Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བླ་མའི་རིང་ལུགས་ཀྱི་ཆོས་ལུགས། སྤྲུལ་སྐུ་དབང་ཆེན།

Posted on 2013-02-232013-02-23 By ཁ་བརྡ་ 21 Comments on བླ་མའི་རིང་ལུགས་ཀྱི་ཆོས་ལུགས། སྤྲུལ་སྐུ་དབང་ཆེན།

འདིའི་སྐོར་ལ་སྔོན་ཆད་ངས་Columbia Universityཨ་རིའི་ཀོ་ལིམ་བྷེ་ཡཱ་མཐོ་སློབ་ཆེན་མོའི་དགེ་རྒན་ཞིག་དང་མཉམ་དུ་བགྲོ་གླེང་ཞིག་བྱེད་པའི་གོ་སྐབས་བྱུང་། Buddhismདངནང་པའི་ཆོས་ལུགས་དང་Lamaismབླ་མའི་ཆོས་ལུགས་Shamanismལྷ་འདྲེར་ཡིད་རྟོན་གྱི་ཆོས་ལུགས་སོགས་དབྱེ་བ་གསུམ་གསུང་གི་འདུག །དེ་ལ་ཐོག་མར་བླ་མའི་ཆོས་ལུགས་ཀྱི་ཐ་སྙད་བྱུང་ས་དེ་སོག་ཡུལ་ནས་དར་བ་རེད་ཟེར། དེ་ལ་ལོ་རྒྱུས་རྙོག་འཛིང་ཅན་མང་པོ་ཞིག་འདུག གཙོ་བོ་སོག་པོའི་རྒྱལ་པོ་གྲགས་ཅན་Chinggis Khaan་ལྒན་འཇེ་སུ་ཁཱན་གྱི་སྐུ་རིང་ནས་བཟུང་སོག་ཡུལ་ལ་སྐུ་དྲག་རིགས་རྒྱུད་གཅིག་པོ་མ་གཏོགས་པས་གཞན་མི་སེར་སུས་ཡང་རྒྱལ་པོ་བྱེད་པའི་ཐོབ་ཐང་དང་སོག་ཡུལ་ལ་དབང་བསྒྱུར་བྱེད་པའི་བདག་དབང་སྤྲད་མེད་པས་རྐྱེན་གྱིས། སོག་མི་འཇོན་ཐང་ཅན་མང་པོ་ཞིག་ལ་སྒེར་གཅོད་རིང་ལུགས་ཀྱི་ལྟ་བ་དེར་མི་འདོད་པས་རྣམ་འགྱུར་དང་བསམ་ཚུལ་བཤད་མཁན་དེ་བཞིན་ངོ་རྒོལ་བྱེད་མཁན་ཡང་བྱུང་འདུག །སྤྱི་ལོ་1569ལོའི་མཚམས་སུ་ཨཱལ་ཐན་ཁཱན་Altan khanཟེར་བ་དེས་ནང་ཆོས་ལ་སྐྱབས་བཅོལ་ཏེ་ཁྲིམས་མཐུན་ཡང་དག་རང་བཞིན་ཅན་གྱི་འགྲོ་ལུགས་ལྟར་ཁོ་རང་ནི་ཀཱིབླེ་ཁཱན་Khublai Khanགྱི་ཡང་སྤྲུལ་ཡིན་ཚུལ་བརྗོད་པ་མ་ཟད་བོད་བརྒྱུད་ནང་བསྟན་རི་བོ་དགེ་ལྡན་པའི་བསྟན་པ་ལ་ཞུགས། རྒྱལ་དབང་བསོད་ནམས་རྒྱ་མཚོ་སོག་པོ་ལ་གདན་འདྲེན་ཞུས། རྒྱལ་དབང་བསོད་ནམས་རྒྱ་མཚོས་ཁོང་རང་ཉིད་ས་སྐྱ་བླ་མ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྤྲུལ་སྐུ་ཡིན་པར་བསྒྲགས། སྔོན་ཆད་འགྲོ་མགོན་ཆོས་འཕགས་ཀྱིས་ཀཱིབླེ་ཁཱན་ནང་ཆོས་ལ་བཙུད་ཅིང་དེ་ཡི་ཡང་སྤྲུལ་ཨཱལ་ཐན་ཁཱན་ཡིན་པས་རྟགས་དང་རྟེན་འབྲེལ་བསྒྲིགས་ཤིང་སོག་ཡུལ་ལ་ཁྱབ་བསྒྲགས་བྱས། ཨཱལ་ཐན་ཁཱན་གྱིས་རྒྱལ་དབང་བསོད་ནམས་རྒྱ་མཚོ་ལ་ཏཱ་ལའི་ཞེས་པའི་མཚན་གནང་ཞིང་མཆོད་ཡོན་དུ་ཆགས།

དེ་ནས་1578ལོར་ཨཱལ་ཐན་ཁཱན་གྱིས་སོག་པོའི་ལྷ་འདྲེར་ཡིད་རྟོན་གྱི་ཆོས་ལུགས་རྩ་བ་དང་བཅས་པ་ཁྲིམས་ཐོག་ནས་མེད་པར་བཟོས་ཤིང་བླ་མའི་ཆོས་ལུགས་དེ་སོག་ཡུལ་ཀུན་ལ་དྲག་པོའི་དམག་དཔུང་གི་སྒོ་ནས་སྤེལ་ཞིང་དར་ཁྱབ་བྱས། བླ་མའི་རིང་ལུགས་ཀྱི་མི་སྣ་ཞེས་པ་དར་ཞིང་དེ་ལ་གཞུང་གི་གོ་ཐོབ་མཐོན་པོ་སྤྲད་ཅིང་གལ་ཏེ་ཕྱི་ལོགས་ནས་ཆོས་ལུགས་ལ་གོ་རྟོགས་ཅན་གྱི་བླ་མ་ཞིག་ཕེབས་པ་ཡིན་ན་སྲིད་གཞུང་གི་ཕྱོགས་ནས་ལེགས་སྐྱེས་ལ་རྟ་ཕོ་བརྒྱའམ་དེའི་རིན་ཐང་དང་མཉམ་པའི་རྒྱུ་ནོམ་ཕུལ་དགོས་བྱུང་། ཆོས་ལུགས་ལ་གོ་རྟོགས་མེད་མཁན་ཞིག་ཀྱང་རྟ་ཉི་ཤུ་ནས་སུམ་ཅུ་ཙམ་རེ་ཕུལ་བ་མ་ཟད་བླ་མའི་ཕྱག་མཛོད་དང་ཞབས་ཞུ་བ་སོགས་ལའང་རྟ་བཅུ་གྲངས་ཙམ་རེ་ཕུལ་བ་བྱུང་། 
གོ་སྐབས་གསེར་འདྲ་བ་དེ་རྒྱ་ནག་Ming Dynastyམིང་རྒྱལ་རབས་Qing dynastiesདང་ཆིང་རྒྱལ་རབས་ཀྱིས་དམ་འཛིན་བྱས་ནས་སོག་པོ་ལ་བླ་མའི་རིང་ལུགས་ཀྱི་ཆོས་སྤེལ་བར་མཐུན་འགྱུར་རོགས་རམ་རྒྱ་ཆེར་གནང་བ་མ་ཟད་དགོན་པ་ཡང་མང་པོ་བཞེངས་ཤིང་ཆོས་དཔེ་ཡང་མང་པོ་ཞིག་རྒྱ་ནག་ནས་དཔར་སྟེ་སོག་པོ་ལ་བསྐུར། དེ་ནི་རྒྱ་ནག་ལ་ཉེན་ཁ་ཡོད་པའི་སྔོན་ཆད་སོག་པོའི་དཔའ་རྒོད་དྲག་རྩལ་ཅན་གྱི་རྒྱལ་རབས་རིམ་བྱོན་དང་ལྷ་འདྲེར་ཡིད་རྟོན་གྱི་རིང་ལུགས་སྲིད་གཞུང་དང་བཅས་པ་རྩ་བརླག་ཡུལ་མེད་དུ་གཏོང་ཐབས་ཀྱིས་གཡོ་འཕྲུལ་དང་ངན་ཇུས་བྱས་པ་ཞིག་རེད་ཟེར། 
སྤྱི་ལོ་1860དང་1904གཉིས་ཀྱི་བར་ལ་ཆིང་རྒྱལ་རབས་ཀྱི་མྭ་ཅཱང་རྒྱལ་པོས་རོགས་སྐྱོར་འོག་སོག་པོའི་ལྷ་འདྲེར་ཡིད་རྟོན་རིང་ལུགས་པ་ཧ་ཅང་མང་པོ་ཞིག་Horchinཟེར་བའི་ས་ཆ་དེར་ཟོག་ཆོས་རིང་ལུགས་པ་ཞེས་པའི་ངན་མིང་འོག་གསོན་བསྲེགས་ཆེན་མོའི་ལས་འགུལ་ཐེངས་གསུམ་ལ་སྤེལ་ཡོད་འདུག །
མདོར་ན་བླ་མའི་ཆོས་ལུགས་ཞེས་པ་ནི་སོག་པོ་ནས་བྱུང་ཞིང་རྒྱ་ནག་རྒྱལ་རབས་ཀྱིས་རོགས་སྐྱོར་འོག་དར་ཁྱབ་སོང་བ་ཞིག་ཡིན་པ་ལས་བོད་ཡུལ་ནས་བྱུང་བ་ཞིག་མ་ཡིན་ཟེར། དེང་སང་ཁ་ཤས་ཀྱིས་བོད་བརྒྱུད་ནང་བསྟན་དེ་བླ་མའི་ཆོས་ལུགས་རེད་ཟེར་ཡོད་ནའང་མ་ཆོག་པ་ཅི་མེད་མོད་བླ་མའི་ཆོས་ལུགས་ཀྱི་ཐ་སྙད་དེ་སོག་པོ་ནས་ཚུར་བྱུང་བ་ལས་བོད་ཡུལ་ནས་བྱུང་དེ་ཡུལ་གཞན་ལ་ཕར་དར་བ་མ་ཡིན་པ་ཞེས་དགོས་གསུངས། ཡིན་ནའང་སོག་པོ་ལ་བླ་མའི་ཆོས་ལུགས་སྤེལ་མཁན་དེ་ཨཱལ་ཐན་ཁཱན་ཡིན་པ་དང་ཁོ་ལ་བླ་མའི་ཆོས་ལུགས་གནང་མཁན་དེ་རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོ་ཡིན་ཟེར།
སྤྱི་ལོ་1940ཙམ་ལ་སོག་པོ་རུ་བླ་མའི་རིང་ལུགས་ཀྱི་དགོན་པ་བརྒྱ་དང་བཞི་བཅུ་ཞེ་གཅིག་ཙམ་ཡོད་ནའང་དུས་རབས་བཅུ་དགུ་བར་དུ་གཞུང་འབྲེལ་དགོན་སྡེར་བརྒྱ་ཆ་བདུན་ཅུ་མ་གཏོགས་བསྒྱུར་མི་འདུག་ཚུལ་བཤད།
ཨ་རིའི་རང་བྱུང་རྒྱལ་རབས་འགྲེམ་སྟོན་ཁང་American Museum of Natural History གི་བཀོད་འདོམས་པ་དང་དཔྱད་ཞིབ་པ་ཆེན་མོ་དང་དཀའ་ཉེན་ཅན་གྱི་བྱ་འཇུག་པ་མཁས་དབང་Roy Chapman Andrewམཆོག་གིས་སོག་པོའི་མི་རིགས་ཀྱི་གོད་ཆག་དེ་རྐྱེན་ཕྲན་བུ་མང་པོ་ཞིག་ཡོད་ནའང་གཙོ་བོ་དེ་ན་བླ་མའི་རིང་ལུགས་ཀྱི་ཆོས་ལུགས་དེས་སོག་པོ་དེ་ཉམས་འགྲོ་འདུག་ཅེས་བྲིས་པ་སོགས་སོག་པོའི་ནང་ཆོས་དེ་ལ་སྔོན་ཆད་ཀྱི་རྒྱལ་རབས་དཔྱད་ཞིབ་པ་དང་མཁས་དབང་མང་པོ་ཞིག་གིས་བླ་མའི་རིང་ལུགས་ཀྱི་ཆོས་ཞེས་ཕྱི་ནང་གཉིས་ཀར་དར་ཁྱབ་བྱུང་ཟེར། 

རྩོམ་རིག

Post navigation

Previous Post: དུས་ཚོད་འཁོར་བ་སྙིང་ཤར་གཟན་པ། ཁྲོ་གཏུམ།
Next Post: ཁྱེད་ལ་ཨོལ་སྒོའི་རྨེན་བུའི་ནད་བྱུང་པའི་་ནད་རྟགས་བཅུ།

Comments (21) on “བླ་མའི་རིང་ལུགས་ཀྱི་ཆོས་ལུགས། སྤྲུལ་སྐུ་དབང་ཆེན།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-02-23 at 5:12 am

    བོད་སོག་ནང་ལ་ལྷ་འདྲེར་བསྟེན་ནས་དམག་ཤུགས་རྒྱས་པ་དང་། ནང་ཆོས་ལ་བརྟེན་ནས་དམག་ཤུགས་ཉམས་པ་དངོས་བདེན་རེད། འོནད་ཀྱང་། བོས་སོག་ནང་ལ་བླམའི་རིང་ལུགས་བཤད་པ་ནི། བོད་སོག་སྐོར་ལ་ཕྱི་རྒྱལ་མཁས་པར་རློམས་པའི་མི་ཤེས་པའི་རྨོངས་པའི་རྟོག་བཏགས་འབའ་ཞིག་རེད་དོ། །

  2. མདོ་ཁམས་པ། says:
    2013-02-23 at 7:14 am

    དྲ་ངོས་འདི་ནས་ཆེས་མཐོང་མི་འདོད་པ་ནི་སྤྲུལ་སྐུ་དབང་ཆེན་ཟེར་བ་སོགས་རྩོམ་ཡིག་ཐར་ཐོར་འབྲི་མཁན་གྱི་བོད་མིའི་བླ་འཚོང་མཁན་དག་རེད། བླ་འཚོང་ཟེར་དོན་ནི་སྤྲུལ་རྫུན་འདི་ཚོས་གདོང་དེབ་སོགས་ཀྱི་གོ་སྐབས་ཡོད་ཚད་བཟུང་དེ་གཞིས་བྱེས་བོད་མི་ཡོངས་ཀྱི་སྐབས་གནས་༸གོང་་ས་སྐྱབས་མགོན་ཆེན་པོ་མཆཽག་ལ་ཟུར་ཟ་དང་། དམའ་འབེབས་བྱེད་ཀྱིན་ཡོད་པས་ཡིན།
    ཁྱི་ངན་ལྟ་བུར་ཟུར་སྐད་འདོན་མཁན་འདི་ཚོས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་མར་མེ་ཁྲོམ་སྐོར་གཅིག་ཙམ་ལའང་མཉམ་ཞུགས་བྱས་ཡོད་པ་མ་རེད། དེང་སང་གཞིས་བྱེས་བོད་མིའི་མགྲིན་ཚབ་པ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆབ་སྲིད་གནས་བབ་ལག་ཆར་བཟུང་ཁུལ་བྱས་ཏེ་དམའ་འབེབས་བྱས་པ་ནི་ཆེས་རྒྱུ་འབྲས་མེད་པའི་རྒྱ་འདྲེ་དོལ་རྒྱལ་ཚོའི་བྱེད་སྤྱོད་དང་གཅིག་པ་ཡིན་པས། ཇི་སྲིད་སྤྲུལ་རྫུན་འདི་ཚོས་༸གོང་ས་མཆོག་ལ་རྒོལ་བ་མཚམས་མ་བཞག་པར་ང་ཚོས་ཀྱང་ངོ་རྒོལ་མུ་མཐུད་བྱེད་ངེས་ཡིན།
    སྤྲུལ་རྫུན་འདི་ལྟ་བུར་དོགས་ཟོན་དང་་དྲ་དེབ་སོགས་སུ་མཉམ་ཞུགས་མ་གནང་རོགས། བླ་མའི་སྐུ་དགྲ་སངས་རྒྱས་བསྟན་པའི་དགྲ་བོ་ཡིན་པ་ཀུན་གྱིས་ཤེས་པར་མཛོད།

  3. མདོ་ཁམས་པ། says:
    2013-02-23 at 7:18 am

    སྨོན་ལམ་ལོག་པས་ཐམས་ཅད་མཁྱེན་པ་ལ།།
    ལོག་པར་འཁུ་བའི་གཟུགས་ཅན་སྤྲུལ་རྫུན་སྡེ།།
    བསམ་སྦྱོར་ངན་པས་འཇུག་པ་མ་ལུས་པ།།
    ནུས་ལྡན་ཆོས་སྐྱོང་སྲུང་མས་ཚར་གཅོད་མཛོད།།

  4. མེ་ཏོག་དཀར་པོ says:
    2013-02-23 at 8:06 am

    དབང་ཆེན་གྱིས་༧གོང་ས་མཆོག་ལ་ཟུར་ཟ་བྱས་པ་ལ་ཚོད་མེད།

  5. རེབ་ཐོག་མདའ says:
    2013-02-23 at 8:42 am

    སྤྲུལ་སྐུ་མིང་བྱང་ཞིག་གི་ཧྲག་བར་ན།།
    བསྟན་པ་ཞབས་འདྲེན་དེང་གི་སྤྲུལ་སྐུ་ལགས།།
    ཆོས་དང་འཇིག་རྟེན་གང་ཡང་མ་འཁྱོངས་པས།།
    འཇིག་རྟེན་འདི་ན་ཁྱོད་ལ་གནས་མལ་གང་།།

    སྤྲུལ་སྐུ་ཞིག་གི་ཆོ་ལོ་ཆེ་ན་ཡང་།།
    ནང་བའི་ཆོས་ལ་བླུན་པོ་ངང་ཚུལ་ཅན།།
    ནུབ་ཕྱོགས་གྲུ་ཁ་འགྲུམ་པའི་སྤྲུལ་རུལ་ཁྱོས།།
    བདག་གི་བླ་མའི་ཞབས་ནས་མ་འཐེན་ཅིག

    གཟན་ཤབས་དམར་བོ་གཟུགས་པོ་བཏུམ་ན་ཡང་།།
    སེམས་པ་གཏད་སོ་བུ་མོ་མཛེས་མ་ཡིན།།
    སྤྱང་ལྤགས་གྱོན་པའི་བོང་བུ་ལས་ངན་ཁྱོད།།
    ཉིན་གཅིག་ལས་འབྲས་ལྕི་མོ་འཁོར་ངེས་ཡིན།།

  6. གཅན བཟོད་རྒྱ། says:
    2013-02-23 at 9:16 am

    སྤྲུལ་སྐུས་དཔྱད་རྩོམ་ཡག་པོ་ཞིག་བྲིས་གནང་འདུག་པར་བཀའ་དྲིན་ཆེ་ཞུ། དཔྱད་གཞི་གསར་པ་མང་པོ་འདུག་ལ་དཔྱད་ཚུལ་ཡང་གསར་བ་རེད་ཨང་སྙམ་པ་བྱུང་།
    བསྐྱར་དུ་བཀའ་དྲིན་ཆེ་ཞུ།

  7. ཨོ་རྒྱན་ཉི་མ། says:
    2013-02-23 at 10:24 am

    དྲང་པོའི་མི་ལ་འཁྱོགས་པའི་ལམ་སྟོན་པ། །སྐྲ་སེར་སྤྲེའུ་རིགས་ལ་བློ་མ་གཏད། །

  8. སྤྱང་ཤོག་ says:
    2013-02-23 at 10:33 am

    བྱུང་རབ་འདི་ཚོ་བོད་པ་ཚང་གི་ཤེས་དགོས་ངེས་ཀྱིས་དོན་ཆེན་གང་མང་འདུས་འདུག་།
    བླ་མ་ཆོས་ལུགས་ཀྱི་སྤྲུལ་སྐུ་དབང་ཆེན་ལ་ཐུགས་རྗེ་ཆེ་།

  9. བན་དེ་བ། says:
    2013-02-23 at 11:40 am

    བོད་སྤྲུལ་སྐུའི་ཆོས་ལུགས་ཟེར་ན་འགྲིག་འདུག
    བོད་སྤྲུལ་སྐུས་ཕུངས་ཡོད། བོད་སྤྲུལ་སྐུས་བསླུས་ཡོད། བོད་སྤྲུལ་སྐུས་བཙོང་ཡོད། བོད་སྤྲུལ་སྐུས་མགོ་བསྐོར་བཏང་ཡོད། མི་ཆོས་བླ་མའི་རྫུན་གྱིས་བསླུས་པ་བགྲང་མེད།

  10. མདོ་ཁམས་པ། says:
    2013-02-23 at 12:01 pm

    Trulku Wangchen
    དབུ་མའི་ལམ་གྱི་སྲིད་ཇུས་གཏན་འབེབས་བྱས་པ་ནི་བོད་ནང་ལོགས་ན་གནས་པའི་བོད་མི་ས་ཡ་དྲུག་གི་ད་ལྟའི་གནས་སྟངས་དང་མ་འོངས་པའི་འདུན་ལམ་གྱི་ཆེད་མ་ཡིན་པར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་སྐུ་སྒེར་གྱི་ཆེ་མཐོང་དང་ཞི་བདེའི་མཚན་སྙན་གྱི་གཟི་བརྗིད། དེ་བཞིན་བོད་རྒྱལ་རབས་རིམ་བྱོན་ལ་ཕེབས་མ་མྱོང་བའི་ནང་ཆོས་གོ་རྟོགས་པ་ཆེན་མོ་ཞིག་གིས་ཁེ་དང་རྒྱལ་ཁ་གཞན་ལ་སྤྲད། གྱོང་དང་ཕམ་ཁ་རང་གིས་ལེན་པས་བྱ་སྤྱོད་ཀྱིས་སྣེ་ཁྲིད་ནས་རྒྱལ་ཁབ་དང་མི་རིགས་བློས་གཏོང་གིས་རླབས་ཆེན་གྱི་མི་སྣ་ཞིག་བཟོ་ཆེད་དེའང་ཡིན། དབུ་ལམ་གསར་བཏོད་བྱེད་མཁན་དེ་ནི་རྒྱལ་བ་རིན་པོ་ཆེ་སྐུ་རྐྱང་གཅིག་པོ་མིན་པར་སྐབས་དེ་དུས་ཀྱི་བཀའ་ཤག་ཐུན་མོང་ཐོག་མཉམ་རུབ་ཀྱིས་གྲུབ་ཡོད་ཀྱང་། སྐབས་དེ་དུས་ཀྱི་དམིགས་འདུན་གཙོ་བོ་ནི་རྒྱལ་བ་རིན་པོ་ཆེ་ལ་རྒྱལ་སྤྱིའི་སྒང་ནས་ཆེ་མཐོང་དང་རྩི་བཀུར་རག་ཆེད་དུ་བཙུགས་པ་ཞིག་ཡིན།
    སྤྲུལ་རྫུན་དབང་ཆེན་ཟེར་བ་འདིས་ཁོ་རང་སྒེར་གྱི་ངོ་དེབ་དུ་བཀོད་པའི་ཡིག་འཁྱོག་འདི་ལ་གཟིགས་དང་། གནས་ཚུལ་འདི་དྲང་བདེན་རེད་དམ། གཅན་བཟོད་རྒྱམ་ཟེར་བའི་འདྲེ་ཕྲུག་འདིས་གསོན་འདྲེ་འདི་ལ་ཐུགས་རྗེ་ཆེ་ཞུ་ཁུལ་བྱས། ནང་རུལ་བ་ཚོ། ཁྱོད་ཚོས་སྡུག་ཚོད་བཟུང་དང་དགའ་ཡོང་།

  11. བན་དེ་བ། says:
    2013-02-23 at 12:07 pm

    མདོ་ཁམས་པས་དྲངས་བ་ཐུགས་རྗེ་ཆེ། ད་དུང་སྤྲུལ་གོག་དེ་དང་དེ་འདྲ་བ་མང་པོ་ཡོད། ཆོས་ལུགས་དང་མི་རིགས་དབར་ལ་ཁྲག་དཀྲུགས་པ་ལྟར་བྱས་ཡོད། ཁོ་ཚོ་ནི་དཀའ་བ་མ་སྤྱད་པའི་མཁས་པ། དཀའ་ཐུབ་བྱེད་མ་མྱོངས་པའི་ཉམས་ལེན་པ། སྒྲིག་འོག་ཏུ་ཚུད་མ་མྱོངས་པའི་སྤྲུལ་སྐུ། དམངས་ཀྱི་བདེ་སྡུག་ལ་རྒྱུས་མངའ་གང་ཡང་མེད་པའི་མཐོ་འགྱིང་བྱེད་མཁན་རེད།

  12. སྤྲུལ་སྐུ་དབང་ཆེན། says:
    2013-02-23 at 2:26 pm

    ངས་རྟག་ཏུ་དྲང་གཏམ་སྨྲ་བཞིན་ཡོད། གལ་ཏེ་དྲང་པོ་མ་རེད་ཟེར་ནས་རྒྱུ་མཚན་ཡང་དག་གི་སྒོ་ནས་ང་ལ་དགག་གཞག་གྱི་རྩོད་པ་བྱེད་མཁན་ཡོད་ན་ཕེབས་ཤོག
    ༧གོང་ས་མཆོག་ནི་བོད་མི་ས་ཡ་དྲུག་གི་མགྲིན་ཚབ་པ་དང་བོད་བརྒྱུད་ནང་བསྟན་པའི་སྐུ་ཚབ་ཞིག་ཡིན། གལ་ཏེ་ཁོང་ལ་རྒྱལ་སྤྱི་དང་རྒྱལ་སྤྱི་མ་ཡིན་པའི་རྒྱལ་ཁབ་དང་མི་རིགས་སུ་ཞིག་གིས་གཟེངས་རྟགས་དང་ཆེ་མཐོང་དེ་བཞིན་གུས་བཀུར་སོགས་ཐོབ་པ་ཡིན་ན། དེ་ནི་བོད་མི་ས་ཡ་དྲུག་གི་ད་ལྟའི་གནས་དང་བོད་བརྒྱུད་ནང་བསྟན་གྱི་འཚེ་མེད་ཞི་བའི་ལྟ་སྤྱོད་བཅས་ལ་གཟེངས་རྟགས་དང་ཆེ་མཐོང་ཞིག་ཡིན་པ་མ་གཏོགས་༧གོང་ས་རིན་པོ་ཆེ་གཅིག་པོ་ལ་རྩ་བ་ནས་མིན། གལ་ཏེ་༧གོང་ས་མཆོག་ཨ་མདོའི་ལྷ་མོ་དོན་འགྲུབ་རང་བྱས་ནས་བོད་མི་ས་ཡ་དྲུག་དང་བོད་བརྒྱུད་ནང་བསྟན་གྱིས་རོགས་སྐྱོར་རྩ་ནས་མེད་པར་བུ་རང་སྐྱེས་ཀྱི་ངོ་བོས་འཇོན་ཐང་ཞིག་ཡིན་ནི་གནས་ཚུལ་ཐ་དད་རེད། དེས་ན་བོད་མི་ཚོས་སྔར་བྱུང་མ་མྱོང་བ་ཞིག་གནམ་ནས་ཆད་མདོག་མདོག་དང་ཕྱིས་ཡོང་མི་སྲིད་པ་ཞིག་ས་ནས་སྐྱེས་མདོག་མདོག་མི་བྱེད་པར་ཕྱོགས་བཞི་མཚམས་བརྒྱད་ལ་བསམ་བློ་བཏང་ནས་སོ་སོའི་མི་རིགས་དང་རྒྱལ་ཁབ་ཀྱི་འགན་ཁུར་ནས་བོད་མིའི་མ་འོངས་པའི་འདུན་ལམ་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད།

  13. འདྲེ་རྐང་ཐོ། says:
    2013-02-23 at 5:08 pm

    ཧ་ཧ་ད་མི་འདི་་ངོ་མས་སྨྱོན་འདུག་་་་་་སྙིང་རྗེ། ནང་བསྟན་ཆོས་ལུགས་དང་་་་བོད་ཀྱི་མགྲིན་ཚབ་་་་ཁྱོས་འེ་འཇོན་ལྟོས་དང་་་་ག་དུས་ཡིན་ཡང་སྒོ་ཕྱེས་ནས་ཡོད་ཡོད་པ་རེད་ལོ། བོད་མི་ས་ཡ་དྲུག་དང་ནང་བསྟན་གྱི་རོགས་སྐྱོར་ཐོབ་པ་འདི་ཡང་ཁོང་རང་ཉིད་ཀྱི་འབད་བརྩོན་གནང་བ་ལས་བྱུང་བ་ཡིན་པ་ལས། དཀའ་ལས་མ་བརྒྱབ་པར་གནམ་ལས་ལྷུང་ཡོང་བ་ཞིག་དང་་་་་ས་ནས་སྐྱེས་བཞག་པ་ཞིག་མིན་པ་འདི་ཙམ་ཡང་ཧ་གོ་གི་མེད་པ་འདྲ་་་ཨ་གནམ་རྒན་མ། ཨ་མདོ་ལྷ་མོ་འགྲུབ་རང་ནས་་་་ད་ལྟའི་འཛམ་གླིང་གི་ཆེ་མཐོང་འདི་ཐོབ་པ་རེད་མ་གཏོགས་་་་་སྐྱག་རྫུན་རང་ཤོད་ནས་ཁ་གསོ་བའི་ཁྱོད་འདྲ་བར་གཡོ་ཐབས་གཡས་བསྒྱུར་གཡོན་བསྒྱུར་བྱས་ཏེ་གཟེངས་རྟགས་ཐོབ་ཤག་པ་ཅི་ལ་ཡིན། བླ་རྫུན་ཁྱོད་ཚོ་ཁག་ཅིག་་་༧གོང་ས་མཆོག་ལ་མི་དགའ་བ་ངས་དེ་སྔོན་ནས་ཤེས་ཀྱིན་ཡོད་་་་བླ་མའི་སྡེ་དང་་གྲྭ་བའི་སྡེ་དག་གཙང་ཞིག་ཡོང་ན་བསྒོམ་ནས་བླ་མ་དང་གྲྭ་བ་ཞིག་ཡིན་ན་སྤྱོད་པ་སོགས་ཡག་པོ་གནང་གལ་ཆེ་ཚུལ་བཀའ་སློབ་རབ་དང་རིམ་པ་ཕེབས་ནང་བར་ཁྱོད་ཚོའི་སྙིང་ལ་གྲུ་བཙུགས་པ་ནང་བཞིན་ཡིན་ཡང་སྡུག་ཅུང་རེད་ལོ།

  14. ཅོག་རོང་གི་མྱི། says:
    2013-02-23 at 10:19 pm

    ས་སྐྱོང་ཨ་བརྟན་ནི་སོག་པོའི་རྒྱལ་རྒྱུད་ཡིན་པ་མ་ཟད་རྒྱལ་དབང་བསོད་ནམས་རྒྱ་མཚོ་དང་ཆོས་འབྲེལ་བཙུགས་པས་རྒྱལ་མཆོག་བཞི་བ་དེའི་ཁྱིམ་དུ་འཁྲུངས་ཤིང་ཕྱིས་སུ་ལྔ་བ་ཆེན་མོར་སོག་པོ་རོགས་རམ་གང་མང་གནང་སྟེ་དགའ་ལྡན་ཕོ་བྲང་གི་སྲིད་དབང་བསྒྱུར་བ་སོགས་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་ཡོད། བོད་ཀྱི་བཀའ་བརྒྱུད་པའི་བླ་རྒན་མང་པོ་ཞིག་ཀྱང་དེའི་དམག་གིས་ལྔ་ལམ་དུ་བཅུག་པས་སོག་པོ་དང་བོད་ཀྱི་འབྲེལ་བ་འདི་སྦྲང་རྩི་དང་འདྲ་བ་ཞིག་མ་ཡིན་ཏེ་ད་ར་དང་འདྲ་བ་ཞིག་ཡིན།

  15. མདོ་ཁམས་པ། says:
    2013-02-23 at 11:25 pm

    སྤྲུལ་སྐུ་དབང་ཆེན་ནམ་ཨོ་རྒྱན་ཉི་མ་ལགས། ཁྱོད་ཞར་གོག་ཅིག་མིན་ན་ལོག་བཤད་རྐྱང་བ་བཤད་དེ་གནས་ལུགས་ཡིན་ཁུལ་གླེང་། ཁྱོད་ངོ་་མི་ཚའམ། དབུ་མའི་ལམ་གྱི་རྒྱབ་ལྗོངས་དང་གནས་ལུགས། ཁེ་ཕན། ཛ་དྲག་གི་དགོས་མཁོ་གང་ཡང་མ་མཐོང་བར་༸གོང་ས་མཆོག་གི་རང་དོན་བསྒྲུབ་ཆེད་རེད་གླེང་ན་ཁྱོད་རྣམ་དཔྱོད་ཅན་ཞིག་རེད་དམ། མི་ལ་ངོ་ཚ་མེད་ན་ཁྱི་ཟེར། ཁྱི་ལ་རྔ་མ་མེད་ན་འདྲེ་ཟེར།

  16. ཨོ་རྒྱན་ཉི་མ། says:
    2013-02-24 at 2:52 am

    མདོ་ཁམས་པ་ཁྱོད། ངས་བལྟས་ན་ཁྱོད་རང་ཞ་ར་ཡིན་ས་རེད། དབུ་མའི་ལམ་དེ་གོང་ས་མཆོག་གིས་རང་དོན་སྒྲུབ་བྱེད་རེད་གང་དུ་བྲིས་འདུག ཁྱོད་རང་གི་མིག་ཤེས་འཁྲུལ་སོང་བ་ཡིན་པ་འདྲ།

  17. ཨོ་རྒྱན་ཉི་མ། says:
    2013-02-24 at 2:54 am

    སྤྲུལ་སྐུ་ཡོད་ན་བོད་ལ་དེས་ཆོག་ཡིན།།
    སྤྲུལ་སྐུ་མེད་ན་བོད་ལ་ཐབས་ཆག་ཡིན།།
    སྤྲུལ་སྐུའི་རྣམ་ཐར་རྒྱས་ན་བོད་རྣམས་བདེ།།
    སྤྲུལ་སྐུར་གུས་པ་ཆེ་ན་བོད་རྒྱལ་ལོ་།།

    སྤྲུལ་སྐུ་མེད་ན་བོད་རྣམས་ལྐུགས་པ་ཡིན།།།
    སྤྲུལ་སྐུ་མེད་ན་བོད་རྣམ་འབྱོར་མེད་ཡིན།།
    སྤྲུལ་སྐུ་མེད་ན་བོད་རྣམས་ཞྭ་བོ་ཡིན།།
    སྤྲུལ་སྐུ་མེད་ན་བོད་ལ་འཇོན་ཐང་མེད།།

    སྤྲུལ་སྐུས་བོད་ཀྱི་རིག་གཞུང་རྨང་ནས་བསླངས།།
    སྤྲུལ་སྐུས་བོད་ལ་གནས་གོས་ཟས་མལ་བསྟབས།།
    སྤྲུལ་སྐུས་བོད་ལ་ཟ་ལུགས་འཐུང་ལུགས་བསླབས།།
    སྤྲུལ་སྐུས་བོད་ཀྱི་སྲོག་རྩ་གཞིར་བཞེངས་བྱས།།

    སྤྲུལ་སྐུ་དཔལ་འབྱོར་ཆེ་བས་ཉོ་རྒྱུ་མེད།།
    སྤྲུལ་སྐུ་བསྟན་བཤིགས་ཅན་ཞིག་ཡོད་རབས་མེད།།
    སྤྲུལ་སྐུའི་གཏི་མུག་ཅན་ཞིག་དེ་བས་མེད།།
    སྤྲུལ་སྐུ་ཡིན་ན་ལེགས་དགུ་ཚང་དགོས་སོ།།

  18. སྤྲུལ་སྐུ་དབང་ཆེན། says:
    2013-02-24 at 12:17 pm

    སྤྲུལ་སྐུ་ཨོ་རྒྱན་ཉི་མ་དང་ངེད་གཉིས་མི་གཅིག་མིན་པར་ངས་གསལ་བཤད་མང་པོ་བྱས་ཚར་བ་ཡིན།

  19. འདྲེ་རྐང་ཐོ། says:
    2013-02-24 at 12:23 pm

    རང་གི་རྐང་ལག་འགུལ་ཙམ་མི་དགོས་པར།།
    གཞན་ནོར་ཧམ་པས་ཟ་བའི་སྤྲུལ་སྨྱོན་ཚོས།།
    བསྟན་དང་མ་གྱུར་འགྲོ་བ་སེམས་ཅན་ཞེས།།
    ཁ་ལྕེ་ན་ན་སྒྲོག་ཡང་སུ་ཞིག་དད།།

  20. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-02-24 at 10:47 pm

    བོད་ཀྱི་བླ་མའི་ཆོས་སོག་པོར་དར་བ་མགོ་ཚུགས་པ་ན། རྒྱ་ནག་ལ་ཞེད་སྣང་ཆེན་པོ་བྱུང་། གང་ལགས་ཤེ་ན། དེ་རེ་རེས་ཀྱང་རྒྱ་ལ་དམག་འཐབ་པ་ན། རྒྱ་ཕམ་པ་མང་། ད་གཉིས་ཀ་གྲོགས་པོ་གྱུར་ནས། རྒྱ་ནག་ལ་འཐབ་པ་ན། ཕམ་པ་ལ་ཐེ་ཚོམ་མེད་བསམས་ཀྱང་། མཇུག་ཏུ་རྒྱས་བོད་སོག་གཉིས་ཀ་རང་གི་མངའ་འོག་ཏུ་བསྡུས་ཞེས་པ། ཨ་རིའི་སནཕ་རནསིས་ཀོའི་འགྲེམ་སྟོན་ཁང་དུ་སོག་པའི་སྒྱུ་རྩལ་དངོས་རྫས་རྣམས་ཀྱི་འགྲེམ་སྟོན་བྱེད་པའི་ངོ་སྤྲོད་ཨིན་སྐད་དུ་བྲིས་སོ། འདི་དངོས་མ་ཡིན་ན། རྒྱུ་མཚན་དེ་ཁྱེད་རྣམས་ཀྱི་གསལ་པོར་མཁྱེན་ཐུབ།
    ད་ཁྱེད་རྣམས་ལ་བོད་ཀྱི་རིང་ལུགས་སྲ་བརྟན་དགོས་ན། བོད་སྤྱིའི་སྐད་དེ་སྲ་བརྟན་དགོས་པར་མཐོང་བས། མང་པོ་མིན་པར་སླར་མིང་ཚིག་འདི་གཉིས་ཀྱི་དག་ཆ་ལ་དཔྱད་པར་བྱ་སྟེ། མེད་པས་རྐྱེན་གྱིས། པས་དང་། པའི་ གཉིས་ལ་བོད་ཀྱི་ལུང་པ་མང་ཆེ་བར་ཡི་གེ་མཚུངས་པ་འདོན་པས་འབྲི་བ་ན་ཡང་ནོར། འདི་འདྲ་ནོར་བ་ངས་བོད་དུ་ཡང་མཐོང་བ་ཡིན། མེད་པས་ ཞེས་པ་བྱེད་སྒྲ་དང་། མེད་པའི་ ཞེས་པ་འབྲེལ་ དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་ཁྱེད་རྣམས་ཀྱིས་ཀྱང་མཁྱེན་དང་མཁྱེན། འོན་ཀྱང་དོ་སྣང་མ་མཛད་པའི་རྟགས་སོ།
    བརྗོད་པ་མ་ཟད། ཅེས་པར་ བརྗོད་པར་མ་ཟད། ཅེས་བཀའ་བསྟན་གསུང་འབུམ་རྣམས་ཀྱི་དཔེ་ཆ་རྣམས་ན་ཡོད་པ་དང་འགལ་བར་པ་ལ་ར་ཡིག་རྗེས་འཇུག་མི་དགོས་པར་བྱས་ཏེ། འབྲི་མཁན་ཤིན་ཏུ་མང་སྟེ། བོད་སྤྱིའི་སྐད་ཀྱི་དག་ཆ་ལ་མི་རྩི་བ་ནི་བོད་ཀྱི་རིང་ལུགས་ཉམས་རྒུད་འབྱུང་བ་ལ་ཞལ་འདེབས་རྒྱ་ཆེན་པོ་རྒྱབ་པའི་རྟགས་སོ།།

  21. ལ་ཐགས་བློ་བཟང་འཇམ་དཔལ་ says:
    2013-02-24 at 10:51 pm

    ཞེས་པ་འབྲེལ་ ཞེས་པ་འབྲེལ་སྒྲ།་ ཞེས་ཀློག་པར་མཛོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme