Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བླ་མའི་འཁྲུངས་སྐར་དང་། དུད་འགྲོའི་ཚེ་སྲོག

Posted on 2015-04-162015-04-16 By ཁ་བརྡ 8 Comments on བླ་མའི་འཁྲུངས་སྐར་དང་། དུད་འགྲོའི་ཚེ་སྲོག

ཁང་ཟླ་སྲས་ཀྱིས།

 

ཉིན་འགའི་སྔོན་དུ་སྲང་ལམ་དང་། ཇ་ཁང་། བོད་མི་འདུས་སྡོད་ཀྱི་ས་ཆ་གང་སར་མི་རྣམས་ཀྱིས་འཛུམ་དམུ་ལེར་ཡང་ཡང་འཆད་བཞིན་པ་ནི་སྤྲུལ་སྐུ་ག་གེ་མོའི་འཁྲུངས་སྐར་བྱ་རྒྱུའི་སྐོར་ཡིན་ལ། ཁོང་ཚོས་དེ་ལྟར་གླེང་དོན་གཙོ་བོའང་ཉིན་དེར་གཞན་དང་མ་འདྲ་བའི་ཟ་མ་སྣ་ཚོགས་ཡོད་ལ་དེ་ལས་ཀྱང་ཆེས་གལ་ཆེ་བ་ནི།དགོན་པ་དེས་བོད་རིགས་རྣམས་ཀྱིས་ཁ་ཟས་ལེགས་ཤོས་སུ་བརྩི་བའི་ཤ་ཡི་རིགས་མང་པོ་གཏོང་གིན་ཡོད་པས་རེད།

 

ལྷག་དོན་བླ་སྤྲུལ་ག་གེ་མོའི་འཁྲུངས་སྐར་གྱི་དུས་ཆེན་སྲུང་གཙིའི་ཉིན་སྐུ་མགྲོན་རྣམས་ཀྱི་ཆེད་དུ་བླ་བྲང་གི་ཕྱག་མཛོད་ཆེ་གེ་མོའི་བཀའ་ལྟར་དགོན་པའི་གཉེར་བ་རྣམས་ཤ་ཚོང་ཁང་དུ་སོང་སྟེ་གླང་ཤ་འབོར་ཆེན་ཉོས་པར་མ་ཟད།   དེ་བས་ཀྱང་ཆེས་མི་འོས་པ་ཞིག་བྱས་པ་ནི་ཉིན་དེར་འཁྲུངས་སྐར་གྱི་དགའ་སྟོན་ཆེད་ཁྱིམ་བྱ་བཅུ་ཕྲག་མང་པོའི་ཚེ་སྲོག་ལ་ཅི་སྙམ་པར་དམར་གསོད་བྱས་པའི་གནས་ཚུལ་ངན་པ་དེ་རེད།   དེ་ནི་རང་ཉིད་བྱམས་སྙིང་རྗེའི་བདག་ཉིད་དུ་ཁས་འཆེ་བའི་དེང་གི་བླ་སྤྲུལ་ཚོའི་བྱེད་སྟངས་སྐྱོ་ལྷང་ངེ་བ་ཞིག་རེད་ལ།ང་ཚོ་གནས་ཡུལ་རྒྱ་གར་མི་དམངས་ཀྱི་མིག་ནང་དུ་འུ་ཚོའི་མི་རིགས་འདི་ཆེས་མི་མཛའ་བའི་བྱེད་ཐབས་ངན་པ་ཞིག་ཀྱང་རེད།   ལྷག་པར་དུ་དགེ་འདུན་པའི་སྡེ་ཞིག་ལ་མཚོན་ན།  དངོས་དང་བརྒྱུད་ནས་སྲོག་གཅོད་དང་འབྲེལ་བའི་ལས་བྱེད་པ་ནི་ཆེས་མི་འོས་ཤིང་མི་འཚམས་པའི་བྱ་བ་ཞིག་སྟེ།  སྲོག་གཅོད་པ་ནི་སྟོན་པ་སངས་རྒྱས་ཀྱི་རྗེས་སུ་འཇུག་པའི་ཁྱིམ་པ་རྣམས་ཀྱིས་ཀྱང་མི་རུངས་ན།མ་གྱུར་འགྲོ་བ་རྣམས་ཀྱི་ཆེད་དུ་རྣམ་བྱང་སྒྲུབ་པར་ཁས་འཆེ་བའི་སེར་མོ་བ་རྣམས་ཀྱིས་རང་ལ་ཕྲལ་གྱི་བདེ་བ་ཆུང་ངུ་ཙམ་འཐོབ་ཕྱིར་སེམས་ཅན་ཉམ་ཆུང་གི་ཚེ་སྲོག་ལ་དེ་ལྟར་སྣང་ཆུང་བྱེད་ག་ལ་རུང་།

 

ལྷག་དོན་བྱམས་བརྩེ་ཉམས་ལེན་གཙོ་བོར་བྱེད་པའི་ཆོས་ལུགས་ཀྱི་དབུ་ཁྲིད་བླ་སྤྲུལ་དུ་ཁས་འཆེ་བ་ཞིག་གི་ངོས་ནས་བཤད་ན། ལས་སུ་བྱ་བ་ངན་པ་འདི་ནི་འཚེ་བ་མེད་པའི་ལྟ་གྲུབ་དང་རྒྱབ་འགལ་གྱིས་རང་གི་ཕྲལ་གྱི་ཕན་བདེའི་ཆེད་དུ་ཉམ་ཆུང་དུད་འགྲོ་ཚོའི་ཚེ་སྲོག་ལ་ཅི་མི་སྙམ་པར་དེའི་ཤ་ཁྲག་ལ་ལོངས་སུ་སྤྱོད་པ་ནི་ཧ་ཅང་གླེན་ལྐུག་གི་སྤྱོད་པར་འཇུག་པ་ཡིན་ཏེ།  རླབས་ཆེན་གྱི་སྟོན་པས་ཀྱང་། ནོར་གྱིས་ཆེད་དུ་སྲོག་གཅོད་ཅིང་།། ཤ་ཡི་ཆེད་དུ་ནོར་སྦྱིན་བྱེད།། ཅེས་གསུངས་པ་ལྟར་ལགས་པས། རིས་མེད་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་ལུང་རྟོགས་ཡོན་ཏན་གྱིས་ཐུགས་རྒྱུད་ཕྱུག་པའི་བླ་སྤྲུལ་དགེ་འདུན་གྱི་སྡེའི་མཚན་ཤས་སུ་མི་འགྲོ་བའི་ཆེད་དུ་བྱམས་སྙིང་རྗེའི་བསྟི་གནས་སུ་གྱུར་པའི་དགོན་སྡེ་དང་། བཤད་གྲྭ་རྣམས་སུ་དམར་ཟས་ཀྱི་རིགས་གཏན་སྤངས་བྱེད་ཐུབ་ན་བསྟན་དང་འགྲོ་བའི་མིག་རྒྱན་ཙམ་མ་ཟད། ང་ཚོའི་གནས་ཡུལ་རྒྱ་བལ་གྱི་ཧིན་དྷུ་བ་ཚོས་རང་ཅག་བོད་ཀྱི་སྐྱབས་གནས་སུ་གྱུར་པའི་དགེ་འདུན་པ་རྣམས་ལ་༼ཁྱི་དམར་པོ་༽ཞེས་པའི་མིང་འདོགས་དང་བཟོད་དཀའ་བའི་ངན་སྨོད་བྱེད་པ་སོགས་ཀྱི་ཁྱིམ་པ་སུན་འབྱིན་པའི་ལས་ངན་རླབས་པོ་ཆེ་དེ་ཡང་རང་ཤུགས་ཀྱིས་རྒྱུན་ཆད་ངེས་པས། བྱམས་དང་སྙིང་བརྩེའི་ལྟ་གྲུབ་གཙིགས་སུ་འཛིན་ཅིང་བསྟན་པ་སྤྱིར་གློ་བ་དཀར་པའི་དགེ་འདུན་པ་དང་འབྲེལ་ཡོད་སྦྱིན་བདག་རྣམས་ཀྱིས་དེ་དོན་སྙིང་བཅངས་ཐོག་གཞན་ཕན་གྱི་ལྟ་གྲུབ་ཟབ་མོ་ཁ་ཙམ་མིན་པར་རང་ཉིད་ཀྱི་ཉིན་རེའི་འཚོ་བའི་ཁྲོད་དུ་ཕྱག་བསྟར་མཛད་དེ། མགོན་མེད་སེམས་ཅན་རྣམས་ཀྱང་ཤིན་ཏུ་གཅེས་པའི་རང་རང་གི་ཚེ་སྲོག་ལ་རང་དབང་དུ་སྤྱོད་ཕྱིར། རབ་བྱུང་ན་ཚེ་གང་བོར་དམར་ཟས་རིགས་གཏན་སྤངས་དང་། དེ་ལྟར་མ་བྱུང་ནའང་བྱ་དང་ཉ་སོགས་དེང་སང་ཁྲོམ་སྲང་དུ་མི་རྣམས་ཀྱིས་ཆེས་རྙེད་སླ་ཞིང་ཁ་ཟས་སུ་སྤྱོད་སྒོ་ཆེ་བའི་སེམས་ཅན་བྱེ་བྲག་པའི་ཤ་གཏན་སྤངས་བྱེད་པ་དང་། དེ་ལྟར་མ་ནུས་ཀྱང་ས་ག་ཟླ་བ་ལྟ་བུའི་དུས་ཚེས་བཟང་པོ་རྣམས་ལ་དཀར་ཟས་རྐྱང་པ་བསྟེན་པ་སོགས་ཆེས་སྒྲུབ་སླ་བའི་རྣམ་དཀར་གྱི་དགེ་ཚོགས་རྣམས་རྒྱུན་དུ་བྱ་རྒྱུའི་འབོད་སྐུལ་སྙིང་ཁོང་རུས་པའི་གཏིང་ནས་བྱ་རྒྱུ་ཡིན།

 

མཐའ་དོན་གཞན་གཞན་སྡུག་བསྔལ་ལས་སྐྱོབ་ཕྱིར་ཤ་སྤངས་མ་ཐུབ་ཀྱང་། རང་ཉིད་ཀྱི་ཚེ་འདིའི་འཕྲོད་བསྟེན་དང་ཚེ་ཕྱི་མའི་སྡུག་བསྔལ་ལ་བསམ་སྟེ་དམར་ཟས་བསྟེན་མཚམས་འཇོག་པ་དང་། དུས་བཟང་སྐབས་སྤོང་བ་སོགས་མགོན་མེད་སྐྱབས་བྲལ་གྱི་དུད་འགྲོ་རྣམས་ཀྱི་ཚེ་སྲོག་གཅོད་པའི་རྐྱེན་གཙོ་བོ་ཤ་ཁྲག་ལ་འདོད་རྔམ་ཤུགས་ཆེར་མི་བྱེད་པར་དེའི་ཉེས་དམིགས་ལ་སེམས་བཞིན་ཕྱོགས་གང་ཐད་ནས་དཀར་ཟས་བསྟེན་ཐབས་བྱ་རྒྱུའི་འབོད་འབུལ་ཟབ་མོ་ཞུ་རྒྱུ་ཡིན།
ཁང་ཟླ་སྲས་ཀྱིས་བལ་ཡུལ་ཡང་ལེ་ཤོད་དུ་བྲིས།

བསམ་ཚུལ།

Post navigation

Previous Post: གསར་འགོད་གསལ་བསྒྲགས།
Next Post: ངོ་མཚར་གྱི་འབྲེལ་བ་བརྗོད་པ། (ཁག་ལྔ་བ།)

Comments (8) on “བླ་མའི་འཁྲུངས་སྐར་དང་། དུད་འགྲོའི་ཚེ་སྲོག”

  1. ཀླུ་སྨྱོན། says:
    2015-04-16 at 12:48 pm

    ག་གེ་མོ་ཟེར་བ་འདི་མི་ཞིག་གི་མིང་མ་རེད། མི་དེའི་མིང་ངོ་མ་ཁྱེར་ཤོག དཔའ་བོ་བཅའ་ན་སྲོག་ལ་མ་འཛེམས།

  2. སྲིན་པོ་རྫ་རྒན། says:
    2015-04-16 at 3:24 pm

    ༼ག་གེ་མོ༽ དང་༼ཆེ་གེ་མོ༽ བསྡུར་རོགས།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-04-16 at 3:58 pm

    ་་་་་་་་་་་ མཐའ་དོན་གཞན་གཞན་སྡུག་བསྔལ་ལས་སྐྱོབ་ཕྱིར་ཤ་སྤངས་མ་ཐུབ་ཀྱང་། རང་ཉིད་ཀྱི་ཚེ་འདིའི་འཕྲོད་བསྟེན་དང་ཚེ་ཕྱི་མའི་སྡུག་བསྔལ་ལ་བསམ་སྟེ་དམར་ཟས་བསྟེན་མཚམས་འཇོག་པ་དང་།
    དུས་བཟང་སྐབས་སྤོང་བ་སོགས་མགོན་མེད་སྐྱབས་བྲལ་གྱི་དུད་འགྲོ་རྣམས་ཀྱི་ཚེ་སྲོག་གཅོད་པའི་རྐྱེན་གཙོ་བོ་ཤ་ཁྲག་ལ་འདོད་རྔམ་ཤུགས་ཆེར་མི་བྱེད་པར་དེའི་ཉེས་དམིགས་ལ་སེམས་བཞིན་ཕྱོགས་གང་ཐད་ནས་དཀར་ཟས་བསྟེན་ཐབས་བྱ་རྒྱུའི་འབོད་འབུལ་ཟབ་མོ་ཞུ་རྒྱུ་ཡིན།
    ཁང་ཟླ་སྲས་ཀྱིས་བལ་ཡུལ་ཡང་ལེ་ཤོད་དུ་བྲིས། ་་་་་་་་་་་་་་་་་་

  4. ཀརྡོ་གཉེར་ཕྱག་པ་ says:
    2015-04-16 at 4:01 pm

    ང་འབྲི་མཁན་ག་གེ་མོས། ཤ་བཟས། ཁྱོད་ཀློག་མཁན་ཆེ་གེ་མོས་ཀྱང་། ཤ་བཟས་པས། ད་སུས་སྤངས་སམ། འདི་སྐུ་རྩེད་ཡིན་ནོ།།

  5. ཀརྡོ་གཉེར་ཕྱག་པ་ says:
    2015-04-17 at 12:30 am

    ངས་གོ་ལོ་ཐོས་ལོའི་ནང་ལ། བོད་མི་སྐད་གྲགས་ཅན་བཞི་ཡིས་ཤ་མི་ཤ་ཟ་བ་གོ་བྱུང་བ། དང་པོ་དེ། བཀའ་ཟུར་བསྟན་འཛིན་དགེ་བྱེད། གཉིས་པར། གཟབ་གདོང་སྤྲུལ་སྐུ། བཞི་པར། ༸སྐུའི་གསུང་འགྱུར་དང་། མཚན་ཉིད་སློབ་ཟུར་བསྟན་འཛིན་ཚེ་དཔག ལྔ་པར། བལ་བཞུགས་བྱ་བྲལ་རིན་པོ་ཆེ། དྲུག་པར། མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག བདུན་པར། ༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག

  6. ཨ་འདུས་སྐལ་བཟང་རྒྱ་མཚོ། says:
    2015-04-17 at 12:59 am

      ཐུབ་པ་སངས་རྒྱས། (shakyamuni,སྤྱི་ལོའི་སྔོན་གྱི565—486) གནའ་བོའི་རྒྱ་གར་གྱི་བསམ་བློ་བ་དང་སངས་རྒྱས་ཆོས་ལུགས་གསར་གཏོད་མཁན། བརྩམས་ཆོས«བདེན་པ་བཞི»དང«ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི»སོགས་ཡོད།
     
        
        སོ་ཁི་ར་ཐེ། (Socrates,སྤྱི་ལོའི་སྔོན་གྱི469—399) གནའ་རབས་ཀེ་རི་སེའི་མཚན་ཉིད་རིག་པ་མཁན་དང་ཤེས་ཡོན་ཅན། གཏམ་བཤད་བརྩམས་ཆོས་ཕྱོགས་བསྡུས«ཁི་རི་ཐོའི་ལེའུ»ཞེས་པ་ཡོད།
       
        
        ཨ་རི་སི་ཏོ་ཏལ། (Aristotles,སྤྱི་ལོའི་སྔོན་གྱི384—322) གནའ་རབས་ཀེ་རི་སིའི་ཚན་རིག་བ་དང་མཚན་ཉིད་རིག་པ་མཁན། བརྩམས་ཆོས«མི་ཆོས་ཀུན་སྤྱོད་རིག་པ»སོགས་ཡོད།
     
        
        མི་ལ་རས་པ། (SA mi la, disciple of marpa, 1040—1123) བོད་ཀྱི་ཉེ་རབས་དོན་གནས་ཆོས་པ་དང་སྒོམ་སྒྲུབ་མཁན། བརྩམས་ཆོས«མི་ལ་རས་པའི་རྣམ་མབུམ»སོགས་ཡོད།
     
        
       ལིན་ཁིན། (Lincoln,1809—1865) ཨ་མེ་རི་ཀའི་དུས་རབས་བཅོ་བརྒྱད་པའི་ལོ་རབས་དྲུག་ཅུའི་ནང་གི་སྲིད་འཛིན་དང་མི་ནག་བཅིངས་འགྲོལ་མཁན། བརྩམས་ཆོས«རང་རྣམ»སོགས་ཡོད།
     
        
        ཏར་ཝིན། (Darwin,1809—1882) དབྱིན་ཇིའི་སྐྱེ་དངོས་རིག་པ་མཁན་དང་འཕེལ་འགྱུར་སྨྲ་བའི་སྲོལ་འབྱེད་པ། བརྩམས་ཆོས«སྐྱེ་དངོས་ཀྱི་བྱུང་འཕེལ»སོགས་ཡོད།
     
        
        ཨ་ཏི་སིན། (Edison,1847—1931) ཨ་རིའི་གློག་བརྙན་ལག་རྩལ་དང་རྫས་འགྱུར་བཟོ་ལས་སོགས་གསར་གཏོད་མཁན་དང་ཁེ་ལས་མཁན། བརྩམས་ཆོས«ཨ་ཏི་སིན་གྱི་གློག་སྒྲོན»སོགས་ཡོད།
     
        
        ཐེ་ཀོར། (Tagore,1861—1941) རྒྱ་གར་གྱི་ཉེ་རབས་རྩོམ་རིག་པ་དང་མཚན་ཉིད་རིག་པ་མཁན། ནོར་པེལ་རྩོམ་རིག་བྱ་དགའ་ཐོབ་པའི་ཤར་ཕྱོགས་ཀྱི་སྙན་ངག་མཁན་ཐོག་མ། བརྩམས་ཆོས«ལང་ཚོའི་མཆོད་པ»སོགས་ཡོད།
     
     
        
        ཚུལ་ཁྲིམས་བློ་གྲོས། (1962—0000) བོད་མིའི་ཆོས་ལུགས་སྤེལ་འཛིན་མཁན་དང་བྱོལ་སོང་སྲོག་བསླུའི་མཛད་པ་མཁན། བརྩམས་ཆོས«སྐྱེ་བ་སྔ་ཕྱིའི་རྣམ་གཞག»དང«གནའ་དེང་རིག་པའི་རྣམ་གཞག»སོགས་ཡོད། གསལ་བཤད། འདི་ནི་ཚེ་སྲོག་མཉམ་ལྟ་བྲལ་བའི་རྒྱ་རིགས་ཞེས་པའི་རྩོམ་ཡིག་དེའི་གཤམ་དུ་བཀོད་འདུག་པ་འདིར་དྲ་གྲོགས་དག་ལ་ཕན་པར་མཐོང་སྟེ་བསྐྱར་འགོད་བྱས་པ་ཡིན། རྩོམ་པ་པོས་དཀྱེལ་ཡངས་གནང་རྒྱུའི་རེ་བ་ཡོད།

     

  7. ཨ་འདུས་སྐལ་བཟང་རྒྱ་མཚོ། says:
    2015-04-17 at 1:01 am

    ཀླུ་སྨྱོན་ལགས། ངས་གཞན་གྱི་མིང་ནས་བཟུང་སྟེ་དམའ་འབེབས་བྱེད་ཕོད་མ་སོང་ལ། དེར་དགོས་པ་ཡང་མཐོང་མ་སོང་།

  8. ཁུ་བྱུག says:
    2015-04-17 at 6:58 am

    བདག་གིས་གོ་ཐོས་སུ་༸སྐྱབས་ཡུལ་དགེ་འདུན་པ་ལ་ལའི་ཀུན་སྤྱོད་ངན་དྲག་ནས་ཤཱཀྱའི་དགེ་སྦྱོང་བ་རྣམས་ལ་༼རླངས་རྫས་ལྕགས་རྫ༽ ཞེས་སྐུར་བ་བཏབས་ཏེ་ལས་ངན་གསོག་བཞིན་འདུག་ཟེར། ༼རླངས་རྫས་ལྕགས་རྫ༽ ཕྱིའི་དོག་དམར་ཞིང་ནང་དྲི་ངན་བཀང་ཡོད་པར་དཔེ་བྱས་འདུག་ཟེར། ཁ་དཔེར། བ་ངན་གཅིག་གིས་ཞིང་གི་ལོ་ཏོག་བཟས་པས་བ་བརྒྱའི་རྒྱུ་ལམ་བཀག་པ་ལྟ་བུ་ཞིག་ཡིན་ནའང་། སྐུར་བ་འདེབས་པོས་ཤེས་དགོས་རྒྱུར། སངས་རྒྱས་ཀྱི་བསྟན་པ་ལ་ལུང་རྟོགས་གཉིས་ལས། ལུང་གི་བསྟན་འཛིན་དགེ་འདུན་གྱི་སྡེ་ནི་མཐོང་བ་མངོན་དུ་འགྱུར་བས་བགྲང་དུ་ཡོད་ཀྱང་། རྟོགས་པའི་བསྟན་འཛིན་རྣམས་གསང་བ་བསམ་གྱིས་མི་ཁྱབ་པས་ཡོངས་གྲགས་མིན་སྟབས་དགོས་དབང་གིས་ཐུགས་གཤིས་སམ་ཀུན་སྤྱོད་རྩུབ་པོའམ་ངན་པ་ཡོང་སྲིད་དེ། ཁ་དཔེར། རྟོགས་པ་ལྷ་དང་མཉམ་ནའང་ཀུན་སྤྱོད་མི་དང་བསྟུན་ཞེས་པས་ཤེས་ནུས་པ་མ་ཟད། ས་ལམ་གྱི་རྟོགས་པ་མཐོ་བོར་གཤེགས་པའི་གྲུབ་ཐོབ་མང་བོའི་མི་གཤིས་སམ་ཀུན་སྤྱོད་རྩུབ་པོའམ་ངན་པ་མཛད་ཡོད་པའི་རྣམ་ཐར་དག་མཇལ་དུ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme