Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བླ་ཆེན་པོབ་གསར་པ།

Posted on 2013-03-132013-03-14 By ཁ་བརྡ་ 6 Comments on བླ་ཆེན་པོབ་གསར་པ།

དེ་རིང་ ཝེ་ཊ་ཀཱན་གྱི་ལྷ་ཁང་གི་དུད་ཁུང་ནས་དུ་བ་དཀར་པོ་ཐོན་པ་དང་བཅས་ཁེ་ཐོ་ལིག་གི་ཆོས་དཔོན་ ༡༡༥ ཡིས་འོས་འཕེན་ཐེངས་བཞི་བྱས་པ་བརྒྱུད་ ཨར་ཇིན་ཊཱི་ནའི་ཆོས་དཔོན་ Jorge Bergoglio ཞུ་བ་དེ་རཱོ་མཱན་ཁེ་ཐོ་ལིག་ཆོས་དད་པ་དུང་ཕྱུར་ཉི་ཤུ་ལ་ཉེ་བ་དེའི་གཙོ་འཛིན་གྱི་བླ་ཆེན་པོབ་ཏུ་འདམས་པ་རེད། བླ་ཆེན་ཁོང་གིས་ རང་གི་མཚན་གསར་པ་དེ་ལ་ པོབ་ཕ་རན་སེ་སི་ (Pope Francis)ཞེས་བོས་ཡོད་འདུག་ལ། བླ་ཆེན་འདི་ནི་མི་དམངས་དཀྱུས་མ་དང་སྙོམ་ཆུང་ལ་དགའ་མཁན་ཞིག་ཡིན་པ་མ་ཟད། ཆོས་དཔོན་གྱི་བཞུགས་ཤག་བླ་བྲང་དང་འགྲུལ་བསྐྱེལ་རླངས་འཁོར་སོགས་ཀྱང་མ་བཞེས་པར་ཁང་ཆུང་ཞིག་ཏུ་བཞུགས་ཏེ་རང་གི་ཟས་རང་གིས་གཡོ་བ་དང་། སྤྱི་སྤྱོད་རླངས་འཁོར་བརྒྱུད་ནས་འགྲུལ་བཞུད་བྱེད་པའི་ཆོས་པ་སྙོམ་ཆུང་ཞིག་ཡིན་འདུག་ འདི་ནི་བླ་ཆེན་འདི་འདྲ་ཡུ་རོབ་མ་ཡིན་པའི་ས་ཁུལ་ནས་ཕེབས་པ་ཞིག་འོས་འདེམས་བྱས་པ་ཐེངས་དང་པོ་ཡིན་འདུག བླ་ཆེན་འདི་ནི་བླ་ཆེན་བྷེ་ནེ་ཌིག་གིས་ལོ་དྲུག་བརྒྱ་ལྷག་གི་རིང་ལ་མ་བྱུང་བའི་དགོངས་ཞུ་གནང་བ་ལ་བརྟེན་ནས་ཐེངས་འདིའི་འོས་འདེམས་བྱས་པ་ཡིན་འདུག

གསར་འགྱུར།

Post navigation

Previous Post: བྱང་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་གི་གསུམ་བཅུའི་དུས་དྲན་གསུང་བཤད ༢ །
Next Post: གསུམ་དུས་སྐབས་ཀྱི་དབུ་རང་སོ་སོའི་གཏམ་བཤད།

Comments (6) on “བླ་ཆེན་པོབ་གསར་པ།”

  1. རང་དབང་ཨ་རྡུ་མན། says:
    2013-03-13 at 11:41 pm

    མིང་དོན་མཚུངས་པའི་བླ་ཆེན་རང་དུ་མངོན།

  2. བན་དེ་བ། says:
    2013-03-14 at 1:51 am

    མེ་ཏོག་ལགས་དེ་འདྲ་རང་གསུང་དགོས་པ་ཨ་ཡོད་ཐུགས་བསམ་བཞེས་དང་་་ཕྱི་རོལ་པ་ཞིག་གིས་ཀུན་སྤྱོད་ལ་དཔྱད་དུས་ནང་པའི་སྤྱོད་པ་ནི་ཧ་ལས་དགོས་ཡ་རེད་འདུག་ནང་པས་ནི་ཾ་ཡིས་བཤད་པ་ལས་ལག་ལེན་དུ་མེད། ཁྱི་ཟུག་ཟུག་ཀུན་ལ་འདི་ལྟར་སྨྲས་ན་ཁྱེད་ཀྱི་སེམས་ལ་བདེ་སྐྱིད་འབྱུང་གི་འདུག་གམ། ཨ་སེམས་རྒྱུད་མ་དུལ་བའི་མི་འདི་རིགས་ལས་ངན་པ་གང་བསགས་པ་ཡིན་ནམ།

  3. ནུབ་ཕྱོགས་གངས་ཕྲུག་ says:
    2013-03-14 at 2:08 am

    Catholic ཆོས་དད་པ་མི་མང་དུང་ཕྱུར་བཅུ་གཉིས་ཡོད་པ་CNN ནང་མཐོང་བྱུང་། དབྱིན་སྐད་དུ་1.2 billion

  4. ཀརྡོ་གཉེར་ཕྱག་པ་ says:
    2013-03-14 at 3:02 am

    པོབ་གསར་སྐུ་ཚེ་ཡུན་བརྟན་ཤོག །

  5. ལོ་མ་ལྗང་ཁུ says:
    2013-03-14 at 6:51 am

    ད་ཡིན་ན་བོད་པའི་སྤྲུལ་སྐུ་དེ་ཚོས་གཞི་རིམ་མི་མང་ནང་དུ་ནང་ཆོས་ངོ་སྤྲོད་ཡག་པོ་ཞིག་བྱ་མ་ཐུབ་ན་། བོད་པ་ཡང་རིམ་པའི་དེའི་རྗེས་འཇུག་པ་ཞིག་འགྱུར་ཉེན་ཡོད་ཀི་ཡ་།

  6. གཡུ་འབྲུག་དཀར་པོ། says:
    2013-03-14 at 8:11 am

    ཡེ་ཤུའི་རྗེས་འབྲངས་པ་མི་དུང་ཕྱུར་མང་པོ་ཇི་ཙམ་ཡོད་རུང་ཧ་ལས་རྒྱུ་མེད། རྒྱུ་མཚན་ནི་ཡེ་ཤུའི་རྗེས་འབྲངས་མང་ཆེ་བ་ཁོང་གིས་གནང་བའི་གྲོགས་རམ་ལ་བརྟེན་ནས་རྗེས་འབྲངས་ཀྱི་གྲལ་དུ་ཞུགས་པའམ་ཡང་ན་ཡེ་ཤུའི་ཆོས་སྤེལ་མཁན་ཚོས་གཡོ་སྒྱུའི་ཐོག་ནས་རྗེས་འབྲངས་ཀྱི་གྲལ་དུ་བཙུགས་པ་ཤ་སྟག་རེད་མ་གཏོགས་རང་མོས་ཀྱི་སྒོ་ནས་ཞུགས་པ་ཞིག་སུ་ཅིག་མེད་ལབ་ན་འགྲིགས། ཡེ་ཤུའི་ཆོས་སྤེལ་མཁན་ཚོ་སྤྱོད་པ་རྣམ་དག་ཅི་འདྲ་ཡིན་མིན་དང་། ཁོང་གིས་མི་སྡེའི་ནང་དུ་གྲོགས་རམ་ཅི་འདྲ་ཞིག་གནང་གི་ཡོད་ན་ཡང་། དོན་དངོས་སུ་ནི་མི་སྡེ་དེ་ཚོ་ཁོང་གི་ཚེ་གཡོག་ཏུ་བསྒྱུར་གྱི་ཡོད་པ་དང་། ཡེ་ཤུའི་ཆོས་སྤེལ་མཁན་རྣམ་པས་མི་སྡེ་ནས་འཕྲོག་བཅོམ་བྱེད་ཀྱི་ཡོད་པ་རེད། དེ་ཡང་ཇི་ལྟར་ཞེ་ན་ཐོག་མར་ཡེ་ཤུའི་ཆོས་ལ་ཞུགས་དུས་གྲོགས་རམ་ཞིག་གནང་གི་ཡོད་ཀྱང་དེ་རྗེས་ཡེ་ཤུའི་གྲོགས་རམ་ལ་བརྟེན་མཁན་ཁྱིམ་ཚང་གི་མི་སུ་ཞིག་ལ་འོང་འབབ་ཡོད་རུང་འོང་འབབ་ནས་དཔྱ་ཆ་བགོས་ནས་ཚེ་གང་པོར་ཡེ་ཤུའི་ཚོགས་པ་ལ་ཞལ་འདེབས་ཕུལ་དགོས་པར་བཟོ་གི་ཡོད། ཞལ་འདེབས་དེ་ད་དུང་མི་སྡེ་དབུལ་པོ་རྣམས་ལ་གཏང་གི་ཡོད་ཚུལ་བཤད་ཀྱི་ཡོད་དེ། ལེགས་པར་བརྟགས་ན་དཔྱ་གསུམ་ནས་གཅིག་མི་སྡེའི་དབུལ་པོ་རྣམས་ལ་གཏོང་གི་ཡོད་སྲིད་ཀྱང་དཔྱ་གཉིས་ནི་ཆོས་སྤེལ་མཁན་ཚོའི་ཆེད་དུ་གཏང་གི་ཡོད་རེད། མི་བདེན་བསམ་ན་ཡེ་ཤུའི་ཆོས་སྤེལ་མཁན་ཚོ་ལ་ལྟོས་དང་ཤེས་ངེས་རེད། 
    དེ་བས་ང་ནི་ནང་པ་སངས་རྒྱས་པའི་ཆོས་ལ་ཧ་ལས་ཀྱི་འདུག། ནང་པ་སངས་རྒྱས་པའི་ཆོས་སྤེལ་མཁན་དེ་ཚོས་གྲོགས་རམ་ཡང་གང་ཡང་གནང་གི་མིན་འདུག། བཤད་གྲྭ་དང་གྲུབ་སྡེ་སོགས་བཙུགས་ནས་དེ་རྣམས་སུ་བསླབ་པ་ཐོས་བསམ་དང་སྒོམ་སྒྲུབ་བྱེད་མཁན་ཚོ་ལ་མཐུན་རྐྱེན་གནང་གི་ཡོད་ཀྱང་ཁོང་ཚོ་ཚེ་གཡོག་ཏུ་བཀོལ་གྱི་མིན་འདུག། བསླབ་པ་མཐར་སོན་པའི་རྗེས་སུ་གར་འགྲོ་གར་འདུག་གི་རྩིས་དག་གཏང་མཁན་ཡང་མི་འདུག་ལ་ཞལ་འདེབས་ཕུལ་དགོས་པ་ཡང་བཟོ་གི་མིན་འདུག། གཡོ་སྒྱུ་དང་ཐབས་ཤེས་སྣ་དགུས་ནང་ཆོས་ཀྱི་གྲལ་དུ་བཙུགས་ཐབས་ཀྱང་སྒྲིག་གི་མི་འདུག། འོན་ཀྱང་ནང་པ་ལ་ཞུགས་མཁན་ཇེ་མང་ཇེ་མང་རེད་འདུག། ནང་ཆོས་སྤེལ་མཁན་ཚོའི་གྲལ་དུ་སྤྱོད་པ་རྣམ་དག་ཡོད་མཁན་ཡང་འདུག་ལ་མེད་མཁན་ཡངན་འདུག། རང་ཉིད་སྒྲུབ་པ་ཚུལ་བཞིན་བྱེད་མཁན་ཡང་འདུག་ལ་མི་བྱེད་མཁན་ཡང་འདུག། སྤྱོད་པ་རྣམ་དག་ཡིན་མིན་དང་སྒྲུབ་པ་ཚུལ་བཞིན་བྱེད་མི་བྱེད་ལ་མ་ལྟོས་པར་བླ་མ་སྤྲུལ་སྐུ་ཞིག་གི་མཚན་འཆང་བ་ནས་བཟུང་སྟེ་དེ་ཚོ་ལ་རྗེས་འཇུག་ཉུང་མཐའ་ཡང་བརྒྱ་ལས་མ་ཉུང་བ་ཞིག་འཁོར་གྱི་འདུག་ལ་དེ་ཚོ་ཡང་བཙན་གྱིས་ཁྲིད་པ་དང་གཡོ་སྒྱུས་ཁྲིད་པ་མིན་པར་རང་མོས་ཀྱིས་འཁོར་བ་རྐྱང་རྐྱང་རེད་འདུག། ནང་ཆོས་པའི་མིང་ཙམ་འཛིན་མཁན་ལ་ཡང་དེ་འདྲའི་འཁོར་མང་པོ་འཁོར་བ་ནི་ཅི་ཞིག་གིས་ལན་པ་ཡིན་ནམ་ཨང་། ཁྱེད་རྣམ་པ་ངོ་མཚར་མི་ཆེ་འམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme