Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བླ་མའི་འཁྲུངས་སྐར་དང་། དུད་འགྲོའི་ཚེ་སྲོག

Posted on 2013-12-202013-12-20 By ཁ་བརྡ་ 8 Comments on བླ་མའི་འཁྲུངས་སྐར་དང་། དུད་འགྲོའི་ཚེ་སྲོག

ཁང་སྨིན་གྲོལ་རྒྱ་མཚོ།

ཉིན་འགའི་སྔོན་དུ་སྲང་ལམ་དང་། ཇ་ཁང་། བོད་མི་འདུས་སྡོད་ཀྱི་ས་ཆ་གང་སར་མི་རྣམས་ཀྱིས་འཛུམ་དམུ་ལེར་ཡང་ཡང་འཆད་བཞིན་པ་ནི་སྤྲུལ་སྐུ་ག་གེ་མོའི་འཁྲུངས་སྐར་བྱ་རྒྱུའི་སྐོར་ཡིན་ལ། ཁོང་ཚོས་དེ་ལྟར་གླེང་དོན་གཙོ་བོའང་ཉིན་དེར་གཞན་དང་མ་འདྲ་བའི་ཟ་མ་སྣ་ཚོགས་ཡོད་ལ་དེ་ལས་ཀྱང་ཆེས་གལ་ཆེ་བ་ནི། དགོན་པ་དེས་བོད་རིགས་རྣམས་ཀྱིས་ཁ་ཟས་ལེགས་ཤོས་སུ་བརྩི་བའི་ཤ་ཡི་རིགས་མང་པོ་གཏོང་གིན་ཡོད་པས་རེད། ལྷག་དོན་བླ་སྤྲུལ་ག་གེ་མོའི་འཁྲུངས་སྐར་གྱི་དུས་ཆེན་སྲུང་གཙིའི་ཉིན་སྐུ་མགྲོན་རྣམས་ཀྱི་ཆེད་དུ་བླ་བྲང་གི་ཕྱག་མཛོད་ཆེ་གེ་མོའི་བཀའ་ལྟར་དགོན་པའི་གཉེར་བ་རྣམས་ཤ་ཚོང་ཁང་དུ་སོང་སྟེ་གླང་ཤ་འབོར་ཆེན་ཉོས་པར་མ་ཟད། དེ་བས་ཀྱང་ཆེས་མི་འོས་པ་ཞིག་བྱས་པ་ནི་ཉིན་དེར་འཁྲུངས་སྐར་གྱི་དགའ་སྟོན་ཆེད་ཁྱིམ་བྱ་བཅུ་ཕྲག་མང་པོའི་ཚེ་སྲོག་ལ་ཅི་སྙམ་པར་དམར་གསོད་བྱས་པའི་གནས་ཚུལ་ངན་པ་དེ་རེད། དེ་ནི་རང་ཉིད་བྱམས་སྙིང་རྗེའི་བདག་ཉིད་དུ་ཁས་འཆེ་བའི་དེང་གི་བླ་སྤྲུལ་ཚོའི་བྱེད་སྟངས་སྐྱོ་ལྷང་ངེ་བ་ཞིག་རེད་ལ། ང་ཚོ་གནས་ཡུལ་རྒྱ་གར་མི་དམངས་ཀྱི་མིག་ནང་དུ་འུ་ཚོའི་མི་རིགས་འདི་ཆེས་མི་མཛའ་བའི་བྱེད་ཐབས་ངན་པ་ཞིག་ཀྱང་རེད།
unnamed-8ལྷག་པར་དུ་དགེ་འདུན་པའི་སྡེ་ཞིག་ལ་མཚོན་ན། དངོས་དང་བརྒྱུད་ནས་སྲོག་གཅོད་དང་འབྲེལ་བའི་ལས་བྱེད་པ་ནི་ཆེས་མི་འོས་ཤིང་མི་འཚམས་པའི་བྱ་བ་ཞིག་སྟེ། སྲོག་གཅོད་པ་ནི་སྟོན་པ་སངས་རྒྱས་ཀྱི་རྗེས་སུ་འཇུག་པའི་ཁྱིམ་པ་རྣམས་ཀྱིས་ཀྱང་མི་རུངས་ན། མ་གྱུར་འགྲོ་བ་རྣམས་ཀྱི་ཆེད་དུ་རྣམ་བྱང་སྒྲུབ་པར་ཁས་འཆེ་བའི་སེར་མོ་བ་རྣམས་ཀྱིས་རང་ལ་ཕྲལ་གྱི་བདེ་བ་ཆུང་ངུ་ཙམ་འཐོབ་ཕྱིར་སེམས་ཅན་ཉམ་ཆུང་གི་ཚེ་སྲོག་ལ་དེ་ལྟར་སྣང་ཆུང་བྱེད་ག་ལ་རུང་།

ལྷག་དོན་བྱམས་བརྩེ་ཉམས་ལེན་གཙོ་བོར་བྱེད་པའི་ཆོས་ལུགས་ཀྱི་དབུ་ཁྲིད་བླ་སྤྲུལ་དུ་ཁས་འཆེ་བ་ཞིག་གི་ངོས་ནས་བཤད་ན། ལས་སུ་བྱ་བ་ངན་པ་འདི་ནི་འཚེ་བ་མེད་པའི་ལྟ་གྲུབ་དང་རྒྱབ་འགལ་གྱིས་རང་གི་ཕྲལ་གྱི་ཕན་བདེའི་ཆེད་དུ་ཉམ་ཆུང་དུད་འགྲོ་ཚོའི་ཚེ་སྲོག་ལ་ཅི་མི་སྙམ་པར་དེའི་ཤ་ཁྲག་ལ་ལོངས་སུ་སྤྱོད་པ་ནི་ཧ་ཅང་གླེན་ལྐུག་གི་སྤྱོད་པར་འཇུག་པ་ཡིན་ཏེ། རླབས་ཆེན་གྱི་སྟོན་པས་ཀྱང་།ནོར་གྱིས་ཆེད་དུ་སྲོག་གཅོད་ཅིང་།།ཤ་ཡི་ཆེད་དུ་ནོར་སྦྱིན་བྱེད།།ཅེས་གསུངས་པ་ལྟར་ལགས་པས། རིས་མེད་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་ལུང་རྟོགས་ཡོིན་ཏན་གྱིས་ཐུགས་རྒྱུད་ཕྱུག་པའི་བླ་སྤྲུལ་དགེ་འདུན་གྱི་སྡེའི་མཚན་ཤས་སུ་མི་འགྲོ་བའི་ཆེད་དུ་བྱམས་སྙིང་རྗེའི་བསྟི་གནས་སུ་གྱུར་པའི་དགོན་སྡེ་དང་། བཤད་གྲྭ་རྣམས་སུ་དམར་ཟས་ཀྱི་རིགས་གཏན་སྤངས་བྱེད་ཐུབ་ན་བསྟན་དང་འགྲོ་བའི་མིག་རྒྱན་ཙམ་མ་ཟད། ང་ཚོའི་གནས་ཡུལ་རྒྱ་བལ་གྱི་ཧིན་དྷུ་བ་ཚོས་རང་ཅག་བོད་ཀྱི་སྐྱབས་གནས་སུ་གྱུར་པའི་དགེ་འདུན་པ་རྣམས་ལ་༼ཁྱི་དམར་པོ་༽ཞེས་པའི་མིང་འདོགས་དང་བཟོད་དཀའ་བའི་ངན་སྨོད་བྱེད་པ་སོགས་ཀྱི་ཁྱིམ་པ་སུན་འབྱིན་པའི་ལས་ངན་རླབས་པོ་ཆེ་དེ་ཡང་རང་ཤུགས་ཀྱིས་རྒྱུན་ཆད་ངེས་པས། བྱམས་དང་སྙིང་བརྩེའི་ལྟ་གྲུབ་གཙིགས་སུ་འཛིན་ཅིང་བསྟན་པ་སྤྱིར་གློ་བ་དཀར་པའི་དགེ་འདུན་པ་དང་འབྲེལ་ཡོད་སྦྱིན་བདག་རྣམས་ཀྱིས་དེ་དོན་སྙིང་བཅངས་ཐོག་གཞན་ཕན་གྱི་ལྟ་གྲུབ་ཟབ་མོ་ཁ་ཙམ་མིན་པར་རང་ཉིད་ཀྱི་ཉིན་རེའི་འཚོ་བའི་ཁྲོད་དུ་ཕྱག་བསྟར་མཛད་དེ། མགོན་མེད་སེམས་ཅན་རྣམས་ཀྱང་ཤིན་ཏུ་གཅེས་པའི་རང་རང་གི་ཚེ་སྲོག་ལ་རང་དབང་དུ་སྤྱོད་ཕྱིར། unnamed-9རབ་བྱུང་ན་ཚེ་གང་བོར་དམར་ཟས་རིགས་གཏན་སྤངས་དང་། དེ་ལྟར་མ་བྱུང་ནའང་བྱ་དང་ཉ་སོགས་དེང་སང་ཁྲོམ་སྲང་དུ་མི་རྣམས་ཀྱིས་ཆེས་རྙེད་སླ་ཞིང་ཁ་ཟས་སུ་སྤྱོད་སྒོ་ཆེ་བའི་སེམས་ཅན་བྱེ་བྲག་པའི་ཤ་གཏན་སྤངས་བྱེད་པ་དང་། དེ་ལྟར་མ་ནུས་ཀྱང་ས་ག་ཟླ་བ་ལྟ་བུའི་དུས་ཚེས་བཟང་པོ་རྣམས་ལ་དཀར་ཟས་རྐྱང་པ་བསྟེན་པ་སོགས་ཆེས་སྒྲུབ་སླ་བའི་རྣམ་དཀར་གྱི་དགེ་ཚོགས་རྣམས་རྒྱུན་དུ་བྱ་རྒྱུའི་འབོད་སྐུལ་སྙིང་ཁོང་རུས་པའི་གཏིང་ནས་བྱ་རྒྱུ་ཡིན།

མཐའ་དོན་གཞན་གཞན་སྡུག་བསྔལ་ལས་སྐྱོབ་ཕྱིར་ཤ་སྤངས་མ་ཐུབ་ཀྱང་། རང་ཉིད་ཀྱི་ཚེ་འདིའི་འཕྲོད་བསྟེན་དང་ཚེ་ཕྱི་མའི་སྡུག་བསྔལ་ལ་བསམ་སྟེ་དམར་ཟས་བསྟེན་མཚམས་འཇོག་པ་དང་། དུས་བཟང་སྐབས་སྤོང་བ་སོགས་མགོན་མེད་སྐྱབས་བྲལ་གྱི་དུད་འགྲོ་རྣམས་ཀྱི་ཚེ་སྲོག་གཅོད་པའི་རྐྱེན་གཙོ་བོ་ཤ་ཁྲག་ལ་འདོད་རྔམ་ཤུགས་ཆེར་མི་བྱེད་པར་དེའི་ཉེས་དམིགས་ལ་སེམས་བཞིན་ཕྱོགས་གང་ཐད་ནས་དཀར་ཟས་བསྟེན་ཐབས་བྱ་རྒྱུའི་འབོད་འབུལ་ཟབ་མོ་ཞུ་རྒྱུ་ཡིན།

རྩོམ་རིག

Post navigation

Previous Post: མདོ་སྨད་སྤྱི་འཐུས་ལ་འོས་ཤོས་རྩོམ་པ་པོ་ཤར་ཕྱོགས་ཁུག་རྟ།
Next Post: ཕྱི་གླིང་བ་དང་ང་ཚོའི་མི་འདྲ་ས།

Comments (8) on “བླ་མའི་འཁྲུངས་སྐར་དང་། དུད་འགྲོའི་ཚེ་སྲོག”

  1. བན་དེ་བ། says:
    2013-12-20 at 1:03 pm

    རྗེས་སུ་ཡི་རངས་དང་མངགས་བརྗོད་ཞུ་་་་བོད་པ་རྣམས་ཐོག་མར་བཙན་བྱོལ་དུ་ཡོང་སྐབས་སུ་་་རྒྱ་གར་བ་རྣམས་ཀྱིས་ཁོང་ཚོ་ནི་སུམ་ཅུ་རྩ་གསུམ་ལྷ་ཡི་གནས་ནས་འོང་བ་ཡིན་པར་བསམ་ནས་ཕྱག་འཚལ་གུས་འདུད་ཞུས་པ་རེེད་་་་རྗེས་སུ་བོད་པས་ཤ་འདི
    ཟ་དང་མི་ཟ་བ་མེད་་་ཁྲག་འདི་འཐུང་དང་མི་འཐུང་བ་མེད་པར་སེམས་ཅན་ཡོད་ཅོག་གི་ཤ་ལ་ཟ་ཁྲག་ལ་འཐུང་བ་མཐོང་དུས་ཁོང་ཚོ་ནི་རྦད་དེ་ཞེན་པ་ལོག་པ་རེད།

  2. བན་དེ་བ། says:
    2013-12-20 at 1:06 pm

    ད་དུང་བོད་པ་བ་ཚོས་ཁྲོམ་ལ་རྒྱུགས་ནས་འཚེ་མེད་ཞི་བའི་ཚིག་བཅད་མ་འདྲ་སྐྱོར་ནས་ཁྲོམ་བསྐོར་བྱེད་ཀྱིན་ཡོད་་་གཞན་ཡང་ང་ཚོ་ནི་ནང་པ་བ་ཡིན་་་འཚེ་མེད་ཞི་བདེར་དགའ་མཁན་ཡིན་ཟེར་ནས་ས་སྒྲོགས་གནམ་སྒྲོགས་བྱེད་ཀྱི་ཡོད་་་་ངོ་མ་་་གདོང་པར་པགས་པ་ཡོད་ན་་་་ལྟ་བྱེད་མེ་ལོང་ཡོད་ན་་་ལྟད་མོ་ཡོད་རྒྱུ་རེད།

  3. དགའ་སྐུ་ says:
    2013-12-20 at 9:15 pm

    ད་དུང་དེ་འདྲ་ཡིན་ནམ་་་ངའི་ཤེས་པ་ལྟར་ལོ་ཤས་སྔོན་དུ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེས་ངར་བླ་མ་འཛིན་པ་དང་ཀཾ་ཚང་བའི་དགོན་སྡེར་གཏོགས་ཚད་འཛམ་གླིང་གང་སར་ཡོད་པའི་དགོན་སྡེ་དང་ཕྱི་རྒྱལ་ཁག་ཀྱི་ཆོས་ཚོགས་ཀྱི་སྤྱི་ཐབ་དང་དེའི་ནང་ལ་ཤ་མི་བཟོ་བ་དང་མི་བཞེས་པ་གནང་དགོས་གསུང་ནས་བཀའ་ཕེབས་པ་ལྟར་དེ་ལྟར་ལག་ལེན་གནང་བཞིན་འདུག་་་

  4. དགེ་འདུན་རྒྱ་མཆོ། says:
    2013-12-20 at 10:16 pm

    ཁང་སྨིན་གྲོལ་རྒྱ་མཚོ་ལགས།
    བོད་པ་ཚོས་ཆུ་འཁྱག་ནང་ལ་རྩམ་ཁུ་འཐུང་ནས་བསྡད་ན་མི་ཁྱོད་དགའ་གི་ཡོད་པ་རེད་དམ། 
    ནམ་རྒྱུན་ཡིན་ན་བོད་པའི་སྤྱི་ཚོགས་དང་ཁོར་ཡུག་གང་ཞིག་ཡིན་ཡང་ཆོས་ལུགས་པའི་ཤུགས་རྐྱེན་མི་ཐེབས་རྒྱུ་གལ་ཆེན་པོར་མཐོང་གིན་ཡོད། 
    ཤ་ཟ་ཆོག་དང་མི་ཆོག་དེ་སྤྱི་ཚོགས་ཀྱི་ཡར་རྒྱས་དང་། འཁོར་ཡུག་དང་འཕྲོད་བསྟེན་དང་འབྲེལ་ནས་བཤད་ན་ཡག་པོ་ཡོད་རེད། ཆར་ཅན་ཆོས་ལུགས་པས་དབང་ཚད་ལྟ་བུར་གང་བྱུང་བཤད་པ་དེ་ཚོད་བཟུང་ན་ཡག་པོ་ཡོད་རེད། ཆོས་ལུགས་པ་ཚོས་རང་ཉིད་ནས་ཁས་བླངས་པའི་སྲུང་བྱ་དང་སངས་རྒྱས་ཀྱི་དགོངས་པ་རྟོགས་ནས་ལག་ལེན་དུ་བསྟར་རྒྱུ་གལ་ཆེན་པོ་རེད། གཞན་ལ་ཇུས་གཏོགས་བྱེད་པའི་དབང་ཚད་ཡོད་མ་རེད། སྔོན་ཆད་ཀྱང་གྲྭ་བས་ཇུས་གཏོགས་མང་དྲགས་པས་ལམ་འདིར་སྐྱེལ་བ་རེད། 
    ད་དུང་མུ་མཐུད་ནས་འདི་ལྟར་སོང་ན་བོད་མིའི་ཟ་འཐུང་དང་འགྲོ་འོང་སོགས་དགོན་པ་ལ་ཆོག་མཆན་ཞུས་མི་དགོས་པའི་ངེས་པ་མི་འདུག རྒྱ་མཚོ་དང་འབྲེལ་ནས་ཡོད་པའི་ཡུལ་མི་རྣམས་ཀྱིས་སེམས་ཅན་ཟ་བའི་གྲངས་ཀ་སུ་ཞིག་གིས་བགྲང་བར་ནུས། ཡིན་ཡང་སུ་ཞིག་གིས་དེ་ལ་ཀླན་ཀ་བྱེད་ཕོད། 
    རང་ཉིད་ལ་རྒྱལ་ཁབ་མེད་པས་དབང་གིས་ཡུལ་མི་རྒྱ་གར་བས་ཕྲག་དོགས་དང་ངན་སེམས་ཀྱིས་ཁྱི་དམར་བོ་མ་ཟད་འདྲེ་དམར་བོ་ལབ་ཀྱང་བཟོད་སྒོམ་བྱེད་པ་ལས་ཐབས་མེད། 
    བླ་མའི་འཁྲུངས་སྐར་དང་ཤ་ལ་ཁ་གཡར་ནས་བླ་མ་ལ་སྐྱོན་བརྗོད་བྱེད་པ་དེ་ཡང་ཡག་པོ་མི་འདུག  བླ་མས་ངའི་འཁྲུངས་སྐར་ལ་ཁྱེད་ཚོས་སེམས་ཅན་གྱི་སྲོག་ཆོད་ཅིག་་་་ལབ་ཡོད་རྒྱུ་མ་རེད་ལགས། ཁང་སྨིན་གྲོལ་རྒྱ་མཚོའི་སྐད་ཆ་དེ་ནི་སྣང་བ་གང་ཤར་གྱི་སྐད་ཆ་རང་རེད། གཞན་ལ་བལྟས་ནས་སྐད་ཆ་ཉུང་ཉུང་བཤད། རང་ལ་འཁོར་ནས་ལག་ལེན་མང་བོ་བྱེད་ཐུབ་ན་ཨ་མའི་བུ་རེད་བསམ། དེ་མིན་ཁྱི་སྐད་ལྟ་བུར་མཐོང་ཚད་ལ་ཟུག་བསྡད་པ་དེ་ཅང་ཅི་ཡིན་ཧ་གོ་རྒྱུ་མི་འདུག

  5. དགེ་འདུན་རྒྱ་མཚོ། says:
    2013-12-20 at 10:17 pm

    ཁང་སྨིན་གྲོལ་རྒྱ་མཚོ་ལགས།
    བོད་པ་ཚོས་ཆུ་འཁྱག་ནང་ལ་རྩམ་ཁུ་འཐུང་ནས་བསྡད་ན་མི་ཁྱོད་དགའ་གི་ཡོད་པ་རེད་དམ།
    ནམ་རྒྱུན་ཡིན་ན་བོད་པའི་སྤྱི་ཚོགས་དང་ཁོར་ཡུག་གང་ཞིག་ཡིན་ཡང་ཆོས་ལུགས་པའི་ཤུགས་རྐྱེན་མི་ཐེབས་རྒྱུ་གལ་ཆེན་པོར་མཐོང་གིན་ཡོད།
    ཤ་ཟ་ཆོག་དང་མི་ཆོག་དེ་སྤྱི་ཚོགས་ཀྱི་ཡར་རྒྱས་དང་། འཁོར་ཡུག་དང་འཕྲོད་བསྟེན་དང་འབྲེལ་ནས་བཤད་ན་ཡག་པོ་ཡོད་རེད། ཆར་ཅན་ཆོས་ལུགས་པས་དབང་ཚད་ལྟ་བུར་གང་བྱུང་བཤད་པ་དེ་ཚོད་བཟུང་ན་ཡག་པོ་ཡོད་རེད། ཆོས་ལུགས་པ་ཚོས་རང་ཉིད་ནས་ཁས་བླངས་པའི་སྲུང་བྱ་དང་སངས་རྒྱས་ཀྱི་དགོངས་པ་རྟོགས་ནས་ལག་ལེན་དུ་བསྟར་རྒྱུ་གལ་ཆེན་པོ་རེད། གཞན་ལ་ཇུས་གཏོགས་བྱེད་པའི་དབང་ཚད་ཡོད་མ་རེད། སྔོན་ཆད་ཀྱང་གྲྭ་བས་ཇུས་གཏོགས་མང་དྲགས་པས་ལམ་འདིར་སྐྱེལ་བ་རེད།
    ད་དུང་མུ་མཐུད་ནས་འདི་ལྟར་སོང་ན་བོད་མིའི་ཟ་འཐུང་དང་འགྲོ་འོང་སོགས་དགོན་པ་ལ་ཆོག་མཆན་ཞུས་མི་དགོས་པའི་ངེས་པ་མི་འདུག རྒྱ་མཚོ་དང་འབྲེལ་ནས་ཡོད་པའི་ཡུལ་མི་རྣམས་ཀྱིས་སེམས་ཅན་ཟ་བའི་གྲངས་ཀ་སུ་ཞིག་གིས་བགྲང་བར་ནུས། ཡིན་ཡང་སུ་ཞིག་གིས་དེ་ལ་ཀླན་ཀ་བྱེད་ཕོད།
    རང་ཉིད་ལ་རྒྱལ་ཁབ་མེད་པས་དབང་གིས་ཡུལ་མི་རྒྱ་གར་བས་ཕྲག་དོགས་དང་ངན་སེམས་ཀྱིས་ཁྱི་དམར་བོ་མ་ཟད་འདྲེ་དམར་བོ་ལབ་ཀྱང་བཟོད་སྒོམ་བྱེད་པ་ལས་ཐབས་མེད།
    བླ་མའི་འཁྲུངས་སྐར་དང་ཤ་ལ་ཁ་གཡར་ནས་བླ་མ་ལ་སྐྱོན་བརྗོད་བྱེད་པ་དེ་ཡང་ཡག་པོ་མི་འདུག བླ་མས་ངའི་འཁྲུངས་སྐར་ལ་ཁྱེད་ཚོས་སེམས་ཅན་གྱི་སྲོག་ཆོད་ཅིག་་་་ལབ་ཡོད་རྒྱུ་མ་རེད་ལགས། ཁང་སྨིན་གྲོལ་རྒྱ་མཚོའི་སྐད་ཆ་དེ་ནི་སྣང་བ་གང་ཤར་གྱི་སྐད་ཆ་རང་རེད། གཞན་ལ་བལྟས་ནས་སྐད་ཆ་ཉུང་ཉུང་བཤད། རང་ལ་འཁོར་ནས་ལག་ལེན་མང་བོ་བྱེད་ཐུབ་ན་ཨ་མའི་བུ་རེད་བསམ། དེ་མིན་ཁྱི་སྐད་ལྟ་བུར་མཐོང་ཚད་ལ་ཟུག་བསྡད་པ་དེ་ཅང་ཅི་ཡིན་ཧ་གོ་རྒྱུ་མི་འདུག

  6. ཤར་པ་ says:
    2013-12-21 at 6:42 am

    ཤ་ཡི་སྐོར་དེ་བོད་ཀྱི་ནང་པ་ཚོའི་གཟབ་གཟབ་དགོས། སྤྱིར་སྔགས་ལུགས་ལ་་ཤ་ཡི་སྐོར་མང་པོ་ཞིག་ཡོད། འདུལ་བའི་ནང་ལ་ཤ་ཟ་ཆོག་པའི་སྐོར་མང་པོ་ཡོད། ཡིན་ན་སྤྱིར་དུས་རབ་དང་ནང་པ་གཞན་ཐ་ལེན་ནང་པ་དང་ རྒྱ་ནང་པ་སོགས་་ཀྱི་ལངཀར་གཤེགས་མདོ་སོགས་ལ་རྟེན་ནས་་ཤ་ཟོས་ན་གྲ་ལོག་དང་ནང་གྲལ་ནས་བུད་པ་ལྟ་ཚུལ་སོགས་ཡོད་པས་གདན་ས་ཆེན་པོ་གསུམ་ལ་སྔོན་ནས་སྤྱི་ཡི་གསོལ་ཐབ་ལ་ཤ་བཀག་ཟིན་པ་རེད་ གཏོར་རྒྱབ་སྐབས་ཁྲག་དང་རྒྱུ་མ་སོགས་གཏོར་མའི་རྩེ་ལ་རྒྱན་ནས་གསང་སྔགས་ཁྲོམ་བསྒྲགས་སོགས་བྱེད་བཞིན་པའི་སྡ་ས་སོགས་ལས་པར་རྒྱབ་པ་ཕྱི་རྒྱལ་ཡུལ་གྲུ་ཀུན་ལ་མཐོང་རྒྱུ་འདུག་། ནང་པ་གཞན་འགའ་བོད་ཀྱི་ནང་པ་ནི་ཕྱི་རོལ་པ་ལྟ་བུ་མཐོང་མཁན་ཡོད་པ་ཀུན་གྱིས་ཤེས་གསལ་རེད། ཤ་ལ་གཟབ་གཟབ་གནང་རོག།

  7. ཀརྡོ་གཉེར་ཕྱག་པ་ says:
    2013-12-22 at 6:42 am

    མི་སུ་ཡིན་དང་། ལྷག་པར་ང་ཚོ་བོད་རིགས་ཚོ་སེམས་ཅན་ལ་སྙིང་རྗེ་མེད་པ་གཏན་ནས་མིན་ན་ཡང་། དམར་ཟས་ཟས་གོམས་ངན་པ་ལངས་ཤོར་དང་། དཀར་ཟས་དང་སྔོ་ཟས་ཟ་སྟངས་ཡག་པོ་མི་ཤེས་པ་དང་། མ་གོམས་པས་ལན་འདུག་པས་་་་་་་་་

  8. དྲི་མེད་ལྷག་བསམ། says:
    2013-12-23 at 7:06 am

    རྣམ་གསུམ་དག་པའི་ཤ་བཟའ་བ་ནི། སོ་ཐར་ལས་གནང་བ། བྱང་སེམས་དང་མཐུན་པ། སྔགས་ཀྱི་བླང་བྱ་ཁོ་ནར་ངེས་སོ། །འོན་ཀྱང་དགག་བྱ་ལས་ཀྱང་དགོས་པ་གཙོ། གནས་དུས་དང་མཐུན་པའི་སྒོ་ནས་ཚེ་སྲོག་སྲུང་སྐྱོབས། འཁོར་ཡུག་སྲུང་སྐྱོབས། འཔྲོད་རྟེན་བདེ་སྲུང་གི་སྐོར་ནས་བཤད་ན་དེ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ། སངས་ཀྱི་གསུང་ན་ནན་གྱིས་བཀག་འདུག་ཅེས་ལངྐར་གཤེགས་པ་སོགས་པོད་ལྔ་དྲུག་ཞིག་ཁ་ན་ནའི་བར་ཏུ་བགྲང་སྟེ། བཀའ་བསྟན་འགྱུར་གཉིས་པོད་སུམ་བརྒྱ་ཙམ་ཞིག་རང་གི་འདོད་ཕྱོགས་སུ་འགྲེལ་ན་ལེགས་སོ་ཞུ་ག་ལ་ཐུབ། རྒྱ་བླ་འགའ་ཞིག་གིས་ཁྱིམ་པ་སུན་འབྱིན་ལ་དགོངས་རྒྱ་ཡུལ་དུ་ཤ་མི་བཟའ་ཞིང་རང་ཁྱིམ་ནང་ལྐོག་ཏུ་བཟའ་ཚུལ་ཀྱི་ཁྲིམས་བཞག་པ་ཡང་ཐབས་ལ་མཁས་པའི་སྤྱོད་པ་ཡིན་མཆི། ནང་ཆོས་གཞིར་བཞག་བྱས་ནས་བཤད་ན་སྒོ་གསུམ་ལས་ཡིད་ཀྱི་ལས་ལྕི། གཙོ་བོ་མི་དགེ་བཅུ་ལས་ལོག་ལྟ་ལྕི། དམ་པའི་ཆོས་ཀྱི་དགོངས་པ་ཕལ་མོ་ཆེ་ལོག་པའི་ལམ་དུ་འགྲེལ་ན་དེ་ལས་ལྕི་བའི་སྡིག་པ་ཞིག་འབྱུང་ཚུལ་མེད་དོ།།ཤ་འགོག་པ་ལ་དགའ་བསུ་ཡོད་མོད། མཐའ་གཅིག་གཅིག་ཏུ་ཐེག་གསུམ་དགོངས་པ་གཅིག་པར་ཤ་བཀག་འདུག་ཅེས་པའི་བཤད་པ་ཟུར་ཏུ་བཞག་ན་ལེགས་སྙམ་མོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme