Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བླ་སྤྲུལ་མིན་ན་གཙོ་བོ་མིན།

Posted on 2012-10-252012-10-25 By ཁ་བརྡ་ 5 Comments on བླ་སྤྲུལ་མིན་ན་གཙོ་བོ་མིན།

རྔ་བ་བརྒྱད་གསུམ་གཅིག་དྲུག

དགེ་ལྡན་གཙུག་ལག་སློབ་གཉེར་ཁང་*གི་ཡིད་འོངས་ཁྱམས་རའི་མཐའ་འཁོབ་དུ།།
ཨ་གར་དང་ནི་ཙན་དན་སོགས་ཀྱི་དྲི་ཞིམ་མངར་མོའི་དུ་བསང་ལྡིང་།།
རྨ་བྱ་གཙོས་པའི་འཇོལ་མོའི་ཁྱུ་ཡིས་སྤྲོ་སེམས་ངོམ་བཞིན་གཤོག་རྩལ་འགྲན།།
བཅོས་མིན་དགའ་སེམས་གང་བའི་འཇོལ་མོར་ལྟ་བཞིན་ལྟ་བཞིན་འདི་ལྟར་དྲན།།

ལྗོན་པ་དག་གི་ཡལ་གའི་སྟེང་ན་འཇོལ་མོའི་གཤིས་འཇམ་ལྷང་ངེར་འབུས།།
རྩེ་འདོད་མྱོས་པའི་བྱེའུས་སྐད་སྙན་གསལ་ལ་མི་གསལ་ནགས་སུ་ཉུལ།།
བརྩེ་སེམས་རྒོད་པོས་གཤོག་རྩེ་འདར་བཞིན་ང་ལ་མིག་གིས་རིག་རིག་ལྟ།།
ཚོད་བགམ་ལས་ལ་འཆུགས་པ་མེད་ན་ང་ཡི་རང་གཤིས་ཤེས་སོང་ཐལ།།

འདབ་ཆགས་བྱ་ཡི་ལས་དབང་དམན་ཀྱང་རང་གི་ཐད་ནས་བཙན་ས་བཟུང་།།
བྱ་དང་བྱིའུའི་འཚོ་ཐབས་ཞན་ཡང་དུངས་སེམས་དྲོད་པོ་མི་ལས་ལྷག །
མ་ཡི་དྲུང་གིི་བྱིའུས་གཅེས་སྐད་བདེ་སྐྱིད་འཇམ་པོ་བལ་གྱི་ཡན།།
ང་དང་གངས་རིའི་ལས་དབང་བསམ་ན་འདབ་ཆགས་བྱ་ཡི་རྗེས་སུ་ལུས།།

ང་རང་ཐེ་བའི་གངས་རིའི་རང་གཤིས་སྟོད་སྨད་འཁྱོག་གསུམ་སྤང་བརྗོད་ན།།
མི་རིགས་འདི་ཡི་འཕེལ་ཁ་མ་བལྟས་བཙུན་པའི་སྡེ་ལ་ནན་གྱིས་འཇུག །
རྩོལ་བའི་ལས་ལ་འཇུག་པ་སྤངས་ནས་བསྟན་རྒྱས་སྨོན་ལམ་དབྱངས་སུ་གྱེར།།
རྒྱུ་འབྲས་བློ་མིག་ཅི་ལྟར་བརྩིས་ཀྱང་བླ་སྤྲུལ་མིན་ན་གཙོ་བོ་མིན།།

*དགེ་ལྡན་གཙུག་ལག་སློབ་གཉེར་ཁང་ནི་དགེ་ལུགས་རྒྱུགས་ཆེན་མོ་གཙོ་བོ་གྱུར་པའི་དགེ་ལུགས་སྤྱིའི་ལས་ཕྱག་ལས་ཁུངས་ཡིན། ཕྱི་ལོ་ ༢༠༡༢ ༡༠ ༢༣ ཉིན།

སྙན་ངག

Post navigation

Previous Post: བདེན་པའི་མེ་ལྕེ་ཨོ་སི་ཏྲི་རི་ཡའི་ནང་འབྱོར་བ།
Next Post: ངས་བལྟས་ན་ཁྱོད་ལ་གཅིག་དགོས་འདུག

Comments (5) on “བླ་སྤྲུལ་མིན་ན་གཙོ་བོ་མིན།”

  1. བྱམས་པ་ལྷུན་གྲུབ། says:
    2012-10-25 at 3:08 pm

    གཏམ་འགོ་བལྟས་ན་གནད་ཅིག་ཡོད་མདོག།
    གཏམ་རྒྱུད་རིམ་བཞིན་ཞིབ་ལྟ་བྱེད་དུས།།
    གོ་རྒྱུ་ཚོར་རྒྱུ་ཅི་ཡང་དབེན་པའི།།
    གཏམ་འདི་ཅི་ཡིན་ཁུངས་ལུང་མི་འདུག།

  2. མེ་ཏོག་དཀར་པོ says:
    2012-10-25 at 10:51 pm

    གབ་ཚིག

  3. མེ་ཏོག་དཀར་པོ says:
    2012-10-26 at 1:24 am

    ཚར་བཅུ་བཀླགས་པས་ཅུང་གོ་བ་ནི། གྲྭ་པ་དཀྱུས་མའི་མི་ཚེ་དོན་མེད་རེད། རྒྱོ་རྒྱག་རྒྱུའང་མི་རག མི་རིགས་ལའང་གནོད། འཚོ་ཐབས་ཀྱང་ཞན། བླ་སྤྲུལ་རྒྱག་པ་ཚོ་ཡིན་ན་དམིགས་བསལ་རེད། དེ་ཚོ་ཡང་ཁོ་རང་སྡོད་སའི་བྱ་བྱིའུས་སྐྱིད་པོ་བཏང་བ་མཐོང་བའི་རྐྱེན་གྱིས་དེ་ལྟར་དྲན་པ་ལྟར་སྣང་།

  4. གནམ says:
    2012-10-26 at 1:47 am

    ཡི་གེ་ནོར་ཙམ་ནང་ན་གཏམ་བརྗོད་སྙན་ཙམ་འདུག་པས། འབྲི་ཐུབ་ནི་ཞིག་གི་ཚུགས་ཀ་ཡོད་ཀི། མུ་མཐུད་དུ་ཤི་འཇུ་རོ་འཇུ་བྱོས་རེད། རེ་བ་ཞིག་ཡོད་ནི་རེད།
    གོ་ནི་ཕྲིས། དུས་རབས་གསར་བ་རེད། ཁ་གསལ་ན་གོ་བདེ། ནམ་ལངས་ན་འགྲོ་བདེ་ཟེར་བ་རེད།

  5. སྙེ་ལྷའི་ཐུགས་སྲས། says:
    2012-10-26 at 10:15 am

    སྨོན་པ་བྱ་ལ་ཤོར་བའི་བཙུན་པ་དེ། །དོན་སྙིང་སྤྲུལ་སྐུའི་ཚོགས་ལ་སྡང་བའི་གཤིས། །ཡིག་ཚོགས་ནག་པོས་ཤུགས་ལ་འབུད་སྟངས་དེ། །དོན་སྙིང་བྱ་ལས་དམན་པ་བདེན་པར་མཐོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme