Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་བཟང་སེང་གེ་དགོངས་དག ངས་ཁྱོད་ལ་རྒྱབ་སྐྱོར་བྱེད་མི་ཐུབ།

Posted on 2016-02-292016-02-29 By ཁ་བརྡ 16 Comments on བློ་བཟང་སེང་གེ་དགོངས་དག ངས་ཁྱོད་ལ་རྒྱབ་སྐྱོར་བྱེད་མི་ཐུབ།

འབར།
 
སྔར་གྱི་བཀའ་ཁྲི་སྐབས་ང་མཁས་དབང་བློ་བཟང་སེང་གེའི་རྒྱབ་སྐྱོར་བ་ཞིག་ཡིན། ཁོང་གདན་ས་སླེབས་སྐབས་གནམ་ཐང་ནས་གཞིས་ཆགས་ཆུང་ཆུང་དེ་དག་གི་ནང་གཡས་གཡོན་ལ་སྐུ་སྲུང་བ་བཞི་ལྔ་རེ་ཁྲིད་ནས། མིག་ཤེལ་ནག་པོ་དེའི་འོག་ནས་ང་ཚོ་གྲྭ་བ་དང་མི་དམངས་དཀྱུས་མ་དག སྐུའི་ཐག་ཉེ་སར་མ་སླེབས་པར་ཆེན་པོ་མཐོང་གི་མེད། ང་ཚོས་ལག་པ་བརྡབ་ཆེ་ན་ཁོང་ཧ་ཅང་ཐུགས་མཉེལ་བ་ཡོང་གི་རེད།
ཁོང་གི་གཏམ་བཤད་བྱེད་སྐབས། {ཆོལ་གསུལ་ཆིག་སྒྲིལ་ངང་མ་འོངས་པའི་རེ་བ་གསར་བ་ཞིག ༸གོང་ས་སྐྱབས་མགོན་རིན་པོ་ཆེ་བོད་ལ་གདན་འདྲེན་བྱེད་རྒྱུ་ཡིན།} མི་མང་དང་གྲྭ་མང་ནས། ལག་པ་བརྡབ་སོང་། འོན་ཀྱང་འུ་ཅག་བོད་པ་ཚང་ལ་འདི་ལྟ་བུའི་འུར་ལ་དགའ་བ། གསར་རྟགས་སྟོན་པར་སྤྲོ་བས། བློ་བཟང་སེངྒེ་ལ་ཡང་ཁོང་གི་ཕྱིའི་རྣམ་པ་དང་ལག་ཁྱེར་གྱི་པར་བཤུས་ཙམ་ལས་ནང་གི་ཤེས་ཡོན་དང་བྱ་བའི་ཉམས་མྱོང་། དབུ་ཁྲིད་པའི་ནུས་པ་གང་འདྲ་ཡོད་པར་མི་ཤེས་པ་ནི། ཅལ་འདྲོགས་ཀྱིས་དེད་པ་ལས་ཆབ་དཔལ་རིག་གསུམ་གྱི་དམངས་ཀྱི་རྨང་གཞི་ཤེས་བྱ་མེད་པས་རེད། དེ་ལྟར་འུ་ཅག་གིས་རང་ཁེ་རང་ཐག་བཅད་ནས་བདམས་པ་ནི་མཁས་དབང་ཁོང་རེད། འུ་ཅག་གིས་གསར་རྟགས་དང་འུར་འདྲོགས་ཀྱིས་གློ་བུར་ཐོད་རྒྱག་ལ་བློ་བཟང་སེངྒེ་བཀའ་བློན་ཁྲི་བར་བསྐོས་པ་ནི་བདམ་ཀ་ནོར་བ་ཡིན་པས། ད་ཐེངས་རང་ཉིད་ཀྱིས་བསམ་བློ་གང་མང་བཏང་སྟེ་བློ་བཟང་སེང་གེ་ལགས་དགོངས་པ་མ་ཚོམས། ད་ཐེངས་ངས་ཁྱོད་ལ་རྒྱབ་སྐྱོར་བྱེད་མི་ཐུབ་ཟེར་རྒྱུ་བྱུང་སོང་།

འདི་ནི་མཆོང་སྟབས་ཆེན་པོས་ཉ་འཛིན་བསམ་པའི་བྱི་ལ་ཆུང་ཆུང་ཞིག་གི་བསམ་པ་རེད། དེ་ནི་སྨྱོན་པའི་ལག་ལ་རལ་གྲི་བཞག་པ་དང་གཉིས་སུ་མ་མཆིས་ལ། དེ་ནི་ཡི་གེ་བའི་ལག་དུ་སྟ་རེ་བཞག་པ་དང་ཅི་ཁྱད། ལོ་ངོ་བཞིའི་རིང་བོད་མི་རིགས་ལ་དམིགས་བསལ་ཅི་ཞིག་སྟོན་རྒྱུ་ཡོད། ཧ་ཝར་གཙུག་ལག་འབུམ་རམས་པ་ཞིག་གིས་དབུ་ཁྲིད་པའི་བཙན་བྱོལ་བར་ཅི་ཞིག་ཕན་ཡོད། ཐ་ན་རང་གི་ས་ཁང་དང་འབྲེལ་བའི་རྩོད་རྙོག་ཙམ་ཡང་ཁྲིམས་ཐོག་ལ་བསྐྱེལ་མི་ཐུབ་མཁན་ཞིག་གིས་༸གོང་ས་མཆོག་གི་རླབས་ཆེན་གྱི་ཞབས་རྗེས་ཅི་ལྟར་སྙེགས། ཁོང་ལ་དངོས་ཡོད་ཧ་ཝར་ཚང་གི་ཁྲིམས་ལུགས་རིག་པའི་འབུམ་རམས་པ་ཞིག་ཡིན་ཚེ། ཁྲིམས་དང་འགལ་བའི་ས་ཆ་ཉོ་སྲིད་པ་མིན་ལ། གལ་དེ་ཨ་རི་བ་བུད་མེད་དེས་ཉེས་མེད་སྐྱོན་འཛུགས་ཤིག་ཡིན་ཚེ་དེ་ལས་ཀྱང་དེ་ལྟར་འདུག་སྲིད་དམ།

ཁོང་དང་པོར་ཡོང་སྐབས་ནས་བཟུང་ཧམ་པ་ཆེ་ཞིག་ལངས་པ་ལས་དམིགས་ཡུལ་ཆེན་པོ་ཞིག་དང་། ནུས་པ་མེད་པ་འདི་ནས་བསྟན་འདུག ཐོག་མར་སྤྱི་འཐུས་དང་། ཡང་ན་རང་གི་ལས་རིགས་ཁོ་ན་སྟེ་ཁྲིམས་ཞིབ་ཁང་ལ་མ་བསྐོས་པར་ཐད་ཀར་བཀའ་བློན་ཁྲི་བར་བསྐོས་པ་ནི་ནོར་འཕྱུགས་ཚབས་ཆེན་རེད། ཁོང་གིས་ཀྱང་ཧ་ཝར་གཙུག་ལག་རབ་འབྱམས་པ་ཞིག་གི་ངོས་ནས་བལྟས་ཚེ། བོད་མི་བཙན་བྱོལ་བ་སྤར་མོ་གང་འདིར་དེ་འདྲ་སླ་མོ་ཞིག་ཡིན་པར་བསམ་ཡོད་ཚེ། དེ་ལས་ཀྱང་ནོར་འཕྱུགས་ཡིན་པའི་ངོས་འཛིན་བྱས་ཆོག

ལོ་ངོ་འདི་དག་ལ་སྐུ་ཞབས་བློ་བཟང་སེངྒེ་མཆོག་བོད་ཀྱི་ཆབ་སྲིད་ཀྱི་སྟེགས་བུར་བཞེངས་པ་ནས་བཟུང་། འུ་ཅག་ཁོང་གི་རྒྱབ་རྩར་ལངས་མཁན་དང་ཁ་གཏད་གཅག་མཁན་གཉིས་ཀྱིས་འུར་བསྒྲགས་དང་སྐྱོན་འཛུགས་ཅི་འདྲ་བྱས་ཀྱང་། དོན་གཅོད་དང་དུས་དབང་སྐུ་པར་སོགས་ནག་ཁུང་གི་དྲི་བ་རེ་རེ་ཅི་ལྟར་དྲིས་ཀྱང་ལན་ཅི་ཡང་མི་འདེབས་པ་དེས་ལན་གསལ་བོ་ཞིག་སྤྲད་ཡོད་པ་མིན་ནམ། དེ་ནི་སྐུ་ཞབས་ཞོགས་དུང་གིས་{ལན་མི་འདེབས་པ་དེ་ནི་ལན་ཞིག་}རེད་ཟེར་བ་ལྟར། ང་ཚོ་ལ་དེ་ལས་གསལ་བའི་ལན་ཞིག་མེད་ན་ཡང་། ད་དུང་ང་ཚོས་བསྟོད་བསྔགས་བྱེད་ཁུལ་དང་། འུར་བསྒྲགས་བྱེད་པ་དེ་ནི་སྤྱི་ཚོགས་འདི་རྨོངས་པ་ཀུན་ནས་རྨོངས་པ་ཞིག་རེད།

རྒྱུ་མཚན་གཅིག་ང་ལ་གྲུ་གཟེངས་བརྗེད་ནས་རྐུབ་སྟེགས་ཁོ་ན་གལ་ཆེན་དུ་འཛིན་པའི་དབུ་ཁྲིད་ཅིག་དགོས་པ་མེད། ངའི་རེ་བ་ནི་སྐུ་ཉིད་ཀྱིས་ད་བར་དཀའ་ཁག་ཚད་མེད་མྱངས་སོང་། ད་ནི་ཅུང་ཙམ་ངལ་གསོ་ལྷོད་ལྷོད་ངང་དཔེ་དེབ་རེ་བཀླག་ནས་འདུག་རྒྱུ་དེ་ཡིན། དེས་མིའི་སེམས་ཁམས་ཀྱི་ཆ་ཐམས་ཅད་ནས་སྙོམ་སྒྲིག་བྱེད་ཐུབ།
མཐར་གཏུག་ཚེ་ང་ཚོས་ནོར་བའི་ལམ་ཁ་དེ་ནས་བློ་བཟང་སེངྒེ་རང་ཉིད་ལ་ཐོབ་པ་ནི། ཧ་ཝར་གཙུག་ལག་སློབ་གླིང་ནས་བཙོ་སྦྱང་བྱས་པའི་གསེར་གྱི་སྟ་རེ་སྤྱད་ནས་ཤིང་ནགས་ལ་སོང་བ་ལས་ཅི་ཡང་མིན་ལ། མི་ཚེ་ནང་གི་ཕམ་ཁ་ཞིག་ཡང་ཡིན། བློ་བཟང་སེངྒེའི་ཕམ་ཁ་དེས་འུ་ཅག་བོད་པ་ཚང་ལ་ཡང་གྱོང་ཁ་དང་ཕམ་ཁ་ཞིག་སྤྲད་ཡོད་ལ། བྱ་བའི་ཐད་ནས་ཀྱང་ཉམས་མྱོང་ཕུན་སུམ་ཚོགས་པ་བླངས་ཡོད་ཟེར་ན་འགྲིག

དངོས་དོན་འུ་ཅག་གིས་ཐོག་མར་རང་ཉིད་ལ་དྲི་བ་ཞིག་ཡོད་པ་ནི། བོད་སྤྱི་བར་བསམ་བློ་ཅི་ལྟར་བཏང་བར་བཤད་ཀྱང་མཐར་ཐུག་ས་དེ་གང་ལ་འབབ། ང་ཚོའི་ཆབ་སྲིད་ཀྱི་སྦྱང་བ་ཅི་ཞིག་ཡིན། འུ་ཅག་གིས་འབབ་ས་དེ་ཨ་མདོ་དང་ཁམས་པ་དབུས་པ་གསུམ་གྱིས་ཕན་ཚུན་གྱི་མགོ་བོར་སྟ་རེ་བཞུ་བ་དེ་མ་ཡིན་པར། བོད་ཀྱི་ཆབ་དཔལ་རིག་གསུམ་ལ་བླ་ལྷག་གི་ནུས་པ་ཐོབ་པ་ཞིག་མེད་ཀྱང་ད་ལྟའི་༸གོང་ས་མཆོག་གིས་ལོ་ངོ་དྲུག་བཅུ་ལ་བསྐྱངས་པའི་སྒྲིག་འཛུགས་འདི་ཉིད་སྲ་བརྟན་བཟོ་མཁན་ཞིག་དགོས་གལ་ཆེ་བས། བོད་མི་རྣམས་ཀྱི་བསམ་བློ་གཏོང་ས་ཞིག་རེད།

མེ་སྤྲེལ་ལོའི་ཟླ་༡ ཚེས་ ༡༨ ཉིན།

སྣ་ཚོགས།

Post navigation

Previous Post: སྲིད་སྐྱོང་གིས་ལས་ཤག་ནས་དགོངས་པ་སྤྲད།
Next Post: བདེ་སྐྱིད་ཆོས་གཡང་གིས་བློ་བཟང་སེང་གེར་དྲི་བ་ཆེན་པོ་བཅུ་བཏང་བ།

Comments (16) on “བློ་བཟང་སེང་གེ་དགོངས་དག ངས་ཁྱོད་ལ་རྒྱབ་སྐྱོར་བྱེད་མི་ཐུབ།”

  1. རླུང་ཐོག། says:
    2016-02-29 at 12:42 am

    སྤེན་པ་ཚེ་རིང་མཆོག་ལ་་་་་དྲི་བ།
    ལན། སྲིད་སྐྱོང་འོས་མི་དང་ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་གི་སྐྱོན་ཆེ་ཤོས་གསུམ་དང་བཟང་ཆ་གསུམ་གསུངས་རོགས།

    ལན། ༸རྒྱལ་བ་རིན་པོ་ཆེའི་མཚན་གནས་དང་འབྲེལ་བའི་གནད་དོན་དང་། བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་སྲིད་ཇུས་ལ་སོགས་པར་ཐུག་ཡོང་དུས་སྲུང་སྐྱོབ་བྱེད་དགོས་པ་དེ་རིགས་སྲུང་སྐྱོབ་ཏག་ཏག་གནང་ཐུབ་ཀྱི་ཡོད་པ་མ་རེད། དཔེར་ན། དོལ་རྒྱལ་གྱི་རྙོག་དྲ་ལ་གདོང་ལེན་བྱེད་རྒྱུ་དང་། དབུ་མའི་ལམ་ཀྱི་སྲིད་བྱུས་ལ་སྲུང་སྐྱོབ་བྱེད་ཡག ༸རྒྱལ་བ་རིན་པོ་ཆེ་ལ་གཞི་མེད་སྐྱོན་འཛུགས་བྱེད་སྐབས་འགན་ལེན་ཐུབ་ཀྱི་ཡོད་པ་མ་རེད། བཀའ་བློན་དང་ལས་བྱེད་ཉམས་མྱོང་ཅན་དེ་ཚོ་མཉམ་དུ་ཁྲིད་ཐུབ་ཀྱི་ཡོད་པ་མ་རེད། གཉིས་ནས་ལས་དོན་མང་པོ་ཞིག་མགོ་འཛུགས་མ་བྱས་སྔོན་ནས་གསལ་བསྒྲགས་གནང་གི་ཡོད་པ་དེ་རེད། དེས་ལས་དོན་མང་པོ་ཞིག་ལམ་ལྷོང་ཡོང་རྒྱུར་འགོག་རྐྱེན་འཕྲད་ཀྱིན་འདུག དཔེར་ན། ཨ་རིར་མི་ལྔ་སྟོང་གཏོང་རྒྱུའི་སྐད་ཆ་དེ་ཡང་སྲིད་སྐྱོང་གིས་ས་གནས་རེ་ཟུང་ནང་གསུངས་འདུག་པ་དང་། བོད་སློབ་འཛིན་ཚོགས་རྩིས་ལེན་སྐོར་ཡང་གསུང་མ་རན་གོང་ནས་གསུངས་ཏེ་འགོག་རྐྱེན་མང་པོ་འཕྲད་བསྡད་པ་རེད། དེ་ནས་བྱས་རྗེས་བགྲང་རྒྱུ་ཐལ་དྲགས་ཀྱི་འདུག བཀའ་ཤག་སྔོན་མའི་ཕྱག་ལས་གནང་བཞག་པ་དང་། ཚོགས་གཙོ་ཚོགས་གཞོན་གྱིས་བྱས་བཞག་པ། ཐ་ན་༸རྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་སོགས་ཀྱང་ཁོ་རང་གི་བྱས་རྗེས་ནང་བགྲང་གི་འདུག

    བཟང་ཆའི་ཕྱོགས་ནས་བཤད་ནའང་མང་པོ་ཞིག་ཡོད་པ་རེད། གལ་ཆེ་བ་གཅིག་དཔལ་འབྱོར་འདུ་འགོད་ཐོག་དཀའ་ལས་བརྒྱབ་སོང་བསམ་ཡོད། གཉིས་པ་ཁོ་རང་ཐོག་མ་སྲིད་སྐྱོང་ཆགས་པའི་ཁ་ཐུག་ལ་བོད་ནང་གནས་ཚུལ་མང་པོ་ཞིག་བྱུང་བསྡད་ཡོད་པ་སོགས་ལ་བརྟེན་ཏེ་ཕྱི་རྒྱལ་ཁག་ལ་སྐོར་སྐྱོད་མང་པོ་ཞིག་གནང་སོང་། དེ་བཞིན་ཁོང་གིས་དབྱིན་ཡིག་ཐོག་ནས་བོད་དོན་ཁྱབ་བསྒྲགས་ཀྱི་རྩོམ་ཡིག་རེ་གཉིས་བྲིས་པ་དེ་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་ལ་སྤེལ་ཐུབ་པ་དེ་ཡག་པོ་རེད་བསམ་གྱི་འདུག

    སྲིད་སྐྱོང་མཆོག་ལ་་་་དྲི་བ།
    ལན། སྲིད་སྐྱོང་འོས་མི་དང་ད་ལྟའི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་སྐྱོན་ཆེ་ཤོས་གསུམ་དང་བཟང་ཆ་གསུམ་གསུངས་རོགས།

    ལན། ཚོགས་གཙོ་མཆོག་གི་བཟང་ཆ་གཙོ་བོ་ཞིག་འདས་པའི་ལོ་ངོ་ ༢༠ ལྷག་རིང་སྤྱི་ཚོགས་ནང་ཞབས་ཞུ་ཞུས་པ་དང་། ཁོ་རང་སྤྱི་བར་བསམ་བློ་གཏོང་མཁན་ཞིག་ཡིན་པ། ཁོ་རང་གི་མི་ཚེའི་ཕྱེད་ཀ་ལྷག་སྤྱི་བའི་རྩ་དོན་ཐོག་བཏང་བཞག་པ་དེ་ཞེ་དྲགས་ཡག་པོ་རེད། གཉིས་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གནང་སྟེ་ཚོགས་འདུ་སྟངས་འཛིན་གནང་སྟངས་སོགས་ཡག་ཐག་ཆོད་འགྲོ་བཞིན་ཡོད་པ་ཞིག་ལ་ང་རང་གིས་ངོས་འཛིན་ཞུ་བཞིན་ཡོད། གསུམ་པ། ཚོགས་གཙོ་ཁོ་རང་མི་སྒེར་གྱི་གཤིས་ཀའི་ཐོག་ནས་ནམ་རྒྱུན་མི་སུ་འདྲ་ཞིག་ཡིན་ནའང་ཚང་མར་འཆམ་པོ་དང་ཕར་བསྟུན་མཁན་ཞིག་ཆགས་བསྡད་ཡོད་པ་རེད། ང་རང་སྒེར་ངོས་ནས་ཡིན་ནའང་ཚོགས་གཙོར་ཆེ་མཐོང་ཞེ་དྲགས་ཞུ་བཞིན་ཡོད། མཚམས་ལ་རེར་ཚོགས་གཙོའི་གཤིས་ཀ་ཞིག་གི་དབང་གིས་ཧོབ་དེ་ཁ་ལ་བཀའ་མོལ་ལྕི་མོ་དེ་འདྲ་གསུང་གི་རེད་དེ། ང་རང་གིས་ཚོགས་གཙོའི་ཞབས་སྟེགས་དང་སྒྲིག་འཛུགས་དེ་གལ་ཆེན་པོར་ངོས་འཛིན་ཞུས་པའི་ཐོག་ནས་ད་བར་ལན་དེ་འདྲ་རྒྱག་མྱོང་མེད། ཡིན་ནའང་ད་ལྟ་འོས་བསྡུའི་ཐད་ནས་གསལ་བཤད་ལན་འདེབས་ཞུ་དགོས་པ་མང་པོ་ཞིག་ཆགས་སོང་། གཞན། ཞན་ཆའི་སྐོར་དེ་མ་བཤད་ན་དྲག་གི་རེད། ང་རང་གིས་ག་དུས་ཡིན་ནའང་སྐྱོན་བརྗོད་མི་བྱེད་རྒྱུ་གཙོར་འདོན་བྱེད་ཀྱིན་ཡོད།

  2. རླུང་ཐོག། says:
    2016-02-29 at 1:34 am

    བོད་ཀྱི་དུས་བབ།
    བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་གཉིས་ཀྱི་ཀུན་སྤྱོད་ལ་ཁྱད་པར་ཆེ་པོ་འདུག།
    སྤེན་པ་ཚེ་རིང་མཆོག་ལ་་་་་དྲི་བ།
    ལན། སྲིད་སྐྱོང་འོས་མི་དང་ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་གི་སྐྱོན་ཆེ་ཤོས་གསུམ་དང་བཟང་ཆ་གསུམ་གསུངས་རོགས།

    ལན། ༸རྒྱལ་བ་རིན་པོ་ཆེའི་མཚན་གནས་དང་འབྲེལ་བའི་གནད་དོན་དང་། བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་སྲིད་ཇུས་ལ་སོགས་པར་ཐུག་ཡོང་དུས་སྲུང་སྐྱོབ་བྱེད་དགོས་པ་དེ་རིགས་སྲུང་སྐྱོབ་ཏག་ཏག་གནང་ཐུབ་ཀྱི་ཡོད་པ་མ་རེད། དཔེར་ན། དོལ་རྒྱལ་གྱི་རྙོག་དྲ་ལ་གདོང་ལེན་བྱེད་རྒྱུ་དང་། དབུ་མའི་ལམ་ཀྱི་སྲིད་བྱུས་ལ་སྲུང་སྐྱོབ་བྱེད་ཡག ༸རྒྱལ་བ་རིན་པོ་ཆེ་ལ་གཞི་མེད་སྐྱོན་འཛུགས་བྱེད་སྐབས་འགན་ལེན་ཐུབ་ཀྱི་ཡོད་པ་མ་རེད། བཀའ་བློན་དང་ལས་བྱེད་ཉམས་མྱོང་ཅན་དེ་ཚོ་མཉམ་དུ་ཁྲིད་ཐུབ་ཀྱི་ཡོད་པ་མ་རེད། གཉིས་ནས་ལས་དོན་མང་པོ་ཞིག་མགོ་འཛུགས་མ་བྱས་སྔོན་ནས་གསལ་བསྒྲགས་གནང་གི་ཡོད་པ་དེ་རེད། དེས་ལས་དོན་མང་པོ་ཞིག་ལམ་ལྷོང་ཡོང་རྒྱུར་འགོག་རྐྱེན་འཕྲད་ཀྱིན་འདུག དཔེར་ན། ཨ་རིར་མི་ལྔ་སྟོང་གཏོང་རྒྱུའི་སྐད་ཆ་དེ་ཡང་སྲིད་སྐྱོང་གིས་ས་གནས་རེ་ཟུང་ནང་གསུངས་འདུག་པ་དང་། བོད་སློབ་འཛིན་ཚོགས་རྩིས་ལེན་སྐོར་ཡང་གསུང་མ་རན་གོང་ནས་གསུངས་ཏེ་འགོག་རྐྱེན་མང་པོ་འཕྲད་བསྡད་པ་རེད། དེ་ནས་བྱས་རྗེས་བགྲང་རྒྱུ་ཐལ་དྲགས་ཀྱི་འདུག བཀའ་ཤག་སྔོན་མའི་ཕྱག་ལས་གནང་བཞག་པ་དང་། ཚོགས་གཙོ་ཚོགས་གཞོན་གྱིས་བྱས་བཞག་པ། ཐ་ན་༸རྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་སོགས་ཀྱང་ཁོ་རང་གི་བྱས་རྗེས་ནང་བགྲང་གི་འདུག

    བཟང་ཆའི་ཕྱོགས་ནས་བཤད་ནའང་མང་པོ་ཞིག་ཡོད་པ་རེད། གལ་ཆེ་བ་གཅིག་དཔལ་འབྱོར་འདུ་འགོད་ཐོག་དཀའ་ལས་བརྒྱབ་སོང་བསམ་ཡོད། གཉིས་པ་ཁོ་རང་ཐོག་མ་སྲིད་སྐྱོང་ཆགས་པའི་ཁ་ཐུག་ལ་བོད་ནང་གནས་ཚུལ་མང་པོ་ཞིག་བྱུང་བསྡད་ཡོད་པ་སོགས་ལ་བརྟེན་ཏེ་ཕྱི་རྒྱལ་ཁག་ལ་སྐོར་སྐྱོད་མང་པོ་ཞིག་གནང་སོང་། དེ་བཞིན་ཁོང་གིས་དབྱིན་ཡིག་ཐོག་ནས་བོད་དོན་ཁྱབ་བསྒྲགས་ཀྱི་རྩོམ་ཡིག་རེ་གཉིས་བྲིས་པ་དེ་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་ལ་སྤེལ་ཐུབ་པ་དེ་ཡག་པོ་རེད་བསམ་གྱི་འདུག

    སྲིད་སྐྱོང་མཆོག་ལ་་་་དྲི་བ།
    ལན། སྲིད་སྐྱོང་འོས་མི་དང་ད་ལྟའི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་སྐྱོན་ཆེ་ཤོས་གསུམ་དང་བཟང་ཆ་གསུམ་གསུངས་རོགས།

    ལན། ཚོགས་གཙོ་མཆོག་གི་བཟང་ཆ་གཙོ་བོ་ཞིག་འདས་པའི་ལོ་ངོ་ ༢༠ ལྷག་རིང་སྤྱི་ཚོགས་ནང་ཞབས་ཞུ་ཞུས་པ་དང་། ཁོ་རང་སྤྱི་བར་བསམ་བློ་གཏོང་མཁན་ཞིག་ཡིན་པ། ཁོ་རང་གི་མི་ཚེའི་ཕྱེད་ཀ་ལྷག་སྤྱི་བའི་རྩ་དོན་ཐོག་བཏང་བཞག་པ་དེ་ཞེ་དྲགས་ཡག་པོ་རེད། གཉིས་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གནང་སྟེ་ཚོགས་འདུ་སྟངས་འཛིན་གནང་སྟངས་སོགས་ཡག་ཐག་ཆོད་འགྲོ་བཞིན་ཡོད་པ་ཞིག་ལ་ང་རང་གིས་ངོས་འཛིན་ཞུ་བཞིན་ཡོད། གསུམ་པ། ཚོགས་གཙོ་ཁོ་རང་མི་སྒེར་གྱི་གཤིས་ཀའི་ཐོག་ནས་ནམ་རྒྱུན་མི་སུ་འདྲ་ཞིག་ཡིན་ནའང་ཚང་མར་འཆམ་པོ་དང་ཕར་བསྟུན་མཁན་ཞིག་ཆགས་བསྡད་ཡོད་པ་རེད། ང་རང་སྒེར་ངོས་ནས་ཡིན་ནའང་ཚོགས་གཙོར་ཆེ་མཐོང་ཞེ་དྲགས་ཞུ་བཞིན་ཡོད། མཚམས་ལ་རེར་ཚོགས་གཙོའི་གཤིས་ཀ་ཞིག་གི་དབང་གིས་ཧོབ་དེ་ཁ་ལ་བཀའ་མོལ་ལྕི་མོ་དེ་འདྲ་གསུང་གི་རེད་དེ། ང་རང་གིས་ཚོགས་གཙོའི་ཞབས་སྟེགས་དང་སྒྲིག་འཛུགས་དེ་གལ་ཆེན་པོར་ངོས་འཛིན་ཞུས་པའི་ཐོག་ནས་ད་བར་ལན་དེ་འདྲ་རྒྱག་མྱོང་མེད། ཡིན་ནའང་ད་ལྟ་འོས་བསྡུའི་ཐད་ནས་གསལ་བཤད་ལན་འདེབས་ཞུ་དགོས་པ་མང་པོ་ཞིག་ཆགས་སོང་། གཞན། ཞན་ཆའི་སྐོར་དེ་མ་བཤད་ན་དྲག་གི་རེད། ང་རང་གིས་ག་དུས་ཡིན་ནའང་སྐྱོན་བརྗོད་མི་བྱེད་རྒྱུ་གཙོར་འདོན་བྱེད་ཀྱིན་ཡོད།

  3. སྤོབས་པ་མཐའ་ཡས། says:
    2016-02-29 at 1:42 am

    ང་ནི་མི་ཡོན་ཏན་ཅན་ཞིག་གི་བླ་བཙགས་ནས་འདུག་རྒྱུ་དེ་ལ་སུན་ནས་བསྡད་ཡོད། དོན་ལ་བློ་བཟང་སེང་གེ་དང་བློ་བཟང་སེང་གེ་ལྟ་བུ་ཚོ་ལ་ཡིད་སྨོན་ཤོར། ཕྲག་དོག་ལངས་ནས་ལྷག་བསྡད་ཡོད།

  4. ཁྱུང་སེ། says:
    2016-02-29 at 1:49 am

    སྤེན་ཚེས་གཏམ་བཤད་སྐབས་སུ་ཁོ་རང་སྲིད་སྐྱོང་ཐོབ་ན་འཆར་གཞི་མང་པོ་ཡོད་རབས་རྐྱང་བཤད་སོང་དེ་འཆར་གཞི་འདི་དང་འདི་ཡིན་ཟེར་བ་ཞིག་རྩ་བ་ཉིད་ནས་བཤད་པ་མ་ཐོས། གང་ལྟར་འཆར་གཞི་ཡིན་ཟེར་བ་ཞིག་མི་འདུག

  5. ཀརྡོ་གཉེར་ཕྱག་པ་ says:
    2016-02-29 at 2:37 am

    བློ་བཟང་སེང་གེ སེམས་ཤུགས་མ་ཆགས། ངས་ཁྱེད་རང་ལ། མུ་མཐུད་ནས་རྒྱབ་སྐྱོར། ཡོད་པས་་་་་་

  6. ཀརྡོ་གཉེར་ཕྱག་པ་ says:
    2016-02-29 at 2:41 am

    ཀརྡོའི།
    ་
    ལུག་རྫི་ལུག་རྣམས་འཚོ་རུ་རྒྱུགས། །
    ཀླུ་བྱམས་ཆང་རག་འཐུང་དུ་རྒྱུགས། །
    བཀྲས་དབང་ལན་འགན་མུ་མཐུད་གྱིས། །
    སྤེན་ཚེ་བཀའ་བློན་ལས་ཀ་འཚོལ། །
    ་
    བློ་སེང་བོད་མའི་སྲིད་སྐྱོང་གྱིས། །
    ་
    བཀའ།

  7. རྒྱ་ཞིང་མྱི་དཀར། says:
    2016-02-29 at 3:40 am

    གནས་ལུགས་ཤིག་དང་བདེན་པ་ཞིག་མཐོང་ནས་སྐྱོན་འཛུག་བྱེད་ན་དེ་འོས་འཚམ་ཞིག་རེད་གཞི་མེད་འུ་བསྒྲགས་ལ་དེ་ཙམ་གྱིས་མ་གོམས་ན་ཡག་མ་གཞི་གནས་སྟངས་དངོས་མཐོང་བ་ལ་རྒྱུས་ལོན་ཚད་ལྡན་ཞིག་མེད་ན་དེ་ནི་དྲང་མོ་ཞིག་མི་ཡོང་ནོ་སེམས་ཐག་རེད།

  8. རྒྱ་ཞིང་མྱི་དཀར། says:
    2016-02-29 at 3:47 am

    དུས་བབ་ཚང་གིས་ངོ་མ་གནད་ལ་འཁེལ་བའི་དྲི་བ་མང་པོ་བཏང་འདུག་རྣམ་པ་གཉིས་ནས་དྲིས་ལན་ཡག་པོ་གནང་འདུག་ཡིན་ན་ཡང་དྲི་བ་ཐ་མ་དེ་ལ་སྲིད་སྐྱོང་ནས་ངོ་མ་དྲིས་ལན་ཡག་པོ་གནང་མི་འདུག་ཧ་ཅང་གསལ་བོ་བཟོ་རྒྱུ་གལ་ཆེན་རེད་གསལ་ལ་མི་གསལ་བས་སུ་ལ་ཡང་མགོ་སྐོར་བཏང་མི་ཐུབ་བཤད་དགོས་བའི་དུས་ལ་བཤད་ན་འགྲིག་དུས་མིན་སྐལ་མིན་ཞིག་ལ་སྐྱོན་བརྗོད་པ་ལས་དེ་རིང་འདིར་གསལ་གསལ་ཐང་ཐང་བཤད་ན་མང་ཚོགས་ལ་ཡང་གོ་རྟོག་སད་རྒྱུ་ཞིག་ཡོད་རྒྱུ་རེད།

  9. ཀརྨ་བློ་གསལ་ says:
    2016-02-29 at 7:32 am

    ཁ་གོང་ས་དང་ཁོག་ཁེ་ཕན་ཅན་འདི་ཚོ་xxxཞབས་འདྲེན་རེད། ད་xxx་བསམ་བློ་ཡག་པོ་བཏང་ནས་སྤེན་ཚེ་ལ་བསམ་ཤེས་སུ་འཇུག་དགོས་པའི་དུས་རེད།

  10. རྒྱ་ཞིང་མྱི་དཀར། says:
    2016-02-29 at 8:20 am

    ཀརྨ་ལགས་འདིའི་རིགས་ཨ་མདོ་བ་མ་ཟད་བོད་སྤྱི་བའི་ཞབས་འདྲེན་རེད་འདི་ལ་ཨ་མདོ་བ་དང་ཁམས་པ་བ་ཟེར་ས་མེད། ཕྱོགས་ཞེན་ལས་བདེན་པ་གཙོ་གལ་ཆེ་བས་སུ་ལ་གནས་ལུགས་ཡོད་ན་དེ་ལ་ཡིད་ཆེས་ཡོད་སུ་ལ་བདེན་པ་ཡོད་ན་དེ་ལ་བརྩི་མཐོང་ཡོད་སུ་ལ་ནུས་བ་ཡོད་ན་དེ་ལ་རྒྱབ་བསྐྱོར་ཡོད།

  11. རེ་བ་ says:
    2016-02-29 at 8:21 am

    ཀརྡོ་གཉེར་ཕྱག་པས་
    ་
    “ལུག་རྫི་ལུག་རྣམས་འཚོ་རུ་རྒྱུགས། །
    ཀླུ་བྱམས་ཆང་རག་འཐུང་དུ་རྒྱུགས། །
    བཀྲས་དབང་ལན་འགན་མུ་མཐུད་གྱིས། །
    སྤེན་ཚེ་བཀའ་བློན་ལས་ཀ་འཚོལ། །
    བློ་སེང་བོད་མའི་སྲིད་སྐྱོང་གྱིས། །
    སྤྲང་པོ་ཀརྡོ་གཉེར་ཕྱག་སློང་མོ་རྒྱབ་ཏུ་བཅུག་།”

  12. མེ་ཏོག་བཀྲ says:
    2016-02-29 at 8:54 am

    སྲིད་སྐྱོང་སུ་འདྲ་ཞིག་སླེབས་ཀྱང་། ༸གོང་ས་མཆོག་གི་དགོངས་གཞི་དང་བོད་མིའི་འདོད་དོན་སྒྲུབ་མཁན་ཞིག་ཡིན་དགོས། འདི་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་དྲི་མས་མ་བསླད་པ་ཞིག་དགོས། སྲིད་སྐྱོང་གི་འོས་མི་གཉིས་ཀྱི་རྒྱབ་སྐྱོར་བ་སུ་ཞིག་ཡིན་ཡང་། རང་རང་གི་བསམ་ཚུལ་འབྲི་རྩོམ་སོགས་གང་ཡང་དྲང་བདེན་གྱི་གནས་ཚུལ་ལ་བརྟེན་ནས་བསྒྲུབ་རྒྱུ་མ་གཏོགས། མ་རབས་ཐ་ཤལ་གྱི་བྱ་སྤྱོད་ལ་བརྟེན་ནས་བོད་མིའི་ཞབས་འདྲེན་དུ་མ་སོང་བ་ཞིག་ཧ་ཅང་གི་གལ་ཆེ། གལ་ཆེ་བ་ཞིག་ལ། སྲིད་སྐྱོང་གི་འོས་མི་གཉིས་པོ་དག་བོད་མི་རྩམ་གཟན་པ་གཙང་མ་ཞིག་དང་བོད་པའི་ཤ་ཁྲག་གིས་ཟིན་པ་ཞིག་ཡིན་པས། རང་རང་གི་བསམ་ཚུལ་རྣམས་དགྲའི་ལག་ཆར་མ་སོང་བ་ཞིག་འབྲེལ་ཡོད་བོད་མི་ཡོངས་ནས་གཙིགས་ཆེར་འཛིན་དགོས།

  13. རེ་བ་ says:
    2016-02-29 at 9:21 am

    མེ་ཏོག་བཀྲ་ལགས་།
    ཁྱེད་གསུངས་པ་བདེན་ནོ་། ཡིན་ནའི་སྲིད་སྐྱོང་བློ་སེང་ལ་སློབ་གསོ་དེ་ག་དུས་ཐེབས་ཀྱི་རེད་། ང་ནི་ཟུར་གནས་མི་མང་སྐྱུད་མ་ཞིག་ཡིན་། ངའི་གྲོགས་པོ་ཚོ་བློ་སེང་གི་ཕྱོགས་གཏོགས་ཉེ་པོ་དེ་འདྲ་རེད་། ཁོང་ཚོའི་བསམ་བློར་ང་ཡང་བློ་སེང་གི་ཕྱོགས་གཏོགས་རེ་བསམ་བཞིན་ནང་མོལ་གནས་ཚུལ་མང་པོ་བཤད་ཀྱི་འདུག་པར་ ཁོང་ཚོར་སྤྱི་འཐུས་ཚོགས་གཙོར་མི་བསད་མཁན་རྐུ་མ་ཐུག་པ་ར་བཟི་ཡིན་པ་ངན་སྐུལ་བྱེད་མཁན་གཙོ་བོ་བློ་སེང་གི་བྱེད་ཀྱི་འདུག་།
    དེ་ཙམ་མ་ཟད་བློ་སེང་ལ་སྲིད་སྐྱོང་འོས་བསྡུ་ཐོབ་རྗེས་སྤྱི་འཐུས་ཚོགས་གཙོ་གསར་པ་སུ་འདེམས་བསྐོ་བྱ་དགོས་པའི་ཐད་ཕྱོགས་ལྷུངས་ཀྱི་རྨང་གཞི་གཏིང་གི་འདུག་། ཨེ་མ་ཧོ་ ཁྱེད་དང་ང་འདྲ་བའི་མིའི་བསམ་ཚུལ་ལ་རིན་ཐང་མིན་འདུག་། དུག་གི་རྩ་བ་རྒྱས་ཚར་འདུག་ གཙང་མ་བཟོ་ཐུབ་ཨེ་ཡོང་བསམ་གྱིས་།

  14. ཚེ་རིང་བསམ་གྲུབ། says:
    2016-02-29 at 11:11 am

    གཡག་ཆེ་བས་ལྕི་བ་ཆེ་བ་མི་གཏང་། ཟེར་བའི་དཔེ་ལྟར་བློ་སེང་ལ་ལག་འཁྱེར་ཆེན་པོ་ག་ཚོད་ཡོད་ཀྱང་། དོན་དངོས་ཀྱི་འཇོན་ཐང་ནི་ལོང་བས་བལྟས་ཀྱང་མཐོང་ཚོད་རེད་ལ། འོན་པས་ཉན་ཀྱང་ཤེས་ཚོད་རེད།

    ཕྱོགས་རིས་ཡུལ་ཞེན་གྱིས་སེམས་རྒྱུད་བརླམས་པའི་མི་འགའ་རེའི་མིག་ལ་མཐོང་རྒྱུ་ཐོས་རྒྱུ་ཐམས་ཅད་ནི། ང་ཟེར་བ་ཙམ་ལས་ཡུལ་དངོས་པོའི་གནས་ཚུལ་ཤེས་རྟོགས་མེད་ལ། ཤེས་ཀྱང་སྡིག་པ་མིག་བཙུམས་ཁོ་ན་ལས་མ་འདས། མང་གཙོ་ཟེར་བ་ནི་ཐོུང་གི་ཁེ་ཕན་སྲུང་སྐྱོབ་ཀྱི་ཆེད་གཙོ་བོར་དམིགས་པ་རེད་མ་གཏོགས། བྱེ་བྲག་པའི་ཁེ་ཕན་ཙམ་མ་གཏོགས་གཞན་ལ་བསམ་བློ་གཏོང་མི་དགོས་མཁན་ཞིག་མ་རེད།

  15. ཀརྡོ་གཉེར་ཕྱག་པ། says:
    2016-02-29 at 12:31 pm

    #11 རེ་བ་ ་ལགས་ཀྱིས་སྤེལ་དོན།:
    February 29th, 2016 at 8:21 am
    ཀརྡོ་གཉེར་ཕྱག་པས་
    ་
    “ལུག་རྫི་ལུག་རྣམས་འཚོ་རུ་རྒྱུགས། །
    ཀླུ་བྱམས་ཆང་རག་འཐུང་དུ་རྒྱུགས། །
    བཀྲས་དབང་ལན་འགན་མུ་མཐུད་གྱིས། །
    སྤེན་ཚེ་བཀའ་བློན་ལས་ཀ་འཚོལ། །
    བློ་སེང་བོད་མའི་སྲིད་སྐྱོང་གྱིས། །
    སྤྲང་པོ་ཀརྡོ་གཉེར་ཕྱག་སློང་མོ་རྒྱབ་ཏུ་བཅུག་།” ་་་་་་་་་ ཟེར། ཧཧཧ།། །།

  16. དྲང་སྲོང says:
    2016-03-01 at 5:23 am

    ༄།དྲ་འབུ་འདི་ཚོ་གང་རེད་སྲིད་སྐྱོང་འོས་མི་རྣམ་པ་གཉིས་ནས་གསལ་བཤད་ག་ཚོད་གནང་ན་གསལ་པོ་ཆགས་མ་སོང་རྐྱ་རྐྱང་ད་འོ་ན་རྐུ་མ་རྒྱབ་ཡིན་མི་བསད་ཡིན་བརྫུན་བཤད་ཡིན་ལབ་ན་ཁྱེད་ཚོའི་འདོད་པ་ཡོངས་སུ་འཚམ་རེད་པེ་གཞན་སྐྱོན་རྐྱང་རྐྱང་མ་འཚོལ་རང་སྐྱོན་ཡང་ངོས་ལེན་བྱོས་ཁོང་རྣམ་པ་གཉིས་ནས་ལོ་མང་པོའི་རིང་ལ་བོད་སྤྱི་པའི་དོན་དག་སྐལ་ལས་ག་ཚོད་རྒྱབ་ཡོད་པ་དེ་ཧ་གོ་བ་བྱོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme