བློ་སེང་མི་སྒེར་གྱི་ལྟ་བ་དང་ལངས་ཕྱོགས་ངོ་མ་གང་ཡིན་དེ་སུ་ལ་བཤད་རྒྱུ་ཡོད་དམ།དེ་ན་བློ་སེང་ལ་བཀའ་ཁྲིར་ཚང་དགོས་ངེས་ཀྱི་རྩ་བའི་འོས་ཆོས་ལྔ་པ་ལྟ་བའི་ཐད་ལ་ང་ཚོར་གདེང་ཚོད་སླེབས་ཀྱི་མི་འདུག

    ༦༽ མི་གཤིས་ཀྱི་ཐད་ནས་གླེང་བ།
    དང་པོ།བློ་བཟང་སེང་གེ་ལགས་ཀྱིས་གཏམ་བཤད་བྱེད་དུས་ཁེངས་སྐྱུང་གི་རྣམ་པ་ཙམ་ཡང་མེད་ཅིང་།ཁོང་གི་ཉེ་འཁྲིས་སུ་ཡོད་པའི་ལོ་ངོ་གསུམ་ཅུ་བཞི་ཅུའི་རིང་བོད་གཞུང་དམངས་ལ་སྲི་ཞུ་བསྒྲུབས་མྱོང་མཁན་གྱི་བཀའ་ཟུར་གཉིས་ལའང་འཛེམས་གཟོན་མེད་པརབཏང་རབས་དང་འཇོན་རབས།བྱས་རབས་ཞེ་གཅིག་བཤད་ཀྱི་ཡོད།དེ་དུས་ང་ཚོ་སེམས་ལ་ངོ་ཚའི་ཚ་ཤར་ལངས་བ་མ་ཟད་ཁོང་གཉིས་ཀྱང་ཁོང་དགོད་ཤོར་རྒྱུར་མདོན་མི་ཟ་བ་ཞིག་རེད།
    གཉིས་པ།ལས་དོན་ཕྲན་བུ་བསྒྲུབས་པ་རྣམས་ཆེན་པོ་བཟོས་ནས་བཤད་པ་དང་།ཨ་རིར་རྒྱ་རིགས་ཤེས་ལྡན་པ་ཉུང་ཤས་ཐུག་འཕྲད་བྱས་པར་ངས་རྒྱ་མིའི་མཁས་དབང་བརྒྱ་ཕྲག་དང་ཚོགས་འདུ་འཚོགས་ཀྱི་ཡོད་སྐོར་བརྗོད་པ།རང་ཉིད་ཀྱི་འོས་ཤོག་གི་ཆེད་དུ་བསྐོར་བསྐྱོད་བྱས་པར་མང་གཙོ་གོང་སྤེལ་བཏང་ཚུལ་བརྗོད་པ།
    གསུམ་པ།གཞན་ཡང་ཀུན་གླེང་ལེ་ཚན་དང་།རླུང་འཕྲིན།ནེའུ་ཡོག་བགྲོ་གླེང་ཆེན་མོ།རྡ་ས་ཉིན་མོའི་སློབ་གྲྭ།ལྡི་ལི་བཅས་སུ་དྲི་བ་དྲིས་ལན་བྱས་པ་ཁག་ལ་ལན་བསྐྱོན་སྐབས་རང་ཉིད་ཀྱི་ཞོར་ལ་མི་གཞན་དང་བོད་གཞུང་ཐག་ཤོར་འབྲེང་འདྲུད་བྱས་པ།མི་གཞན་ལ་དམའ་འབེབས་བཏང་བ།ལན་སྔ་ཕྱི་གོང་འོག་མི་མཚུངས་པ།དྲིས་ལན་གཡོལ་ནས་བརྒྱབ་པ།ལན་མ་བརྒྱབ་པར་གཡོལ་ཐབས་ཁོ་ན་བྱས་པ།འཇམ་ནོར་དང་བོད་ཀྱི་བདག་དབང་སྐོར་གྱི་རྩོད་གླེང་བཅས་ཀྱིས་མི་དམངས་ལ་བློ་ཕམ་ཡི་ཆད་ཆེན་པོ་བཟོས་ཡོད།དེ་ན་བློ་སེང་ལ་བཀའ་ཁྲིར་ཚང་དགོས་ངེས་ཀྱི་རྩ་བའི་འོས་ཆོས་དྲུག་པ་མི་གཤིས་ཀྱི་ཐད་ནས་ཞན་ཡོད་ཡོད་པ་རེད།

    ༧༽ གསར་གཏོད་ཀྱི་ཐད་ནས་གླེང་བ།
    བློ་བཟང་སེང་གེ་ལགས་ཀྱི་གསར་གཏོད་ཀྱི་ཐད་དཔེ་མཚོན་གྱི་ཐོག་ནས་གླེང་ན།བཀའ་ཟུར་བཀྲས་མཐོང་བསྟན་རྣམ་མཆོག་རང་ལོ་༡༨ནས་ད་ལྟའི་བློ་བཟང་སེང་གེ་ལགས་ལོ་ཚོད་བར་བོད་ཀྱི་གཞོན་ལྷན་དང།་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ།ཨ་རིའི་བོད་དོན་བརྒྱ་ཚོགས་གསར་གཏོད་མཛད་ཅིང་།ཚོགས་པ་དེ་དག་ནི་དེང་སྐབས་ཀྱང་བོད་དོན་འཐབ་རྩོད་ནང་གདོང་བསྐྱོད་ཀྱི་དམག་སྒར་གལ་ཆེན་ཞིག་ཆགས་ཡོད།
    ཡང་ཁོང་གིས་༸གོང་ས་མཆོག་ཨ་རིར་ཐེངས་པོར་གདན་དྲངས་པ་དང་།བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་།པོ་ཏཱ་ལ་དཔར་བསྐྲུན་ཁང་།བོད་ཀྱི་ཐེབས་རྩ་ཁང་།ཏཱ་ལའི་བླ་མའི་ཐེབས་རྕ་ཁང་བཅས་ཀྱི་ལས་གཞི་རྣམས་ནི་གསར་གཏོད་རང་བཞིན་ལྡན་པའི་ལས་ཀ་རླབས་ཆེན་ཤ་སྟག་རེད།
    དེ་བཞིན་བཙན་བྱོལ་བོད་མིའི་ཤེས་ཡོན་དང་།འཕྲོད་བསྟེན་ཡར་རྒྱས་སླད་ཨ་རིའི་གཞུང་ནས་རོགས་དངུལ་ཞུས་ཐོབ་བྱུང་བ་དུས་དེང་སང་ཡང་ལས་གཞི་འགྲོས་མུས།བོད་མི་ཆིག་སྟོང་ཨ་རིར་གཏོང་བཞེས་མཛད་པ་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་སུ་ཐེངས་པོ་དེ་རེད།དེ་བོད་མིའི་འཚོ་བ་དང་དཔལ་སྦྱོར་ལ་དངོས་གསལ་དོད་པོ་ཡར་རྒྱས་ཕྱིན་པ་རེད།
    ལྷག་པར་ཁོང་གིས་མཛུབ་འཁྲིད་དང་གཙོ་གཉེར་གནང་བའི་འོག་བཙུགས་གནང་མཛད་པའི་བོད་སྐད་རླུང་འཕྲིན་ཁང་ཁག་གཉིས་དང་།ཤེས་བྱ་དུས་དེབ།བོད་གནས་བསྐྱར་ཞིབ་དུས་དེབ་བཅས་གསར་གཏོད་གནང་བ་དེ་རྣམས་ཀྱིས་གཞིས་བྱེས་བོད་མིའི་ཟམ་པ་ལྟ་བུ་དང་།བོད་མི་རིགས་ཀྱི་མིག་དང་རྣ་བ་ལྟ་བུ།རྒྱལ་སྤྱིའི་ནང་བོད་དོན་དྲིལ་བསྒྲགས་ཀྱི་མགྲིན་ཚབ་གལ་ཆེན་ཞིག་དུ་གྱུར་ཡོད།དེ་ན་བཀྲས་མཐོང་གིས་བརྩམས་པའི་ལས་གཞི་དེ་དག་ནི་གསར་གཏོད་དང་།ཡར་རྒྱས།ཕུགས་བསམ་གྱི་ཚད་གཞི་མཐོ་པོའི་གདེང་མཆོག་བྱེད་འོས།
    འོན་ཀྱང་བློ་བཟང་སེང་གེ་ལགས་སུ་སློབ་གནས་མཐོ་པོ་དང་ཁྲིམས་ལུགས་ལ་བྱང་ཆུབ་ཡོད་སྐད་ཀྱང་ད་བར་ཁྲིམས་དང་ཆབ་སྲིད་ཐད་ཚོགས་པ་དང་།སྒྲིག་འཛུགས།ལས་ཁང་གང་ཡང་གསར་གཏོད་དང་འཛུགས་གཉེར་གནང་ཐུབ་མེད་པ་དེས་ཁོང་ལ་སློབ་གནས་མཐོ་པོ་ཡོད་ཀྱང་གསར་གཏོད་བྱས་པའི་ལས་རིགས་སྣེ་གཅིག་མཐོང་རྒྱུ་མེད།
    དེ་ན་ཁྱེད་ཚོས་གཟིགས་དང་བློ་སེང་དང་བཀྲས་མཐོང་གཉིས་བསྡུར་བ་བྱས་ནས་སུ་བོད་ཀྱི་ཕུལ་བྱུང་གི་མི་སྣ།སུ་རླབས་ཆེན་གྱི་མི་སྣ།སུ་བཀའ་ཁྲིའི་འོས་མི་ཚད་ལྡན་ཞིག་རེད་དམ།དོན་དངོས་ཐོག་བློ་སེང་ལ་བཀའ་ཁྲིར་ཚང་དགོས་པའི་རྩ་བའི་འོས་ཆོས་ཀྱི་བདུན་པ་གསར་གཏོད་ཀྱི་རྨང་གཞི་མེད་པ་མངོན་གསལ་རེད།

    ༨༽ འཛིན་སྐྱོང་དོ་དམ་གྱི་ཞན་ཆའི་ཐད་ནས་གླེང་བ།
    བློ་བཟང་སེང་གེ་ལགས་ཀྱིས་ཁོང་གི་དྲིས་ལན་༡༠ཞེས་པའི་༦ནང་བཀའ་བློན་ཁྲི་པ་ནི་ཆབ་སྲིད་ཀྱི་དབུ་འཁྲིད་ཡིན་པ་ལས་འཛིན་སྐྱོང་དོ་དམ་པ་མིན།འཛིན་སྐྱོང་དོ་དམ་པ་ཡིན་ན་བོད་གཞུང་གི་སྡེ་ཚན་ཁག་དང་སྲི་ཞུ་བའི་ལས་དོན་གཉིས་ཀའི་ཐད་ནས་ཉམས་མྱོང་ངེས་པར་དགོས་ཞེས་གསུངས་འདུག་དེ་ནི་ཁོང་ངོ་ཚ་ཁ་སྐྱེང་གི་ཚུལ་དུ་འཛིན་སྐྱོང་དོ་དམ་པའི་ཉམས་མྱོང་མེད་དུས་འགན་འཁྲི་ལྕི་བའི་ལས་དོན་འདི་ལས་གཡོལ་གང་ཐུབ་གནང་གི་ཡོད་པ་གསལ་པོ་རེད་ལ།གོང་གི་གནད་དོན་དེས་ཁོང་གིས་བཀའ་བློན་ཁྲི་པའི་འཛིན་སྐྱོང་གི་ལས་འགན་ཐད་ལ་ངོས་འཛིན་ཡང་དག་པ་ཞིག་གནང་མེད་པ་མཚོན་པ་རེད།
    དོན་དངོས་ཐོག་འཛིན་སྐྱོང་བཀའ་ཤག་གི་དོ་དམ་པ་དབང་ཚད་མཐོ་ཤོས་དེ་བཀའ་ཁྲི་དེ་ཡིན་པ་བཅའ་ཁྲིམས་ནས་བསྐུར་བའི་འགན་དབང་ཡིན་པས།བཀའ་ཁྲིས་རྒྱལ་སྤྱི་དང་གཞིས་ལུས་བོད་མིར་བོད་ཀྱི་དབུ་ཁྲིད་ཀྱི་གཟུགས་བརྙན་ལེགས་པོ་སྟོན་རྒྱུ་ཙམ་དུ་ཟད།དེ་བས་འཛིན་སྐྱོང་དོ་དམ་པའི་ལས་འགན་རྙོག་རྫིང་ཆེ་བ་དང་།འགན་འཁྲི་ལྕི་བ་ཡོད།དབུས་ལྷན་ཁང་བདུན་གྱི་འཛིན་སྐྱོང་དོ་དམ་ལ་འཐུས་ཤོར་སོང་ན།དེས་གཞིས་བྱེས་བོད་མིའི་གནད་དོན་ཚང་མར་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་རེད།དེས་ན་དབུས་ལྷན་ཁང་བདུན་མ་ལག་དང་བཅས་པའི་ལས་ཚན་རིམ་པ་དང་།ལས་ཀའི་ངོ་བོ།ཆེད་ལས་མི་སྣ།དངོས་གསལ་མིན་པའི་མི་སྣའི་འབྲེལ་བ།དཀའ་ཚེགས་བཅས་ལ་ཤེས་རྟོགས་དང་ཉམས་མྱོང་དགོས་རྒྱུ་མེད་དུ་མི་རུང་བ་ཞིག་རེད།འོན་ཀྱང་བློ་བཟང་སེང་གེ་ལགས་ཀྱིས་ད་བར་གཞུང་དང་ཚོགས་སྡེ་གང་གིའང་འཛིན་སྐྱོང་དོ་དམ་པ་གནང་མྱོང་མེད།དེ་ན་བཀའ་ཁྲིར་ཚང་དགོས་པའི་རྩ་བའི་འོས་ཆོས་བརྒྱད་པ་འཛིན་སྐྱོང་དོ་དམ་གྱི་དགེ་མཚན་དེ་ཁོང་ལ་ལྡན་མེད་པ་གསལ་པོ་རེད།

    ༩༽ ཞང་བྱུང་དུ་འདེམས་བསྐོའི་ཆོས་ཉིད་ཀྱི་ཐད་ནས་གླེང་བ།
    འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་རྣམས་ཆབ་སྲིད་ཀྱི་འགན་འཁུར་ཡོད་པའི་འཛིན་སྐྱོང་དང་གྲོས་ཚོགས་ནང་ལོ་མང་རིང་ཆབ་སྲིད་ཀྱི་ཉམས་མྱོང་བསགས་པ་དང་།སྦྱོང་བརྡར་ཐེབས་པ།ཆབ་སྲིད་ཀྱི་གར་སྟེགས་ཀྱི་འགྲིམས་རྗེས་གཞི་ནས་རྒྱལ་ཁབ་ཀྱི་དབུ་ཁྲིད་དུ་འདེམས་ཐོན་ཡོང་གི་ཡོད།བློ་སེང་གི་དཔེ་ལེན་སའི་ཨོ་བྷཱ་མ་ཡང་སློབ་གྲྭ་ཐོན་རྗེས་དགེ་རྒན་ཆེན་མོ་བྱས་པ་དང་།དེ་རྗེས་དབུས་སའི་གྲོས་ཚོགས་སུ་ལོ་མང་རིང་ཆབ་སྲིད་ཀྱི་དམག་འཐབ་ནང་སྦྱོང་བརྡར་ཐོབ་རྗེས་སྲིད་འཛིན་ལ་ལངས་ཡོད།དེ་ནི་དོན་སྙིང་ལྡན་པ་ཞིག་རེད།
    འོན་ཀྱང་ང་ཚོའི་བློ་སེང་བཀའ་ཁྲིར་བསྐྱོད་ཚུལ་ནི།གོང་གསལ་གྱི་ཆབ་སྲིད་པས་འགྲིམས་དགོས་པའི་བརྒྱུད་རིམ་དེ་དག་ལས་ལྡོག་ཏེ་སློབ་གྲྭ་ཐོན་རྗེས་བྱས་རྗེས་དང་གྲུབ་འབྲས་གང་ཡང་མེད་པར་ཐད་ཀར་བཙན་བྱོལ་བོད་མིའི་དབང་ཚད་མཐོ་ཤོས་ཀྱི་དབུ་ཁྲིད་བྱེད་འདོད་པ་དེ་རེད།གནས་སྟངས་དེར་ངའི་ཚོར་སྣང་ལ་རྒྱལ་སྲས་ཤིག་གློ་བུར་རྒྱལ་པོའི་ཁྲིར་བསྐོ་བའམ།ཁྱེའུ་ཞིག་སྤྲུལ་སྐུར་ངོས་འཛིན་གྱི་ལམ་སེང་བླ་མ་ཆེན་པོ་ཞིག་གི་ཁྲི་མཐོ་པོར་མངའ་གསོལ་བ་ནང་བཞིན་རེད།དེ་ནི་འཛམ་གླིང་རྒྱལ་ཁབ་ཚང་མའི་དབུ་ཁྲིད་འདེམས་ཚུལ་གྱི་ལམ་ལུགས་སམ་ཆོས་ཉིད་དང་ཡོངས་སུ་འགལ་བས་ཉེན་ཁ་ཆེན་པ་རེད།

    ༡༠༽ ཞར་བྱུང་དུ་བཀའ་ཁྲིར་ལོ་ཆེས་དྲགས་ཚུལ་བརྗོད་པ་མི་འོས་ཚུལ།
    བཀའ་ཁྲིའི་འོས་མིར་མཚོན་ན་རང་ལོ་གཞོན་ཚད་ལས་རྒན་ཚད་མེད།ང་ཚོས་ཆེས་བཀུར་བར་འོས་པའི་བཅའ་ཁྲིམས་རིན་པོ་ཆེར་བཀའ་བློན་ཁྲི་པ་དེ་རང་ལོ་༣༥ཧྲིལ་པོ་ལོན་པ་ཞེས་གསལ་བ་ལས་ལོ་ཆེ་ཚད་དེ་འདྲ་ཞིག་དགོས་ཞེས་གསལ་ཁ་མེད་པ་དེར་དགག་ཆ་དང་དགོས་དབང་ཆེན་པོ་ཡོད་ཀྱི་རེད།གཙོ་བོ་གོང་གི་བཀའ་ཁྲིར་ཚང་དགོས་ངེས་ཀྱི་འོས་ཆོས་དེ་དག་ལ་བརྟག་དཔྱད་བྱ་བྱ་རྒྱུ་གལ་ཆེན་པོ་རེད།
    ད་ལྟ་འཛམ་གླིང་འདིར་སྲིད་འཛིན་འདེམས་བསྐོའི་སྐབས་གོང་གསལ་གྱི་རྩ་བའི་འོས་ཆོས་དེ་དག་རྨང་གཞིར་བཞག་ནས་འདེམས་བསྐོ་བྱེད་པ་མ་གཏོགས་གཞོན་སྐྱེས་གཙོ་བཟུང་བྱས་པ་བྱུང་མྱོང་མེད།འོས་ཆོས་དེ་འདྲ་ཚང་ངེས་བཞིན་པ་ཡོད་ན་ལོ་ཆེ་ཡང་སྐྱོན་མེད་པའི་དཔེ་མཚོན་འགའ་ཤས་དྲངས་རྒྱུ་ཡིན།
    ༡༽ཨ་རིའི་སྲིད་འཛིན་རེ་གན་ཕྱི་ལོ་༡༩༨༡།༡༩༨༨བར་སྲིད་འཛིན་བྱས་པ་རེད།ཐོག་མར་སྲིད་འཛིན་བྱེད་དུས་དགུང་ལོ་༧༠དང་སྲིད་འཛིན་ལས་དུས་གཉིས་པ་རྫོགས་དུས་དགུང་ལོ་༧༧ལ་སླེབས་ཡོད།འོན་ཀྱང་ཁོང་ནི་ཨ་ཪིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འཇོན་ཐང་དང་སྙན་གྲགས་ཆེ་ཤོས་དེ་རེད།ཁོང་སྲིད་འཛིན་བྱེད་དུས་ད་ལྟའི་བཀྲས་མཐོང་ལས་ལོ་བཅུས་ཆེ་བ་འདུག
    ༢༽ང་ཚོའི་གནས་ཚང་རྒྱ་གར་གྱི་སྲིད་བློན་མཱན་མུན་སན་ལ་མཚོན་ན་ཕྱི་ལོ་༢༠༠༤ལོར་ཐོག་མར་སྲིད་བློན་ལ་ཕེབས་དུས་དགུང་ལོ་༧༢དང་།དེ་རྗེས་ཁོང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མཚོན་པའི་སྲིད་བྱུས་ཁག་ལ་མི་མང་གིས་ཁས་ལེན་དང་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ནས་དགུང་ལོ་༧༦ལོར་སྲིད་བློན་ལས་དུས་གཉིས་པར་འདེམས་བསྐོ་བྱུང་བ་རེད།ད་ཆ་དགུང་ལོ་༧༩ལ་སླེབས་ཀྱང་སྲིད་བློན་བྱེད་མུས་རེད།ཁོང་སྲིད་བློན་བྱེད་དུསབཀྲས་མཐོང་ལས་ལོ་བཅུ་གཉིས་ཀྱིས་ཆེ་བ་འདུག
    ༣༽རང་རེའི་ཕུལ་བྱུང་གི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེར་མཚོན་ན།ཐོག་མར་ཕྱི་ལོ་ཕྱི་ལོ་༡༩༩༡ལོ་ནས་བཟུང་གྲོས་ཚོགས་ནང་ཆབ་སྲིད་ཀྱི་སྦྱོང་བརྡར་ལོ་༡༠ཐོབ་རྗེས་ཕྱི་ལོ་༢༠༠༡ལོར་མི་དམངས་ཀྱི་ཐད་འདེམས་བཀའ་ཁྲི་དང་པོ་དེ་ཆགས་དུས་དགུང་ལོ་༦༢ལ་ཕེབས་ཡོད།ཁོང་ནི་བཙན་བྱོལ་བོད་གཞུང་གི་བཀའ་ཤག་སྐབས་རིམ་པའི་ནང་འགྱུར་བཅོས་དང་།གསར་གཏོད་ཤུགས་ཆེ་ཤོས་གཏོང་མཁན་གྱི་བཀའ་ཁྲི་ཤེས་འཇོན་ལྷག་གསུམ་ལྡན་པ་ཞིག་བྱུང་བ་རེད།ཁོང་བཀའ་ཁྲི་གནང་དུས་ད་ལྟའི་བཀྲས་མཐོང་ལས་དགུང་ལོ་ཆེ་བ་ཡོད། གོང་གསལ་གྱི་གནས་ཚུལ་དེ་དག་གིས་གང་གསལ་བཤད་བྱེད་ཀྱི་ཡོད་དམ་ཞེས་ན།རྒྱལ་ཁབ་ཀྱི་དབུ་ཁྲིད་དེ་དགུང་ལོ་ཆེ་ཙམ་ཡིན་རུང་དེར་རྣམ་དཔྱོད་དང་།གསར་གཏོད།འཇོན་ཐང་བཅས་ཀྱི་ནུས་པ་མ་ཉམ་པར་སྔར་བཞིན་གནས་ཀྱི་ཡོད་པ་མཚོན་པས།ཁྱེད་ཚོས་ག་དུས་ཡིན་ནའང་བློ་སེང་ལ་དམིགས་ནས་བཀའ་ཁྲི་གཞོན་སྐྱེས་ཤིག་དགོས་ཚུལ་གྱི་འབོད་སྒྲར་གོ་བརྡ་གསལ་པོ་སྤྲད་པའོ།།

  133. ཀརྡོ་རབ་འབྱམས་པ་ says:
    2011-03-02 at 3:20 am

    བཀའ་ཁྲི་ཐོབ་ན།
    ༡༽ ཤེས་ཡོན་གྱི་ཐད་ནས་ཨིན་སྐད་ཐོག་ལ་ཁྲིམས་ཀྱི་འབུམ་རམས་པ་ཡོད་ཀྱང་། བོད་སྐད་ཐོག་ལ་སྐད་ཡིག་དང་། རིག་གཞུང་། ཆོས་དང་ཡ་རབས་སོགས་ཞན་ཆ་ཡོད་ན།
    ༢༽ འཇོན་ཐང་གི་ཐད་ནས་སྔར་གྱི་འཇོན་ཐང་དེ་ཙམ་གྱིས། བཀའ་ཁྲི་ལས་འགན་འཁྱོག་ཐུབ་བམ།
    ༣༽ ཉམས་མྱོང་གི་ཐད་ནས། ལས་བྱེད་བྱས་མ་མྱོང་ཡང་། སྤྱི་འཐུས་ཐེངས་གཅིག་ཙམ་མ་བརྒྱུད་པར་བཀའ་ཁྲིར་ཉམས་མྱོང་འདང་ངམ།
    ༤༽ ལྷག་བསམ་གྱི་ཐད་ནས། བཀའ་ཁྲི་ཡག་པོ་ཅིག་བྱ་འདོད་ཀྱི་ལྷག་བསམ་ཡོད་སྲིད་ཀྱང་། དགག་ལ་ཐུག་དུས་དྲང་བདེན་དང་བློས་གཏོང་གི་ལྷག་བསམ་ཅིག་ཡོད་དམ།
    ༥༽ ལྟ་བའི་ཐད་ནས་ཁོང་ལ་གཉིས་སྨན་དབུ་མའི་ལམ་ལ་ཐ་གཅིག་ཏུ་འགྲོ་ཐུབ་བམ། དེ་མ་ཐུབ་ཚེ་གཞན་པ་རིགས་མཐུན་འགའ་དང་འབྲེལ་ནས། རང་བཙན་ལ་བཞུགས་ན་ཁྲག་དྲི་བྲོ་བའི་ཐབས་ལམ་ལ་བཞུགས་མི་སྲིད་དམ། ལྔ་བ་འདི་ནི། བཀྲས་མཐོང་བསྟན་རྣམ་ལགས་དང་། བཀྲ་ཤིས་དབང་འདུས་ལགས་ལ་ཡང་ཅུང་ཟད་དྭོགས་པའི་གནས་ཞིག་ངའི་སེམས་གྱི་ཟུར་ལ་དྭོགས་གནད་ཅིག་འདུག་གདའ། བཀའ་ཁྲི་རྒྱལ་ལོ། དགེའོ། །

  134. འཇམ་དཔལ་ཚུལ་ཁྲིམས། says:
    2011-03-02 at 4:34 am

    ལ་རྒྱའི་བདག་པོ་ལགས།
    ད་ཁྱེད་ཀྱིས་རྩོམ་ཡིག་འབྲི་སྟངས་ལ་སྐྱོན་ཞིག་ཡོད་པ་འདི་ནས་དངོས་སུ་མཐོང་སོང་། ངས་ཁུངས་སྟོན་རོགས་ཞེས་མ་བཙིར་བར་དུ་ཁྱེད་ཀྱིས་རབ་གསལ་གྱིས་དེ་ལྟར་མཆན་བཀོད་འདུག་ཙམ་ཞིག་ཀྱང་མ་བྲིས་པར་རང་ཉིད་ཀྱིས་ངག་ཚིག་ཅིག་ཡིན་མདོག་གིས་བྲིས་འདུག འོ་ན་རབ་གསལ་ལ་ཁྱེད་ཀྱིས་ཡིད་ཆས་ཇི་ལྟར་སྐྱེས། རབ་གསལ་གྱིས་ཁུངས་ལུང་གང་བསྟན་འདུག་གམ། རབ་གསལ་གྱིས་འཇམ་ནོར་གྱི་ཟིན་བྲིས་སུ་མིང་ཡང་མ་གསལ་བ་སུ་ཞིག་གིས་མཆན་བཀོད་འདུག་ཅེས་བྲིས་འདུག དེས་ན་ད་དུང་ཁུངས་ལུང་གསལ་པོ་ཆགས་འདུག་གམ། ཁྱེད་ཀྱིས་འདི་ཙམ་ལ་ཡིད་ཆས་ཇི་ལྟར་བྱས། ཁུངས་ལུང་མ་རྙེད་སྔོན་ལ་འདི་ལྟར་བཤད་པ་འོས་སམ།
    ཁྱེད་ཀྱིས་བྲིས་པའི་བཀའ་ཁྲིའི་འོས་ཆོས་བརྒྱད་དེ་སྔོན་ནས་བམ་ཀློག་ཅིག་བྱས་ཟིན་པས་དེའི་ནང་དུ་སེམས་ལ་མི་འགྲོ་མང་ཙམ་ཡོད་པ་ནི་ཆོས་ཉིད་རེད། འོན་ཀྱང་དེ་ཁྱེད་རང་གི་གཏམ་བརྗོད་རང་དབང་གི་ཁྱབ་ཁུངས་སུ་བཞག་ནས་སྔར་ཡང་དགག་ལན་ཞིག་བྲིས་མེད་ལ་ད་དུང་ཡང་འབྲི་ཁོམས་དང་འབྲི་འདོད་དེ་ཙམ་མི་འདུག ལྟས་དབང་རེ་བྱུང་ན་བསམ་ཚུལ་བརྗེ་རེས་ཀྱི་ཆེད་དུ་རེ་ཟུང་འབྲི་སྲིད་པ་ཙམ་ཡིན།

  135. ལ་རྒྱའི་བདག་པོ། says:
    2011-03-03 at 12:00 am

    ངས་དྲ་གྲོགས་ཚང་མར་ལོ་གསར་གྱི་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
    ལོ་གསར་པའི་ནང་རང་ཅག་ཁ་བ་རི་པའི་༸དཔྱལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་སྤྱི་ནོར་༸གོང་ས་མཆོག་གིས་དབུས་པའི་ཆོས་སྲིད་གཉིས་ཀྱི་མཛད་གཙོ་རྣམ་པ་དང་།འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་རིགས་སྤུན་ཟླ་རྣམ་པ་སྤྱི་དང་།ཡང་འགོས་བདག་གི་ནང་མི་དང་སྤུན་མཆེད་རྣམ་པ་དང་ཡུན་རིང་འདྲིས་པའི་གྲོགས་མཆོག་རྣམ་པ།དྲ་གྲོགས་རྣམ་པ་བཅས་ཚང་མར་ལོ་གསར་པ་བཀྲིས་བདེ་ལེགས་ཞུ་རྒྱུ་དང་།ལོ་གསར་པའི་ནང་ཚང་མ་སྐུ་ཁམས་གསལ་ཐང་དང་།བྱ་བ་ལམ་འགྲོ།གཏམ་བཟང་གཅིག་ཐོན་གཉིས་བྱུང་ནས་བོད་མི་ཚང་མ་ཞལ་ནས་འཛུམ་མུལ་མུལ་ངང་གནས་པའི་རེ་བ་དང་སྨོན་ལམ་ཞུ་རྒྱུ་ཡིན།།
    ལོ་གསར་པའི་ནང་གི་བྱ་བ་ཆེ་ཤོས་ཨང་དང་པོ་དེ་ཡིན་པས་སུམ་བཅུའི་དུས་དྲན་དེ་ཟབ་རྒྱས་ངང་དྲ་གསོ་ཞུ་རྒྱུ་དང་།དེ་ནས་གལ་ཆེ་ཤོས་ཨང་གཉིས་པ་དེ་རིང་མིན་འོས་འདེམས་བྱེད་པའི་བཀའ་བློན་ཁྲི་པ་དེ་བཙན་བྱོལ་མི་མང་གིས་གདམ་ཁ་མ་ནོར་བའི་རེ་བ་ནན་པོ་ཞུ་རྒྱུ་ཡིན།

  136. སད་ན་ལེགས says:
    2011-03-03 at 7:08 am

    རྒྱ་མིར་ངོས་ལེན་བླངས་པའི་ལག་འཁྱེར་མེད་པར་བོད་ལ་འགྲོ་དགོས་ན། རྒྱལ་ཁབ་གཞན་ཞིག་གིས་སྤྲད་པའི་མི་སེར་ལག་འཁྱེར་བསྣམས་ནས་འགྲོ་དགོས། དེ་མིན་ངག་རྒྱུན་དུ་ཐོས་པའི་གྲུབ་ཐོབ་ཅིག་མིན་ན། ལག་པ་གཉིས་རྐྱང་སྟེ་བྱ་ལྟར་འཕུར་ནས་བོད་ཀྱི་ས་ལ་འབབ་བསམ་པ་སྟོང་བསམ་ལས་མ་འདས། ཡང་ན་ས་མཚམས་བརྒལ་ནས་འཇབ་སྟེ་འགྲོ་དགོས། གང་ལྟར་ཀྱང་བོད་དུ་སླེབས་ནས་བོད་མིའི་གནས་ཚུལ་ལ་རྒྱུས་ལོན་ནུས་པ་ཕར་ཞོག རང་གི་བདེ་འཇགས་ཀྱང་བཤད་དཀའ་ཚོད་འདུག་པས་ན། བཙན་བྱོལ་དུ་སྐྱེས་པའི་ང་མཁས་ང་དཔའ་ཟེར་བ་རྣམས་ལ་དེ་ལྟར་འགྲོ་ཕོད་པའི་སྙིང་སྟོབས་མེད་པ་སྔར་ནས་ར་འཕྲོད་ཟིན། དེའི་རྐྱེན་གྱིས་ལག་འཁྱེར་གང་རུང་ཞིག་བསྣམས་ནས་བོད་ལ་སོང་སྟེ་བོད་མིིའི་དངོས་ཡོད་གནས་སྟངས་ལ་མིག་མཐོང་ལག་ཟིན་གྱིས་རྒྱུས་ལོན་བྱ་མ་ཕོད་པ་སྦ་གསང་བྱ་ཆེད་དུ། སྙིང་སྟོབས་ཅན་དག་བོད་ཏུ་འགྲོ་བར་མ་འགྲིག་མ་ལེགས་པའི་སྙོན་འཛུགས་པ་འདི་ལས་ལོད་པ་གང་ན་ཡོད།
    སྔོན་བསྟན་འཛིན་བརྩོན་འགྲུས་བོད་དུ་ཕེབས་དུས། ས་མཚམས་ནས་བོད་ལ་སྐེ་སྲིངས་མ་ཐག་རྒྱ་དམག་གིས་ཁོའི་རྣ་བར་འཇུས་ནས་བོད་ཀྱི་ས་ཐོག་ཏུ་དྲུད་རྗེས་རྡོག་པས་གཞུས་ནས་ཕྱིར་སྤྲད། ཁོ་ནི་དོན་ངོ་མར་བོད་ཏུ་རྒྱལ་ཁབ་གཞན་གང་གི་མི་སེར་ལག་འཁྱེར་མེད་པར་འགྲོ་མཁན་དེ་ཡིན། དེ་མིན་བོད་ནས་འོང་བ་ཚོའི་ནང་ན་གཞན་གྱི་མི་ཁུངས་ལག་འཁྱེར་མེད་པར་ཕར་འགྲོ་ཚུར་འོང་བྱེད་པ་གང་མང་ཡོད་དོ།།

  137. ལྷ་སྨོན་པ། says:
    2011-03-03 at 9:13 am

    དྲ་གྲོགས་མང་པོ་ཞིག་གིས་དྲང་ལྡོག་གཉིས་ཀའི་ཐབས་ཤེས་སྤྱད་ནས་བློ་བཟང་སེང་གེ་ཁྱབ་བསྒྲགས་ཡག་པོ་གནང་འདུག་པས་བསྔགས་བརྗོད་ཞུ་བཞིན་ཡོད།

  138. ལ་རྒྱའི་བདག་པོ། says:
    2011-03-03 at 11:39 pm

    དྲ་གྲོགས་འཇམ་ཚུལ་ལགས་སྐུ་ཁམས་བཟང་།
    ངས་གོང་དུ་བློ་སེང་གི་ཨ་ཪིའི་མི་སེར་སྐོར་ལ་རྒྱུ་མཚན་གཉིས་དྲངས་ཟིན།ད་དུང་དགོས་ན་ངས་ལོ་གསར་རྗེས་ལ་ཕུལ་ཆོག་་ང་ལོ་གསར་རིང་ཉིན་ཤས་ཆབ་སྲིད་ཀྱི་འཁུར་པོ་ལྕི་པོ་དེ་མར་ཕབ་ནས་ལྷོད་ལྷོད་བསྡད་ན་སྙམ།ཆབ་སྲིད་ལ་སེམས་འཁུར་བྱས་ན་རང་བཞིན་གྱི་སེམས་ལ་ལྗིད་འཁོག་ཅིག་སླེབས་ཀྱི་འདུག
    ངས་ཡང་བསྐྱར་ལོ་གསར་ལ་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

  139. ལྷོ་ཕྲུག་སྣ་བོ་ཆེ། says:
    2011-03-04 at 5:54 am

    རྒྱ་ནག་ཏུ་ཕྱིན་མ་ཕྱིན་གྱི་གནད་དོན་ཙམ་ལས་ཕྱི་སྡོད་ཀྲུང་གོ་བའི་མིང་བྱང་དེ་བཀྲས་མཐོང་དང་བློ་སེང་གཉིས་ཀའི་ངོ་གདོང་ནས་འདོགས་མྱོང་འདུག ད་དུང་བཀྲས་མཐོང་གིས་ཨ་རིའི་མི་སེར་གྱི་ལག་འཁྱེར་བསྣམས་ཡོད་པ་ཙམ་མིན་པར་ཨ་རིའི་རྒྱལ་ཁབ་ཀྱི་དོན་དུ་དོན་དག་གང་ཡང་གློད་གཏོང་བྱ་རྒྱུའི་ཁས་ལེན་དམ་བཅའ་མཛད་འདུག
    ཁོང་གཉིས་ཀྱི་མིང་གནས་འདི་བདག་གིར་བྱེད་པའི་དགོས་པ་དང་དམིགས་ཡུལ་ཐད་མཚུངས་བསྡུར་ཞིག་བྱས་པ་ཡིན་ན་ཕྱོགས་ཞེན་ཆེ་བའི་མི་སྣ་འགའ་ཞིག་ལ་བསམ་གཞིགས་བསྐྱར་མ་གཏོང་རྒྱུའི་གོ་སྐབས་ཤིག་འཐོབ་སྲིད།
    ད་ང་ཚོས་བཀའ་ཁྲིའི་འོས་མི་དག་གི་སྐྱོན་གྱི་ཆ་ཅུང་ཟད་ཀྱི་རིགས་དག་ཆེ་རུ་གཏོང་བ་དང་། དྭོགས་གཞིའི་རིགས་དག་ལ་ལྷན་པ་བཏབས་ཏེ་མེད་པ་ཡོད་པར་བསྒྱུར་བའི་ལས་ཀ་རྫོབ་པོ་འདི་རེ་ཞིག་གཡུག་ཞོག

    བཀྲས་མཐོང་ལགས་བཀའ་ཁྲིར་བསླེབས་ན་ཕྱི་སྲིད་ཀྱི་ལས་དོན་ཐད་དང་། ནང་སྲིད་ཀྱི་ལས་དོན། ཤེས་རིག་གི་ལས་དོན། དཔལ་འབྱོར་གྱི་ལས་དོན། འཕྲོད་བསྟེན་གྱི་ལས་དོན། བདེ་སྲུང་གི་ལས་དོན། རྒྱལ་སྤྱིའི་འབྲེལ་ལམ། རྒྱ་ནག་དང་ཞི་མོལ་གྱི་ལས་དོན། བོད་ནང་ལོགས་ཀྱི་བོད་མིའི་ཡིད་ཆེས་དང་དམ་ཚིག་གཅིག་སྒྲིལ། རྒྱ་གར་གཞུང་དང་འབྲེལ་ལམ་སོགས་ཀྱི་ཐད་བློ་སེང་ལས་ལྷག་ཅིང་ཁྱད་འབྱེད་ནུས་ཀྱི་གཟེངས་ཐོན་གྲུབ་འབྲས་ག་རེ་བསྟན་རྒྱུའི་གོ་སྐབས་དང་འཇོན་ནུས་ཡོད་པ་རེད།
    གོང་བཀོད་ལས་དོན་དེ་དག་ཐད་བློ་སེང་གིས་བཀྲས་མཐོང་གིས་བསྒྲུབ་མི་ཐུབ་པའི་དམིགས་བསལ་བའི་གྲུབ་འབྲས་ག་རེ་བསྟན་རྒྱུའི་གནས་བབ་དང་ཁྱད་ཡོན་འདུག འདི་དག་ལ་གོ་རྒྱུ་ཡོད་ཅིང་བལྟ་ཉན་ལོངས་པའི་སྐད་ཆ་དང་རྩོམ་ཡིག་རེ་བྲིས་དང་།
    བློ་སེང་དང་བཀྲས་མཐོང་ལ་སུར་སྐྱོན་མང་བ་འདུག་གྲངས་ཀ་རྒྱག་གི་ཡོད་པའི་བཟོ་འདྲ་པོ་ཞིག་བྱེད་སྡོད་པ་འདིས་གང་ཡང་ཕན་ཐོག་གི་མ་རེད།

  140. དྲི་མེད་ལྷག་བསམ། says:
    2011-03-08 at 10:16 pm

    ༄། དྲྭ་གྲོགས་རྣམས་ལ་ཞུ་རྒྱུ། དམིགས་བསལ་སྐུ་ཚབ་རྒྱ་ནག་ཏུ་ཕེབས་ཚེ་ལག་ཁྱེར་ག་འདྲ་ཞིག་བེད་སྤྱོད་གནང་གནག་གི་ཡོད་བཀའ་འདྲི་ཞུ།

  141. བསྟན་འཛིན་བཀྲ་ཤིས། says:
    2011-03-09 at 12:41 am

    བཀུར་འོས་དྲ་གྲོགས་རྣམས་ལ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་ལས་གཞན་ཅི་ཡང་བཤད་འདོད་མ་བྱུང་ཡང་། ཁྱེད་ཅག་གིས་མིག་ཤེལ་ནག་པོ་བསྣམས་ཏེ་དཀར་པོའི་ཁ་དོག་ལ་བལྟས་དུས་ཁ་དོག་དཀར་པོ་དངོས་དེ་མཐོང་མ་ཐུབ་པ་བཞིན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

  142. choelam says:
    2011-03-11 at 1:51 am

    ང་རང་ཕ་ཡུལ་སྟོད་མངའ་རི་ནས་ཡིན་ཉེ་ཆར་ཕ་ཡུལ་ལ་ལོ་སར་པའི་དགའ་སྟོན་ལ་ཤིས་ཚིག་ཞུས་སྐབས་སུ་ཁོ་རང་ཚོས་གསུང་དོན་ལ་ཏང་གི་ལས་བྱེད་ཞིག་གིས་ད་དུང་བཙན་བྱོལ་ཡོད་པའི་བོད་རིག་ཚོར་སྐུ་དྲག་རིང་ལུངས་རོ་ལང་ལང་ཡོདརེད་ཟེར་ཏང་གི་ལས་བྱེད་ཚས་དགའ་ཚོར་གྱི་རྣམ་པ་ཤོར་གྱིས་འདུག བཀྲས་ཐོང་ལགས་མི་ཡག་པོ་གང་འདྲ་ཡིན་རུང་ཏང་གི་ལས་དཔེ་བསྟན་ས་ཤིག་ཉན་ཁ་འདུག བྱས་ཙང་t,c,v,སློབ་ཕྲུག་བློ་སེང་ལ་འོས་ཕེན་རྒྱུ་ཡིན

  143. འོད་ཡུག་པའི་འཁྱམས་པོ། says:
    2011-03-11 at 2:08 am

    choelam ཟེར་བར།
    རང་ཉིད་ཀྱི་འོས་དེ་སུ་ལ་འཕེན་མ་འཕེན་འཐོབ་ཐང་རང་ལ་ཡོད་པ་ལས་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་གི་འོས་འཕེན་མ་འཕེན་གྱི་རང་དབང་ཁྱེད་ལ་མེད། ད་དུང་ཁྱེད་ཀྱིས་ཕ་ཡུལ་དུ་ལོ་གསར་ཤིས་ཚིག་བརྗོད་ཡུལ་དེ་ཚོ་ཚང་མ་རྒྱ་མིའི་མགོ་སྐོར་བསླུ་འཁྲིད་འོག་ཚུད་ཚར་བ་མ་ཤེས་པར་བཀྲས་མཐོང་ལ་ཚིག་ངན་བརྗོད་པ་ནི་ཁྱེད་ཀྱི་ཀླད་པར་སྐྱོན་ཡོད་པའི་རྟགས་མཚན་གསལ་པོ་ཞིག་རེད།

  144. choelam says:
    2011-03-11 at 2:33 am

    འོས་འཁྱམ་ལགས། ཐོག་ལོ་གསར་པར་བཀྲ་ཤིས་བདེ་ལེགས། ཁྱེད་ཡག་པོ་གཟིགས་ tcv ནས་ཐོན་བའི་སེེངྒ་ལ་ འོས་ཕེན་རྒྱུ་ལས་གཞན་ཚང་མ་ལ་འབན་མེད་པས་འདའ་མོ་ངས་རྒྱབ་རྒྱུ་མ་རེད་། འོན་ཀྱང་ཁྱེད་ཀྱི་སློབ་སྟོན་གནང་བར་ཐུགས་རྗེ་ཆེ།

  145. ནང་པའི་སྤྲུལ་སྐུ་ says:
    2011-03-11 at 2:45 am

    ཁྱེད་གསུང་པ་ནང་བཞིན་སཻངྒ་ལ་འོས་ཕུལ་རྒྱུ་ཡིན། གང་ཡིན་ཞེ་ན་གནས་ཚུལ་གསང་ཐོས་ལྟར་ན་བཀྲས་ཐོང་གིས་དྷ་སའི་བུ་མོ་ན་གཞོན་ཤིག་ལ་སློབ་ཡོན་གྱི་སྦྱིན་བདག་བྱས་མྱོང་བ་རེད་ཟེར། དེས་དེང་སྐབས་ན་གཞོན་ཚོགས་པ་བཙུག་ནས་བཀྲས་ཐང་ལ་རྒྱབ་སྐྱོར་ལས་འགུལ་མང་པོ་སྤེལ་བ་རེད་ཟེར་། ་ལོ་ཤས་རྗེས་ཚོགས་པ་དེ་གའི་ན་གཞོན་མ་མོ་རང་དང་འགའ་རྒྱ་མཚོ་ཕ་རོལ་ཏུ་ཕུག་བསམ་ལམ་་ཟུར་དཀར་པོ་བསྟན་གནང་ཡོད་འདུག་པས། དེ་ནི་དཔེ་མ་སྲིད་བློ་ཕམ་ཞིག་མཐོང་སོང།

  146. ལྷག་བསམ། says:
    2011-03-11 at 2:54 am

    ཆོས་ལམ་ཆུང་ཆུང་། ཁྱོད་ཀྱི་ཕ་ཡུལ་སྟོད་མངའ་རིས་ནས་ཡིན་པར་ཧ་ལས་རྒྱུ་གང་ཡོད། ང་ཡི་ཕ་ཡུལ་ཡང་སྟོད་མངའ་རིས་ནས་ཡིན། ཁྱོད་དང་ཁྱོད་ཀྱི་བོད་བཞུགས་གཉེན་ཚན་རྣམས་རྒྱ་མིའི་སྐད་ཆ་ལ་འདི་འདྲའི་ཡིད་ཆེས་ཆེ་མདོག་ལ། གང་ལྟར་རྣམ་དཔྱོད་མེད་པའི་མི་རྒྱུད་ཁྱུ་གཅིག་རེད། དེ་སྔ་བློ་སེང་གི་སྐྱག་རྫུན་ལ་ཡིད་ཆེས་བྱས། ད་ཆ་རྒྱ་མིའི་མགོ་བསྐོར་ལ་ཡིད་ཆེས་བྱས། ངོ་མ་འབྲོག་ནག་རང་རེད། སློབ་སྦྱོང་མང་ཙམ་གྱིས། ཁྱོད་ཀྱི་ཡི་གེ་ལ་ལྟོས་དང་། ཁྱོད་རང་གི་འོས་ཤོག་རྐང་གཅིག་པོ་དེ་ཡང་ཁྱེད་རང་གི་སློབ་སྦྱོང་ལ་ངོ་ཚ་ས་རེད།

  147. དབྱངས་ཅན་ལྷ་མོ། ཀོང་ཙེ་ར་། says:
    2011-03-12 at 9:38 am

    ང་གང་དུ་ཡོད་མེད་དྲི་མ་གནང་རོག ཕྱི་རྒྱལ་བཙན་བྱོལ་དུ་སྡོད་མཁན་རྣམས་ལོ་ཆུང་ཡོན་ཏན་ཅན་པོ་བློ་སེང་ལ་གོ་ཐོབ་ཁྲི་འཕང་དེ་གནང་རོག་འདི་ཕྱོགས་རང་རེའི་རྩོམ་པ་པོ་མང་བོས་རེ་བ་འཆང་ས་ཡིན་ལགས ཡིན་ཀྱང་ མཐར་སུ་ལ་ཐོབ་ན་སྡང་དགྲ་མ་གནང་ཕན་ཚུན་མཐུན་ལམ་གཟབ་བོ་གནང་རོག

  148. chpelam says:
    2011-03-13 at 1:22 am

    ལྷག་བསམ། ཁྱེད་རང་དང་པོ་བོད་ཀྱི་སྐད་ལ་ཡིག་སྦྱང་བརྩོན་བྱོས། དེ་ནས་ཁ་བརྡའི་དྲ་རྒྱ་ནང་ལ་ཕེབས་ནས་བཀའ་མོལ་གནང་། དོན་མེད་ལན་རྒྱབ་འདོག་བྱས་ནས་དུས་ཚོད་ཆུད་ཟོས་མ་བཏང་། ངའི་ཕ་ཡུལགསྟོད་ནས་ཡིན་ཧ་ལས་དགོས་རེད་བཤད་མེད་། ང་རྣམ་དཔྱོད་ཡོད་མེད་ཡིན་མིན་ཁ་མཚམས་ཁྱོདརང་གི་ཆོད་ས་རེད་དམ་ད་དུང་རྒྱ་མིའི་རྒྱུག་ཁྱུ་རེད་འདོག་། ཡང་འབྲོག་ཕྲུག་ཟེར་དུས་ཁྲེལ་ཚིག་བཤད་འདོད་ལ་། ངོ་མ་གོར་མོ་དང་འཐོབ་ཞིག་རག་པའི་ཤེས་འབྱོན་མེད་རེད། ་དེ་སྟབས་ཡག་འདུག་དེ་མིན་ སྐྱགས་པ་འདྲ་བོ་ཁྱོད་ཀྱིས་རྒྱ་མིས་གོ་གནས་ཤིག་རག་ན་ང་ཚོ་འབྲོག་པའི་ཡུལ་སྦྱོང་ལ་དཀའ་ལས་བཏད་ས་་འདུག ་ད་ནས་ངས་ཁྱོད་འབྲོག་ཕྲུག་མི་ལབ། ཏང་ཕྲུག་ལབ་ཡོང་། འདི་ལན་དེ་ཁྱེད་རང་གི་ཉོས་སོང་ཧ་ཧ་ཧ་ཧ

  149. ལ་རྒྱའི་བདག་པོ། says:
    2011-03-13 at 3:41 am

    དྲ་གྲོགས་ཚང་མར་བཀྲིས་བདེ་ལེགས།
    ༡༽ད་ཐེངས་དམིགས་བཀར་དྲ་གྲོགས་ནང་པའི་སྤྲུལ་སྐུ་ཟེར་བ་ཞིག་གི་སྤེལ་བའི་ཅོལ་གཏམ་དེར་གསལ་བཤད་བྱེད་འདོད་བྱུང་།ཁོ་པའི་མཆན་བུའི་ཀུན་སློང་དང་།ནང་དོན།དག་ནོར།དོན་ནོར་གང་ལ་བསམས་ཀྱང་ནང་པའི་སྤྲུལ་སྐུ་བརྫུན་མ་ཞིག་དང་།ནང་པའི་ཞབས་འདྲེན་པ་ཞིག་ཡིན་པར་གདོན་མི་ཟ།
    ༢༽མི་རྗེ་བཀྲས་མཐོང་མཆོག་གིས་བོད་རིགས་ཉམ་ཐག་བུ་མོ་ཞིག་ལ་སྦྱིན་བདག་བྱས་ཏེ་ཁོ་མོ་སློབ་མཐར་གསོན་ནས་མི་ཚེའི་མདུན་ལམ་གསར་པ་ཞིག་སྦྱིན་པ་ནི་བཀྲས་མཐོང་མཆོག་པར་བསྔགས་པར་འོས་པའི་མཛད་བཟང་ཞིག་རང་རེད།གནའ་བོའི་གཏམ་དཔེར།སྨད་མ་ཤེས་པ་ཞིག་གིས་སྨད་པ་ལས་བསྟོད་མ་ཤེས་པ་ཞིག་གིས་བསྟོད་ན་དགའ་ཞེས་པ་ལྟར་བྱས་པ་ཅན་གྱི་བཀྲས་མཐོང་ལ་སྨད་པའི་ཁུལ་རེད་མོད།དོན་དམ་དུ་ཁོང་གི་མཛད་རྗེས་རང་བཞིན་གྱི་མངོན་འདུག
    ༣༽ཡང་སྤྲུལ་བརྫུན་དེས་ན་གཞོན་ཚོགས་པའི་སྐོར་ལ་ལབ་གླེང་བྱེད་ཁུལ་བྱས་ཀྱང་།ཚོགས་པ་དེ་ཐོག་མར་འཛུགས་དུས་རྒྱ་བལ་གཉིས་དང་།ཡོ་རོབ།བྱང་ཨ་རིའི་མངའ་ཁུལ་བཅས་ནས་ཆོལ་གསུམ་བོད་རིགས་གཞོན་སྐྱེས་སྐོར་ཞིག་གིས་བཙུགས་འདུག་ལ།ཁོ་ཚོས་བཀའ་ཁྲིའི་འོས་བསྡུ་ཆེན་མོའི་ནང་ལུགས་མཐུན་གྱི་འགྲན་རྩོད་བྱས་ནས་ཁྲིམས་མཐུན་གྱི་ལས་འགུལ་སྤེལ་བཞིན་འདུག་པ་མ་ཟད་ཁོ་ཚོས་བཀྲས་མཐོང་གི་ཆེད་སྤེལ་བའི་ལས་འགལ་མཐའ་དག་ཕྱི་གསལ་ནང་གསལ་ཡིན་པ་ལས་ས་འོག་དར་ཐག་གི་རྣམ་པ་ཕྲ་མོ་ཙམ་ཡང་མི་འདུག་མདོར་ན་ཁོ་ཚོས་ད་ཐེངས་ཀྱི་བཀའ་ཁྲིའི་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་བྱས་ཏེ་བཙན་བྱོལ་བོད་མིའི་མང་གཙོ་གོ་འཕེལ་ཐད་ཞབས་འདེགས་མི་ཆུང་བ་ཞིག་ཕུལ་ཡོད་བརྗོད་ཆོག་པ་འདུག
    ༤༽གཞན་ཡང་མཆན་པ་པོས་༼ལོ་ཤས་རྗེས་ཚོགས་པ་དེ་གའི་ན་གཞོན་མ་མོ་རང་དང་འགའ་རྒྱ་མཚོ་ཕ་རོལ་ཏུ་ཕུག་བསམ་ལམ་་ཟུར་དཀར་པོ་བསྟན་གནང་ཡོད་འདུག་པས། ༽ཞེས་བྲིས་འདུག་ཀྱང་ཚིག་གྲུབ་འདིའི་ནང་ཚིག་ནོར་དང་།དོན་ནོར།དག་ནོར་མང་བས་བརྗོད་དོན་ངོ་མ་གང་ཡིན་རག་གི་མི་འདུག་པས་དོ་དག་གིས་གསལ་བཤད་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན།

  150. ལ་རྒྱའི་བདག་པོ། says:
    2011-03-13 at 4:22 am

    ༡༽དྲ་གྲོགས་choelam ལགས་ཀྱིས་སྤེལ་བའི་མཆན་༡༤༢དེར་ཡིག་ཕྲེང་ལྔ་ལ་ཡིག་དོར་མང་དག་བཅོས་བྱ་རྒྱུ་ཡིན།
    ང་རང་ཕ་ཡུལ་སྟོད་མངའ་རི་༼རིས་༽ནས་ཡིན་ཉེ་ཆར་ཕ་ཡུལ་ལ་ལོ་སར་༼གསར༽པའི་དགའ་སྟོན་ལ་ཤིས་ཚིག་ཞུས་སྐབས་སུ་ཁོ་རང་ཚོས་གསུང་དོན་ལ་ཏང་གི་ལས་བྱེད་ཞིག་༼ཅིག་༽གིས་ད་དུང་བཙན་བྱོལ་ཡོད་པའི་བོད་རིག་༼རིགས་༽ཚོར་སྐུ་དྲག་རིང་ལུངས་༼རིགས་༽རོ་ལང་ལང་༼ལངས་༽ཡོདརེད་ཟེར་ཏང་གི་ལས་བྱེད་ཚས་༼ཚོས་༽དགའ་ཚོར་གྱི་རྣམ་པ་ཤོར་གྱིས་༼གྱི་༽འདུག བཀྲས་ཐོང་ལགས་མི་ཡག་པོ་གང་འདྲ་ཡིན་རུང་ཏང་གི་ལས་དཔེ་བསྟན་ས་ཤིག་ཉན་ཁ་འདུག བྱས་ཙང་t,c,v,སློབ་ཕྲུག་བློ་སེང་ལ་འོས་ཕེན་རྒྱུ་ཡིན
    ༢༽ཁྱེད་རང་TCVསློབ་ཕྲུག་འོས་འཕེན་ནས་TCVརྒན་བདག་འདེམས་ཀྱི་ཡོད་དམ།ང་ཚོ་ད་ལྟ་རྒན་བདག་འདེམས་ཀྱི་མེད།ང་ཚོར་བཀའ་ཁྲི་ཡང་དག་པ་དགོས་ཀྱི་ཡོད།

  151. ལ་རྒྱའི་བདག་པོ། says:
    2011-03-13 at 4:36 am

    ད་དུང་Choelam ཀྱི་མཆན་༡༤༢དེའི་ཡིག་ནོར་འགའ་ཤས་ལུས་འདུག
    བཀྲས་ཐོང་༼མཐོང་༽
    ལས་དཔེ་བསྟན་ས་ཤིག་༼ཞིག༽
    ཉན་ཁ་༼ཉེན་ཁ༽
    ཕེན་རྒྱུ་ཡིན།༼འཕེན་རྒྱུ་ཡིན༽

  152. ས྄ྟག་མོ་ནས། says:
    2011-03-14 at 4:02 am

    ཡ་ད་བ྄ློ་སེང་ས྄ྣེ་གདོང་ར྄ྒ྄ྱལ་པོས་ས྄ྦོལ་གདན་ས྄ྟེང་ར྄ྐ྄ྱལ་བར྄ྒ྄ྱབ་པ་ནང་བཞིན་མ་བ྄ྱས་ན་ཨུ་ཙམ་རེད།

  153. བདུད་ནག་བུ་ནས་ says:
    2011-03-18 at 11:13 pm

    བློ་བཟང་སེང་གེ་ལགས་ལ་མཚམས་འདྲ་བཀྲ་ཤིས་བདེ་ལེགས་ཞུ་ཁྱེད་ནི་བོད་མི་རིགས་ཀྱི་བཀའ་བློན་ཁྲི་པ་ཐོབ་ནས་བོད་མི་རིགས་ཀྱི་སྡུག་བསྔལ་སེལ་ཐུབ་བའི་སྨོན་ལམ་ཡོད།

  154. ལ་རྒྱའི་བདག་པོ། says:
    2011-03-19 at 1:39 am

    བློ་བཟང་སེང་གེ་ལགས།བཀྲིས་བདེ་ལེགས།
    ཁྱེད་རང་ལ་བཀའ་ཁྲིར་ཚང་དགོས་ངེས་ཀྱི་རྩ་བའི་ཁྱད་ཆོས་བརྒྱད་དེ།དབྱིན་བོད་ཤེས་ཡོན་དང་།འཇོན་ཐང་།ཉམས་མྱོང་དང་།ལྷག་བསམ།ལྟ་བ་དང་།མི་གཤིས།གསར་གཏོད་དང་།འཛིན་སྐྱོང་གི་ནུས་པ་ཞན་ཆ་ཆེན་པོ་འདུག་པས་ད་ཐེངས་ཀྱི་བཀའ་ཁྲི་ཕྱིར་འཐེན་བྱས་ཏེ་བཀའ་བློན་ཕྱག་རོགས་འཁོད་རྒྱུ་དང་།ལོ་ལྔའི་རྗེས་ཁྱེད་ཀྱི་འཇོན་ཐང་དང་།ལྷག་བསམ།གྲུབ་འབྲས།མི་གཤིས།ཤེས་ཡོན།གསར་གཏོད་བཅས་ང་ཚོ་བོད་མི་རྣམས་ཀྱིས་མིག་མཐོང་ལག་ཟིན་བྱུང་མཚམས་སུ་ང་ཚོས་ཁྱེད་བཀའ་ཁྲིར་བདམས་ངེས་ཡིན།ད་ཐེངས་ཚང་ཁ་མ་བརྒྱབ་རོགས།བོད་སྤྱི་པའི་རྩ་དོན་ལ་བསམས་ནས།བོད་ཀྱི་མ་འོངས་པར་བསམས་ནས་ཐུགས་རྗེ་གཟིགས།

  155. འོ་མ། says:
    2011-03-19 at 2:34 am

    བློ་སེང་གི་བཏོན་པའི་རྩ་དོན་གསུམ་དེ་མི་འགྲིག་པ་མེད་ཀྱང་། བློ་སེང་གི་ལོ་རྒྱུས་དང་བློ་སེང་གི་ངན་གཡོའི་སྙིང་མཛོད་དག་ང་ཚོས་བསྔོག་ཐབས་རྒྱུ་གལ་ཆེ།

  156. འོ་མ། says:
    2011-03-19 at 2:45 am

    བློ་སེང་བོད་ནང་དུ་སོང་བ་དེ་འདྲའི་དོན་གནད་ཅན་ཞིག་ཡིན་ནམ།

  157. ཤེས་རབ་རིག་གྲོལ། says:
    2011-03-19 at 8:09 pm

    བློ་བཟང་སེང་གེའི་ལྟ་སྒྲུབ་གསུམ།
    གཅིག་དཀྲུག ༼ གཅིག་སྒྲིལ།༽
    ཟ་འདོད། ༼གསར་གཏོད།༽
    རང་མགོ་གང་ཐོན། ༼ རང་མགོ་རང་ཐོན། ༽
    ༡༽ གཅིག་དཀྲུག་རང་བཞིན་གྱི་ལྟ་བ།
    སྐུ་དྲག་དང་མི་དཀྱུས་མའི་བར་དཀྲུག་པ།
    རྒན་པ་དང་གཞོན་པའི་བར་དཀྲུག་པ།
    ཤེས་ཡོན་ཅན་དང་མི་སྣ་དཀྱུས་མའི་བར་དཀྲུག་པ།
    ཆོས་ཁ་དང་ལུང་མཚན་གྱི་བར་དཀྲུག་པ།༼ལེ་ཐང་བརྟན་བཞུགས་ཕུལ་བ་ལས་ཁོང་གིས་དཔུང་སྒྲིག་པ།༽
    ༢༽ ཟ་འདོད་ཀྱི་རང་བཞིན་གྱི་ལྟ་བ།
    བཀའ་ཁྲིའི་ཁྲི་རག་ཐབས་ལ་རྫུན་གྱི་རྒྱུན་རིམ་པར་བཤད་པ
    རྫུན་དང་པོ།
    འོས་ཤོག་རག་ཐབས་ཀྱི་ལས་འགུལ་ཆེད་དཔའ་འབྱོར་གྱི་འབྱུང་ཁུངས་ལ་སྔ་ཕྱིའི་འགལ་བ་ཡོད་པ་བཤད་པ།
    རྫུན་གཉིས་པ།
    སྐུ་ཚབ་ཚོའི་ནང་ནས་༼ཕྱིར་སྡོད་རྒྱ་མ་ཡིན་པའི་ངོས་ལེན་བྱས་༽པའི་ཐོག་ནས་རྒྱ་ནག་དང་བོད་དུ་ཕེབས་རབ།
    ད་དུང་དེ་མ་ཚད་པའི་རྫུན་དུ་མ་ཡོད།

    ༣༽ རང་མགོ་གང་ཐོན་གྱི་རང་བཞིན་གྱི་ལྟ་བ།
    ༢༠༠༥ལོར་ཕྱིར་སྡོད་རྒྱ་མི་བྱས་པ།
    འོས་ཤོག་རག་ཐབས་ལ་གདམས་ངག་ཁ་ཤས་གཏན་འཁེལ་བྱས་པ།

  158. མི་ཆུང་ཆུང says:
    2011-03-20 at 12:33 am

    འདི་ནི་གསལ་བཤད་དང་འབོད་བསྐུལ།
    ཉེ་སྔོན་མི་འགའ་ཞིག་གིས་དབྱིན་ཡིག་མི་ཤེས་པའི་བོད་མི་རྣམས་མགོ་བསྐོར་བཏང་ཕྱིར། བསམ་བཞིན་དུ་རྩོམ་ཡིག་སྤེལ་ཏེ་བོད་མི་བློ་བཟང་སེང་གེ་མཁས་དབང་ཡིན་མིན་ལ་དོགས་གླེང་བྱས་པར་བརྟེན། ང་ཚོས་དཔྱད་པ་ཞིབ་མོར་བྱས་ནས་བོད་མི་ཡོངས་ལ་གསལ་བཤད་འདི་དྲིལ་བསྒྲགས་བྱེད་རྒྱུ་ཡིན།
    སྤྱིར་བཏང་ནུབ་ཕྱོགས་པའི་མཐོ་རིམ་སློབ་གྲྭ་ཆེ་ཁག་ཚོས་ཤེས་ཡོན་སློབ་སྦྱོང་མཐར་ཕྱིན་མཁན་གྱི་སློབ་མ་རྣམས་ལ་ Ph.D. Doctor of Philosophy,༼མཚན་ཉིད་རིག་པའི་མཁས་དབང་།༽ ཡང་ན་ S.J.D. Doctor of the Science of Law,༼ཁྲིམས་ལུགས་ཚན་རིག་ཞིབ་འཇུག་མཁས་དབང་།༽ ཞེས་པའི་ལག་ཁྱེར་སྤྲོད་སྲོལ་ཡོད།
    མཁས་དབང་དང་འབུམ་རམས་པའི་གོ་མིང་འདི་ Ph.D, ཡང་ན་ S.J.D. ལག་ཁྱེར་ཐོབ་མཁན་ལ་འདོགས་ཆོག་གམ་མི་ཆོག?

གལ་ཏེ་འདོགས་མི་ཆོག་ན་ནུབ་ཕྱོགས་པའི་མཐོ་རིམ་སློབ་གྲྭ་ལ་མཁས་དབང་དང་འབུམ་རམས་པ་མེད་པར་འདོད་དགོས་ཤིང་།
ཁྱེད་ཚོས་ཕལ་ཆེར་མཁས་དབང་ཡིན་ན་བོད་ཀྱི་བླ་མ་ལོ་ན་མཐོན་པོ་ཞིག་ཡིན་དགོས་བསམ་ན་མཐོང་རྒྱ་ཆུང་བའི་སྐྱོན་རེད་དམ།
    གལ་ཏེ་མཁས་དབང་དང་འབུམ་རམས་པའི་མིང་འདི་ Ph.D, ཡང་ན་ S.J.D. ལག་ཁྱེར་ཐོབ་མཁན་ལ་འདོགས་ཆོག་ན་བློ་བཟང་སེང་གེ་ནི་མཁས་དབང་དང་འབུམ་རམས་པའི་གོ་ས་ཡོད་མཁན་ཞིག་ཡིན་ཏེ། རྒྱུ་མཚན་ནི། སྤྱི་ལོ་༡༩༩༦་ལོར་ཨ་རིའི་ཧར་ཝ་མཐོ་སློབ་ནས་བོད་མི་བློ་བཟང་སེང་གེ་ལ་༼ཁྲིམས་ལུགས་རབ་འབྱམས་པའི་༽སློབ་ཐོན་ལག་ཁྱེར་སྤྲད་ཡོད་པ་དང་། (LL.M. Master of Law་)
    སྤྱི་ལོ་༢༠༠༤་ལོར་ཨ་རིའི་ཧར་ཝ་མཐོ་སློབ་ནས་ཡང་བསྐྱར་བློ་བཟང་སེང་གེ་ལ་༼ཁྲིམས་ལུགས་ཚན་རིག་ཞིབ་འཇུག་མཁས་དབང་༽གི་གཟེངས་བསྟོད་ལག་ཁྱེར་ཕུལ་ཡོད་པར་རེད། (J.S.D., or S.J.D. Doctor of the Science of Law,) འདི་ལས་ལྷག་པའི་མཁས་དབང་དང་འབུམ་རམས་པའི་གོ་ས་ཞིག་ནུབ་ཕྱོགས་མཐོ་སློབ་སུ་ལ་ཡང་སྤྲད་རྒྱུ་མེད་པས། དེས་ན་བོད་མི་བློ་བཟང་སེང་གེ་ལ་མཁས་དབང་གི་གོ་ས་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད།
    བོད་མི་ས་ཡ་དྲུག་ལྷག་གི་ནང་ནས་༼ཁྲིམས་ལུགས་ཚན་རིག་ཞིབ་འཇུག་མཁས་དབང་༽གི་ལག་ཁྱེར་ཐོབ་མཁན་མཁས་དབང་བློ་བཟང་སེང་གེ་ལས་གཞན་བོད་རིགས་ཞིག་ད་བར་བྱུང་ཡོད་མ་རེད། འདི་ལ་ང་ཚོས་དགའ་སྤོབས་སྐྱེ་འོས་པ་ཞིག་རེད།
    གལ་ཏེ་བོད་རིགས་མི་སྐྱ་ཞིག་ལ་མཁས་དབང་གི་གོ་ས་ཐོབ་པ་ལ་མིག་ཚ་ན། འདི་ནི་ཡིད་སྐྱོ་འོས་པའི་བོད་མིའི་རྙིང་ཞེན་གྱི་ནད་གཞི་ཕུང་ཚབས་ཅན་དེ་ཡིན་པར་ངོས་འཛིན་གནང་ནས་སྤང་རོགས་ཞུ་རྒྱུ་ཡིན།
    ད་ལན་བོད་རྒྱལ་ཁབ་དང་བོད་མི་རིགས་གཉིས་ཀ་ཤི་གསོན་གྱི་མཚམས་སུ་སླེབས་པའི་དུས་འདིར། བསམ་ཡོད་བོད་མི་ཡོངས་ཀྱིས་ཕྱོགས་ཞེན་གྱི་ཕྲག་དོག་སྤང་ནས་ཕུགས་རྒྱངས་རིང་པོའི་སྤྱི་དོན་ལ་བསམ་ཞིབ་གནང་ནས་འོས་ཤོག་འཕེན་རོགས་ཞུ།
    ཡང་བསྐྱར་བོད་རྒྱལ་ཁབ་དང་བོད་མི་དམངས་ལ་སྙིང་ནས་བརྩེ་བའི་བོད་མི་ཡོངས་ལ་འབོད་བསྐུལ་ཞུ་རྒྱུ།

    སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཀྱིས་མི་ལོ་བཞི་བཅུ་ལྷག་ལ་བོད་གཞུང་གི་ཕྱག་ལས་དང་དབུ་ཁྲིད་གནང་ཟིན་པ་དང་། 
དེ་བཞིན་སྐུ་ངོ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་མི་ལོ་ཉི་ཤུ་ལྷག་ལ་བོད་གཞུང་གི་ཕྱག་ལས་དང་དབུ་ཁྲིད་གནང་ཟིན་པར་བརྟེན།

    དེང་སང་རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ངོ་མ་བཞུགས་པའི་དུས་འདིར། 
མི་རབས་གསར་པ་ཞིག་བོད་རྒྱལ་ཁབ་ཀྱི་བཀའ་བློན་ཁྲི་བར་བྱུང་ན།
    ཕྱོགས་ཡོངས་ཀྱི་བོད་དོན་ཐབས་ཇུས་དང་འཐབ་རྩོད་ལ་བསྒུལ་ཤུགས་ཆེན་པོ་ཞིག་སྤྲད་ངེས་པས་མ་ཚད། 
ད་ལན་མཁས་དབང་བློ་བཟང་སེང་གེ་ལ་སྐབས་གསུམ་པའི་བཀའ་བློན་ཁྲི་བའི་གོ་སྐབས་སྤྲད་ན།
    བོད་གངས་ཅན་ལྗོངས་ཀྱི་མ་འོངས་པའི་རྒྱུན་འཛིན་ལོ་གཞོན་ཀུན་གྱི་རེ་བ་དང་སྤོབས་པ་སྔར་ལས་ལྷག་པ་གོང་འཕེལ་ཆེན་པོར་བཏང་ཐུབ།

    སྤྱིར་བཏང་མི་ཞིག་རྒྱལ་ཁབ་ཀྱི་གཙོ་འཛིན་མི་ལོ་བཅུ་ཕྲག་དུ་མར་ཡང་བསྐོར་བསྐྱར་བསྐོར་ཡུན་རིང་བྱས་ན། 
བོད་དོན་ལ་ཕན་པའི་དགེ་མཚན་མེད་པར་མ་ཟད་དམངས་གཙོའི་ལྡོག་ཕྱོགས་སྒེར་གཅོད་རིང་ལུགས་རྙིང་པ་ཚོས་བྱེད་བཏང་སྟེ།
དམངས་གཙོ་རྫུན་མ་ཞིག་ང་ཚོས་ལག་བསྟར་བྱས་པ་ལྟ་བུའི་སྣང་ཚུལ་ངན་པ་ཞིག་རྒྱལ་སྤྱིའི་མིག་ལམ་ལ་བསྐྲུན་ངེས་པས།
    བཀའ་བློན་ཁྲི་བའི་ལས་དུས་རྫོགས་པའམ་རྩ་དགོངས་ཞུས་ནས། ཡང་བསྐྱར་བཀའ་བློན་ཁྲི་བར་མི་འཛེགས་པའི་སྔོན་འགོག་ད་ལྟ་ནས་བྱས་ན།
    བོད་མི་ནང་ཁུལ་གྱི་མཐུན་ལམ་ཡར་རྒྱས་དང་བོད་རྒྱལ་ཁབ་ཀྱི་དམངས་གཙོ་ཚད་ལྡན་ཡོང་བ་ལ་མིག་རྒྱང་རིང་བའི་བྱ་བ་བཟང་པོ་ཞིག་རེད།

    བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།

    དཔྱད་གཞིའི་རྒྱུ་ཆ།
    Lobsang Sangay studied at Tibetan refugee school in Darjeeling and did his B.A. (Honors) and LLB (Bachelor in Law) from Delhi University. In 1995,
    Lobsang Sangay received his LL.M. Master of Law in 1996 at Harvard University, which is the first graduate-level training in law and continued to receive his S.J.D., which is a research doctorate in law,[1] and the highest degree in law at Harvard University in 2004.
    You may think that an S.J.D. Is lower than a Ph.D, but you are wrong. S.J.D is an equal degree to a Ph.D Doctor of Philosophy. Not only is an S.J.D equal to a Ph.D, it is also equal to LL.D. Doctor of Law, J.D., J.S.D. Doctor of the Science of Law, and Dr. iur Doctor of Law.
    Doctor of Law or Doctor of Laws is a doctoral degree in law. The application of the term varies from country to country, and includes degrees such as the LL.D. Doctor of Law, Ph.D. Doctor of Philosophy, J.D., J.S.D., or S.J.D. Doctor of the Science of Law, and Dr. iur Doctor of Law.

    Doctor of Juridical Science, Doctor of the Science of Law, (sometimes also referred to as a Doctor of Laws), abbreviated J.S.D. or S.J.D., is a research doctorate in law,[1] and the highest degree in law.[2] It is offered primarily in the United States, where it originated, and in Canada. As a research doctorate, it follows professional training in law (LL.B. or J.D.) and the first graduate-level training in law (LL.M. Master of Law), and is primarily aimed at training professors, legal scientists, and other scholars in law.
    洛桑桑蓋學校就讀於西藏難民在大吉嶺,也學士學位(榮譽)和學士(法學學士)從德里大學。 1995年,
    洛桑桑蓋收到了他的法學碩士法學碩士1996年在哈佛大學,這是第一個研究生層次的培訓,法律,並繼續接受他的SJD,這是法學博士的研究,[1]和法律的最高學位,2004年在哈佛大學。
    你可能認為一S.J.D.低於博士學位,但你錯了。 SJD是一個平等程度博士學位博士學位。不僅是一個 SJD等於一個博士,它也等於法學博士法學博士,J.D.,J.S.D.醫生的法律科學和法學博士法學博士。
    法學博士或法學博士,是一個在法律博士學位。一詞中的應用因國家而異,包括學位,如法學博士法學博士,哲學博士哲學博士,J.D.,J.S.D.,或S.J.D.醫生的法律科學和法學博士法學博士。

    法學博士,博士的法律科學,(有時也被稱為法學博士),簡稱 JSD或SJD,是法學博士的研究,[1]和最高程度的法律。[2]它主要是提供在美國,在那裡起源,以及加拿大。作為一個研究博士學位,它遵循專業培訓,法律(法學學士或JD)和第一個研究生層次的培訓,法律(法學碩士法學碩士),而主要是針對培訓教授,法律學家和其他學者的法律。

    གནས་ཚུལ་མང་ཙམ་ཤེས་འདོད་ན་གཤམ་གསལ་དྲྭ་རྒྱ་ཁག་ལ་གཟིགས་རོགས་ཞུ།
    http://www.law.harvard.edu/news/today/2003/01/7student.php
    http://www.suffolk.edu/college/37317.html
    བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།

  159. བན་ནག་ཚང་ says:
    2011-03-20 at 6:39 am

    བློ་བཟང་སེང་གེ་ལགས་ལ་དམར་འབེབས་བྱེད་མཁན་དང་ཁ་ངན་ཚིག་ངན་བརྒྱག་འདུག་མཁན་དེ་ཚོ་ཚང་མ་མི་ཡག་པོ་གཅིག་ཀྱང་མི་འདུག་མི་ཁྱེད་ཚོ་ལྟ་བུ་ཞིག་གི་མཁས་དབང་བློ་བཟང་སེང་གེ་ལ་འགྲན་ཟླ་བྱ་དགོས་ཟེར་ན་རྨི་ལམ་རང་རེད།
    དེ་ཡང་མཁས་དབང་བློ་བཟང་སེང་གེ་ལ་མཁས་དབང་ཞེས་མིང་བཏགས་ན་མི་འགྲིག་ས་གང་ཡང་མེད་ཁོང་ནི་དངོས་གནས་ཁྲིམས་ལུགས་ཕྱོགས་ལ་མཁས་པ་བསམ་གྱི་མི་ཁྱབ་པ་ཞིག་རེད།
    དེ་ཡང་མི་རེ་འགའ་ཞིག་ད་དུང་ཁོང་ལ་ཁ་ངན་ཚིག་ངན་དེ་འདྲ་བརྒྱག་བཞིན་འདུག་དེ་འདྲའི་གཏམ་བཤད་ཚོ་ངས་དྲང་བདེན་མ་ཡིན་སྐད་ཆ་རང་ལ་ངོ་འཛིན་གྱི་ཡོད།
    རྒྱལ་ཁབ་གཅིག་གི་དམངས་ཚོགས་ལམ་ལུགས་ཐོག་ལ་རྒྱལ་ཁབ་དེའི་དཔོན་པོ་དང་སྲིད་འཛིན་སོགས་ལ་བསམ་འཆར་འམ་དགོངས་འཆར་ཐོན་ཆོག་གི་རེད།ཡིན་ན་ཡང་ཧ་ཅང་ཐར་འགྲོའི་ལས་གནས་བྱ་མི་ཉན།
    དེ་ཡང་མཁས་དབང་བློ་བཟང་སེང་གེ་ལགས་ལ་རྒྱབ་སྐྱོར་མཐར་ཅིག་ཏུ་ཡོད།

  160. བན་ནག་ཚང་ says:
    2011-03-20 at 8:48 am

    ཤེས་རབ་རིག་གྲོལ་ལགས་ལ་ཞུ།
    མཁས་དབང་བློ་བཟང་སེང་གེ་ལགས་ཀྱི་མ་འོངས་པའི་དམིགས་ཡུལ་གསུམ།

    ༡༽ཁྱེད་དང་ཁྱེད་ཀྱི་སྐྱེ་དམན་འམ་ཁྱེད་ཀྱི་ནང་མི་ཡོངས་ལ་དཀྲུག་དགོས་བསམ་པ།

    ༢༽ཁྱེད་ཀྱི་ཕ་མས་བསགས་ཡོད་པའི་གསེར་དངུལ་སོགས་ཟ་དགོས་བསམ་པ།

    ༣༽་བཀའ་ཁྲིའི་འོས་ཐོབ་ནས་ཁྱེད་བསད་དགོས་བསམ་པ།

    མི་ཁྱོད་ལྟ་བུ་ཞིག་གི་མཁས་དབང་བློ་བཟང་སེང་གེ་ལགས་ལ་སྐྱོན་འཛུགས་ག་ཆོད་བྱས་ཀྱང་གནོད་པ་ཆུ་ཐིག་ཙང་ཡང་ཡོད་མ་རེད་དོ།
    དངོས་གནས་བཤད་ན་ཁྱེད་ནི་མཁས་དབང་བློ་བཟང་སེང་གེ་ལགས་ཀྱིས་རྐུབ་ནང་གིས་སྐྱག་རིལ་ཙང་ལ་ཡང་འགྲན་ཟླ་བྱས་ཡ་ཡོད་མ་རེད་དོ།
    ཤེས་སོང་ངམ།

  161. བདུད་ནག་བུ་ནས་ says:
    2011-03-20 at 8:55 am

    ངས་འོས་བླུག་ཚར་ཡིན།
    ད་ཡིན་ན་འགྲིག་སོང་དངོས་གནས་འགྲིག་སོང་།
    བོད་རྒྱལ་ལོ།བོད་རྒྱལ་ལོ།བོད་རྒྱལ་ལོ།

  162. བདུད་ནག་བུ་ནས་ says:
    2011-03-20 at 9:01 am

    ད་དེ་རིང་ངས་འོས་བླུག་ཚར་ཡིན་ད་ཡག་པོ་བྱུང་ད་དངོས་གནས་འགྲིག་སོང་དངོས་གནས་ཡིན།

    བོད་རྒྱལ་ལོ།བོད་རྒྱལ་ལོ།

  163. ལ་རྒྱའི་བདག་པོ། says:
    2011-03-20 at 11:17 pm

    དྲ་གྲོགས་ཡོངས་ལ་ཞུ་རྒྱུར།
    ངའི་ངོས་ནས་བཅའ་ཁྲིམས་རིན་པོ་དང་།༸རྒྱལ་བ་རིན་པོ་ཆེ་གཉིས་ལ་གུས་བརྩི་ཆེ་ཤོས་བྱེད་ས་ཞིག་ཡིན།ངས་དེ་གཉིས་དཔང་དུ་བཙུགས་ནས་དམ་བཅའ་བཞག་རྒྱུར།
    ད་ཐེངས་ཀྱི་འོས་བསྡུ་ཆེན་མོའི་སྐབས་ང་ཚོ་དྲ་གྲོགས་ཕན་ཚུན་དང་བོད་མི་ནང་ཁུལ་དགག་བཞག་གི་བགྲོ་གླེང་ཤུགས་ཆེན་བྱུང་ཡོད་ལ།སྐབས་རེ་འགྲན་རྩོད་ཀྱང་རྣོ་ངར་ཆེ་ཙམ་བྱུང་ཡོད་ཀྱང་།དེ་དག་ཚང་མ་རང་རང་གི་འོས་མིའི་ཐད་ཕྱོགས་ཀྱི་དགོས་མཁོ་དང་།མང་གཙོའི་དགོས་མཁོ།རྩ་དོན་གྱི་དགོས་མཁོའི་ཆེད་དུ་ཡིན་པས་དེར་མ་དགའ་ཞེ་འཛིན་གནང་དགོས་དོན་མེད།དེ་ན་སང་ཉིན་བཀའ་ཁྲི་གསར་པ་སུ་ཕེབས་ཀྱང་སང་ཉིན་གྱི་བོད་མི་རིགས་ཀྱི་ཆེད་དུ་བཀའ་ཁྲི་གསར་པས་སྲོག་ཤིང་གནང་བའི་མཐའ་སྐོར་དུ་ང་ཚོས་དཔུང་པ་མཉམ་གཤིབ་དང་།མཛའ་མཐུན་དམ་ཟབ།ཕྱར་བ་གྲུ་འདེགས།རྡོག་རྩ་ཆིག་སྒྲིལ་གྱི་རྨང་གཞིའི་འོག་བཙན་བྱོལ་གཞུང་གི་ཡང་དག་པའི་མཛད་ཕྱོགས་ལ་རྒྱབ་སྐྱོར་བྱེད་དགོས་ལ་དགྲ་བོར་ཡང་ཕར་རྒོལ་བྱེད་དགོས།
    དུས་དེ་ནས་ང་ཚོའི་འགྲན་རྩོད་དང་བགྲོ་གླེང་གི་བརྗོད་གཞི་ཡང་ཁ་ཕྱོགས་གསར་པ་ཞིག་ལ་འགྱུར་དགོས།དེ་ནི་ངའི་ཆོད་སེམས་ངོ་མ་དེ་ཡིན།

  164. འཇམ་དཔལ་ཚུལ་ཁྲིམས། says:
    2011-03-21 at 2:01 am

    དྲ་གྲོགས་ལ་རྒྱའི་བདག་པོ་ལགས།
    ཁྱེད་ཀྱིས་རིན་ཐང་ཅན་ཞིག་གི་ཚུགས་ཀ་བསྟན་བྱུང་། ཁྱེད་ཀྱིས་གནང་སྟངས་ལ་རྗེས་སུ་ཡི་རང་ཡོད། ང་ཚོས་དེ་ལྟར་བྱེད་དགོས།

  165. ལ་རྒྱའི་བདག་པོ། says:
    2011-03-21 at 3:21 am

    དྲ་གྲོགས་འཇམ་ཚུལ་ལགས་མཇལ་བ་དགའ་པོ་བྱུང་།
    སྐུ་ཉིད་ཀྱི་གུས་ལ་བུང་བ་གསེར་གཟིགས་ཀྱི་བསྔགས་བརྗོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ངས་དེ་ལྟར་བྲིས་དོན་ནི་བགྲོ་གླེང་དང་དགག་བཞག་ལ་གོམས་བྱང་མེད་ལ་བསམ་བློའི་བྱང་ཚད་དམའ་བའི་གཞོན་སྐྱེས་སྐོར་ཞིག་ལ་བསམ་བློའི་རླབས་རྒྱུན་ངན་པའི་འོག་ཤ་ཁྲག་གཅིག་པའི་སྤུན་ཟླ་ནང་ཁུལ་མཐུན་སྒྲིལ་ཆེན་པོར་གཏོར་སྐྱོན་ཐེབས་དོག་ནས་བསམ་བཞིན་དུ་བྲིས་པ་ཡིན།སྐུ་ཉིད་ལའང་ཚུར་སྣང་ལེན་ཆའི་སྒོ་ནས་ཐུགས་སྣང་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།སྐུ་ཉིད་ནང་བཞིན་དྲ་གྲོགས་ཚང་མས་སྤུན་ཟླའི་མཛའ་བརྩེའི་སྒོ་ནས་བསམ་གཞིགས་ཀྱི་དཀྱིལ་འཁོར་ནང་ཚུད་ན་དགའ་བ་ལ་ཨང་།རྗེས་སུ་ཡང་སྐྱར་གནས་འདི་ནས་གླེང་གཞི་གང་ཡང་རུང་བའི་ཐོག་ནས་མཇལ་བའི་རེ་བ་ཞུ།

  166. བྱང་ཕྲུག says:
    2011-03-22 at 3:03 pm

    བློ་བཟང་སེང་གེ་ལ་མོས་མཐུན་ཡོད། གང་ཡིན་ཟེར་ན་ཁོང་ནི་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་ཞིག་དང་།
    ལྷག་པར་དུ་དེང་རབས་ཀྱི་ཤེས་ཡོན་གྱི་ཆུ་ཚད་མཐོན་པོར་སོང་ཞིང་། གལ་ཆེ་མི་སྣ་ཁག་དང་འབྲེལ་འདྲིས་གཞན་ལས་ལྷག་པ་མ་ཟད་བོད་ཀྱི་འདས་མ་འོངས་ཀྱི་བྱ་བཞག་ལའང་ཐུགས་བསམ་བཞེས་མཁན་ཞིག་ཡིན་པས་སོ།

  167. མི་ཆུང་ཆུང says:
    2011-03-23 at 5:19 am

    ཉེ་ སྔོན་མི་འགའ་ཞིག་གིས་དབྱིན་ཡིག་མི་ཤེས་པའི་བོད་མི་རྣམས་མགོ་བསྐོར་བཏང་ཕྱིར། བསམ་བཞིན་དུ་རྩོམ་ཡིག་སྤེལ་ཏེ་བོད་མི་བློ་བཟང་སེང་གེ་མཁས་དབང་ཡིན་མིན་ལ་ དོགས་གླེང་བྱས་པར་བརྟེན། ང་ཚོས་དཔྱད་པ་ཞིབ་མོར་བྱས་ནས་བོད་མི་ཡོངས་ལ་གསལ་བཤད་འདི་དྲིལ་བསྒྲགས་བྱེད་ རྒྱུ་ཡིན།
    སྤྱིར་བཏང་ནུབ་ཕྱོགས་པའི་མཐོ་རིམ་སློབ་གྲྭ་ཆེ་ཁག་ཚོས་ཤེས་ཡོན་སློབ་སྦྱོང་མཐར་ཕྱིན་མཁན་གྱི་སློབ་མ་རྣམས་ལ་ Ph.D. Doctor of Philosophy,༼མཚན་ཉིད་རིག་པའི་མཁས་དབང་།༽ ཡང་ན་ S.J.D. Doctor of the Science of Law,༼ཁྲིམས་ལུགས་ཚན་རིག་ཞིབ་འཇུག་མཁས་དབང་།༽ ཞེས་པའི་ལག་ཁྱེར་སྤྲོད་སྲོལ་ཡོད།
    མཁས་དབང་དང་འབུམ་རམས་པའི་གོ་མིང་འདི་ Ph.D, ཡང་ན་ S.J.D. ལག་ཁྱེར་ཐོབ་མཁན་ལ་འདོགས་ཆོག་གམ་མི་ཆོག?

    གལ་ཏེ་འདོགས་མི་ཆོག་ན་ནུབ་ཕྱོགས་པའི་མཐོ་རིམ་སློབ་གྲྭ་ལ་མཁས་དབང་དང་འབུམ་རམས་པ་མེད་པར་འདོད་དགོས་ཤིང་།
    ཁྱེད་ཚོས་ཕལ་ཆེར་མཁས་དབང་ཡིན་ན་བོད་ཀྱི་བླ་མ་ལོ་ན་མཐོན་པོ་ཞིག་ཡིན་དགོས་བསམ་ན་མཐོང་རྒྱ་ཆུང་བའི་སྐྱོན་རེད་དམ།
    གལ་ཏེ་མཁས་དབང་དང་འབུམ་རམས་པའི་མིང་འདི་ Ph.D, ཡང་ན་ S.J.D. ལག་ཁྱེར་ཐོབ་མཁན་ལ་འདོགས་ཆོག་ན་བློ་བཟང་སེང་གེ་ནི་མཁས་དབང་དང་འབུམ་རམས་པའི་གོ་ས་ཡོད་མཁན་ཞིག་ཡིན་ཏེ། རྒྱུ་མཚན་ནི། སྤྱི་ལོ་༡༩༩༦་ལོར་ཨ་རིའི་ཧར་ཝ་མཐོ་སློབ་ནས་བོད་མི་བློ་བཟང་སེང་གེ་ལ་༼ཁྲིམས་ལུགས་རབ་འབྱམས་པའི་༽སློབ་ཐོན་ལག་ཁྱེར་སྤྲད་ཡོད་པ་དང་། (LL.M. Master of Law་)
    སྤྱི་ལོ་༢༠༠༤་ལོར་ཨ་རིའི་ཧར་ཝ་མཐོ་སློབ་ནས་ཡང་བསྐྱར་བློ་བཟང་སེང་གེ་ལ་༼ཁྲིམས་ལུགས་ཚན་རིག་ཞིབ་འཇུག་མཁས་དབང་༽གི་གཟེངས་བསྟོད་ལག་ཁྱེར་ཕུལ་ཡོད་པར་རེད། (J.S.D., or S.J.D. Doctor of the Science of Law,) འདི་ལས་ལྷག་པའི་མཁས་དབང་དང་འབུམ་རམས་པའི་གོ་ས་ཞིག་ནུབ་ཕྱོགས་མཐོ་སློབ་སུ་ལ་ཡང་སྤྲད་རྒྱུ་མེད་པས། དེས་ན་བོད་མི་བློ་བཟང་སེང་གེ་ལ་མཁས་དབང་གི་གོ་ས་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད།
    བོད་མི་ས་ཡ་དྲུག་ལྷག་གི་ནང་ནས་༼ཁྲིམས་ལུགས་ཚན་རིག་ཞིབ་འཇུག་མཁས་དབང་༽གི་ལག་ཁྱེར་ཐོབ་མཁན་མཁས་དབང་བློ་བཟང་སེང་གེ་ལས་གཞན་བོད་རིགས་ཞིག་ད་བར་བྱུང་ཡོད་མ་རེད། འདི་ལ་ང་ཚོས་དགའ་སྤོབས་སྐྱེ་འོས་པ་ཞིག་རེད།
    གལ་ ཏེ་བོད་རིགས་མི་སྐྱ་ཞིག་ལ་མཁས་དབང་གི་གོ་ས་ཐོབ་པ་ལ་མིག་ཚ་ན། འདི་ནི་ཡིད་སྐྱོ་འོས་པའི་བོད་མིའི་རྙིང་ཞེན་གྱི་ནད་གཞི་ཕུང་ཚབས་ཅན་དེ་ཡིན་ པར་ངོས་འཛིན་གནང་ནས་སྤང་རོགས་ཞུ་རྒྱུ་ཡིན།
    ད་ ལན་བོད་རྒྱལ་ཁབ་དང་བོད་མི་རིགས་གཉིས་ཀ་ཤི་གསོན་གྱི་མཚམས་སུ་སླེབས་པའི་དུས་ འདིར། བསམ་ཡོད་བོད་མི་ཡོངས་ཀྱིས་ཕྱོགས་ཞེན་གྱི་ཕྲག་དོག་སྤང་ནས་ཕུགས་རྒྱངས་རིང་ པོའི་སྤྱི་དོན་ལ་བསམ་ཞིབ་གནང་ནས་འོས་ཤོག་འཕེན་རོགས་ཞུ།
    ཡང་བསྐྱར་བོད་རྒྱལ་ཁབ་དང་བོད་མི་དམངས་ལ་སྙིང་ནས་བརྩེ་བའི་བོད་མི་ཡོངས་ལ་འབོད་བསྐུལ་ཞུ་རྒྱུ།

    སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཀྱིས་མི་ལོ་བཞི་བཅུ་ལྷག་ལ་བོད་གཞུང་གི་ཕྱག་ལས་དང་དབུ་ཁྲིད་གནང་ཟིན་པ་དང་།
    དེ་བཞིན་སྐུ་ངོ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་མི་ལོ་ཉི་ཤུ་ལྷག་ལ་བོད་གཞུང་གི་ཕྱག་ལས་དང་དབུ་ཁྲིད་གནང་ཟིན་པར་བརྟེན།
    དེང་སང་རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ངོ་མ་བཞུགས་པའི་དུས་འདིར།
    མི་རབས་གསར་པ་ཞིག་བོད་རྒྱལ་ཁབ་ཀྱི་བཀའ་བློན་ཁྲི་བར་བྱུང་ན།
    ཕྱོགས་ཡོངས་ཀྱི་བོད་དོན་ཐབས་ཇུས་དང་འཐབ་རྩོད་ལ་བསྒུལ་ཤུགས་ཆེན་པོ་ཞིག་སྤྲད་ངེས་པས་མ་ཚད།
    ད་ལན་མཁས་དབང་བློ་བཟང་སེང་གེ་ལ་སྐབས་གསུམ་པའི་བཀའ་བློན་ཁྲི་བའི་གོ་སྐབས་སྤྲད་ན།
    བོད་གངས་ཅན་ལྗོངས་ཀྱི་མ་འོངས་པའི་རྒྱུན་འཛིན་ལོ་གཞོན་ཀུན་གྱི་རེ་བ་དང་སྤོབས་པ་སྔར་ལས་ལྷག་པ་གོང་འཕེལ་ཆེན་པོར་བཏང་ཐུབ།

    སྤྱིར་བཏང་མི་ཞིག་རྒྱལ་ཁབ་ཀྱི་གཙོ་འཛིན་མི་ལོ་བཅུ་ཕྲག་དུ་མར་ཡང་བསྐོར་བསྐྱར་བསྐོར་ཡུན་རིང་བྱས་ན།
    བོད་དོན་ལ་ཕན་པའི་དགེ་མཚན་མེད་པར་མ་ཟད་དམངས་གཙོའི་ལྡོག་ཕྱོགས་སྒེར་གཅོད་རིང་ལུགས་རྙིང་པ་ཚོས་བྱེད་བཏང་སྟེ།
    དམངས་གཙོ་རྫུན་མ་ཞིག་ང་ཚོས་ལག་བསྟར་བྱས་པ་ལྟ་བུའི་སྣང་ཚུལ་ངན་པ་ཞིག་རྒྱལ་སྤྱིའི་མིག་ལམ་ལ་བསྐྲུན་ངེས་པས།
    བཀའ་བློན་ཁྲི་བའི་ལས་དུས་རྫོགས་པའམ་རྩ་དགོངས་ཞུས་ནས། ཡང་བསྐྱར་བཀའ་བློན་ཁྲི་བར་མི་འཛེགས་པའི་སྔོན་འགོག་ད་ལྟ་ནས་བྱས་ན།
    བོད་མི་ནང་ཁུལ་གྱི་མཐུན་ལམ་ཡར་རྒྱས་དང་བོད་རྒྱལ་ཁབ་ཀྱི་དམངས་གཙོ་ཚད་ལྡན་ཡོང་བ་ལ་མིག་རྒྱང་རིང་བའི་བྱ་བ་བཟང་པོ་ཞིག་རེད།

    བོད་ རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།

  168. མི་ཆུང་ཆུང says:
    2011-03-23 at 5:19 am

    ཉེ་ སྔོན་མི་འགའ་ཞིག་གིས་དབྱིན་ཡིག་མི་ཤེས་པའི་བོད་མི་རྣམས་མགོ་བསྐོར་བཏང་ཕྱིར། བསམ་བཞིན་དུ་རྩོམ་ཡིག་སྤེལ་ཏེ་བོད་མི་བློ་བཟང་སེང་གེ་མཁས་དབང་ཡིན་མིན་ལ་ དོགས་གླེང་བྱས་པར་བརྟེན། ང་ཚོས་དཔྱད་པ་ཞིབ་མོར་བྱས་ནས་བོད་མི་ཡོངས་ལ་གསལ་བཤད་འདི་དྲིལ་བསྒྲགས་བྱེད་ རྒྱུ་ཡིན།
    སྤྱིར་བཏང་ནུབ་ཕྱོགས་པའི་མཐོ་རིམ་སློབ་གྲྭ་ཆེ་ཁག་ཚོས་ཤེས་ཡོན་སློབ་སྦྱོང་མཐར་ཕྱིན་མཁན་གྱི་སློབ་མ་རྣམས་ལ་ Ph.D. Doctor of Philosophy,༼མཚན་ཉིད་རིག་པའི་མཁས་དབང་།༽ ཡང་ན་ S.J.D. Doctor of the Science of Law,༼ཁྲིམས་ལུགས་ཚན་རིག་ཞིབ་འཇུག་མཁས་དབང་།༽ ཞེས་པའི་ལག་ཁྱེར་སྤྲོད་སྲོལ་ཡོད།
    མཁས་དབང་དང་འབུམ་རམས་པའི་གོ་མིང་འདི་ Ph.D, ཡང་ན་ S.J.D. ལག་ཁྱེར་ཐོབ་མཁན་ལ་འདོགས་ཆོག་གམ་མི་ཆོག?

    གལ་ཏེ་འདོགས་མི་ཆོག་ན་ནུབ་ཕྱོགས་པའི་མཐོ་རིམ་སློབ་གྲྭ་ལ་མཁས་དབང་དང་འབུམ་རམས་པ་མེད་པར་འདོད་དགོས་ཤིང་།
    ཁྱེད་ཚོས་ཕལ་ཆེར་མཁས་དབང་ཡིན་ན་བོད་ཀྱི་བླ་མ་ལོ་ན་མཐོན་པོ་ཞིག་ཡིན་དགོས་བསམ་ན་མཐོང་རྒྱ་ཆུང་བའི་སྐྱོན་རེད་དམ།
    གལ་ཏེ་མཁས་དབང་དང་འབུམ་རམས་པའི་མིང་འདི་ Ph.D, ཡང་ན་ S.J.D. ལག་ཁྱེར་ཐོབ་མཁན་ལ་འདོགས་ཆོག་ན་བློ་བཟང་སེང་གེ་ནི་མཁས་དབང་དང་འབུམ་རམས་པའི་གོ་ས་ཡོད་མཁན་ཞིག་ཡིན་ཏེ། རྒྱུ་མཚན་ནི། སྤྱི་ལོ་༡༩༩༦་ལོར་ཨ་རིའི་ཧར་ཝ་མཐོ་སློབ་ནས་བོད་མི་བློ་བཟང་སེང་གེ་ལ་༼ཁྲིམས་ལུགས་རབ་འབྱམས་པའི་༽སློབ་ཐོན་ལག་ཁྱེར་སྤྲད་ཡོད་པ་དང་། (LL.M. Master of Law་)
    སྤྱི་ལོ་༢༠༠༤་ལོར་ཨ་རིའི་ཧར་ཝ་མཐོ་སློབ་ནས་ཡང་བསྐྱར་བློ་བཟང་སེང་གེ་ལ་༼ཁྲིམས་ལུགས་ཚན་རིག་ཞིབ་འཇུག་མཁས་དབང་༽གི་གཟེངས་བསྟོད་ལག་ཁྱེར་ཕུལ་ཡོད་པར་རེད། (J.S.D., or S.J.D. Doctor of the Science of Law,) འདི་ལས་ལྷག་པའི་མཁས་དབང་དང་འབུམ་རམས་པའི་གོ་ས་ཞིག་ནུབ་ཕྱོགས་མཐོ་སློབ་སུ་ལ་ཡང་སྤྲད་རྒྱུ་མེད་པས། དེས་ན་བོད་མི་བློ་བཟང་སེང་གེ་ལ་མཁས་དབང་གི་གོ་ས་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད།
    བོད་མི་ས་ཡ་དྲུག་ལྷག་གི་ནང་ནས་༼ཁྲིམས་ལུགས་ཚན་རིག་ཞིབ་འཇུག་མཁས་དབང་༽གི་ལག་ཁྱེར་ཐོབ་མཁན་མཁས་དབང་བློ་བཟང་སེང་གེ་ལས་གཞན་བོད་རིགས་ཞིག་ད་བར་བྱུང་ཡོད་མ་རེད། འདི་ལ་ང་ཚོས་དགའ་སྤོབས་སྐྱེ་འོས་པ་ཞིག་རེད།
    གལ་ ཏེ་བོད་རིགས་མི་སྐྱ་ཞིག་ལ་མཁས་དབང་གི་གོ་ས་ཐོབ་པ་ལ་མིག་ཚ་ན། འདི་ནི་ཡིད་སྐྱོ་འོས་པའི་བོད་མིའི་རྙིང་ཞེན་གྱི་ནད་གཞི་ཕུང་ཚབས་ཅན་དེ་ཡིན་ པར་ངོས་འཛིན་གནང་ནས་སྤང་རོགས་ཞུ་རྒྱུ་ཡིན།
    ད་ ལན་བོད་རྒྱལ་ཁབ་དང་བོད་མི་རིགས་གཉིས་ཀ་ཤི་གསོན་གྱི་མཚམས་སུ་སླེབས་པའི་དུས་ འདིར། བསམ་ཡོད་བོད་མི་ཡོངས་ཀྱིས་ཕྱོགས་ཞེན་གྱི་ཕྲག་དོག་སྤང་ནས་ཕུགས་རྒྱངས་རིང་ པོའི་སྤྱི་དོན་ལ་བསམ་ཞིབ་གནང་ནས་འོས་ཤོག་འཕེན་རོགས་ཞུ།
    ཡང་བསྐྱར་བོད་རྒྱལ་ཁབ་དང་བོད་མི་དམངས་ལ་སྙིང་ནས་བརྩེ་བའི་བོད་མི་ཡོངས་ལ་འབོད་བསྐུལ་ཞུ་རྒྱུ།

    སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཀྱིས་མི་ལོ་བཞི་བཅུ་ལྷག་ལ་བོད་གཞུང་གི་ཕྱག་ལས་དང་དབུ་ཁྲིད་གནང་ཟིན་པ་དང་།
    དེ་བཞིན་སྐུ་ངོ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་མི་ལོ་ཉི་ཤུ་ལྷག་ལ་བོད་གཞུང་གི་ཕྱག་ལས་དང་དབུ་ཁྲིད་གནང་ཟིན་པར་བརྟེན།
    དེང་སང་རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ངོ་མ་བཞུགས་པའི་དུས་འདིར།
    མི་རབས་གསར་པ་ཞིག་བོད་རྒྱལ་ཁབ་ཀྱི་བཀའ་བློན་ཁྲི་བར་བྱུང་ན།
    ཕྱོགས་ཡོངས་ཀྱི་བོད་དོན་ཐབས་ཇུས་དང་འཐབ་རྩོད་ལ་བསྒུལ་ཤུགས་ཆེན་པོ་ཞིག་སྤྲད་ངེས་པས་མ་ཚད།
    ད་ལན་མཁས་དབང་བློ་བཟང་སེང་གེ་ལ་སྐབས་གསུམ་པའི་བཀའ་བློན་ཁྲི་བའི་གོ་སྐབས་སྤྲད་ན།
    བོད་གངས་ཅན་ལྗོངས་ཀྱི་མ་འོངས་པའི་རྒྱུན་འཛིན་ལོ་གཞོན་ཀུན་གྱི་རེ་བ་དང་སྤོབས་པ་སྔར་ལས་ལྷག་པ་གོང་འཕེལ་ཆེན་པོར་བཏང་ཐུབ།

    སྤྱིར་བཏང་མི་ཞིག་རྒྱལ་ཁབ་ཀྱི་གཙོ་འཛིན་མི་ལོ་བཅུ་ཕྲག་དུ་མར་ཡང་བསྐོར་བསྐྱར་བསྐོར་ཡུན་རིང་བྱས་ན།
    བོད་དོན་ལ་ཕན་པའི་དགེ་མཚན་མེད་པར་མ་ཟད་དམངས་གཙོའི་ལྡོག་ཕྱོགས་སྒེར་གཅོད་རིང་ལུགས་རྙིང་པ་ཚོས་བྱེད་བཏང་སྟེ།
    དམངས་གཙོ་རྫུན་མ་ཞིག་ང་ཚོས་ལག་བསྟར་བྱས་པ་ལྟ་བུའི་སྣང་ཚུལ་ངན་པ་ཞིག་རྒྱལ་སྤྱིའི་མིག་ལམ་ལ་བསྐྲུན་ངེས་པས།
    བཀའ་བློན་ཁྲི་བའི་ལས་དུས་རྫོགས་པའམ་རྩ་དགོངས་ཞུས་ནས། ཡང་བསྐྱར་བཀའ་བློན་ཁྲི་བར་མི་འཛེགས་པའི་སྔོན་འགོག་ད་ལྟ་ནས་བྱས་ན།
    བོད་མི་ནང་ཁུལ་གྱི་མཐུན་ལམ་ཡར་རྒྱས་དང་བོད་རྒྱལ་ཁབ་ཀྱི་དམངས་གཙོ་ཚད་ལྡན་ཡོང་བ་ལ་མིག་རྒྱང་རིང་བའི་བྱ་བ་བཟང་པོ་ཞིག་རེད།

    བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།

  169. བན་ནག་ཚང་ says:
    2011-03-23 at 7:18 am

    མི་དཀར་པོ་ཞིག་ལ་ཁ་ངན་ནག་པོ་ཞིག་བརྒྱབ་པ་ཡིན་ན་ཁྲིམས་འགལ་རེད།

  170. ལ་རྒྱའི་བདག་པོ། says:
    2011-03-23 at 10:01 pm

    དྲ་གྲོགས་མི་ཆུང་ཆུང་ནི་མི་ཆུང་རང་རེད།ཆུང་དྲགས་ནས་སྤྱི་ཚོགས་ཀྱི་གནས་ཚུལ་མཐོང་གི་ཡོད་པ་མ་རེད།
    འོས་ཤོག་འཕེན་ཚར་ནས་ཡང་སྐྱར་འོས་ཤོག་འཕེན་རོགས་ཞེས་རྩོམ་ཡིག་འདི་མཆན་གྱི་ནང་དུ་བཀོད་སྤེལ་བྱས་པ་ནི་བོད་ཀྱི་གཏམ་དཔེར།མི་ཤི་མཇེ་འགྲེང་ཀྱི་དཔེ་ལྟ་སོང་འདུག
    ད་ནི་ང་ཚོས་འོས་བླུགས་ཟིན་པས་འོས་མིའི་དགེ་མཚན་རྐྱང་བཤད་མ་བསྡད་པར་བརྗོད་གཞི་ལ་ཅུང་ཟད་འགྱུར་བ་བཏང་ནས་ས་གནས་སོ་སོའི་འོས་འཕེན་གྱི་གྲུབ་འབྲས་དང་།རྒྱབ་སྐྱོར་བའི་རྒྱབ་ལྗོངས་བཅས་ཀྱི་སྐོར་གླེང་དང་།

  171. སྐྱབས་བཅོལ་བ། says:
    2011-03-24 at 10:58 am

    http://www.youtube.com/watch?v=LhmV8Wv4ino

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme