Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བླ་མ་སྐུ་ཚེ་བརྟན་ལ་གསོལ་བ་འདེབས།

Posted on 2017-10-152017-10-15 By རྔ་བ་རྒྱལ་ཁམས་པ 3 Comments on བླ་མ་སྐུ་ཚེ་བརྟན་ལ་གསོལ་བ་འདེབས།

རྔ་བ་རྒྱལ་ཁམས་པ།
ཨ་ཧོ་གཉུག་མ་ཀ་དག་ཆོས་སྐུའི་རྒྱལ་ཁམས།།
ལྷུན་གྲུབ་འོད་ལྔའི་ཐིག་ལེ་རྡོ་རྗེའི་སྐུ་ཅན།།
ཁྱབ་བདག་བླ་མ་ལམ་མཁྱེན་རྒྱལ་བོའི་མཚན་ཅན།།
སྙིང་དབུས་བདེ་ཆེན་འཁོར་ལོར་རྟག་ཏུ་བཞུགས་མཛོད།།

ཆོས་དབྱིངས་རྣམ་དག་འོད་གསལ་གཉུག་མ་འདི་ལ།།
སྐྱེ་གནས་འཇིག་པའི་སྤྲོས་མཚན་ཡེ་ནས་ཞི་ཡང་།།
རང་ངོ་མ་ཤེས་རིག་རྩལ་ཆོ་འཕྲུལ་ཆེན་པོས།།
སྲིད་པའི་རྟེན་འབྲེལ་ཕྱིར་ཟློག་དཀའ་དཀའ་འདུག་གོ།

རང་སེམས་རྟ་རྒོད་མུན་པའི་གཡང་སར་མཆོང་དུས།།
སྤྲོས་བྲལ་དབྱིངས་ནས་འཕངས་བའི་འོད་ཀྱི་ཞགས་པ།།
སྙིང་གའི་འཁོར་ལོར་རེག་ཙམ་རེག་ཙམ་བྱེད་དུས།།
དཔལ་ལྡན་བླ་མའི་བཀའ་དྲིན་བརྗེད་ཐབས་མི་འདུག།

རྫོགས་པའི་སངས་རྒྱས་ནས་བཟུང་མགོན་ཁྱོད་བར་དུ།།
དངོས་བརྒྱུད་བླ་མའི་བྱིན་རླབས་གསེར་གྱི་སྐུད་ཐག།
དམ་སེལ་གཡའ་ཡིས་མ་གོས་གཙང་མའི་བརྒྱུད་པ།།
དྲན་ཞིང་བསམ་ཚེ་ང་ནི་སྐལ་བ་བཟང་སོང་།།

ཆོས་ཀྱི་རྒྱལ་བོའི་མཚན་སྙན་ཡོད་ཀྱང་མེད་ཀྱང་།།
མཁས་གྲུབ་བྱེ་བའི་གཙུག་རྒྱན་ཡིན་རུང་མིན་རུང་།།
དགེ་སྦྱོང་ངུར་སྨྲིག་འཛིན་པ་བྱམས་བརྩེའི་བདག་ཉིད།།
རང་སེམས་བྱིས་པ་སྙོར་བའི་ཕ་མ་འདྲ་སོང་།།

མི་ཡུལ་མྱ་ངམ་ཐང་ན་སྐོམ་པས་འཆི་དུས།།
ལུགས་གཉིས་ལྷ་ཆབ་གཙང་མའི་ཐིག་པ་རེ་རེ།།
ཕངས་མེད་སྐལ་ལྡན་བུ་ལ་ཅི་དགར་སྩོལ་བའི།།
ལས་སྨོན་རྟེན་འབྲེལ་དཀར་བོ་རྨི་ལམ་འདྲ་བྱུང་།།

རྒྱུ་ཡི་ཐེག་པར་གསུང་བའི་རྟེན་འབྲེལ་ཟབ་མོ།།
འབྲས་བུ་ཕྱག་རྫོགས་ལྟ་བའི་དགོངས་པ་རྣོན་པོས།།
འཇིགས་མེད་རྟུལ་ཞུགས་སྤྱོད་པ་དཔའ་བོའི་གད་རྒྱངས།།
བསྐལ་པའི་མཐའ་འདིར་ཐོས་པ་ང་རེ་དགའ་འོ།།

གནས་ལུགས་ཆོས་ཀྱི་དབྱིངས་ལས་གཡོ་བ་མེད་ཀྱང་།།
སྣང་ཚུལ་ཆུ་ཟླའི་རོལ་གར་སེམས་ཀྱི་རི་མོ།།
མགོན་ཁྱེད་ཐང་གའི་གཞི་ལ་འཆར་ནུབ་མཐོང་ན།།
རྨེང་བའི་སེམས་ལ་སྐྱོ་སྣང་སངས་དུས་མི་འདུག།

ཁྱེད་ནི་མར་མི་དྭགས་གསུམ་བཀའ་ཡི་བརྒྱུད་པ།།
སྐྱོབ་པ་འཇིག་རྟེན་གསུམ་མགོན་ཐུགས་རྗེའི་ཉི་ཟེར།།
དགོངས་པའི་ནམ་མཁར་འཁྱིལ་བའི་སྐལ་ལྡན་ལགས་པས།།
ངེས་ངོར་བདེ་སྡུག་རེ་དྭོགས་བཞུགས་སྙམ་མི་འདུག།

ཀློང་ཆེན་རབ་འབྱམས་ཀ་དག་གདོད་མའི་གཞི་ལ།།
འཇིགས་མེད་སྣང་བཞིའི་རྩལ་རྫོགས་གངས་ཀྱི་སེང་ཆེན།།
འཁོར་འདས་རིག་སྟོང་རྡོ་རྗེའི་གླུ་ཡི་རོལ་མོ།།
དཀྲོལ་མཁས་རིག་འཛིན་དཔའ་བོའི་བུ་རྒྱུད་ཁྱེད་རེད།།

འཆི་མེད་ཞིང་གི་མགོན་པོ་ཚེ་དཔག་མེད་པ།།
རྗེ་བཙུན་ཡིད་བཞིན་འཁོར་ལོ་རྣམ་རྒྱལ་ལྷ་མོ།།
བརྟན་གཡོའི་ཚེ་བཅུད་འཛིན་པའི་ལྷ་ཚོགས་རྣམས་ཀྱིས།།
དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པར་གྱུར་ཅིག།

པདྨ་འབྱུང་གནས་རིག་འཛིན་རྩ་རྒྱུད་བླ་མ།།
ཡང་གསང་ཕུར་བ་བཅོམ་ལྡན་འཇིགས་མཛད་རྡོ་རྗེ།།
གནས་གསུམ་དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོས།།
དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པར་གྱུར་ཅིག།

མཁྱེན་དང་བརྩེ་བའི་བདག་ཉིད་བླ་མ་ཁྱེད་དང་།།
དད་བརྟན་དམ་ཚིག་གཙང་མའི་སློབ་བུ་གཉིས་ལ།།
ལས་སྨོན་རྟེན་འབྲེལ་བཟང་བོའི་རྒྱུ་ཞིག་འཛོམས་པས།།
སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་འདེབས་ཞུ་འོ།།
ཞེས་པ་འདི་བཞིན་མཁྱེན་བརྩེའི་བདག་ཉིད་དཔལ་ལྡན་བླ་མ་འབྲི་གུང་པ་ལམ་མཁྱེན་རྒྱལ་བོ་མཆོག བསྟན་འགྲོའི་མཛད་འཕྲིན་ཡར་ལྡན་སྐྱོང་མུར་སྐུ་གཟུགས་ལ་སྙུན་གཞི་ཕྲན་བུ་བཞེས་པ། ཉེ་ལམ་ཇེ་ལོད་ལྟ་བུར་སོང་སྟེ་སྐུ་ཝོ་བརྒྱལ་གྱི་ངང་དུ་བཞུགས་ཚུལ་བསྟན་མོད། ད་ལྟ་སྐུ་མདངས་བཟང་ཞིང་ཐུགས་དམ་གཡོ་མེད་རྩེ་གཅིག་པའི་ངང་། སྐབས་སྐབས་སུ་དོ་ཧ་རྡོ་རྗེའི་མགུར་གླུའང་རྩོལ་མེད་དུ་བཞེངས་བཞིན་པའི་མཛད་འཕྲིན་ངོ་མཚར་བ་དེ་འདྲ་མཇལ་མོད། བླ་མ་གང་གི་སྐུ་ཚེ་བརྟན་ཅིང་ཟབ་རྒྱས་ཆོས་འཁོར་མུ་མཐུད་སྐོར་བའི་སྐལ་བཟང་ལ་རྩེ་གཅིག་ཏུ་མོས་པ་ཅན། སྙོམ་ལས་པ་བློ་བཟང་བཀྲ་ཤིས་ཀྱིས་ཟླ༡༠ཚེས་༡༥ཞོགས་པའི་ཐུན་མཚམས་སུ་སྤེལ་བ་དགེའོ།།

སྙན་ངག

Post navigation

Previous Post: ཁེར་རྐྱང་གི་གཏམ།
Next Post: དགུན་དུས་བོད་མིའི་བལ་ཚོང་ལ་དཔྱད་པའི་ཀ་བཤད་།

Comments (3) on “བླ་མ་སྐུ་ཚེ་བརྟན་ལ་གསོལ་བ་འདེབས།”

  1. ཨ་འབར་འཇིགས་དབང། says:
    2017-10-15 at 1:27 pm

    ༄༅། ལེགས་ལེགས་བླ་མ་སྐུ་ཚེ་བརྟན་པའི་གསོལ་འདེབས།།
    བརྟན་བརྟན་བླ་མ་ཁྱེད་སྐུ་ཚེ་བརྟན་རོགས་གནང།།
    འཛིན་འཛིན་སངས་རྒྱས་ཀྱི་བསྟན་པ་དྲི་མ་མེད་པ།།
    སྐྱོངས་ཤིག་སྐྱོངས་ཤིག་མ་འགྱུར་གྱི་འགྲོ་བ་རྣམས་།།

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-10-15 at 8:26 pm

    བླ་མའི་སྐུ་ཚེ་ནམ་མཁའི་མཐའ་དང་མཉམ་།
    བླ་མའི་སྦྱིན་རླབས་འགྲོ་བའི་ཁམས་ལ་འཇུག་།
    བླ་མའི་ཐུགས་སྐྱེད་འགྲོ་དྲུག་ཀུན་ལ་སྨིན་།
    བླ་མ་དང་བྲལ་བ་མེད་པ་སྦྱིན་གྱི་རླབས་ཏུ་གསོལ་།

  3. ཀརྡོ་རབ་འབྱམས་པ་ says:
    2017-10-24 at 9:18 am

    ཐུགས་དམ་དུ་བཞུགས་པའི་སྐུ་པར།
    https://www.facebook.com/photo.php?fbid=1748355375176303&set=a.435282283150292.105977.100000055737709&type=3&theater

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme