Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་ཕམ་ཤོས་ཤིག

Posted on 2011-09-21 By ཁ་བརྡ་ 5 Comments on བློ་ཕམ་ཤོས་ཤིག

བདེ་ཆེན་སྤེན་པ།

འདི་ཟླའི་ཕྱི་ཚེས་བཅོ་བརྒྱད་དགོང་མོ་དུས་ཚོད་དྲུག་སྐར་མ་བཅུ་གཅིག་སྟེང་བརྒྱབ་པའི་ས་ཡོམ་དེ་ཚད་རིམ་དྲུག་དང་ཚེག་དགུ་ཡིན་པ་དང་།རྒྱ་གར་བྱང་ཤར་མངའ་ཁུལ་ཀ་རྡོར་སྒང་གསུམ་གྱི་ས་གནས་ཁག་གཙོ་བོ་ཆགས་ཡོད།ཚད་རིམ་དྲུག་དང་ཚེག་དགུ་ཅན་གྱི་རྗེས་སུ་ཡང་བསྟུད་མར་ཚད་རིམ་བཞི་དང་ཚེག་བརྒྱད་དང་།བཞི་དང་ཚེག་དྲུག་སོགས་སྔ་ཕྱི་ཐེངས་ཉི་ཤུར་གཡོ་འགུལ་བྱུང་ཡོད་འདུག

གནས་ཚུལ་ཡོང་ཁུངས་ནས་ཤེས་རྟོགས་ལྟར་ན་ད་བར་མི་གོ་བརྒྱད་ཙམ་འཆི་སྐྱོན་དང་།འགྲིམ་འགྲུལ་གྱི་ལམ་ཁ་དང་ཁ་པར་བརྒྱུད་ལམ་སོགས་འགག་སྟེ་ད་དུང་གནས་ཚུལ་རྒྱུས་ལོན་ཐུབ་མེད་པའི་ས་གནས་ཀྱང་གང་འཚམ་ཡོད་སྐད། གནས་ཚུལ་ནས་ད་དུང་ཤི་རྨས་ཀྱི་གྲངས་ཚད་འཕར་རྒྱུ་ཡིན་སྐོར་དང་།སྡོད་ཁྱིམ་ཐོར་ཞིག་ཏུ་ཕྱིན་པ་དང་གས་ཆག་ཏུ་གྱུར་པ།དེ་བཞིན་རི་ཉིལ་ས་ཉིལ་གྱིས་གཞུང་ལམ་ཆད་པ་སོགས་ཀྱི་དཀའ་ངལ་མུ་མཐུད་གནས་ཡོད་པ་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་དང་ཐོན་བཞིན་ཡོད།

ཨ་རི་ས་ཁམས་བརྟག་དཔྱད་ཚན་ཁག་ཅིག་གིས་བཤད་པ་ལྟར་ན།འདས་པའི་ལོ་སོ་ལྔའི་ནང་ད་ལྟ་ས་ཡོམ་རྒྱག་ཡུལ་དང་རྒྱང་ཁད་ཀེ་ལོ་མུ་ཊར་བརྒྱའི་གཡས་གཡོན་དུ་ས་ཡོམ་ཐེངས་བཅོ་བརྒྱད་ཙམ་བརྒྱབ་ཡོད་ཚུལ་དང་།དེ་དག་གི་ཁྲོད་ཚད་རིམ་ཆེ་བ་དེ་ཕྱི་ལོ་༡༩༨༠ལོར་དྲུག་དང་ཚེག་གཅིག་ཅན་ཞིག་བྱུང་རྗེས།ད་རབས་ཀྱི་ས་ཡོམ་དྲུག་དང་ཚེག་དགུ་ཅན་འདི་ཚད་རིམ་མཐོ་ཤོས་དེ་ཡིན་པར་ངོས་འཛིན་གནང་ཡོད།

ཀ་རྡོར་སྒང་གསུམ་འདི་ལོ་རྒྱུས་ཐོག་བོད་མིར་འབྲེལ་ཡོད་ཀྱི་ས་གནས་ཤིག་ཡིན་པ་ཟད། ལོ་རབས་ལྔ་བཅུ་ནང་བོད་ལ་དུས་འགྱུར་བྱུང་རྗེས་སྐྱབས་བཅོལ་བོད་མི་ཉིས་ཁྲི་ཡས་མས་ཀྱི་འཚོ་རྟེན་བཅོལ་ཡུལ་དེ་ཆགས་ཡོད་སྟབས།ད་རབས་ཀྱི་ས་ཡོམ་འདིས་འབྲས་ལྗོངས་ཁུལ་གྱི་ལ་ཆེན་ལ་ཆུང་བརྒྱུད་དུ་སྡོད་པའི་བོད་མི་དང་།ར་ཝང་ལ་ཀུན་ཕན་གླིང་བོད་མའི་གཞིས་སྒར།སྒང་ཏོག་ཏུ་གནས་སྡོད་བོད་མི་དང་དགོན་སྡེ།ཀ་སྦུག་ཁུལ་གྱི་བོད་མི་གཞིས་གྲོང་དང་དགོན་སྡེ།རྡོར་གླིང་ཁུལ་གྱི་བོད་མིའི་གཞིས་གྲོང་དང་དགོན་སྡེ་ཁག་ལའང་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད།

ཉེན་ཚབས་ཆེ་བ་ཞིག་ལ་འབྲས་ལྗོངས་ཁོངས་སུ་རྒྱ་གར་བོད་སློབ་འཛིན་ཚོགས་འོག་འཛིན་རིམ་བརྒྱད་པ་བར་དང་།བོད་གཞུང་སཾ་སློབ་ཁྱབ་ཁོངས་འོག་འཛིན་རིམ་བརྒྱད་པ་བར་ཡོད་པའི་གཏན་སློབ་གཉིས་དང།ཀ་སྦུག་ཏུ་རྒྱ་གར་བོད་སློབ་འཛིན་ཚོགས་འོག་འཛིན་རིམ་བཅུ་གཉིས་བར་ཡོད་པའི་གཏན་སློབ་གཅིགདེ་བཞིན་རྡོར་གླིང་དུ་འཛིན་རིམ་བཅུ་གཉིས་བར་དང་།བརྒྱད་པ་བར་ཡོད་པའི་གཏན་སློབ་གཉིས་དང་། བོད་གཞུང་སཾ་སློབ་ཁྱབ་ཁུངས་འོག་དམའ་རིམ་སློབ་གྲྭ་གཅིག་བཅས་བསྡོམས་སློབ་གྲྭ་ཁག་དྲུག་དང་། གཞུང་འབྲེལ་མིན་པའི་ལྕགས་པོ་རི་སྨན་རྩིས་ཁང་དང་།འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཤེས་ཡོན་གྱི་སྡེ་ཁག་ཇི་སྙེད་ཅིག་ཡོད།

གོང་གསལ་གྱི་ཤེས་ཡོན་སྡེ་ཁག་དེ་དག་གི་འཛུགས་བསྐྲུན་རྨང་གཞི་ལའང་གས་སྐྱོན་སོགས་བྱུང་ཡོད་པ་མ་ཟད།དགེ་རྒན་ཤི་རྨས་ཀྱིས་མཚོན་སློབ་ཕྲུག་གི་སེམས་ཁམས་ལ་བརྗོད་མི་ཤེས་པའི་འཇིགས་སྣང་དང་དངངས་ཚོར་ཆེན་པོ་ཞིག་བསྐྲུན་ཡོད། ས་ཡོམ་གོད་ཆག་བྱུང་ནས་ད་བར་དུས་ཚོད་བདུན་ཅུ་ཙམ་འགྲོ་བཞིན་ཡོད་ཀྱང་། རང་གཞུང་གི་སྲིད་སྐྱོང་མཆོག་གིས་དབུས་ཤེས་རིག་བཀའ་བློན་གྱི་མཚན་ཐོག་གམ། ཡང་ན་ཤེས་རིག་དྲུང་ཆེ་གང་རུང་གི་མཚན་ཐོག་ཏུ་སྐུ་ཚབ་ཆེད་གཏོང་གིས་སེམས་གསོའི་འཚམས་འདྲི་འམ་ཡང་ན་དེ་མཐུན་གྱི་སྔོན་འགོག་ལམ་སྟོན་གནང་འཐུས་མེད་ཀྱང་།ས་གནས་བདེ་དོན་ཁག་བརྒྱུད་ཡིག་ཐོག་སེམས་གསོའི་གསུང་འཕྲིན་ཞིག་ངེས་པར་དགོས་ངེས་ཡིན་མོད།ད་བར་དེ་སྐོར་ལ་གྲག་འགུལ་གང་ཡང་མེད་པ་འདིས།དགེ་སློབ་མང་པོ་ཞིག་བློ་ཕམ་ངང་བསྡད་ཡོད་པ་མ་ཟད།དེ་ཁུལ་གྱི་བོད་མི་མང་པོ་
ཞིག་གིས་ཀྱང་རང་གཞུང་གིས་ཐུགས་གསོའི་འཚམས་འདྲི་མེད་པར་ཡིད་ཐང་ཆད་ཡོད་ཚུལ་འབྲེལ་ཡོད་ཞིག་གིས་ཕྲན་ལ་བརྗོད་བྱུང་།

ས་ཡོམ་དེ་བྱུང་མ་ཐག་རྒྱ་གར་སྲིད་འཛིན་གྱིས་འབྲས་ལྗོངས་བློན་ཆེན་ལ་ཞལ་པར་ཕུལ་ནས་སེམས་གསོ་དང་གཞུང་གིས་སྐྱོབ་གསོ་ཇི་དགོས་སྐོར་བཀའ་མོལ་གནང་ཡོད་ལ།རྒྱ་གར་གཞུང་འཛིན་congress ཚོགས་པའི་རཱ་ཧོ་གྷན་དྷི་མཆོག་དང་ West Bengal མངའ་སྡེ་བློན་ཆེན་བློན་ཆེན་ Mamta Benerjeeརྣམས་ཀྱང་ས་གནས་ལ་དུས་ཐོག་གཟིགས་སྐོར་དུ་ཕེབས་ཡོད་པ་སོགས་ལ་གཞིགས་ཚེ། ང་ཚོའི་སྒྲིག་འཛུགས་འདིའི་འཛིན་སྐྱོང་གསར་བ་ཚོར་ཡང་དེ་ཙམ་གྱིས་རེ་བ་གསར་བ་ཞིག་མེད་པ་ར་སྤྲོད་གསལ་བོ་བྱུང་།

སྣ་ཚོགས།

Post navigation

Previous Post: མི་རབས་གསར་བའི་དྲ་ཚིགས།
Next Post: བཙན་བྱོལ་བོད་མིའི་ལོ་རྒྱུས་དང་འབྲེལ་བའི་འདྲ་པར་གང་མང་ཞིག་འགྲེམ་སྟོན་བྱ་རྒྱུ་ཡིན་།

Comments (5) on “བློ་ཕམ་ཤོས་ཤིག”

  1. དབྱངས་སྒྲོན། says:
    2011-09-22 at 8:19 am

    རང་རེའི་མ་འོངས་པའི་སོན་རྩ་ཤེས་ཡོན་གྱི་སྡེ་ཁག་དེ་འདྲ་མང་ས་ཞིག་ལ་རྐྱེན་ངན་བྱུང་ཡང་། བཀའ་ཤག་གསར་བ་ཚོས་ད་དུང་གོ་མེད་ཀྱི་ཚོད་དུ་བཞུགས་པ་ནི་འདིས་བློ་ཕམ་ཆེན་པོ་ཞིག་རེད།

  2. གླིང་ཚང་འཇིགས་མེད། says:
    2011-09-22 at 12:17 pm

    ས་ཡོམ་བརྒྱབ་ནས་དུས་ཚོད་མང་པོ་སོང་འདུག ས་ཡོམ་རྒྱག་སར་བོད་མི་མང་བོ་ཞིག་ཡོད་སྐད་ཐོས། ལྷག་པར་ཤེས་ཡོན་གྱི་སྡེ་ཁག་དེ་འདྲ་མང་ས་ཞིག་ལ་སྲིད་སྐྱོང་གིས་སེམས་གསོ་ཙམ་ཡང་མ་གནང་བ་ནི། སྲིད་སྐྱོང་གིས་དེ་སྔ་ཤེས་ཡོན་གྱི་ཁོར་ཡུག་ཐད་དམིགས་བསལ་ནུས་པ་འདོན་རྒྱུ་ཡིན་སྐོར་བཤད་པ་དེ་སྟོང་སེམས་ཤིག་རེད།

  3. འཇིགས་རྒྱམ། says:
    2011-09-22 at 12:25 pm

    ངོ་མ་སེམས་ནི་ཞིག་རེད། ང་ཚོའི་སྲིད་སྐྱོང་འདིས་དེ་སྔ་ཤེས་ཡོན་སྐོར་ལ་ནུས་པ་འདོན་རྒྱུ་ཡིན་པ་ལན་མང་བཤད། ད་ལྟ་ས་ཡོམ་གྱིས་གནོད་ཐེབས་ས་ཁུལ་ལ་ཆེད་བཅར་མ་ཐུབ་ཀྱང་། བོད་མིའི་སློབ་གྲྭ་ཁག་ལ་སེམས་གསོ་ཞིག་ངེས་པར་དགོས་ངེས་ཡིན།

  4. ལུང་རྟོགས། says:
    2011-09-24 at 3:58 pm

    བོད་མི་འདི་ཚོ་དཀའ་ངལ་ཞྀག་བྱུང་མ་འཛིན་སྐྱོང་ལ་ཁ་བཏོང་རྒྱུ་ལས་གཞན་གང་ཡང་མི་ཤེས་པ་ཨེ་རེད།

  5. ལུང་རྟོགས། says:
    2011-09-24 at 4:00 pm

    བྱུང་ན་ཞེས་བཅོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme