Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བླ་རུང་སྒར་གྱི་འུག་རྒན་འགའ་ལ་ལན་ལྡོན་པ།

Posted on 2015-09-082015-09-08 By ཁ་བརྡ 14 Comments on བླ་རུང་སྒར་གྱི་འུག་རྒན་འགའ་ལ་ལན་ལྡོན་པ།

unnamed-3——-? རྒོལ་མདའ།

 
ཁ་སང་ཞོགས་པར་སྐད་འཕྲིན་གྱི་སྤྱི་གླེང་དུ་དྲྭ་གྲོགས་ཚོས་གལ་ཆེན་འགངས་ཆེན་ཉིད་དུ་བྱས་ཏེ། “ཨ་མ་ཡིན་ཤག་དང་། ནུ་མ་ནུ་ཤག་”གི་དཔེ་བཞིན་བརྒྱུད་སྒྲོག་བྱེད་ཀྱིན་ཡོད་པ་ཞིག་ནི། ཉེ་བའི་ཆར་རྫོང་སར་མཁྱེན་རྩེ་དང་གསེར་རྟ་སྒར་གྱི་མཁན་པོ་རིག་དར་གཉིས་ཕན་ཚུན་སྐད་ཆ་འགའ་བཤད་རེས་བྱས་ཡོད་པ་དེ་རེད། གནད་དོན་ཆེ་ཕྲ་ཅི་ཞིག་ཡིན་རུང་དད་པ་དང་ཕྱོགས་འཛིན་གཙིགས་སུ་བཟུང་སྟེ། “མཛུབ་མོས་གར་བསྟན་ཤར་”ཟེར་བའི་གཏམ་དཔེ་བཞིན་ཁས་ལེན་རྐྱང་བྱེད་པའི་གཤིས་ཀ་མེད་པའི་དབང་གིས་ཅི་ཞིག་བཤད་ཡོད་པར་སྙམ་སྟེ་རྩོམ་ཡིག་དེ་ཞིབ་ཀྱིས་ཀློག་སྐབས། ཁེར་དགོད་ཤོར་བ་དང་ལྷན་རིག་དར་གྱིས་འཁྲབ་སྟོན་འགའ་ཞིག་ཐེར་འདོན་གྱིས་ཚུལ་དུ་དོགས་འདྲའི་བསམ་ཚུལ་ཐུང་ངུ་ཞིག་བྲིས་ཏེ་སྐད་འཕྲིན་དང་ངོ་དེབ་ཀྱི་སྤྱི་གླེང་དུ་བཞག་རྗེས། དྲང་ལྡོག་གཉིས་ཀ་ནས་ལྟ་ཚུལ་དང་བརྒྱུད་སྒྲོག་བྱེད་མཁན་བརྒྱ་ཕྲག་ལ་ཉེ་བ་ཞིག་བྱུང་།

ཡིན་ནའང་ཁོ་བའི་ཕྱོགས་གཏོགས་འགའ་ཞིག་གིས་སྐད་ཆ་དེ་གོང་འོག་སྒྲིག་མ་ཤེས་ཚུལ་དང་། ཚིག་རིས་ཇི་བཞིན་རིག་དར་གྱི་བསམ་བློའི་རྒྱབ་ལྗོངས་མཚོན་མི་ནུས་པ་སོགས་དྲང་དོན་དང་ངེས་དོན། བསྐྱར་འགྲེལ་ཡང་འགྲེལ། ཐབས་དང་ལྷུ་སྒྲིག་རྒྱུ་ཅི་རྙེད་རེ་བྱས་ཏེ། སྒེར་འབྲེལ་ཐོག་ཡིག་ཉོག་འགའ་ཞིག་གཅིག་རྗེས་གཉིས་མཐུད་བྱས་ཏེ་འབྱོར་མོད། དུས་ཚོད་ཀྱི་དབང་གིས་“དགོད་རྒྱུ་ཡོང་གི་འདུག ཁྱེད་ཅག་གིས་གོང་འོག་སྒྲིགས། དྲང་དོན་དང་ངེས་དོན་བཤད་དེ་བསྐྱར་འགྲེལ་ཡང་འགྲེལ་བྱོས། དད་པ་གྱིས། ཕྱོགས་རིས་བྱོས། དེ་ནི་ཁྱེད་ཅག་ལ་དབང་བའི་བློ་མིག་ཅིག་ཡིན་ངེས།” ཞེས་པའི་ལན་ཐུང་ངུ་འདི་ང་ལ་འབྱོར་བའི་ཡིག་ཉོག་ཅིག་དང་ལྷན་བསྐྱར་དུ་སྐད་འཕྲིན་གྱི་སྤྱི་གླེང་དུ་བཞག་སྟེ་རང་སྒེར་གྱི་བྱ་བར་ཞུགས་པ་ཡིན།

ནམ་རྒྱུན་བཞིན་བློ་རྒྱ་ཁབ་མིག་ལས་དོག་པའི་འུར་ལ་དགའ་བའི་དྲྭ་གྲོགས་འགས་རང་རང་གི་ལྟ་ཚུལ་འདོན་རྒྱུ་ཕར་ལ་བཞག་སྟེ། མི་སྒེར་གྱི་ཁེ་དབང་ལ་དོ་ཕོག་དང་སུན་འབྱིན་སྣ་ཚོགས་བྱེད་བཞིན་“ལྟ་ལོག་”དང་“གྲ་ལོག་”“ཤུགས་ལྡན་ཚོགས་པ་”དང་“རྒྱ་མའི་རྒྱུག་ཁྱི་”སོགས་འུ་ཚོས་མ་འགྲིག་མི་མཐུན་སར་དགོལ་རྒྱུའི་འབྲེལ་མེད་ཀྱི་ཚིག་མཚོན་འགས་འཇིགས་སྐུལ་སྣ་ཚོགས་བྱས་མོད། དེ་ནི་ཁོ་བ་ཅག་གི་རང་མདོག་ཅི་ཞིག་ཡིན་པ་སྟོན་བྱེད་ལས། གཞན་ངའི་བ་སྤུ་ཙམ་ལའང་གཡོ་འགུལ་ཐེབས་ཀྱི་མེད་སྟབས། དོན་དངོས་ང་ལ་འགྲན་སློང་བར་འདོད་ན་སྤྱི་སྒེར་ལོགས་སུ་བཀལ་ཏེ་དོན་དངོས་གནད་ལ་འབིགས་པའི་རྩོམ་ཡིག་འགས་ཨ་ལན་སྟེར་འོང་ན་དེས་ཆོག་སྙམ་སྟེ། ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་བཟུང་སྟེ་ལྷོད་ཀྱིས་བཞག་པ་ཡིན།

ཅུང་ཙམ་ནས་སུ་ཡིན་ཆ་མ་འཚལ་བའི་སྒེར་འབྲེལ་ཡོད་པའི་དྲ་གྲོགས་ཤིག་གིས། མཇུག་ཏུ་“རིག་དར་ནས་ཞེས་”མིང་འཁོད་ཡོད་པའི་རྩོམ་ཡིག་ཐུང་ངུ་ཞིག་མཆན་འགོད་སར་བཏང་བ་མ་ཟད། ཁོས་“དོན་གང་ཡང་མ་གོ་བར་ཅལ་འདྲོགས་ལ་དགའ་བའི་ཁྱོས་གོ་བ་གྱིས་” ཟེར་ནས་མཆན་ཞིག་བཏབ་སོང་བ་ལ། འདི་རིག་དར་གྱིས་བྲིས་ཡིན་པར་ཁུངས་གང་ཡོད་ཅེས་དྲིས་མོད། འུར་རྐྱལ་དེས་མཐོང་བ་ནི་གཞན་ཞིག་ཏུ་རིག་འཛིན་དར་རྒྱས་ཟེར་བའི་མིང་འཁོད་པའི་རྩོམ་དེ་བཏང་ཡོད་པའི་པར་རིས་འོས་སྦྱོར་བྱས་པ་ཙམ་ལས། གཞན་ཁུངས་སྣེ་ཡིད་བློ་འཁེལ་བ་ཞིག་ཁྱོན་ནས་སྟོན་རྒྱུ་མི་འདུག

ངས་ཇི་ལྟར་བསམ་བློ་བཏང་ཡང་། གསལ་བཤད་འུ་ཐུག་འདི་འདྲ་བླ་རུང་སྒར་གྱིས་ལས་སྣེ་གལ་ཆེན་ཁུར་མྱོང་བའི་འགོ་བ་ཞིག་གིས་གཏན་ནས་བྱེད་སྲིད་རྒྱུ་མ་རེད་ལ། གལ་ཏེ་རིག་འཛིན་དར་རྒྱས་ཟེར་བ་དེ་རིག་དར་ཡིན་པའི་དབང་དུ་བཏང་ནའང་། གསལ་བཤད་ཐབས་ཆག་འདི་འབྲི་མཁན་རང་ཉིད་ཡིན་པར་གཞན་གྱི་མིག་སྔར་མངོན་བཅུག་རྗེས། མཇུག་ལའང་ནན་ཏིག་ཏིག་གིས་རིག་དར་ནས་ཞེས་འབྲི་དགོས་དོན་མི་འདུག་སྙམ་སྟེ་ལྷག་ཏུ་དོགས་པ་ཟ་སོང་། ཡིན་ནའང་ཡིད་ཕངས་པ་ཞིག་ལ། འབྲེལ་ཡོད་བརྒྱུད་རིག་འཛིན་དར་རྒྱས་ཟེར་བ་དེ་རིག་དར་ཡིན་པ་དང་། རྩོམ་ཐུང་འདི་རིག་དར་གྱིས་བྲིས་པ་ཡིན་པའི་ཁུངས་ཞིག་རྙེད་སྟབས། ཧ་ཅང་ཡིད་ཕངས་སོང་།

unnamed-5

རིག་དར་ཁྱེད་ཀྱིས་ཁ་སང་རྫོང་སར་མཁྱེན་བརྩེར་འདུལ་བ་དམིགས་ཀྱིས་བསལ་ཏེ་མི་ངོར་བལྟས་པ་མ་ཡིན། ཀུན་སྤྱོད་ཡར་སྐུལ་གྱི་སློབ་གསོ་གནང་བར་འཆད་པ་པོ་ལ་བཤད་བྱའི་ཡོན་ཏན་ལྡན་པ་དགོས་ན་ཧ་ཅང་དཀའ་བས་སྐྱོན་མེད་ཚུལ་བཤད་པ་ཡིན་ཞེས་བསྐྱར་དུ་ལྟ་ཚུལ་བཏོན་པ་དེ་རེད།

གཅིག གལ་སྲིད་དགེ་ཚུལ་སློང་གི་ཀུན་སྤྱོད་ཡར་སྐུལ་སློབ་གསོ་གཏོང་བ་ལ། སློབ་གསོ་གཏོང་ཡུལ་ལས་གཏོང་མཁན་ལྷག་པའི་ཆོས་འདུལ་བའི་ཕྱོགས་ཀྱི་ཡོན་ཏན་འཐུས་ཚང་དང་སྡོམ་ཁྲིམས་ཚུལ་བཞིན་སྲུང་མཁན་ཞིག་དགོས་ཀྱི་མེད་ན། ཁྱེད་ཅག་གིས་གྲྭ་ཇོ་སྔགས་གསུམ་གྱི་ཀུན་སྤྱོད་སློབ་གསོ་གཏོང་མཁན་དེ་དམར་ཤོག་ཚོགས་པའི་འགོ་གཙོ་ཞིན་ཅི་ཧྥིན་ཅིའི་ཕྱིར་གདན་མ་དྲངས་པ་ཡིན་ནམ།

གཉིས། “དགག་བྱ་མི་གཙོ་དགོས་པ་གཙོ་”བའི་སྐབས་ཤིག་ཡོད་པ་དེ། རྫོང་སར་མཁྱེན་བརྩེ་ལྟ་བུའི་མིང་གྲགས་ཅན་གྱི་དབང་ཆ་དང་ཐོབ་མིང་ཡོད་པའི་ཆོགས་ལུགས་པའི་འགོ་གཙོ་དག་ལ་ཡོད་ཆོག་ན། གྲྭ་ཇོ་ཉམ་ཆུང་དེ་ཚོར་དགའ་བྱ་ལས་དགོས་པ་གཙོ་བའི་ལུངས་འདིས་ཅིས་གོ་མ་ཆོད་སོང་བ་རེད་དམ།

གསུམ། རྫོང་སར་མཁྱེན་བརྩེ་རང་ག་བ་ཞིག་འདྲ་རྒྱུ་མ་རེད་སྙམ་པའི་རྨོངས་ཞེན་སྙིང་རྗེ་བ་ཞིག་ངོ་ཐུག་པའི་མཚམས་འདིར་སྐྱེས་ཏེ། འདུལ་བའི་སྐབས་སྡེ་སྣོད་འཛིན་པ་སོགས་ལ་དམིགས་ཀྱིས་བསལ་ཡོད་པ་གཞི་ནས་དྲན་ཏེ་མཁྱེན་བརྩེེ་ཚང་ལ་ཚོད་ཐིག་ཅིག་བཏབ་པ་དེ། “ང་དང་འདྲ་བ་མ་གཏོགས། གང་ཟག་གིས་གང་ཟག་ཚོད་གཟུང་བར་མི་འགྱུར་”ཞེས་པ་ཇི་ལྟར་འགྲེལ། ཡང་དམིགས་བསལ་འཕུད་རྒྱུ་ཨེ་ཡིན།

དོན་དངོས་ཁྱེད་ཅག་གིས་བསམ་ཕྱོགས་འདི་དག་ལ་བལྟས་ན། ན་ནིང་ཁྲི་འདུར་ཀུན་སྤྱོད་ཡར་སྐུལ་གྱི་བགྲོ་གླེང་ཚོགས་འདུ་བསྡུས་པ་དེ་ཡང་། སྡོམ་ཤོར་གྲྭ་ཇོ་འགའ་ཞིག་གིས་རབ་བྱུང་པའི་མིང་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་གཤིག་འགྲོ་རབས་དང་། རྨ་འབྱིན་རབས། དེ་དག་ཚར་བཅད་ཚུལ་མཐུན་བྱས་ཏེ་གཙང་སེལ་མ་བྱས་ན། ཡོད་ཚད་བརླག་འཇུག་པའི་ལྟ་ཚུལ་བཏོན་པ་སོགས་ཁག་འདོགས་བྱས་ཏེ་བྱ་བཟང་སྒྲུབ་ཀྱིན་ཡོད་མདོག་གིས་ངོམ་སོ་ཇི་ལྟར་བྱས་ཀྱང་། དོན་དངོས་ཅི་ཡང་མེད་པའི་གྲྭ་ཇོ་ཉམ་ཆུང་འགའ་གཉའ་གཅོག་བྱེད་ཙམ་ལས། འགོ་བ་ཁྱེད་ཅག་དམིགས་ཀྱིས་བསལ་ཏེ་ལྐོག་ལྐོག་སུད་སུད་ནས་ཉལ་ས་མཐུག་པོ་དང་འབོལ་གདན་སྙེལ་བོའི་སྟེང་དུ་རྒྱ་མོ་དང་བོད་མོ་སུ་ལའང་ཉལ་རོགས་བྱས་ཏེ་སྡོམ་པ་ཤོར་ནའང་དེས་སྐྱོན་མེད་པར་དམིགས་ཀྱིས་བསལ་ཡོད་ངེས་རེད།

ད་ནི་དེ་དང་འབྲེལ་ཏེ་གནད་དོན་གཞན་འགའ་ཞིག་གླེང་བར་འདོད་པ་ནི། སྤྱིར་ཡིན་ན་སྔོན་ཆད་གསེར་རྟ་བླ་རུང་ཆོས་སྒར་ལ་ཁོ་བོས་འདང་བརྩིས་མི་དམན་པ་ཞིག་བཞག་མྱོང་ཡོད་ལ། འདང་བརྩིས་བཞག་པ་དེའང་ལོ་ངོ་འགའ་ལ་སློབ་སྦྱོང་བྱས་མྱོང་བའི་བརྒྱུད་རིམ་ཙམ་གྱིས་ཞེན་ཕྱོགས་མིན་པར། གནས་དེར་སྡོད་ཀྱི་སྐྱེ་བོ་ཕལ་ཆེར་བ་ཐོས་རྩོད་ཁོ་ན་ཁ་ལ་ཁྱེར་ཏེ། ཆགས་སྡོང་རྨོངས་གསུམ་རང་ག་བའི་མི་ལས་ཐུ་བའི་གདན་ས་དང་གྲ་ས་ཟེར་བའི་མིང་བྱང་རྫིག་པོའི་འོག་གི་རྒྱུད་གྱོང་མགོ་རེག་དེ་ཚོ་བཞིན་མ་ཡིན་པར། གང་ཤེས་སེམས་རྒྱུད་ལ་སྦྱོར་རྒྱུའི་སྲོལ་ཀ་ཞིག་བབ་བརླིང་བརྟན་གསུམ་ངང་གནས་ཡོད་པ་མ་ཟད། ལྷག་ཏུ་འགོ་བ་ཚོར་ཆེ་ཚུགས་མེད་ཅིང་། འོག་སྡོད་དག་ལ་གཡོ་སྒྱུ་མེད་པའི་ཆོས་ལུགས་པ་ཆོས་སར་སྡོད་ཐུབ་པའི་སྲོལ་བཟང་ཞིག་ཟོལ་གྱིས་མ་བསླད་ཅིང་། ནན་གྱིས་མ་བཅོས་པར་རང་ཁྲིམས་རང་གིས་སྐྱོང་སྲོལ་བླ་མེད་ཅིག་ངང་གིས་གནས་པར་ཡིད་དྲངས་ཡོད།

དེའི་སྟབས་ཀྱིས་ལོ་ངོ་བཅུ་ཕྲག་འགའ་ཞིག་གིས་རིང་ཁོ་བོས་མི་ཡུལ་ས་མཐའ་ནས་ཕྱིར་མིག་དང་དྲན་གདུང་ཁྲོད་ནས། གནས་དེ་གའི་སྣོད་བཅུད་ཀྱི་བཀོད་པ་དག་ལ་འགྱུར་བ་ཅི་བྱུང་གིས་རྒྱུས་ལོན་ངེས་ཅན་རེ་བྱས་མྱོང་ཡོད་པའི་ཁྲོད་ནས། ཡིད་ཧ་ཅང་ཕངས་པ་ཞིག་ལ། དད་པའི་སེམས་བྱུང་ཞིག་ཡོད་ན་འཁོལ་ཆོག་ཆོག་གི་སྔོན་ཆད་གསེར་རྟ་བླ་རུང་སྒར་གྱི་འགོ་བྱེད་འགའ་ཞིག དུས་དེ་སང་འཁྲབ་སྟོན་མཁན་ཞིག་དང་། ཡང་ན་ཆོས་ལུགས་ལ་ཁ་གཡར་ཏེ་དབང་ཆ་སྒེར་གཅོད། དད་པ་ལོག་སྤྱོད་བྱས་ཏེ་མི་སེར་ཉམ་ཆུང་ཚོའི་འགོ་ལ་དགེ་བཅུའི་སྐྱག་ཁྲིམས་བཟོས་ཏེ། དམངས་ཀྱི་ཁེ་དབང་ཟེར་ནས་སྒེར་དོན་སྒྲུབ་མཁན་གྱི་དཔོན་པོ་ཁ་འཇམ་ཁོག་རྩུབ་ཅན་འགའ་ཞིག་ལ་གྱུར་སོང་བ་ཅི་འདྲའི་ཡིད་བློ་ཕམ་པ་ཞིག་རེད་ཨང་།

ལྷག་ཏུ་ཁོ་བ་ཅག་གི་དབང་ཆ་དེ་ཆོས་ས་དེ་ལས་རིང་དུ་བརྒལ་བའི་སྡིག་ཉེས་འགའ་ཞིག་བསགས་ཡོད་པ་ནི།

གཅིག འཇིག་རྟེན་ཁྱིམ་པའི་འཚོ་ཐབས་ཁྲོད་དུ་འདྲེ་ལག་བསྲིངས་ཏེ། དད་པ་དང་དག་སྣང་གི་མིག་འབའ་ཞིག་སྤྱད་པའི་མང་ཚོགས་ལ་སློབ་གསོ་སྤྲོད་སྟངས་དེ་རེད།

གཉིས། མང་ཚོགས་ཀྱི་ཁེ་དབང་དང་གནས་བབ་ལ་ཡེ་ནས་བསམ་གཞིགས་མི་བྱེད་པའི་ཁྱི་ཁྲིམས་སྐྱག་ཁྲིམས་རྫོགས་མེད་ཅིག་བཟོས་ཏེ། མང་ཚོགས་རྣམ་ཁོ་བ་ཚོ་ནང་བཞིན་བླ་མར་མཐོང་ན་མགོ་སྒུར་མཁན། དཔོན་པོ་དང་མི་ཆེན་མཐོང་ན་ལྕེ་སྐྱོང་མཁན་ཞིག་བཟོ་རྒྱུ་དེ་རེད།

གསུམ། ཁོ་བ་ཅག་ས་ཆ་གང་སར་ཕྱིན་ཏེ་ཆོས་ཟེར་བ་དེ་ཡོད་ན་དེ་ཆོག མེད་ན་དེས་འཕུང། འདི་ཡོད་ན་བོད་མི་རིགས་ཡོད་པ་དང་། འདི་མེད་ན་བོད་མི་རིགས་བརླག འདི་ལས་གཞན་དུ་གྱུར་པའི་བྱ་དངོས་ཅི་ཞིག་ཡིན་རུང་སྙིང་པོ་མེད་ཚུལ་དང་། འཐབ་རྩོད་བྱ་མི་འོས་ཚུལ་གྱི་ཆོས་གཏམ་རེ་བཤད་དེ། མི་སེར་ཚོས་ཤ་དང་ཁྲག་གིས་རིན་བྱས་པའི་འཚོ་བ་དང་འཚོ་རྟེན་རྔུལ་ནག་འཛེར་འཛེར་དེ་ཚོ། དད་པའི་རྟེན་དང་། ཆོས་ཀྱི་སྤྱན་དུ་འབུལ་བཅུག་སྟེ་འཚོ་བར་དོ་ཕོག་བཟོས་པ་དེ་རེད།

བཞི། མང་ཚོགས་ཚོའི་ཕ་མེས་ཡང་མེས་རིང་རྩ་ཆེན་རིན་ཆེན་དུ་བརྩི་བའི་གྲི་དང་མེ་མདའ་སོགས་མཚོན་ཆ་ཡོད་ཚད་རྡོ་ལ་བརྡབས་རྗེས། འཇོན་ཡོད་མདོག་གིས་དགྲ་བོའི་མིག་སྔར་བོད་པ་རྣམས་ལ་མཚོན་ཁབ་རྩེ་ཙམ་ཞིག་མེད་པར་བཟོས་ཏེ། སྙིང་རྗེའི་གྲི་དང་། བྱང་སེམས་ཀྱི་ཕུབས། བདག་གཞན་བརྗེ་བའི་མདུང་སོགས་ཁོ་ནས་ཆོག་པ་དང་འཐུས་པའི་བྱ་འགུལ་སྤེལ་རྒྱུ་དེ་རེད།

ལྔ། མི་ཆོས་དང་ལྷ་ཆོས་གཉིས་ཁ་མི་མཐུན་ས་ནས་ཁ་སྤུ་གཤིབས་ཏེ། བོད་པ་ཡིན་མིན་དེ་ནང་པ་ཡིན་མིན། བོད་པ་ཡིན་མིན་དེ་དད་པ་ཡོད་མེད་ཁོ་ནས་ཤན་འབྱེན་བྱས་ཏེ། གཡོན་ཐལ་པའི་བྱ་སྤྱོད་འབའ་ཞིག་སྤེལ་ནས་མི་སྡེའི་སྤྱི་ཚོགས་ཟེར་བ་ཞིག་ཡེ་ནས་གྲུབ་མ་བཅུག་པ་སོགས་ཧ་ཅང་སྐྱི་གཡའ་ཞིང་འཇིགས་སུ་རུང་བའི་བྱ་འགུལ་སྣ་མང་སྤེལ་གྱི་ཡོད་པ་འདི་དག་ཁྱེད་ཅག་ལ་འཁྲི་བའི་ལོ་རྒྱུས་ཀྱི་ནག་ཉེས་ཡིན་པས་ཤེས་པར་བྱོས།

ཕྱི་ལོ་༢༠༡༥ ཟླ་༠༩ པའི་ཚེས་༠༧ གྱི་དགོང་མོར་རྒྱ་གར་རྡ་རམ་ས་ལ་ནས་བྲིས་ཏེ་ཕུལ།

སྣ་ཚོགས།

Post navigation

Previous Post: ལོ་ན་རྒན་པའི་གམ་དུ་བཅར་བ།
Next Post: དགེ་རྒན་བཀའ་དྲིན་ཅན་པདྨ་རྡོ་རྗེ་མཆོག་ལ་མྱ་ངན་ཞུ།

Comments (14) on “བླ་རུང་སྒར་གྱི་འུག་རྒན་འགའ་ལ་ལན་ལྡོན་པ།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-09-08 at 3:07 pm

    ཧེ་་་་་་བླ་རུང་སྒར་ནང་མཁས་དབང་དང་ལོ་ཙྭ་བ། གྲུབ་ཐོབ་སོགས་སྐྱེས་ཆེན་དམ་པ་མ་གཏོགས་འུག་རྒན་མེད་ཟེར་གྱི་འདུག་གོ།

  2. པདྨ says:
    2015-09-08 at 4:04 pm

    གངས་ལྗོངས་ཆོས་ཀྱི་གདན་ས་ཆེན་པོ་དཔལ་བླ་རུང་ཆོས་ཀྱི་གྲོང་ཁྱེར་ནས་བསྟན་སྲིད་གཉིས་སྨན་གྱི་ཉི་ཟླ་འཆར་དུས་ཆོས་མེད་སྲིད་མེད་ཀྱི་སྒེར་སྤྱོད་པ་འགའ་ལ་དགོང་མོར་རྒྱ་གར་རྡ་རམ་ས་ལ་ནས་འུག་པའི་རྫུན་སྒྲུང་གི་ཁྲབ་སྟོན་པ་ཚོ་མིག་ཚ་ན་ཁག་ཅི་ཡོད་དེ་མེད་དོ། དེ་མིན་རྩོམ་འདི་ལ་བརྗོད་བྱ་སྙིང་པོ་རྟུལ་འབྲི་ཙམ་མི་འདུག དྲིན་ལན་ལོག་འཇལ་འཁན་གྱི་དོལ་ཚོགས་ལས་སྐྱེས་པའི་དཔའ་བོ་ཞིག་ཡིན་པ་འདྲ། གང་ལྟར་གཙོ་བོ་སྙིང་རྗེ་མེད་པའི་བོད་མི་གསོན་བསྲེག་འདི་ཚོ་ཆོས་ཕྱོགས་ཀྱི་སོར་བྱང་སྔགས་གསུམ་དང་འཇིག་རྟེན་མི་ཆོས་གཙང་མ་དང་དགེ་བཅུ་ཁྲིམས་དང་འགལ་བ་ཡིན་པས་དེ་ལུགས་རྒོལ་མདའ་བས་དཔྱོད་ཅིག་དང་། ༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་དང་༧ཀུན་གཟིགས་པཎ་ཆེན་བཅུ་བ་དང་ས་སྐྱའི་༧གོང་མ་སོང་ལ་ཁ་གཏོང་བ་ནི་རྒྱལ་བའི་དགོངས་པ་ཐེའུ་རང་གི་སྦར་ཚད་ཟེར་བ་དེ་མིན་ནམ།

  3. ལུང་རྟོགས། says:
    2015-09-09 at 3:18 am

    ཧཧཧ ཤ་ཚ། ཡང་སྐབས་འཚོལ་བ་ཞིག་ཟུག་གི་འདུག གོ་སྐབས་ཤིག་རག་པ་ལོས་ཡིན། འོན་ཀྱང་ཤེས་དགོས་པ་ཞིག་ལ་གསེར་རྟ་བླ་རུང་ཆོས་སྒར་དེ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གི་སྲོག་རྩ་འཛིན་མཁན་ཞིག་ཆགས་ཡོད་པ་འདི་ལ་ཕྱོགས་རིས་གདོན་གྱིས་བརླམ་པ་ཚོས་ཅི་ཞིག་བཤད་ཀྱང་འགྱུར་བ་འགྲོ་མི་སྲིད། རང་གིས་ཅི་ཡང་མ་ལས་པས་ལས་མཁན་ལ་ཁ་གང་འདོད་དུ་གཏོང་ནས་འདུག་རྒྱུ་འདི་ནི་དེང་སང་བོད་མི་ཁག་གཅིག་གི་གོམས་གཤིས་རེད།

  4. ཅོ་རི་ཉི་མ། says:
    2015-09-09 at 3:40 am

    ལུང་རྟོགས་་ཁྲམ་པ་ཁྱོད་ཁ་བཙུམ། བླ་རུ་ཚང་དང་ཡེ་ཤུ་བར་དུ་དཀྲུགས་གཏམ་ག་འདྲ་བཤད་ཡོད་མེད་བརྗེད་ཚར་བ་རེད་དམ། བླ་རུ་ཚང་གི་མཁན་པོ་བསོད་དར་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་དུ་མགོ་འབུད་ས་མེད་པ་ཞིག་བཟོ་ཆེད་དུ་ཁྱོད་ཀྱིས་འབད་བརྩོན་བྱས་ཡོད་པ། ཁྲམ་པ་ཁྱོད་ལ་སུས་ཡིད་ཆེས། གལ་ལ་ཐུག་དུས་བླ་རུ་ཚང་གནོན་པའི་ལས་ཀ་བྱེད་མཁན་ཞིག་ཡིན་པ། ཁྱོད་རང་ཁ་བཙུམ་དང་དགའ་གི་རེད།

  5. རྟེན་འབྱུང says:
    2015-09-09 at 3:04 pm

    རྒོལ་མདའ་ལ་རྒྱབ་སྐྱོར་ཡོད། སྡོམ་པ་ཤོར་ན་གྲྭ་བ་བླ་མ་སྤྲུལ་སྐུ་སུ་ཡིན་ཡང་གྲྭ་བ་ལོག་པ་རེད། དེ་ལ་དམིགས་བསལ་སུ་ལ་ཡང་མེད། ལྷག་པར་དུ་ཉམས་ཆུང་མི་མང་ཐོག་སྒྲིག་ཁྲིམས་འདྲ་མིན་བཟོས་ནས་ཆད་པ་འདྲ་མིན་གཅོད་བཅུག་པ་ནི་རྩ་བ་ནས་མི་འགྲིག རྒྱལ་བོ་སྲོང་བཙན་གྱིས་མི་ཆོས་གཙང་མ་བཅུ་དྲུག་སོགས་ཀྱི་ཁྲིམས་བཅོས་པ་ནི་གནས་ཚུལ་གཞན་ཞིག་རེད།
    དེ་ནས་དེང་སང་གྲྭ་བ་བླ་མ་སྤྲུལ་སྐུ་མང་པོས་མི་མང་ལ་ཆོས་ཀྱི་དོན་དག་ངོ་སྤྲོད་མི་བྱས་པར་ཕན་ཡོན་གྱི་རིགས་རྐྱང་རྐྱང་བཤད་ནས་ཆོས་ལ་དད་པ་ཅུང་ཙམ་ཡོད་མཁན་ཚོར་དེ་ལ་ཧམ་པ་ལངས། དད་པ་མེད་མཁན་ཚོར་དད་ལོག་སྐྱེ་གཞི་ཞིག་འགྱུར་བཞིན་པ་ནི་ཉེན་ཁ་ཞིག་རེད། དཔེར་ན་མ་ཎི་ཚར་གཅིག་བཏོན་པའི་ཕན་ཡོན་ལྟ་བུ་རེད། དེ་འདྲའི་ཕན་ཡོན་ནི་རྒྱུ་ཚོགས་གྲངས་ཚང་ནས་བཏོན་ན་དེ་ལྟར་རེད་མ་གཏོགས། གཞན་དགུན་ཁ་གྲངས་ངར་ཆེ་བའི་སྐབས་ཞིང་ཁ་ལ་ས་བོན་བཏབ་པ་དང་གཅིག་མཚུངས་ཡིན།
    སངས་རྒྱས་ཀྱིས་ཆོས་གསུངས་སྐབས་དང་པོ་བདེན་བཞི་དང་། གཉིས་པ་མཚན་ཉིད་མེད་པ། གསུམ་པ་ལེགས་པར་རྣམ་པར་ཕྱེ་ནས་གསུངས་བ་ལྟར། བདེན་བཞིའི་འགྲོ་སྟངས་མི་མང་ལ་ཨུ་ཚུགས་བྱས་ནས་ངོ་སྤྲོད་བྱས་ན་ཕན་ཞིག་ཐོགས་རྒྱུ་ལས་སྐུ་གསུངས་རྟེན་གྱི་ཕན་ཡོན། མ་ཎི་དང་གཟུངས་སྔགས་སོགས་གྱི་ཕན་ཡོན། ཤ་དང་སྒོག་པ་མི་ཟ་བའི་ཕན་ཡོན་སོགས་བཤད་བསྡད་ན་ཕན་ཐོགས་ཡོང་རྒྱུ་བྱེ་མ་སྐམ་པོ་ནང་འབྲས་བཏབ་པ་མཚུངས་སོ།།

  6. ལུང་རྟོགས། says:
    2015-09-09 at 11:03 pm

    ཁ་བརྡ་ཚང་། དྲང་པོ་གནང་རོག ཅོ་རི་ཉི་མས་གོང་ས་མཆོག་ལ་ཡང་མཚན་སྨོད་ཞུ་ཆོག་གི་འདུག ངས་འདིར་ཁོ་ལ་ཚིག་ཁ་ཤས་བཤད་མི་ཆོག་དོན་ཅི་རེད། ཁོས་ང་ལ་གང་འདོད་བཤད་ཆོག་ཅིང་ངས་ལན་ཡང་རྒྱག་མ་ཆོག་ན་དྲང་བཞག་གི་ལས་ཀ་ཞིག་རེད་དམ། མཆན་བསུབས་ན་མཉམ་བསུབས་ན་བཞག་ན་མཉམ་དུ་བཞག་རོགས།

  7. ལུང་རྟོགས། says:
    2015-09-09 at 11:09 pm

    ཅོ་རི། ཁྱོས་ང་ལ་བརྫུན་བཤད་ཀྱི་འདུག་ཟེར་ཡང་ཁྱོད་ཀྱང་རྫུན་གྱི་འཁོར་ལོ་སྐོར་མཁན་ཞིག་རེད་འདུག ངས་བླ་རུང་མཁན་པོ་བསོད་དར་ནུབ་ཕྱོགས་ལ་མགོ་འབུས་ས་མེད་པ་ཇི་ལྟར་བཟོ་རྩིས་བྱས་སོང་། ཁྱོད་ལ་ཁུང་ལུང་རྒྱུ་མཚན་ར་སྤྲོད་གསལ་པོ་ཞིག་བྱེད་རྒྱུ་མི་འདུག་ན་ཁྱོད་ཅོ་རི་མི་མིན།

  8. ཅོ་རི་ཉི་མ། says:
    2015-09-10 at 1:38 am

    # 2 ལུང་རྟོགས།་ལགས་ཀྱིས་མཆན་བཏབ་པ།:
    December 25th, 2014 at 9:48 AM
    ཡེ་ཤུལ་འཁྲུངས་སྐར་རོལ་ཡ་ལ་ཤིས་ཚིག་དག་དག་གིས་ཁེངས་པའི་ནང་སྟོན་རྗེས་འཇུག་པ་དག་གིས་གོ་དགོས་པའི་གཏམ། དེ་རིང་དང་འབྲེལ་བ་ཡོད་པའི་བཀའ་མོལ་འདི་བོད་ཡིག་ཏུ་བསྒྱུར་ཡོད། …… 近年来,当许多朋友和弟子
    ཉེ་བའི་ལོ་འགའ་ནས་གྲོགས་པོ་དང་སློབ་མ་ཚོས་
    向我发来“圣诞快乐”的祝福时,
    ང་ལ་ཡེ་ཤུའི་སྐྱེས་འཁྲུངས་སྐར་བཟང་ཞེས་པའི་ཤིས་ཚིག་སྐུར་ཡོང་སྐབས།
    我总会回复道:“佛教徒不过圣诞,只祝快乐!”
    ངས་རྟག་པར་ཁོང་ཚོར། སྟོན་པའི་རྗེས་འབྲངས་པ་ཚོས་ཡེ་ཤུའི་འཁྲུངས་སྐར་ལ་རོལ་གྱི་མེད། སྤྱིར་གཏང་སྤྲོ་སྐྱིད་ཡོང་བའི་སྨོན་ལམ་ཙམ་ཡོད་ཅེས་ལན་སྤྲོད་ཀྱི་ཡོད།
    这不是我们不圆融,更不是执着
    འདི་ནི་ང་ཚོར་དཀྱེལ་ཡངས་མེད་པ་མིན་ལ། མཁྲེགས་འཛིན་བྱས་པ་དེ་བས་ཀྱང་མིན།
    ,而是出于对信仰的坚守,
    དེ་ལས་ལྡོག་སྟེ། དད་མོས་བརྟན་སྲུང་གི་ཕྱོགས་ནས་བསམ་བློ་བཏང་བ་ཞིག་རེད་ལ།
    也是一份起码的宗教感情。
    ཆེས་མ་མཐའི་ཆོས་ལུགས་ཀྱི་རྩེ་དུང་ཞིག་ཀྱང་རེད།
    ….当中国的佛教徒们年年祝福“圣诞快
    ཀྲུང་གོའི་ནང་པ་དག་གིས་ལོ་རྟག་པར་ཡེ་ཤུའི་སྐྱེས་སྐར་ལ་འཚམས་འདྲི་བྱེད་ཀྱང་།
    乐”,却不知道什么叫“佛诞”,
    ཅི་ཞིག་ལ་སངས་རྒྱས་ཀྱི་འཁྲུངས་སྐར་ཟེར་བ་མི་ཤེས་པར་མ་ཟད།
    也从不祝贺“佛诞快乐”的时候,
    སངས་རྒྱས་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་རྩ་བ་ནས་བྱེད་སྲོལ་མེད་པ་མཐོང་སྐབས།
    我的心是悲凉的!
    ང་སེམས་པ་ནི་སྐྱོ་སྣང་དང་བཅས་པ་ཞིག་སྟེ།
    这是佛教教育的失败!
    འདི་ནི་ནང་བསྟན་སློབ་གསོའི་ཕམ་ཉེས་ཡིན་པ་རེད།
    今天,我想郑重地呼吁:
    ངས་དེ་རིང་སེམས་ཚོར་ཆེན་པོས་འབོད་སྐུལ་ཞུ་འདོད་པ་ཞིག་ལ།
    每年农历的四月初八日,
    ལོ་རེའི་སྲོལ་རྒྱུན་གྱི་བཞི་བའི་ཚེས་བརྒྱད་ནི་
    是我们伟大的三界导师释迦牟尼佛的
    ང་ཚོའི་རླབས་ཆེན་གྱི་སྟོན་པ་ཤཱཀྱ་ཐུབ་པ་
    诞辰。让我们永远記住
    སྐུ་བལྟམས་པའི་དུས་ཆེན་ཏེ།
    “佛诞节”,年年互道
    སངས་རྒྱས་ཀྱི་འཁྲུངས་སྐར་ཡིན་པ་ནམ་ཡང་མ་བརྗེད་པ་དགོས་ཤིང་། དེ་ཉིད་ལོ་ནས་ལོར་མཐུད་དགོས།
    索達吉 堪布 མཁན་པོ་བསོད་དར་རྒྱས།
    རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཚན་བསྒྱུར་བྱས།

  9. ཅོ་རི་ཉི་མ། says:
    2015-09-10 at 1:46 am

    ལུག་རྟོག་་་་མིག་གིས་ལྟོས་ཨ། གོང་གི་མཆན་བུ་དེ་ཁྱོད་ཀྱི་ཁུར་ནས་བསླེབས། མཁན་པོ་བསོད་དར་གྱི་རེད་ཟེར་ནས་ཁྱོད་ཀྱི་རྫུན་བཤད། འཛམ་གླིང་ཡོངས་ལ་བསྒྲགས། ད་་་འགྲིག་སོང་ངམ།

    ལུག་རྟོག་་་ཁྱོད་ཀྱིས་རྒྱལ་བ་རིན་པོ་ཆེན་ལ་མཚན་སྨད་བྱེད་ཀྱི་འདུག་ཟེར་བ་དང་དོལ་རྒྱལ་བརྟེན་མཁན་རེད་ཟེར་བའི་སྐད་ཆ་རྐྱང་རྐྱང་བཤད་ནས་གཞན་ལ་གཉའ་གནོན་སྤྲད་ཐབས་བྱེད་རེད། འདི་འདྲ་པོ་ལ་དད་པ་ལོག་སྤྱོད་པ་ཟེར་ལེ་རེད་་་་ཤེས་སོང་ངམ།

    ཁྱོད་རང་མིང་ལྷག་ཞིག་འོག་ཏུ་གབ་དགོས་དོན་ཅི་ཡིན། སྤྱི་ཚོགས་ནང་དུ་གདོང་སྟོན་ཉན་མེད་མཁན་གྱི་ལྐོག་ཟ་རུལ་སུངས་ཤིག་ཡིན་ནམ། རྒྱལ་བཙོང་བ་ཞིག་ཡིན། ངོ་གདོང་སྟོན་ནས་ཤོག ལོག་སྤྱོད་པ། དད་པ་ལོག་སྤྱོད་བྱེད་ཀྱི་མཚམས་བཞག་གི་མིན་པེ།

  10. ལུང་རྟོགས། says:
    2015-09-10 at 4:17 am

    ཅོ་རི། ཁྱོའི་སྨྱོ་བཤད་ལ་ལྟོས་དང་། གོང་གི་ཡི་གེ་དེ་མཁན་པོ་ཚེ་བཀྲས་བསྒྱུར་བ་རེད་ལ་ངས་ཁ་བརྡའི་ནང་རྒྱུད་སྐུར་བྱེད་མྱོང་། འོན་ཀྱང་དེ་ཙམ་གྱིས་ངས་མཁན་པོ་བསོད་དར་རྒྱས་ལ་བསམ་ངན་འཆང་བ་རེད་ཟེར་ན་དེ་རྒྱུ་མཚན་མེད་པའི་འཆལ་གཏམ་ཙམ་ལས་ཅི་ཡང་མིན། ལར་ནས་ཡི་གེ་དེ་འདྲ་ཞིག་གིས་མཁན་པོ་བསོད་དར་ནུབ་ཕྱོགས་ལ་ཕེབས་མི་ཐུབ་པ་བཟོ་ཡི་རེད་ཟེར་ན་ལྐུགས་པའི་སྐད་ཆ་རེད། ཁྱོས་ང་ལ་བཤད་རྒྱུ་གཞན་ཞིག་མ་རྙེད་པར་འདི་འདྲ་ཞིག་མ་བཤད་རང་བཤད་ཆགས་པ་རེད། ཁྱོད་ཤ་ཚ། ཁྱོས་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨོད་ཞུ་ཡི་ཡོད་པ་མངོན་གསུམ་ཡིན་པས་ཁྱོས་མཚན་སྨོད་ཞུ་ཆོག་ས་ལ་ངས་དེ་བཤད་མི་ཆོག་དོན་ཅི་རེད། ད་དུང་ཁྱོས་ནམ་ཡིན་ཡང་དོལ་རྒྱལ་ཚོགས་པའི་རྒྱབ་ལ་ཀ་ལོང་ལོང་བྱེད་སྟངས་ལ་ལྟོས་དང་དོལ་རྒྱལ་བ་ཞིག་མིན་ན་དེ་ལྟར་བྱེད་དགོས་དོན་འདུག་གམ། ང་མིང་ལྷག་གི་འོག་ཏུ་གབ་དགོས་དོན་མེད་ལ་གབ་ཡང་མེད། ལུང་རྟོགས་ཟེར་བ་འདི་ང་རང་གི་དངོས་མིང་ཡིན། ང་ཁ་བརྡ་དྲ་བའི་ནང་ལ་ཡོང་ནས་ལོ་བདུན་བརྒྱད་ཙམ་ཡིན་ཡང་མིང་ཐེང་མ་གཅིག་ལ་བརྗེ་མྱོང་མེད། རྒྱལ་གཙོང་སུ་ཡིན་ནམ་ལང་ཉི་ཤར་རེད་རང་ཉིད་ཀྱིས་རྒྱལ་ཁབ་བཙོང་ནས་མི་གཞན་ལ་རྒྱལ་བཙོང་བ་ཟེར་བའི་ཧམ་ཤད་དེ་གང་ནས་བྱུང་། ཨ་ཞང་ཚང་ནས་སློབ་པ་མིན་ནམ།

  11. ཅོ་རི་ཉི་མ། says:
    2015-09-10 at 4:58 am

    ཉོན་ཨ་་་xx

    མཁན་པོ་བསོད་དར་ནུབ་ཕྱོགས་ཡེ་ཤུའི་རྒྱལ་ཁབ་ཁག་གི་ནང་དུ་བཀའ་སློབ་བཤད་མཁན་བསླེབས་འོང་དུས་ཡེ་ཤུའི་འཁྲུངས་སྐར་ལ་ནང་པ་ཚོ་རོལ་གྱི་མེད་ཟེར་ནས་མཁན་པོ་བསོད་དར་གྱི་གསུངས་སོང་ཟེར་མཁན་ཁྱོད་དང་རྒྱ་བླ་ཚེ་བཀྲ་གཉིས་མིན་ན་སུ་རེད།

    འདི་ལ་ཕོ་གཡོ་ཅན་ཁོག་པ་དུག་གིས་ཁེངས་ཟེར་ལེ་རེད། ཡེ་ཤུའི་འཁྲུངས་སྐར་ལ་དགག་པ་རྒྱབ་མཁན་གྱི་གྲྭ་པ་ཞིག་ལ་ཡེ་ཤུའི་རྒྱལ་ཁབ་ཁག་གིས་མཐོང་སྤྲོད་ཀྱི་རེད་དམ། xxxxx མཁན་པོ་བསོད་དར་ནུབ་ཕྱོགས་ཕེབས་པར་ཙམ་གྱིས་མིག་ཚ་དགོས་ཡ་འདུག་གམ།

    མཁན་པོ་བསོད་དར་གྱིས་མ་བྱས་པ་ཞིག་བྱས་སོང་ཟེར།་མ་བྲིས་པ་ཞིག་བྲིས་སོང་ཟེར་ནས་རྫུན་གཏམ་བཤད་མཁན་རྒྱ་བླ་ཁྱོད་གཉིན་་མིན་ན་སུ་རེད།

    ང་ཅི་རི་དོལ་རྒྱལ་ཚོགས་པའི་བོད་མི་ཉམ་ཆུང་དེ་དག་གི་རྒྱབ་ལངས་བྱེད་ཀྱི་འདུག་ཟེར་བ་ཁྱོད་བདེན། དོལ་རྒྱལ་བརྟེན་གྱི་འདུག་ཟེར་བ་ཁྱོད་ཀྱི་རྫུན་རེད། ཤེས་སོང་ངམ། ང་ཅོ་རི་ས་སྟེང་འདི་ལ་བསྡད་པའི་རྗེས་སུ་ག་དུས་ཡིན་ནའང་ཉམ་ཆུང་བོད་མིའི་རྒྱབ་ལངས་བྱེད་ངེས་དཀོན་མཆོག་གསུམ་པོ་དཔུང་དུ་བཙུགས།

    ཉམ་ཆུང་མི་ཡི་གཉའ་ནས་མི་གནོན་ཞིང་།
    སྒེར་གཅོད་མདུན་དུ་པུས་མོ་མི་འཛུགས་པར།
    འདི་ནི་ཅོ་རིའི་དམ་ཚིག་དང་པོ་སྟེ།
    སྲོག་ལ་བབ་ཀྱང་འབད་པའི་སྲུང་བར་ངེས།་་་་་་ཅེས་པའི་སྡོམ་ཚིག་རང་གི་སེམས་ན་ཡོད།

    རྒྱལ་བཙོང་བ་ཁྱོད་ལྟ་བུ་ཚོས་ག་དུས་ཡིན་ན་གོང་ས་མཆོག་ལ་ཁ་གཏོང་མཁན་རེད་ད། མཚན་སྨད་ཞུ་མཁན་རེད་ད་་ཟེར་ནས་བོད་མི་ཡག་རེ་ཡག་ཚོད་རྒྱང་ཕུད་བཏང་ཡོད། དད་པ་ལོག་སྤྱོད་པ་ཁྱོད་ཀྱིས་ཁ་ལ་གོས་ས་མཆོག་མ་གཏོགས་གནས་ལུགས་དང་རྒྱུ་མཚན་མེད་པྭ།

    ལོང་རྟོགས་ཟེར་བ་དངོས་མིང་ཡིན་ན་་་ངོ་སྤྲོད་བྱོས་དང་། ག་པ་བསྡད་ཡོད། ག་ནས་ཡིན་བཅས་ངོ་སྤྲོད་གསལ་པོ་ཞིག་བྱོས་དང་། དེ་ནས་བལྟ་ཆོག་ཅོག་རེད་བ།

  12. ལུང་རྟོགས། says:
    2015-09-10 at 10:46 pm

    ནུབ་ཕྱོགས་རྒྱལ་ཁབ་ཚོ་ཆོས་ལུགས་རིས་མེད་སམ་ཡང་ན་ཆོས་ལུགས་མེད་པའི་རྒྱལ་ཁབ་རེད། ཡེ་ཤུའི་རྒྱལ་ཁབ་ཟེར་བ་ཞིག་མེད། ཡེ་ཤུ་མང་པོ་ཡོད་པ་ཙམ་གྱིས་ཡེ་ཤུའི་རྒྱལ་ཁབ་རེད་ཟེར་ན་ཅི་ཡང་མ་ཤེས་པའི་སྐད་ཆ་རེད། ནང་པ་ཞིག་གིས་ཡེ་ཤུའི་འཁུར་སྐར་སྲུང་རྩི་བྱེད་མ་བྱེད་སོ་སོའི་རང་དབང་རེད། ནུབ་ཕྱོགས་དམངས་གཙོའི་ལུང་པ་ཚོས་འགྲོ་བ་མིའི་ཐོབ་ཐང་ཤེས་ཀྱི་རེད། ཁྱོས་ཡེ་ཤུའི་འཁྲུང་སྐར་སྲུང་རྩི་མ་བྱེད་ཟེར་འདུག་ཞེས་ནུབ་ཕྱོགས་ལ་ཡོང་བའི་ལམ་ཁ་བཀག་མི་སྲིད་པ་རེད། འདི་ལ་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ཟེར་བ་རེད། དོལ་རྒྱལ་ཚོགས་པ་ཉམ་ཆུང་ག་ལ་ཡིན་ཁོ་ཚོའི་རྒྱབ་ལ་སྟོབས་ལྡན་རྒྱ་ནག་གཞུང་ཡོད་པ་རེད། ཁོ་ཚོས་ཁ་ཆེའི་དྲག་སྤྱོད་པ་བཞིན་དུ་མི་གསོད་ཕོད་ཀྱི་ཡོད་པ་རེད་ལ་རྡུང་ཕོད་ཀྱི་ཡོད་པ་རེད། དེ་འདྲ་ལ་ཉམ་ཆུང་ཟེར་རམ། ཁྱོད་ཅོ་རི་ཉམ་ཆུང་གི་རྒྱབ་ལ་ལང་ནས་བཙན་པོ་ལ་རྒོལ་ཕོད་མཁན་ཞིག་ཡིན་ན། ཉམ་ཆུང་བོད་མི་མང་གི་ཆེད་དུ་བཙན་པོ་གུང་ཕྲན་ཏང་ལ་ཅིའི་ཕྱིར་མི་རྒོལ། ང་ག་པར་སྡད་ཡོད་ག་ནས་ཡིན་པ་ཤེས་སོང་ན་དོལ་རྒྱལ་བ་ཁ་ཤས་བཏང་ནས་གསོད་བསམ་པ་ཨེ་ཡིན། ཁྱོའི་སྐད་ཆ་བཤད་སྟངས་དེ་འཇིགས་སྐུལ་དྲག་སྤྱོད་པ་དང་ཁྱད་པར་ཅི་འདུག ཁྱོད་ད་དུང་ནང་པ་ཡིན་གྲྭ་ལོག་ཡིན་ཟེར་གྱི་ཡོད་པ་མ་རེད་དམ། ཁྱོད་ལྟ་བུའི་ནང་པ་ཞིག་ཡོད་དམ།

  13. ཚེ་དབང་། says:
    2015-09-11 at 7:23 pm

    རྒོལ་མདའ་ཟེར་བ་འདི་སུ་རེད་ལགས། ཁོང་ག་ི་དངོས་མིང་ཨེ་རེད། ཁོང་གིས་རླབས་ཆེན་གྱི་བྱ་གཞག་གམ་ཡང་ན་འཛམ་གླིང་སྤྱི་དང་བྱེ་བྲག་རང་ཅག་བོད་པའི་སྤྱི་ཚོགས་ལ་ཕན་པའི་དངོས་མཐོང་ལག་ཟིན་གྱི་བྱ་བ་གང་བསྒྲུབས་ཡོད་པ་དང་། ཁོང་གིས་བརྩོམས་པའི་རྩོམ་དེབ་ག་ཚོད་ཡོད་རེད་དམ། ཁོང་གི་ཚབ་མཚོན་གྱི་རྩོམ་དེབ་དེ་གང་རེད།འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་སློབ་ཆེན་ཁག་ག་ཚོད་ཀྱིས་གོང་དུ་བཀུར་ནས་གདན་ཞུས་ཡོད་རེད། དྲ་གྲོགས་རྣམས་ཀྱིས་གཅིག་གསུངས་རོགས།ཐུགས་རྗེ་ཆེ།

  14. ཚེ་དབང་། says:
    2015-09-12 at 12:57 am

    རང་སེམས་ཁེངས་པའི་ཤེས་སྦྱོང་མེད་ཀྱང་སྤོབས་གཏམ་ང་རོ་ཅན་ལྟར་སྒྲོག །
    གང་ཞིག་རྟོགས་པའི་ཤེས་རབ་རྡུགས་ཀྱང་ཅ་ལེ་ཅོ་ལེས་མང་རབ་ཟློས།།
    གནད་ལ་ཐུག་པའི་གཏམ་ཞིག་དགོས་དུས་ཤེས་ཉམས་རྒྱལ་པོའི་ངག་སྐད་ལྐུགས།།
    དགོས་མེད་བརྟན་མེད་ཅ་ཅོའི་སྒྲ་ནི་བྱིའུ་ཁྱུ་ཡི་ཀུ་ཅོ་བཞིན།།

    འཛམ་གླིང་མཁས་པའི་ཡང་རྩེའི་གྲལ་ནས་མཛངས་པའི་བློ་ཡིས་དོ་ཟླ་ཕོད།།
    འཇིག་རྟེན་མཐུན་པའི་ལེགས་ཉེས་བླང་དོར་ཡང་དག་ཚད་མས་གྲངས་མེད་བརྟགས།།
    འཛམ་གླིང་སྤྱི་དང་རང་རིགས་སྨན་པའི་སྙིང་རྗེའི་བློས་ནི་ཀུན་ཏུ་འབུངས།།
    སྐྱེས་ཆེན་དག་གི་ལེགས་བཤད་རིན་ཆེན་བློ་གྲོས་ལྡན་པས་བདུད་རྩིར་མྱོང་།།

    འཛམ་གླིང་ཤར་ནུབ་གནའ་དེང་ལྟ་བར་ཕྱོགས་རེ་ཙམ་གྱིས་རྨོངས།།
    རྒྱལ་སྤྱི་ཕྱི་ནང་གྲགས་པར་ལྟ་ཅི་རང་ཉིད་གནས་པའི་འབུ་ཚང་ཙམ།།
    སློབ་གླིང་དེ་ནས་འབུར་དུ་ཐོན་པའི་དཔྱད་རྩོམ་ཐུང་ངུ་བྲིས་མྱངས་སམ།།
    ཁྱོད་བློ་སྲིན་བུ་མེ་འཁྱེར་ཉི་མའི་གཟི་མདངས་ལེགས་ཉེས་བརྗོད་པ་ཅི།།

    ཕྱི་ཡུལ་ལེགས་པར་སྣང་བའི་མིག་འབྲས་སྐྱ་རིབ་ནད་ཀྱིས་སྒྲིབ་པར་བྱེད།།
    རྒྱལ་ཁམས་གཏམ་བཟང་ཐོས་པའི་སྒྲ་འཛིན་རྣ་འུར་སྒྲ་ཡིས་དཀྲུག་པར་བྱེད།།
    ཁྲོན་པའི་སྦལ་བས་མྱངས་པའི་ཡུལ་ལ་ཁྱོད་བློ་རྨོངས་པས་འགྲན་པར་བྱེད།།
    མཐོང་ཐོས་མྱོས་གསུམ་ངན་པའི་ལ་རྒྱལ་གཟའ་རོ་བླང་དོར་འཆོལ་ཏེ་འཇུག །

    ཉིན་མོ་རྩེད་མོར་རྣམ་གཡེང་མཚན་མོར་དུག་གིས་མྱོས་པ་མིན་པ་ཙམ།།
    གཞོན་དུས་བརྩེ་དུང་གིས་བསླུས་རྒས་དུས་འགྱོད་སེམས་སྐྱེ་བར་མིན་པ་ཙམ།།
    བློ་རིག་ལྟ་ངན་གྱིས་བཅོམ་བདེན་པར་བདུད་སེམས་ནག་པོ་མ་ཞུགས་ཙམ།།
    ཕྱོགས་རེ་རྟོགས་པའི་བློ་ཡིས་འཇིག་རྟེན་སྣང་བའི་དྲེགས་པས་མ་ཁེངས་ཙམ།།

    ཇུས་དང་གཡོ་ལ་མི་དགའ་ཡ་རབས་སྙིང་རྗེས་ཕྱུགས་པའི་ཁྱིམ་གཞི་འདི།།
    ཧམ་སེམས་གཡོ་སྒྱུ་ཆེ་བའི་ཁྱིམ་མཚན་ངན་པས་དྲག་པོས་དབང་བསྡུས་ཏེ།།
    སྙིང་རྗེ་བྲལ་བའི་ལྟ་ངན་རྒྱུད་བརླམས་བུ་ཚས་མས་པིའི་བཟང་སྤྱོད་རྣམས།།
    སྐྱོན་དུ་བཏགས་པའི་མང་གཙོ་ཙིག་སྐོམ་མདའ་མོས་བསྣུན་པའི་འབེན་སྟེགས་འཁྲུག ། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme