Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བླ་མ་དྲན་པའི་མགུར་མ།

Posted on 2016-05-172016-05-17 By ཁ་བརྡ No Comments on བླ་མ་དྲན་པའི་མགུར་མ།

031d1cdb-e309-424f-87fa-413c306f7848ལྷ་རྩེའི་ཁུ་བྱུག

 
ཡར་ཀི་དགུང་སྔོན་སྤྲིན་པའི་གདན་སྟེང་དུ།།
རྩལ་ཆེན་མཁའ་ལྡིང་ཞིག་ལ་ཁྱུང་ཕྲུག་སྟོང་།།
ཁྱུང་ཕྲུག་ལ་ལས་མཐོངས་སུ་ཡང་རྩལ་སྦྱངས།།
ཁྱུང་ཕྲུག་ལ་ལས་ནམ་མཁའ་རླབས་ཀྱིས་བསྐྱོད།།
སྐལ་མེད་ཁྱུང་ཕྲུག་ང་རྒྱང་གི་གནམ་མཐར་ལུས།།
ལྷོ་བཞུད་སྤྲིན་པ་མཐོང་དུས་དྲན་པ་བྱུང་།།
སྦྲང་ཆར་དལ་གྱིས་འཇོ་དུས་ཡང་དུ་དྲན།།

 

ཡར་ཀི་རབ་བརྗིད་གངས་རིའི་ལྟོང་ཤེད་དུ།།
གཡུལ་རྒྱལ་གདོང་ལྔ་ཞིག་ལ་སེང་ཕྲུག་སྟོང་།།
སེང་ཕྲུག་ལ་ལ་གངས་དཀར་རྩེ་རུ་འཕྱོ།།
སེང་ཕྲུག་ལ་ལས་སྡེར་ཆགས་ཟིལ་གྱིས་གནོན།།
ལས་ངན་སེང་ཕྲུག་ང་རྒྱང་གི་གངས་མཐར་ལུས།།
གངས་རིའི་དབུ་རྩེ་མཐོང་དུས་དྲན་པ་བྱུང་།།
དབུ་རྩེར་གཞའ་ཚོན་ཤར་དུས་ཡང་དུ་དྲན།།

 

ཕར་ཀི་རབ་མཛེས་ན་དམར་གསེར་གཞུང་དུ།།
སྟོབས་ལྡན་རྐྱང་དཀར་ཞིག་ལ་རྐྱང་ཕྲུག་སྟོང་།།
རྐྱང་ཕྲུག་ལ་ལས་ཨ་ཡན་ཐང་ཆེན་འགྲིམ།།
རྐྱང་ཕྲུག་ལ་ལས་རྩྭ་བཟང་ཆུ་མཆོག་རོལ།།
བསོད་ཟད་རྐྱང་ཕྲུག་ང་རྒྱང་གི་ས་མཐར་ལུས།།
བྱང་གི་གནམ་མཐའ་མཐོང་དུས་དྲན་པ་བྱུང་།།
བསིལ་བུ་ཡང་མོར་ལྡང་དུས་ཡང་དུ་དྲན།།

 

ཡར་ཀི་སྐྱོ་བྲག་བླ་མའི་གདན་ས་རུ།།
མཚན་ལྡན་བླ་མ་ཞིག་ལ་སློབ་མ་སྟོང་།།
སློབ་མ་ལ་ལས་ཐབས་གྲོལ་གདམས་ངག་མནོས།།
སློབ་མ་ལ་ལས་དབེན་པའི་རི་སུལ་ཉུལ།།
སློབ་མ་མདོ་མེད་ང་རྒྱང་གི་ས་མཐར་ལུས།།
ས་གའི་དུས་བཟང་ཚེས་དུས་བླ་མ་དྲན།།
གདམས་པའི་དཀོར་མཛོད་ཕྱེས་དུས་ཡང་དུ་དྲན།།

 

ས་གའི་དུས་ཆེན་ཉིན་བཅོ་ལྔའི་ཡུན་དུ་བཀའ་དྲིན་སུམ་ལྡན་རྩ་བ་བླ་མ་གསལ་བྱེད་རིན་པོ་ཆེས་སྒྲུབ་པའི་སྐུ་མཚམས་ནང་དུ་སྐལ་ལྡན་སློབ་ཚོགས་ལ་ཕྱག་རྒྱ་ཆེན་པོའི་གདམས་ངག་དམར་ཁྲིད་བསྩལ་བའི་གཏམ་ཐོས་པས། ད་ལྟ་རང་བླ་མའི་མདུན་དུ་ཡོད་ན་ཅི་མ་རུང་སྙམ་པའི་དད་གུས་ཀྱིས་སྨུག་པོ་འཇང་གི་ཡུལ་ནས་རས་ཆུང་པས་བླ་མ་དྲན་པའི་ཉམས་མགུར་འགྲོས་ཀྱིས་མྱུར་མོས་བྲིས།
ས་ག་ཟླ་བའི་ཚེས་པ་བཅུ་ཉིན།

སྙན་ངག

Post navigation

Previous Post: བོད་ཀྱི་རོལ་དབྱངས་པ་གྲགས་ཅན་སྤེན་ནོར་ལགས་ཀྱི་སྐོར།
Next Post: ཨ་མ་གཉིས་ཀྱི་ཀུ་ཤུ་བགོ་སྟངས་ལས་བྱིས་པ་གཉིས་ཀྱི་མི་ཚེ་ལ་ཤུགས་རྐྱེན་ཐེབས་པ། (འོས་སྦྱོར།)

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme