Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་བཟང་ཡོན་ཏན་ལ་སྤྲིངས་པའི་ཡིག་ལན་ཚངས་ཐིག་མ།

Posted on 2010-01-082010-01-08 By དགེ་རབ་ 14 Comments on བློ་བཟང་ཡོན་ཏན་ལ་སྤྲིངས་པའི་ཡིག་ལན་ཚངས་ཐིག་མ།

རྔ་བ་རྒྱལ་ཁམས་པ།
__________________
ང་བོད་ན་ཡོད་སྐབས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཀློག་རྒྱུར་ཧ་ཅང་དགའ་བོ་ཡོད། ལྷག་པར་དུ་ཁོང་གི་བརྩམས་ཆོས་དེབ་ཐེར་དཀར་པོ་དང༌། ཀླུ་སྒྲུབ་དགོངས་རྒྱན། ཆོས་ཀྱི་ཚིགས་སུ་བཅད་པ། འདོད་པའི་བསྟན་བཅོས་བཅས་ནི། ངའི་བློ་རིག་གི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཡིན་ཞེས་བཤད་འདོད་བྱུང༌། ཡིན་ནའང་ཕངས་པ་ཞིག་ལ་ད་ལྟ་བདག་གི་ཁྱིམ་དཔེའི་ནང་ཁོང་གི་དཔེ་དེབ་ཅིག་ཀྱང་མི་འདུག ཉེ་བའི་ཆར་དྲ་གྲོགས་མང་བོས་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་གླེང་སློང་བྱས་པ་ཞིག་མཐོང་བས་བློ་སེམས་དགའ་བོ་ཞིག་བྱུང༌། བདག་གིས་མཆན་རེ་འདེབས་དགོས་བསམས་ཀྱང་ཡིག་གཏགས་ཀྱི་རྐྱེན་གྱིས་འབྲི་མ་ཐུབ། བདག་གིས་ས་གཞིའི་བཀོད་དབྱིབས་ཐད་གླེང་སློང་བྱས་པའི་རྩོམ་རེ་ཟུང་བྲིས་པར། བློ་བཟང་ཡོན་ཏན་ཟེར་བའི་སྤུན་ཟླ་རྣམ་དཔྱོད་ཅན་ཞིག་གིས་ལན་ཞིག་ཕུལ་འདུག་པ་མཐོང་བས་དགའ་སྤྲོ་དང་བཅས་བཀླགས་པ་ཡིན། ཀློག་གིན་ཀློག་གིན་ཁོང་གི་དཔྱད་པ་གཏོང་སྟངས། མི་སྡུག་པ་སྒོམ་མཁན་ཞིག་ལ་ས་གཞི་ཀེང་རུས་ཀྱིས་གང་བའི་མཐོང་སྣང་ལྟ་བུའི་ཚོར་བ་ཞིག་ངང་གིས་སྐྱེས་ཤིང༌། ཁོང་གིས་དགེ་ཆོས་ཀྱི་སྐྱོན་རྐྱང་རྐྱང་ལ་དམིགས་གཏད་ནས་དཔྱད་པ་གཏོང་ཁུལ་བྱས་པ་འདིས། ཁོང་གི་དཔྱད་འབྲས་ལ་མཐའ་གཉིས་སུ་མ་ལྷུང་བའི་གྲུབ་དོན་ཞིག་འབྱུང་རྒྱུ་མིན་པའང་གསལ་བོ་རྟོགས། ང་ཚོས་དཔྱད་པ་གང་ཞིག་གཏོང་སྐབས། ཐོག་དང་བོ་རང་ཉིད་ངོས་ཟིན་རྒྱུ་འདི་གལ་ཆེ། ང་ཚོ་ཚང་མ་རྒྱུ་མཚན་སྐྱོན་ཅན་ཞིག་གི་གནས་སྟངས་འོག འཇིག་རྟེན་སྐྱོན་ཅན་ཞིག་གི་ནང་གནས་ཡོད་པའི་སྣང་ཚུལ་འདི་ཧ་གོ་ནས་དཔྱད་པ་བཏང་ན། དཔྱད་དོན་དྲང་མོ་ཞིག་ཡོང་ངེས་ཡིན། ལར་བདག་གིས་བྲིས་པའི་ཡི་གེ་དེ་དག་ཆེད་གཉེར་དགེ་ཆོས་ལ་རྒྱབ་སྐྱོར་དང༌། ཁྱེད་ལ་རྒོལ་གཏམ་བཏང་བ་དེ་འདྲ་མ་རེད། གང་ལྟར་ཀྱང་དེ་ལ་ཁྱད་པར་ཅང་མི་འདུག ངས་འདི་ནས་རང་གི་བསམ་ཚུལ་འགའ་ཞིག་ཞུ་རྒྱུ་ཡིན། གལ་སྲིད་ཁྱེད་ཀྱིས་ཐུགས་སྣང་གནང་ཡོད་ན། ངའི་རྩོམ་ཡིག་གོང་མ་ཚོའི་ནང་ས་གཞི་ལེབ་ལེབ་ཏུ་འདོད་པའི་གནའ་ཆོས་རང་གི་འགྱུར་ཚིག དཔར་ཐེངས་ཁུངས་དག་ཀྱི་དཔེ་ཆ་དག་ལས་ཟུར་དུ་བཏོན་ནས་གསལ་བོར་བཀོད་ཡོད། འདི་ན་སླར་ཡང་ཕབ་བསྒྱུར་གྱིས། དམ་ཆོས་རྙིང་མ་Old Tesatmentདེ་ས་གཞི་ལེབ་ལེབ་ཏུ་འདོད་པའི་ཆོས་ལུགས་ཤིག་རེད་ཅེས་བསྐྱར་བཤད་བྱེད་རྒྱུ་ཡིན། འདིར་ཚང་མས་མཁྱེན་དགོས་པ་ཤིག་ལ། Hebrew Bilbeདམ་ཆོས་རྙིང་མ་དེ་ཉིད་ཡུ་ཤི་དང་ཁ་ཆེ་Islam ཆོས་ལུགས་ཀྱི་བསམ་བློའི་གཞི་མ་ལྟ་བུ་ཞིག་རེད། དོན་གནད་ཅན་གྱི་ཚིག་འདིའི་ཐོག་ནས་གནའ་བོའི་ཆོས་ལུགས་ཀྱིས་ས་གཞི་ལ་འཛིན་པའི་རྣལ་མའི་ལྟ་གྲུབ་དེ་ཅི་འདྲ་ཞིག་ཡིན་མིན་གསལ་བོར་ཆགས་འདུག་སྙམ། འདིར་ཚིག་འདིའི་འགྲེལ་བ་གསར་རྙིང་ཁག་ལ་གཞི་བཅོལ་ནས་བོད་ཡིག་ཏུ་ཕབ་རྒྱུ་ཡིན་ན་འདི་འདྲ་རེད། ལུང་བསྟན་པ་མ་སེ་ཡ་མཆོག་གིས༼Have you not known? ཁྱོད་ཀྱིས་མ་ཤེས་སམ། Have you not heard?ཁྱོད་ཀྱིས་མ་ཐོས་སམ། Has is not been told you from the foundations of the earth? ཐོག་མ་ནས་ཁྱོད་ལ་བཤད་མ་མྱོང་ངམ། It is he who sits above the circle of the earth, དེ་ནི་ས་གཞི་གོར་གོར་ཀྱི་སྟེང་ཕྱོགས་ན་བཞུགས་པའི་དཀོན་མཆོག་དང༌། and its inhabitants are like grasshopper; མི་རྣམས་ནི་འབུ་རིགས་ལྟར་ས་གཞི་དེ་ལ་བརྟེན་ནས་གནས་ཡོད། Who stretches out the heavens like a curtain, དཀོན་མཆོག་གིས་ལྷ་ཡུལ་དག་གམ་ནམ་མཁའ་ནི་གནམ་ཡོལ་ཞིག་དང་འདྲ་བར་ཕྱི་ལ་བརྐྱངས་ཤིང༌། and spreads them like a tent to dwell in;སྡོད་གུར་ཞིག་འདྲ་བར་ཕྱོགས་མཐར་ཕུབ་པའི་ནང༌། མི་རྣམས་གནས་ཡོད། ༽ཅེས་པའི་དོན་རེད། ཚིག་འདིའི་གོར་གོར་ཞེས་པ་གོར་ལེབ་ལ་གོ་དགོས་པ་ལས་རིལ་རིལ་ཞིག་ལ་གོ་ཚུལ་མི་ཤེས་པ་་རེད། དེར་བརྟེན་ཆོས་ལུགས་མང་བོའི་ཨ་མ་ལྟ་བུར་ཆགས་པའི་གནའ་ཆོས་འདིས། དགེ་ཆོས་ཀྱིས་བཤད་པ་ལྟར་ས་གཞི་ལེབ་ལེབ་ཅིག་བཤད་མི་འདུག་གམ། དེ་བཞིན་ཁ་ཆེས་ཆོས་ལུགས་ཀྱི་དམ་ཆོས་ཁོ་རན་གྱི་ནང་དེ་ལས་ཀྱང་ཞལ་གསལ་བོས་ས་གཞི་ལེབ་ལེབ་ཀྱི་ལྟ་གྲུབ་བཤད་ཡོད།
གལ་སྲིད་ཁྱེད་རང་གིསHebraw Bible གྱི་དཔེ་རྙིང་ཁུངས་མ་དག་ལ་གཟིགས་པ་ཡིན་ན། དགེ་ཆོས་ཀྱི་གསུངས་སྟངས་དེ་དག་རྒྱུ་མཚན་མེད་པ་ཞིག་མིན་པའི་སྣང་ཚུལ་འབྱུང་སྲིད། དེ་བཞིན་གནའ་བོའི་ཧིན་རྡུའི་Hinduས་ཁམས་ཀྱི་རིག་པ་ལྟར་ནའང་རྒྱ་མཚོས་བཏེགས་པའི་རུས་སྦལ་གྱི་ཐོག་གླིང་ཆེན་དང༌། དེའི་སྟེང་ས་གཞི་གོར་ལེབ་ཀྱི་དབྱིབས་ཅན། དེ་བཞིན་ས་གཞི་ངོས་ལེབ་ལེབ་དབྱིབས་གྲུ་བཞི་གྲུ་ག་བཞི་ན་རྒྱལ་ཆེན་རིགས་བཞི་དང་རླུང་ལྷས་སྲུང་བ་སོགས་མང་བོ་འདུག་ཀྱང་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བྲིས། སྤྱིར་གནའ་རབས་དག་གིས་ས་གཞི་ལེབ་ལེབ་འདོད་ཚུལ་དེ་ཧ་ཅང་གི་རྒྱུ་མཚན་ལྡན་པ་ཞིག་རེད། དུས་་རབས་དེ་དག་གི་ནང་དེང་སྐབས་ཀྱི་ས་གཞི་ཆགས་བཀོད་ཀྱི་རིག་གནས་ལྟ་བུ་ཞིག་ཡོད་པ་མ་རེད། འོན་ཏེ་ཁོང་ཚོ་ས་གཞི་ལེབ་ལེབ་ཀྱི་ཐོག་གནས། ས་གཞི་ལེབ་ལེབ་ཀྱི་སྟེང་འགྲོ། ས་གཞི་ལེབ་ལེབ་ཀྱི་ཐོག་འཚོ་བཞིན་པ་ཞིག་ཡིན་པའི་ཆ་ནས་དགེ་ཆོས་ཀྱིས་བཤད་པ་ལྟར། མི་དེ་དག་གིས་ཀྱང་ས་གཞི་འདི་ལེབ་ལེབ་ཤ་སྟག་ཡིན་ཤག་བྱས་ནས། ས་གཞི་ལེབ་ལེབ་ཀྱི་ལྟ་ཚུལ་དང༌། ས་གཞི་ལེབ་ལེབ་་ཀྱི་ཆགས་བཀོད་རི་མོ་སོགས་བྲིས་པ་རེད།
དེ་ནས་དུས་རབས་བར་མའི་ནང་གི་ཡོ་རོབ་སྤྱི་ཚོགས་ཀྱི་གནས་སྟངས་སྐོར་ནས་ཅིག་ཞུས་ན་བསམས་བྱུང༌། ཉིད་ཀྱིས་སྐུ་Washington Irving མཆོག་གི་ཁོ་ལིམ་བྷ་སིའི་ལོ་རྒྱུས་སྒྲུང་གཏམ་ཞིག་ལས་ལོ་རྒྱུས་དག་མ་ཞིག་མ་ཡིན་ཚུལ་གསུངས་པ། ཡི་ཤུའི་ཆོས་བརྒྱུད་ཀྱི་ལྟ་བ་འཛིན་མཁན་ཚོས་བཤད་ཡམ་གྱི་རྗེས་སུ་ཞུགས་ནས་དེ་ལྟར་གསུངས་པ་ཞིག་ཡིན་ལས་ཆེ། འདི་སྐོར་ལོ་རྒྱུས་དེའི་སྔ་ཕྱིའི་འབྱུང་ཁུངས་སོགས་ལ་བློ་གཟུར་བོར་གནས་པའི་ཐོག་ནས་དཔྱད་རྒྱུ་ཡིན་ན། ཨར་བིན་མཆོག་གི་ལོ་རྒྱུས་དེའི་བཤད་པའི་རྩ་བ་གདོད་མའི་ཡོ་རོབ་སྤྱི་ཚོགས་ཀྱི་དངོས་དོན་ཆོས་དང་རིག་གནས་ལ་ཟུག་ཅིང༌། སྐེད་པ་མི་ལོ་སྟོང་ཕྲག་ལྷག་གི་ཡོ་རོབ་མི་མང་གི་སེམས་ཁམས་བརྒྱུད་ནས་བྱུང་བ་ཞིག་ཨེ་ཡིན་སྙམ་དུ་བདག་དོགས་ཅིང༌། ཨ་རིའི་ལོ་རྒྱུས་དང༌། དུས་དེབ། གསར་ཤོག སློབ་དེབ་སོགས་མང་བོ་ཞིག་གིས་ཁོང་གི་གསུངས་སྟངས་དེ་ལ་གདེངས་འཇོག་བྱས་འདུག་པ་དང༌། རྩོམ་ཡིག་དེ་བཞིན་བརྩམས་གྲུབ་རྗེས་འབྲས་ལྟ་བུར་རྩོམ་པ་པོ་ཞལ་བཞུགས་དུས Columbia , Oxford, Harvard སོགས། འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་གཙུག་ལག་སློབ་ཆེན་དག་གིས་མཁས་ཆེན་རམ་འབྱམས་གྱི་དམིགས་བསལ་གཟེངས་རྟགས་འབུལ་ལམ་ཞུས་པ་དང༌། Royal Society of Literature སོགས་ཤེས་རིག་སྡེ་ཚན་ཁག་གིས་གསེར་གྱི་བཟང་རྟགས་ཕུལ་འདུག་པ་སོགས་ལས། ངས་བསམ་བློ་གཏོང་སྟངས་དེ་འགྲིགས་འདུག་ཅེས་འགྲིགས་རྟགས་ཆེན་པོ་བརྒྱབས་པའི་སྣང་བ་སྐྱེས། དེ་བཞིན་དཔྱད་བརྗོད་ཀྱི་ལུགས་སུ་བྲིས་པའི་ཚན་རིག་དང་གནམ་རིག་སྐོར་གྱི་ལོ་རྒྱུས་ཁུངས་མ་རྣམས་ལ་ཞིབ་བལྟས་ཤིག་བྱས་པ་ཡིན་ན། དུས་རབས་དེ་དག་ནང་ས་གཞི་རིལ་རིལ་དུ་རྟོགས་མཁན་ཧ་ཅང་ཉུང་ཉུང་རེད། ཤེས་ཡོན་ཅན་དག་གིས་རིལ་རིལ་ཞིག་ཡིན་པ་ཤེས་སུ་ཆུག་ཀྱང༌། དེ་སྐབས་དེའི་ཡོ་རོབ་ཀྱི་གཞི་རྩའི་མི་འབོར་གྱི་ཤེས་ཚད་དང་བསྡུར་བ་ཡིན་ན་ཧ་ཅང་ཉུང་ཉུང་རེད། དཔེར་ན་ང་ཚོ་བོད་པའི་མཁས་པ་ཚོའི་ནང་ས་གཞི་རིལ་རིལ་ཡིན་པ་ཤེས་མཁན་བྱུང་ཡོད་པ་རེད། འོན་ཏེ་དེས་བོད་ཀྱི་སྤྱི་ཚོགས་ཧྲིལ་བོ་དེ་ས་གཞི་རིལ་རིལ་གོ་རྟོགས་ཅན་གྱི་སྤྱི་ཚོགས་ཤིག་ཡིན་པར་བསྒྲུབ་མི་ཐུབ་པ་ལྟ་བུ་རེད། དགེ་ཆོས་རང་དུས་ནའང་བོད་ཀྱི་སེམས་ཁམས་ལ་དུས་རབས་བར་མའི་སྤྱི་ཚོགས་ཀྱི་ས་གཞི་ལེབ་ལེབ་ཅིག་ལས་མེད་པ། དབྱིན་ཇིའི་དྲག་པོའི་དོན་གཅོད་བོད་དུ་ཐོག་མར་འདྲེན་མཁན་སྐུ་ཞབས་ཡང་ཧ་སེ་བན་གྱི་བྲིས་དེབ་དང༌། Peter Bishop ཀྱིས་བྲིས་པའི་དཔེ་དེབ་The Myth of Shangrilaདག་ན་ལན་ཅིག་མ་ཡིན་པར་བཤད་འདུག རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་མཁས་དབང་དགེ་ཆོས་ཀྱིས་ཕྱི་གླིང་བའི་བྱིས་སྒྲུབ་སྙན་མོ་དེ་བྲིས་ནས། ང་ཚོ་ཚན་རིག་དང་མཐུན་པའི་ལམ་ཆེན་དུ་བསྐྱོད་དགོས་པའི་ཐོག་མའི་རྟེན་འབྲེལ་གྱི་སྐུལ་བརྡ་ཞིག་བཏང་བ་རེད། དེ་ནས་ཁྱེད་ཀྱིས་རིམ་འབྱུང་ཤེས་རིག་གི་ལྟ་གྲུབ་འདོན་མཁན་སྐུ་ཞབས་Darwin མཆོག་གི་རྗེས་འཇུག་པ་དག་གིས་སྐབས་དེའི་ཆོས་པ་རྣམས་ལ༼ས་ལེབ་རང་ལུགས་པ༽Flat- Earther ཞེས་ཉེས་མེད་སྒྲོ་འདོགས་པྱས་པ་ཞིག་ལས་དེ་དག་ལ་སྐྱོན་དེས་མ་གོས་པ་ལྟ་བུའི་དཀར་འདོན་ཞིག་གནང་གི་འདུག ངས་བལྟས་ན་དེ་དག་ལ་སྐྱོན་ཆ་དེ་ཏན་ཏན་ཡོད་སྟབས། སྒྲར་བིན་རྗེས་འཇུག་པ་སོགས་ཀྱིས་མཚང་འབྲུ་བྱས་པ་ཞིག་རེད། དཔེར་ན། ང་ཚོ་བོད་པས་ཀྱང་མིའི་སྐྱོན་ཆ་ལས་དྲས་ཏེ་མཚང་འབོད་བྱེད་པ། སྣ་ཆེ་ལ་སྣ་རྭ་དང༌། དྲི་མ་ངན་པ་ལ་ལྟིའི་ལོའི་དྲི་ཅན་སོགས་འབོད་སྲོལ་ཡོད་པ་ནང་བཞིན་རེད།
མཚམས་འདིར་སླར་ཡང་ཡོ་རོབ་ཀྱི་གནའ་རབས་དག་གིས་ས་གཞི་ལེབ་ལེབ་ཅིག་ཏུ་འདོད་ཀྱི་ཡོད་པའི་ཁུངས་བསྐྱེལ་ར་སྤྲོད་མང་བོའི་ནང་ནས། མཁས་ཆེན་ཁག་ཅིག་གི་གསུང་རྩོམ་ལུང་འདྲེན་ཞུ་རྒྱུ་ཡིན། St Lactantius(245-325)མཆོག་གིས་ས་གཞི་རིལ་རིལ་གྱི་ལྟ་ཚུལ་དེ་ནི་མ་རིག་པ་ཞིག་རེད། ཅིའི་ཕྱིར་ན། མི་རྣམས་ས་གཞི་ཟླུམ་པོའི་ངོས་ནས་ལྷུང་བའམ་འགྱེར་འགྲོ་རྒྱུ་ཡིན་པར་གསུངས་ཡོད། St Cyril of Jerusalem (315-386)མཆོག་གིས་ས་གཞི་ནི་ཆུའི་ཐོག་ཏུ་གཡེངས་ནས་ཡོད་ཅེས་བཤད། St John Chrysostom(344-408)མཆོག་གིས་ས་གཞི་རིལ་རིལ་ནི་དམ་པའི་གསུང་རབ་ཀྱི་ལྟ་བ་དང་གོ་ལྡོག་ཅིག་རེད་ཅེས་སྨྲས། St Basil(329-379)མཆོག་གིས་ས་གཞི་རིལ་རིལ་ཏུ་འདོད་པའི་ཤེས་བྱ་ནི་དངོས་དོན་དང་མ་འབྲེལ་བ་ཞིག་རེད་ཅེས་གསུངས་འདུག St Severian (408)དང St Diodrus(394) རྣམ་གཉིས་ཀྱི་ས་གཞི་ལེབ་ལེབ་ཀྱི་ཕྱོགས་སུ་རྒྱབ་སྐྱོར་གྱི་རྩོད་གླེང་མང་བོ་གནང་འདུག St Augustine (354-430)ཞེས་འབོད་པ། གནའ་བོའི་སྒུ་རིག་གི་མཚན་ཉིད་རིག་པ་ཡུ་ཤིའི་ཆོས་ལུགས་ནང་ཐོག་མར་འདྲེན་མཁན་གྱི་མཁན་ཆེན་དེའང་ས་གཞི་ལེབ་ལེབ་གྱི་ལྟ་གྲུབ་འཆད་ཁྲིད་གནང་མཁན་ཞིག་རེད། St Boniface(755) མཆོག་གིས་St Vergilius(784)མཆོག་གིས་ས་གཞི་ཟླུམ་པོའི་བཀའ་ཆོས་ཤིག་གནང་གི་ཡོད་ཚུལ་ཉེས་འཛུགས་བྱས་རྐྱེན། བླ་ཆེན་པོབ་Pope Zacharias (731-741)མཆོག་གིས་ཛ་དྲག་ཚོགས་འདུ་བསྐངས་ནས། St Vergilusuམཆོག་གི་གོ་མིང་བླ་ཐོབ་དང་བཅས་པ་བླངས་ཏེ་གནས་དབྱུངས་བཏང་ཡོད། དེ་ནས་དུས་རབས་བཅུ་གསུམ་པའི་ནངSt Thomas Aquinas(1225-1274)ཞེས་པས་གོ་ལ་ཟླུམ་པོའི་ལྟ་གྲུབ་ཅིག་གཞི་ནས ་ཡུ་ཤིའི་ཆོས་ལུགས་ཀྱི་ནང་བསྲེ་སྦྱོར་གནང་རུང༌། དེའང་འཇིག་རྟེན་གྱི་ལྟེ་བར་འཇོག་དགོས་པའི་ཁྲིམས་བཅས་པས་ལམ་ལྷོང་བྱུང་མེད། སྐྱེས་བུ་དམ་པ་འདིས་དཀོན་མཆོག་གནས་སྒྲུབ་ཀྱི་གཏན་ཚིག་ཆེན་པོ་བཅུ་གཉིས་བརྩམས་ཏེ་ལྷ་སྒྲུང་ལྟ་བུའི་ཡུ་ཤིའི་ལྟ་གྲུབ་དེ་གནས་ལུགས་ཀྱི་ཕྱོགས་སུ་ཁ་གཅུས་པས་ཡུ་ཤི་བ་ལ་བཀའ་དྲིན་ཧ་ཅང་ཆེན་པོ་རེད། སྐབས་འདིར་ཁྱེད་ལ་གསལ་བཤད་ཞུ་རྒྱུ་ཞིག་ལ། སྐད་ཆ་དེ་བཤད་མཁན་སྐུ་ཞབས་ལྗ་སྤི་རིའི་བྷིར་ཁྲོན་མ་རེད། ཁྱོད་བདེན་པ་རེད་ང་ནོར་འདུག་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ། སྐད་ཆ་དེའི་ཁུངས་གནམ་རིག་པ་སྐུ་ཞབས་Prabhakar Condhalekar མཆོག་གི་གསུང་རྩོམ་ཞིག་རེད། ས་ཁམས་དང༌། ཚེ་སྲོག གནམ་རིག ལོ་རྒྱུས། མཚན་ཉིད་རིག་པ་སོགས་ཀྱི་མཁས་ཆེན་སྐུ་ཞབསPerter Douglas Ward མཆོག་གི་ཚན་རིག་སྐོར་གྱི་བརྩམས་ཆོས་མཚན་པྱང་དུ་Rare Earth ཞེས་འབོད་པའི་ནང༌། དུས་རབས་བར་མའི་སྐབས། ས་གཞི་དེ་འཇིག་རྟེན་གྱི་ལྟེ་བ་ཙམ་དུ་མ་ཟད་སླར་ཡང་ལེབ་ལེབ་ཅིག་ཡིན་པར་ཡིད་ཆེས་བྱས་ཤིང༌། St Thomas Aquinas མཆོག་གིས་ས་གཞི་རིལ་རིལ་ཞིག་བཟོས་པ། ཡང་བསྐྱར་འཇིག་རྟེན་གྱི་ལྟེ་བར་འཇོག་དགོས་པའི་ཁྲིམས་བཟོས་པ་རེད། ཅེས་གསུངས་འདུག སྐུ་ཞབས་ཕ་ཕེ་ཁྲེ་སིS.A. Paipetisམཆོག་གི་གསུང་རྩོམ་མཚན་བྱང་Science and Techonology in Homeric Epics འདི་འདྲ་ཞིག་བྲིས་འདུག ས་གཞི་ཆགས་བཀོད་ཀྱི་བསམ་ཚུལ་དེ་ནོར་འཁྲུལ་ཡིན་པར་ར་སྤྲོད་བྱུང༌། འོན་ཀྱང་དེ་ནི་དུས་རབས་སྔོན་མའི་གནའ་སྲོལ་ལས་བྱུང་བ། དུས་རབས་བར་མ་དང༌། སྒྱུ་རྩལ་དང་ཡི་གེ་ཕྱི་དར་གྱི་དུས་རབས་བརྒྱུད་རྒྱུན་ལྡན་གྱི་ལྟ་ཚུལ་ཞིག་ཏུ་ཆགས་ནས། ད་ལྟ་བར་དུ་ལྟ་བ་དེ་འཛིན་མཁན་ཡོད་ཅེས་གསུངས་འདུག དེ་བཞིན་མཚན་ཉིད་རིག་པའི་རབས་འབྱམས་པ། སྐུ་ཞབས་J.Baird Callicottམཚན་བྱང་དུ་Beyond the land ethicཞེས་འབོད་པའི་ནང༌། དུས་རབས་བར་མའི་མི་རྣམས་ས་གཞི་ལེབ་ལེབ་འཇིག་རྟེན་གྱི་ལྟེ་བར་འཛིན་པའི་སྤྱི་ཚོགས་ཤིག་གི་ནང་གནས་ཤིང༌། ཉི་ཟླ་གཟའ་སྐར་རྣམས་ཉིན་རེ་བཞིན་ཡང་རང་གི་མགོ་ཐོག་ནས་འཁོར་བཞིན་ཡོད་ལ། རྒྱལ་བོས་རང་གི་དབང་ཤུགས་དང༌། མི་སེར་དཀྱུས་མ་དག་ས་ཞིང་འདེབས་ལས་ལ་སྤྱོད་ཅིང༌། བྱ་དངོས་བཟང་བོ་ཚང་མ་རྫུ་འཕྲུལ་དུ་འདོད་ལ། ངན་སྔགས་ཀྱི་འཚེ་བ་གང་ཡིན་སར་ཁྱབ་པ། ངན་འགྲོའི་ཡུལ་དང་མཐོ་རིས་ཀྱི་ཞིང་ཁམས་དངོས་འབྲེལ་གྱི་ཡུལ་ཕྱོགས་དག་ན་གནས། ཞེས་གསུངས་འདུག དེ་བཞིན་སྐར་རྩིས་རིག་པ་བ་སྐུ་ཞབས་Sanat Kumr Jain མཆོག་གིས་མཚན་བྱང་དུ། སྐར་རྩིས་རིག་པ་Astology ཞེས་འབོད་པའི་དཔེ་ཆའི་ནང༌། དགུ་རིག་ཡར་ཐོན་གྱི་སྤྱི་ཚོགས་དེ་ཁ་འཐོར་དུ་སོང་རྗེས། ཨ་སེ་ཡ་མ་ཤེ་མཆོག་ཕེབས་ནས་ཡུ་ཤིའི་ཆོགས་ལུགས་དར་སྤེལ་གྱི་མགོ་ཚུགས་ཤིང༌། དེ་དང་ལྷན་ཅིག་ས་གཞི་ལེབ་ལེབ་ཀྱི་ལྟ་ཚུལ་བཏོན་པར་ངོས་ལེན་གདེངས་འཇོག་མི་ལོ་གཅིག་སྟོང་ལྔ་བརྒྱའི་བར་བྱས་པ་རེད། ཅེས་བཤད་འདུག ཡང་ནོར་ཝེ་རྩོམ་རིག་པྱ་དགའ་དང་ཨོ་སི་ཁ་འཁྲབ་རྩོམ་བྱ་དགའ་བཞེས་མྱོང་བ། སྐུ་ཞབས་Bernard Shaw མཆོག་གི་དཔེ་དེབ་Saint Joan: a chronicle play in six scenes and an epilogue ཞེས་བརྗོད་པའི་ནང༌། དུས་རབས་བར་མའི་ནང་མི་རྣམས་ནི་ས་གཞི་ལེབ་ལེབ་ཅིག་ཡིན་པར་འདོད་ཅིང༌། ཁོང་ཚོར་མ་མཐའ་ཡང་ཁོང་ཚོ་རང་ཉིད་ཀྱི་བསམ་བློའི་བདེན་དཔང་ཞིག་ཡོད་པ་རེད་ཅེས་གསུངས་འདུག དེ་བཞིན་ཆོས་དང་མཚན་ཉིད་རིག་པའི་མཁས་དབང༌། Elbridge S. Broods མཆོག་གིས་མཛད་པའིThe True Story Of Christopher Columbusཞེས་བརྗོད་དཔེ་ཆའི་ནང༌། རྒྱ་མཚོའི་རྦ་རླབས་བྲག་རྡོ་དང་མཚོ་གླིང་དག་གི་སྟེང་དུ་འཕྱོ་བཞིན་པའི་ནུབ་ཕྱོགས་རྒྱ་མཚོ་ཆེན་པོ་འདི་ཁོ་ལིམ་བྷ་སིའི་དུས་འཇིགས་སུ་རུང་བའི་ཡུལ་ཞིག་ཡིན་པར་འདོད་ཅིང༌། རྒྱ་མཚོ་དེའི་ཕར་ཕྱོགས་ན། ཅི་ཞིག་ཡོད་མེད་ཤེས་རྟོགས་མེད་པས། མི་ཚོས་གནམ་ས་ཁ་བསྒྲིལ་གྱི་མཚོ་དེ་ལ་མུན་པའི་རྒྱ་མཚོ་ཞེས་འབོད། ཁོང་ཚོའི་སེམས་ལ་རྒྱ་མཆོ་དེ་བཞིན་འཛམ་གླིང་ལེབ་ལེབ་ཀྱི་མཐའ་རུ་ཟག་བཞིན་ཡོད་སྟབས། གནས་དེ་ཆུ་སྲིན་གདུག་ཅན་དང༌། འབྲུག་སོགས་མཚོ་གྲུ་གཏོར་བཤིག་གཏོང་བ་དང༌། མི་རྣམས་འཛིན་བཟུང་བྱེད་མཁན་གྱི་ལྷ་འདྲེའི་རིགས་མང་བོ་ཡོད་པར་འདོད་ཅེས་གསུངས་པ་སོགས་ཧ་ཅང་མང་སྟབས། ཚང་མ་བྲིས་པས་མི་ལོངས་པ་དེ་ཙམ་གྱིས་ཆོག་ཤེས་པར་བྱ་ལ། དེ་བཞིན་དུས་རབས་བར་མའི་ས་བཀྲ་འང་གོར་གོར་དང༌། གྲུ་བཞི། སྒོང་དབྱིབས་བཅས་གསུམ་ལས་བརྒལ་ཐུབ་མེད་ཅིང༌། དེ་ལས་སྔ་མ་གཉིས་ནི་ངའི་གོང་དུ་ཞུས་པའི་དམ་ཆོས་ཀྱི་ལྟ་སྟངས་གཞི་ལ་བཞག་ནས་བྲིས་པ་ཞིག་ཡིན་འདུག་ཅིང༌། ཕྱི་མ་ནི་Henry of Mainz(1112)དང༌། Mattew Paris(1195-1259) སོགས་ཀྱིས་བྲིས་པ་དང༌། སྤྱི་ལོ་༡༤༣༦ལོར་Andrea Biancoམཆོག་གིས་བྲིས་པའི་འཛམ་གླིང་དབྱིབས་གོར་མ་དེའང་ད་དུང་མཐའ་རྒྱ་མཚོས་བསྐོར་བའི་ལུགས་སུ་བྲིས་འདུག་པ་སོགས་ས་གཞི་ལེབ་ལེབ་་ཀྱི་ལྟ་ཤན་ཞུགས་པའི་ས་བཀྲ་ངོ་མཚར་ཅན་མང་བོ་ཞིག་འདུག་ཀྱང་ཡིག་ཚོགས་ལ་འཇིགས་ནས་འདིར་མ་བྲིས། མདོར་ན། གནའ་མིའི་ངག་རྒྱུན་དུ། མི་སྐྱོན་མེད་འཛམ་བུའི་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད། ཅེས་ཤོད་སྲོལ་ཡོད་པ་ལྟར། ཅིག་པྱས་ན། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ནང་དངོས་དོན་ལ་བརྟག་པ་གཟབ་ནན་མ་བཏང་བའི་གསུང་ཚིག་རེ་ཟུང་ཡོད་སྲིད་ཀྱང༌། དེ་ནི་སྐྱོན་ཆུང་ལ་དེ་བས་ཁོང་ལྟ་བུ་ཞིག་དུས་རབས་ཉི་ཤུ་བའི་ནང་ཕེབས་པ་ང་ཚོ་བོད་ཀྱི་བསོད་ནམས་རེད༌། ཁོང་གི་མཛད་སྤྱོད་ལ་བརྟེན་ནས་ང་ཚོ་བོད་པའི་སྤྱི་ཚོགས་ལ་ཐོད་བརྒལ་རང་བཞིན་གྱི་སྒུལ་སྐྱོད་ཆེན་པོ་ཞིག་བཏང་ཡོད། དེབ་ཐེར་དཀར་པོ་ལས་བཤད་པའི་བོད་ཀྱི་ལོ་རྒྱུས་ཀྱི་གནད་གཅུན་སྟངས། ཀླུ་སྒྲུབ་དགོངས་རྒྱན་ལས་བཤད་པའི་འགྲོ་བ་མིའི་རྣམ་དཔྱོད་ཀྱི་སྒོ་འབྱེད་ཚུལ། ཚོས་ཀྱི་ཚིགས་སུ་བཅད་པ་ལས་བྱུང་བའི་གནའ་བོའི་ལོ་ཙ་བ་ཆེ་དགུར་ཅོ་འདོན་ལུགས། འདོད་པའི་བསྟན་བཅོས་ལས་གསུངས་པའི་རང་བྱུང་གི་དགའ་བ་ཉམས་སུ་མྱོང་ཚུལ་སོགས་ནི། སྔར་བོད་ཡུལ་ན་མ་གྲགས་པའི་རླབས་ཆེན་གྱི་མཆོངས་སྐྱོད་ཆེན་པོ་ཞིག་ཡིན་ཞེས་སྨྲའོ།།
ཟུར་ཞུ། ལར་ནས་ཁྱེད་རང་གིས་གསུངས་པ་ལྟར་རྩོད་པའི་ལན་དུ་རྩོད་ལན་ལྟ་བུ་ཞིག་བྱས་བསྡད་ན་དོན་དག་ཅང་མེད་གི དེ་བས་བློ་གཟུར་བོར་གནས་པ་རེ་ཟུང་གི་ཞལ་ཏ་ལྟར། དགེ་ཆོས་ཞེས་པའི་མིང་འདི་བེད་སྤྱོད་མ་བྱས་པའི་ཐོག་ནས་གནའ་རབས་སྤྱི་དང༌། ལྷག་དོན་དམ་ཆོས་གསར་རྙིང་གི་འཇིག་རྟེན་ལྟ་ཚུལ་དང༌། ནང་བའི་འཇིག་རྟེན་ལྟ་ཚུལ་སོགས་ལས་བརྩམས་ཏེ་བགྲོ་གླེང་འདྲ་གནང་ཐུབ་པ་བྱུང་ན། ཕན་ཐོགས་ཆེན་པོ་ཞིག་ཡོང་རྒྱུ་རེད། དེ་ཙམ་ཡིན། བཀྲ་ཤིས་བདེ་ལེགས།།།།

དཔྱད་རྩོམ།

Post navigation

Previous Post: རྩམ་པ།
Next Post: ཇག་པ་བྱང་སེམས་ཅན།

Comments (14) on “བློ་བཟང་ཡོན་ཏན་ལ་སྤྲིངས་པའི་ཡིག་ལན་ཚངས་ཐིག་མ།”

  1. མྱིག་རྫོད་ says:
    2010-01-08 at 9:40 pm

    འོ།  ཡག་པོ་ཞེ་དྲག་བྲིས་བཞག   ད་ལྟོས་དང་ཡང་བློ་ཡོན་དང་བོད་པ་སོགས་གཅིག་ལས་དུ་མ་འཕྲོས་པའི་མི་སྐོར་ཞིག་མཉམ་ཐོན་བྱེད་རྒྱུ་རེད་ཡ།    ད་དུང་ངའི་གྲོགས་པོ་དགའ་བོ་གཞོན་ནུ་ཟླ་མེད་ཡང་ཐོན་སྔ་ཕྱི་ཡིན་ནི་རེད།   

  2. བར་འདུམ་པ། says:
    2010-01-08 at 9:56 pm

    འདོད་པའི་བསྟན་བཅོས་ལས་ གསུངས་པའི་རང་བྱུང་གི་དགའ་བ་ཉམས་སུ་མྱོང་ཚུལ་སོགས་ནི། སྔར་བོད་ཡུལ་ན་མ་གྲགས་པའི་རླབས་ཆེན་གྱི་མཆོངས་སྐྱོད་ཆེན་པོ་ཞིག་ཡིན་ཞེས་ སྨྲའོ།།
    ཨ་རོགས་ཁྱོད་ཀྱི་འཇུ་མི་ཕམ་པའི་འདོད་པའི་བསྟན་བཅོས་མ་མཐོང་བ་ཡིན་མི་སྲིད། དེ་དགེ་ཆོས་ཀྱི་འདོད་བསྟན་ལས་ཕལ་ཆེར་དུས་རབས་ཕྱེད་ཀ་ཞིག་གི་སྔོན་དུ་བརྩམས་པ་ཞིག་མ་རེད་དམ།

  3. བར་འདུམ་པ། says:
    2010-01-08 at 9:56 pm

    ཀྱིས་

  4. ཀརྨ་དགེ་ལེགས། says:
    2010-01-08 at 10:27 pm

    དབྱིན་ཡིག་ལོ་རྒྱུས་མ་ཤེས་ན་ལན་རེ་འདེབས་འདོད་ཀྱང་ཁ་རེ་གདེང་བ་ལས་ང་ལ་ཐབས་གང་ཡང་མི་འདུག

  5. དགེ་འདུན་རབ་གསལ says:
    2010-01-08 at 11:23 pm

    དགེ་ཆོས་ཀྱི་གཏམ་ངོ་མ་དེ་འདི་ན་འདུག གཟིགས་རོགས། འབྲེལ་ཐག་འདི་ནས་ ༡༩༣༨ ལོའི་ཟླ་ ༦ ཚེས་ ༢༨ ཉིན་གྱི་འདོན་ཐེངས་ལ་གཟིགས་ན་མཐོང་ཐུབ་པ་འདུག
    http://www.tibet.columbia.edu/library_collections/mirror/index10.html

  6. གཞོན་ནུ་ཟླ་མེད says:
    2010-01-08 at 11:41 pm

    ཨ་ཁུ་སྤྱང་གུས་འདུར་རྒྱུགས་ཁྲོད་ནས་རྙེད་པའི་ཤ།
    ཕོ་རོག་ནག་ཆུང་སྔོན་ལ་རྒྱུགས་ནས་ངོམ་སོ་ཁྱེར།།
    སྡེ་མི་ཁ་ཤས་ལ་བཏུས་ལུང་བཏུས་བྱས་པའི་རྩོམ།།
    མྱིག་རྫོབ་རྐུབ་ཀྱོག་སྔོན་ལ་རྒྱུགས་ནས་ངོ་དགའ་བྱེད།།
    སྔོན་ནས་བསུས་དེ་རྔ་མ་གཡུག་པའི་དུད་འགྲོ་དེར།།
    འཇིག་རྟེན་འདི་ན་ནོར་སྲུང་ཅེས་སུ་མི་རྣམས་འབོད།།
    རྔ་མ་མེད་ཀྱང་སྔོན་ལ་རྒྱུགས་པའི་རྐང་གཉིས་པ།།
    རྒྱུགས་ཁྱི་ཞེས་སུ་བོས་ན་འེ་འཚམ་མཆེད་གྲོགས་དག།

  7. གཅན་བཟོད་རྒྱམ། says:
    2010-01-09 at 1:05 am

    བཀུར་འོས་རྔ་བ་རྒྱལ་ཁམས་པ་ལགས་ཀྱི་རྩོམ་ཡིག་བཀླགས་རྒྱུ་བྱུང་བར་དངོས་གནས་དགའ། འདི་འདྲའི་ཕྱོགས་ལ་བློ་མིག་འདྲ་ཞིག་ཕྱེས་སོང་། ཐུགས་རྗེ་ཆེ་ཞུ། དེ་མིན་བགྲོ་གླེང་ཅང་བྱེད་ཤེས་ཀི་མེད།

  8. ཁ་ཕྱོགས་མེད says:
    2010-01-09 at 1:51 am

    སྤྱིར་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་འགྱུར་བརྒྱུད་རིམ་ཁྲོད་བལྟས་པ་ཡིན་ན་ཤར་ནུབ་ལ་ཁྱད་པར་མེད་པ་ཐོག་མར་ཡུལ་དེ་ན་གནས་པའི་ཆོས་ལུགས་སོགས་ལྟ་གྲུབ་གང་ཞིག་ཡོད་པ་དེས་མིའི་རིགས་ཀྱི་བསམ་བློ་དབང་བསྒྱུར་བྱེད་ལ་དབང་བསྒྱུར་དེའི་འོག་ནས་བརྒལ་མ་ཐུབ་མཁན་དང་དེ་ལ་བརྟེན་ནས་བྱུང་བའི་མཁས་པའང་མང། སྐབས་འགར་དེ་ལས་རིང་དུ་སོང་བ་བྱུང་གི་ཡོད་དེ་དག་ལ་ཉེ་ཆད་ཕོག་པའང་མང།
    གང་ལྟར་ཐོག་མར་ས་གཞི་ནི་སྣང་ཚུལ་ལྟར་ལེབ་ལེབ་དུ་འདོད་པ་འཇིག་རྟེན་ཀུན་ཏུ་ཁྱབ། འདོད་ཚུལ་དེའི་ཌྷའོག་ཏུ་ཡོབ་རབ་ཀྱི་མཁས་པ་རྣམས་ཀྱང་ལོ་མང་དུ་གནས་ཡོད་པའི་དངོས་ཡོད་དེ་ང་ཚོས་ཁས་ལེན་དགོས་པ་ཞིག་རེད།

  9. རྩམ་དགའ་ says:
    2010-01-09 at 7:36 pm

    བཀུར་འོས་རྔ་བ་རྒྱལ་ཁམས་པ་ལགས་ནས་ངོ་མར་ཡག་པོ་བྲིས་ཡོད་ཀི
    བྲག་རིར་ལྟ་བུའི་ལུང་གི་རྒྱབ་རྩ། མདའ་མོར་ལྟ་བུའི་རིག་པའི་དཔྱད་སྟངས་བཅས་མཁས་པའི་འགྲོ་ལུགས་འདི་འདྲར་གནང་བར་ཐུགས་རྗེ་ཆེ་ཞུ།

  10. བོད་པ says:
    2010-01-09 at 11:33 pm

    རྔ་བ་ལགས། འཇིགས་རྟེན་ལེབ་ལེབ་དང་རིལ་རིལ་ཡིན་མིན་མང་ཉུང་སྡུར་ནས་ཐག་གཅོད་དགོས་པ་ཞིག་མ་རེད། ཁྱེད་ཀྱིས་སྔོན་མ་ཡོ་རོབ་པས་འཇིགས་རྟེན་ལེབ་ལེབ་ཤ་སྟག་ཡིན་པར་འདོད་པ་དང་རིལ་རིལ་ལབ་ན་གསོན་པོ་མེ་བསྲེགས་པའི་ཁུངས་འདྲ་སྟོན་ཐུབ་མི་འདུག རྩོད་པ་གཙོ་བོ་དགེ་ཆོས་ཀྱིས་བོད་པས་འཇིགས་རྟེན་རིལ་རིལ་ཡིན་པར་བཤད་པའི་གཞུང་ལུགས་དཔེ་ཆ་མང་དག་ཅིག་ཡོད་པ་མ་ཤེས་བ་དེ་རེད། སྤྱིར་དགེ་ཆོས་ཀྱིས་བོད་ཀྱི་སྐར་རྩིས་སམ་གནམ་རིག་གི་གཞུང་གཅིག་ཀྱང་མཐོང་མ་མྱོང་བ་འདྲ། མཐའ་ན་ཁོས་བླ་བྲང་གི་འཇིགས་རྟེན་རིལ་རིལ་གྱི་ས་ཁྲ་དང་ཐང་ཀ་མཐོང་མྱོང་མེད་ས་རེད།དགེ་ཆོས་ཁོ་བོས་གནམ་རིག་ཕར་ཟད་ལོ་རྒྱུས་ཀྱི་ལོ་ཚགས་ཡག་པོ་ཞིག་སྒྲིག་མི་ཤེས་བ་་ནི་སྐར་རྩིས་མ་ཤེས་བའི་སྐྱོན་རེད། དགེ་ཆོས་ཀྱིས་བོད་པའི་མཁས་པ་ཚོར་འཇིགས་རྟེན་ལེབ་ལེབ་ཤ་སྟག་འདོད་གི་འདུག་ཅེས་སྐུར་བ་བཏབ་པ་རེད། དགེ་ཆོས་ལ་ཆི་ཁག ཁོའི་རྗེས་ཀྱི་ལོ་ལྔ་བཅུ་སོང་ནས་དུས་རབས་ཉེར་གཅིག་པའི་ནང་ལ་འང་བོད་པའི་ཤེས་ཡོན་པ་ཡིན་ཟེར་མཁན་ཚོས་ད་དུང་བོད་པས་འཇིགས་རྟེན་རིལ་རིལ་འདོད་པ་ཤེས་ཡོད་པ་མ་རེད། བོད་པའི་འཇིགས་རྟེན་རིལ་རིལ་འདོད་པའི་དཔེ་ཆ་ཤེས་འདོད་ཡོད་ན་ངས་མ་མཐའ་ཡང་དཔེ་ཆ་བཅུའི་མིང་འདི་ནས་མཁོ་སྤྲོད་བྱེད་ཐུབ།

  11. ཁ་ཕྱོགས་མེད says:
    2010-01-10 at 1:13 am

    ཡང་རིག་རལ་དང་བོད་པ་ཁྱེད་གཉིས་ཀྱིས་གཞུང་ལུགས་ལ་ངེས་ཆ་ཆེན་ཡོད་མདོག་གིས་བོད་ཡིག་ནང་དགེ་ཆོས་མ་བྱུང་གི་སྔོན་དུ་ས་གཞི་རིལ་རིལ་ཡིན་པའི་གཞུང་ལུགས་མང་བོ་ཡོད་ཚུལ་བཤད་པ་དང་དེ་མཁས་པ་ཁོང་གིས་མ་མཐོང་ཚུལ་དང་མ་ཤེས་ཚུལ་སོགས་རང་མཚང་སྟོན་པ་མང་བོ་ཞིག་བྲིས་འདུག་པའི་ནང་ནས་ཁྱེད་གཉིས་ཀྱིས་དཔེ་མཚོན་དུ་བཀོད་པ་སྐར་རྩིས་དང་དཔལ་དུས་ཀྱི་འཁོར་ལོ་གཞུང་ལུགས་རྣམས་བགྲང་འདུག་པས།
    དུས་འཁོར་དུ་འཇིག་རྟེན་ཆགས་ལུགས་བཤད་སྐབས་དཔལ་དུས་ཀྱི་འཁོར་ལོའི་ལུས་ཀྱི་ཆགས་རིམ་ལྟར་འཆད་ཀྱི་ཡོད་པས་ཁྱེད་གཉིས་ལྟར་ན་དཔལ་དུས་འཁོར་ཡང་རིལ་རིལ་ཞིག་ཡིན་པ་འདོད་ཀྱི་ཡོད་པ་འདྲ།
    བོད་དུ་ཡོད་པའི་སྐར་རྩིས་ཀྱི་གཞུང་ལུགས་གང་ཞིག་ན་འཇིག་རྟེན་རིལ་བུ་ཡིན་པ་བཤད་འདུག་ཁྱེད་ཀྱིས་སྟོན་རྒྱུ་ཡོད་ཟེར་བ་སྟོན་ཤོག ད་དུང་བོད་པས་འཇིག་རྟེན་རིལ་བུ་ཡིན་པ་སྟོན་བྱེད་ཀྱི་གཞུང་ལུགས་རྙིང་བ་བཅུ་གྲངས་ཤིག་བགྲང་དགོས་རུང་བགྲང་རྒྱུ་ཡོད་ཟེར་འདུག་པས་ཡོད་ན་བགྲང་རན་རེད་མིང་ཙམ་མ་ཡིན་པར་གཞུང་ལུགས་རེ་རེས་འཇིག་རྟེན་རིལ་བུ་སྟོན་བྱེད་ཀྱི་ཚིག་དངོས་སུ་དྲངས་རོགས།
    ཁ་ཤོམ་མ་གཏོགས་སྔོན་དུས་ཀྱི་མཁས་པས་མ་མཐོང་བ་ཞིག་ཁྱེད་གཉིས་ཀྱིས་གསར་བ་རྙེད་ན་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
    དེ་མིན་ཁོངས་མི་འཆོལ་བའི་ཚིག་སྟོང་དེ་ཚོ་མ་བཀྲམ་ན་སྙིང་བོ་མེད་ཀི་ཡ།
    ད་དེ་ཙམ་བྱེད།

  12. མདའ་ཚན་ཚེ་རིང says:
    2010-01-11 at 6:16 am

    མཁས་དབང་དགེ་ཆོས་ཀྱི་སྔོན་ལ་བོད་པའི་ས་གཞི་རིལ་རིལ་ཡིན་པའི་དཔེ་ཆ་བཅུ་མི་དགོས་ལྔ་ཙམ་སྟོན་ཐུབ་ཚེ་སྟོན་རོགས་ཞུ་རྒྱུ། དེ་མིན་ཁུངས་མེད་ཀྱི་འཁྱལ་ཚིག་མ་སྨྲོས་ན་བཟང་། ཡང་ཟེར་རྒྱུའི་ཕོངས་ཚེ་ང་དགེ་ཆོས་ལགས་ལ་དགའ་གྱི་མི་འདུག་ཞེས་བཤད་རྒྱུ་ལས། མ་ཤེས་ཤེས་མདོག་དང་མ་རིག་རིག་གིས་རང་ཉིད་ཕོངས་རྒྱུ་ལས་གཞན་མེད།

  13. མདའ་ཚན་ཚེ་རིང says:
    2010-01-11 at 6:18 am

    མ་རིག་རིག་མདོག

  14. འཛེར་མ་ར་མགོ། says:
    2010-01-12 at 11:16 am

    ཨོྂ་མ་ཎི་པདྨེ་ཧཱུྂ། དགེ་ཆོས་འདི་སྙིང་མ་རྗེ། ཤི་ས་ལའང་འདུག་བཅུག་གི་མི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (99)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (85)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (34)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme